དཏ་མིསྶིང་ཧེརེབ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་།བམ་པོ་ཉིས་བརྒྱ་དོན་ དགུ་པ། །རབ་འབྱོར། ངས་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་ གཟིགས་ན། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཡི་དགས་ཀྱི་ཡུལ་པ་རྣམས་ཀྱི་ཡི་ [2A]༄༅། །དྭགས་ཀྱི་ཡུལ་དེ་དག་ན་སྡུག་བསྔལ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་རབ་ཏུ་འཇིལ་ ཞིང་སེར་སྣ་སྤང་བའི་ཕྱིར་ཆོས་སྟོན་པ་དང། དེ་དག་ན་སེམས་ཅན་ཡི་དྭགས་ཀྱི་ཡུལ་པ་དེ་དག་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་བྱམས་པའི་སེམས་བསྐྱེད་ཅིང། ཡི་དྭགས་ཀྱི་སྐྱེ་གནས་དེ་དག་ནས་ རྣམ་པར་ལྡང་བ་དང། དེ་དག་ཡི་དྭགས་ཀྱི་སྐྱེ་གནས་དེ་དག་ནས་རྣམ་པར་ལངས་ནས་དགེ་བའི་རྩ་བ་དེ་ཉིད་ཀྱིས་ ལྷའི་འཇིག་རྟེན་དང། མིའི་འཇིག་རྟེན་དུ་སྐྱེས་ཏེ། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་ [2B]རྣམས་དང་ནམ་ཡང་འབྲལ་བར་མི་འགྱུར་བ་དག་མཐོང་ངོ། །རབ་འབྱོར་ ངས་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་ སྙེད་དག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཡི་དགས་ཀྱི་ཡུལ་པ་རྣམས་ཀྱི་ཡི་དགས་ཀྱི་ཡུལ་དེ་དག་ན་སྡུག་ བསྔལ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་རབ་ཏུ་འཇིལ་ཞིང་སེར་སྣ་སྤང་བའི་ཕྱིར་ཆོས་སྟོན་པ་དང། དེ་དག་ན་སེམས་ཅན་ཡི་དགས་ ཀྱི་ཡུལ་པ་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་བྱམས་པའི་སེམས་བསྐྱེད་ཅིང། ཡི་དགས་ཀྱི་སྐྱེ་གནས་དེ་ དག་ནས་རྣམ་པར་ལྡང་བ་དང། དེ་དག་ཡི་དགས་ཀྱི་སྐྱེ་གནས་དེ་དག་ནས་རྣམ་པར་ལངས་ནས་དག་པའི་རྩ་བ་དེ་ཉིད་ཀྱིས་ལྷའི་འཇིག་ [3A]༄༅། །རྟེན་དང། མིའི་འཇིག་རྟེན་དུ་སྐྱེས་ཏེ། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་ འདས་ཀྱི་བར་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ནམ་ཡང་འབྲལ་བར་མི་འགྱུར་བ་དག་མཐོང་ངོ། །རབ་འབྱོར། ངས་འདི་ནས་ སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཡི་དགས་ཀྱི་ཡུལ་བ་རྣམས་ཀྱི་ཡི་དགས་ཀྱི་ཡུལ་དེ་དག་ན་སྡུག་བསྔལ་ཇི་སྙེད་ ཅིག་ཡོད་པ་དེ་དག་ཐམས་ཅད་རབ་ཏུ་འཇིལ་ཞིང་སེར་སྣ་སྤང་བའི་ཕྱིར་ཆོས་སྟོན་པ་དང། དེ་དག་ན་སེམས་ཅན་ཡི་དགས་ཀྱི་ཡུལ་པ་དེ་ དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་བྱམས་པའི་སེམས་བསྐྱེད་ཅིང། ཡི་དགས་ཀྱི་སྐྱེ་གནས་དེ་དག་ནས་རྣམ་པར་ [3B] །དེ་དག་ཡི་དགས་ཀྱི་སྐྱེ་གནས་དེ་དག་ནས་རྣམ་པར་ལངས་ནས་དགེ་བའི་རྩ་བ་དེ་ཉིད་ཀྱིས་ལྷའི་འཇིག་རྟེན་དང་མིའི་འཇིག་རྟེན་དུ་སྐྱེས་ཏེ། ཕུང་པོ་མ་ལུས་པའི་མྱ་ངན་ ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ཀྱི་བར་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ནམ་ཡང་འབྲལ་བར་མི་འགྱུར་བ་དག་མཐོང་ངོ། །རབ་འབྱོར་ ངས་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་སེམས་ཅན་ཡི་དགས་ཀྱི་ཡུལ་པ་རྣམས་ཀྱི་ཡི་དགས་ཀྱི་ཡུལ་དེ་དག་ན་སྡུག་བསྔལ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་རབ་ཏུ་འཇིལ་ཞིང་སེར་སྣ་ སྤང་བའི་ཕྱིར་ཆོས་སྟོན་པ་དང། དེ་དག་ན་སེམས་ཅན་ཡི་དགས་ཀྱི་ཡུལ་པ་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་བྱམས་པའི་སེམས་བསྐྱེད་ཅིང་ ཡི་དགས་ཀྱི་སྐྱེ་གནས་དེ་དག་ནས་རྣམ་པར་ལྡང་བ་དང། དེ་དག་ཡི་དགས་ཀྱི་སྐྱེ་གནས་དེ་དག་ནས་རྣམ་པར་ལངས་ནས་དགེ་བའི་རྩ་བ་དེ་ཉིད་ཀྱིས་ལྷའི་འཇིག་རྟེན་དང། མིའི་ འཇིག་རྟེན་དུ་སྐྱེས་ཏེ། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ཀྱི་བར་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ནམ་ཡང་འབྲལ་ [4A]༄༅། །བར་མི་འགྱུར་བ་དག་མཐོང་ངོ། །རབ་འབྱོར། ངས་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། བྱང་ཤར་གྱི་ཕྱོགས་ མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཡི་དགས་ཀྱི་ཡུལ་པ་རྣམས་ཀྱི་ཡི་དགས་ཀྱི་ཡུལ་ དེ་དག་ན་སྡུག་བསྔལ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་རབ་ཏུ་འཇིལ་ཞིང་སེར་སྣ་སྤང་བའི་ཕྱིར་ཆོས་སྟོན་པ་དང། དེ་དག་ན་སེམས་ཅན་ཡི་དགས་ཀྱི་ཡུལ་པ་དེ་དག་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་བྱམས་པའི་སེམས་བསྐྱེད་ཅིང། ཡི་དགས་ཀྱི་སྐྱེ་གནས་དེ་དག་ནས་རྣམ་པར་ལྡང་བ་དང། དེ་དག་ཡི་དགས་ཀྱི་སྐྱེ་ གནས་དེ་དག་ནས་རྣམ་པར་ལངས་ནས། དགེ་བའི་རྩ་བ་དེ་ཉིད་ཀྱིས་ལྷའི་འཇིག་རྟེན་དང། མིའི་འཇིག་རྟེན་དུ་སྐྱེས་ཏེ། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་ སུ་ཡོངས་སུ་མྱ་ངན་ལས་འདས་ཀྱི་བར་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ནམ་ཡང་འབྲལ་བར་མི་འགྱུར་བ་དག་མཐོང་ངོ་།རབ་འབྱོར། ངས་འདི་ནས་སངས་ རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་བྱང་ཆུབ་སེམས་དཔའ་སེམས་ [4B]ཀྱི་ཡུལ་དེ་དག་ན་སྡུག་བསྔལ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་རབ་ཏུ་འཇིལ་ཞིང་སེར་སྣ་སྤང་བའི་ ཕྱིར་ཆོས་སྟོན་པ་དང། དེ་དག་ན་སེམས་ཅན་ཡི་དགས་ཀྱི་ཡུལ་པ་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་བྱམས་པའི་སེམས་བསྐྱེད་ཅིང། ཡི་དགས་ ཀྱི་སྐྱེ་གནས་དེ་དག་ནས་རྣམ་པར་ལྡང་བ་དང། དེ་དག་ཡི་དགས་ཀྱི་སྐྱེ་གནས་དེ་དག་ནས་རྣམ་པར་ལངས་ནས་དགེ་བའི་རྩ་བ་དེ་ཉིད་ཀྱིས་ལྷའི་འཇིག་རྟེན་དང། མིའི་འཇིག་ རྟེན་དུ་སྐྱེས་ཏེ། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ཀྱི་བར་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ནམ་ཡང་འབྲལ་བར་ མི་འགྱུར་བ་དག་མཐོང་ངོ། །རབ་འབྱོར། ངས་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཡི་དགས་ཀྱི་ཡུལ་པ་རྣམས་ཀྱི་ཡི་དགས་ཀྱི་ཡུལ་དེ་དག་ན་སྡུག་བསྔལ་ཇི་སྙེད་ཅིག་ཡོད་ པ་དེ་དག་ཐམས་ཅད་རབ་ཏུ་འཇིལ་ཞིང་སེར་སྣ་སྤང་བའི་ཕྱིར་ཆོས་སྟོན་པ་དང། དེ་དག་ན་སེམས་ཅན་ཡི་དགས་ཀྱི་ཡུལ་པ་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ [5A]༄༅། །ཆེན་པོ་དེ་དག་ལ་བྱམས་པའི་སེམས་བསྐྱེད་ཅིང། ཡི་དགས་ཀྱི་སྐྱེ་གནས་དེ་དག་ནས་རྣམ་པར་ལྡང་བ་དང། དེ་དག་ཡི་དགས་ཀྱི་སྐྱེ་གནས་དེ་དག་ ནས་རྣམ་པར་ལངས་ནས་དགེ་བའི་རྩ་བ་དེ་ཉིད་ཀྱིས་ལྷའི་འཇིག་རྟེན་དང། མིའི་འཇིག་རྟེན་དུ་སྐྱེས་ཏེ། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་ མྱ་ངན་ལས་འདས་ཀྱི་བར་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ནམ་ཡང་འབྲལ་བར་མི་འགྱུར་བ་དག་མཐོང་ངོ། །རབ་འབྱོར་ངས་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་ འཇིག་རྟེན་ལ་རྣམ་པར་གཟིགས་ན། ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ སེམས་ཅན་ཡི་དགས་ཀྱི་ཡུལ་པ་རྣམས་ཀྱི་ཡི་དགས་ཀྱི་ཡུལ་དེ་དག་ན་སྡུག་བསྔལ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་རབ་ཏུ་འཇིལ་ཞིང་སེར་སྣ་སྤང་བའི་ཕྱིར་ཆོས་སྟོན་ པ་དང། དེ་དག་ན་སེམས་ཅན་ཡི་དགས་ཀྱི་ཡུལ་པ་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་བྱམས་པའི་སེམས་བསྐྱེད་ཅིང། ཡི་དགས་ཀྱི་སྐྱེ་གནས་ དེ་དག་ནས་རྣམ་པར་ལྡང་བ་དང། དེ་དག་ཡི་དགས་ཀྱི་སྐྱེ་གནས་དེ་དག་ནས་རྣམ་པར་ལངས་ནས་དགེ་བའི་རྩ་བ་དེ་ཉིད་ཀྱིས་ལྷའི་འཇིག་རྟེན་དང། མིའི་འཇིག་རྟེན་དུ་ [5B] ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ཀྱི་བར་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ནམ་ཡང་འབྲལ་བར་མི་འགྱུར་ བ་དག་མཐོང་ངོ། །རབ་འབྱོར། ངས་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཡི་དགས་ཀྱི་ཡུལ་པ་རྣམས་ཀྱི་ཡི་དགས་ཀྱི་ཡུལ་དེ་དག་ན་སྡུག་བསྔལ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་རབ་ ཏུ་འཇིལ་ཞིང་སེར་སྣ་སྤང་བའི་ཕྱིར་ཆོས་སྟོན་པ་དང། དེ་དག་ན་སེམས་ཅན་ཡི་དགས་ཀྱི་ཡུལ་པ་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་བྱམས་པའི་སེམས་ བསྐྱེད་ཅིང། ཡི་དགས་ཀྱི་སྐྱེ་གནས་དེ་དག་ནས་རྣམ་པར་ལྡང་བ་དང། དེ་དག་ཡི་དགས་ཀྱི་སྐྱེ་གནས་དེ་དག་ནས་རྣམ་པར་ལངས་ནས་དགེ་བའི་རྩ་བ་དེ་ཉིད་ཀྱིས་ལྷའི་འཇིག་རྟེན་ དང། མིའི་འཇིག་རྟེན་དུ་སྐྱེས་ཏེ། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ཀྱི་བར་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ནམ་ ཡང་འབྲལ་བར་མི་འགྱུར་བ་དག་མཐོང་ངོ། །རབ་འབྱོར། ངས་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ [6A]༄༅། །གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཡི་དགས་ཀྱི་ཡུལ་པ་རྣམས་ཀྱི་ཡི་དགས་ཀྱི་ཡུལ་དེ་དག་ན་སྡུག་བསྔལ་ ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་རབ་ཏུ་འཇིལ་ཞིང་སེར་སྣ་སྤང་བའི་ཕྱིར་ཆོས་སྟོན་པ་དང། དེ་དག་ན་སེམས་ཅན་ཡི་དགས་ཀྱི་ཡུལ་པ་དེ་དག་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་དེ་དག་ལ་བྱམས་པའི་སེམས་བསྐྱེད་ཅིང། ཡི་དགས་ཀྱི་སྐྱེ་གནས་དེ་དག་ནས་རྣམ་པར་ལྡང་བ་དང། དེ་དག་ཡི་དགས་ཀྱི་སྐྱེ་གནས་དེ་དག་ནས་རྣམ་པར་ལངས་ ནས་དགེ་བའི་རྩ་བ་དེ་ཉིད་ཀྱིས་ལྷའི་འཇིག་རྟེན་དང། མིའི་འཇིག་རྟེན་དུ་སྐྱེས་ཏེ། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ཀྱི་ བར་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ནམ་ཡང་འབྲལ་བར་མི་འགྱུར་བ་དག་མཐོང་ངོ། །རབ་འབྱོར། ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ ལ་རྣམ་པར་གཟིགས་ན། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་ རྣམས་ལ་ཆོས་སྟོན་པ་དང། སུམ་ཅུ་རྩ་གསུམ་དང། མཚེ་མ་དང་དགའ་ལྡན་དང། འཕྲུལ་དགའ་དང། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ལ་ཆོས་སྟོན་པ་དང་ [6B]དག་གིས་ཆོས་དེ་ཐོས་ནས་ཐེག་པ་གསུམ་པོས་རིམ་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་དང། ཡོངས་ སུ་མྱ་ངན་ལས་འདའ་བ་དང། ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་མཐོང་སྟེ། རབ་འབྱོར། དེ་ལ་ལྷའི་བུ་གང་འདོད་པའི་ཡོན་ཏན་ལྔས་ཤས་ཆེར་མྱོས་པ་དེ་དག་ལ་གཞལ་ མེད་ཁང་དེ་དག་འབར་བར་སྣང་བར་བྱས་ཤིང། དེ་དག་སྐྱོ་བར་གྱུར་བར་ཤེས་ནས་འདི་སྐད་དུ་གྲོགས་པོ་དག་འདུ་བྱེད་ཐམས་ཅད་ནི་མི་རྟག་པ། འདུ་བྱེད་ཐམས་ཅད་ནི་ སྡུག་བསྔལ་བ། འདུ་བྱེད་ཐམས་ཅད་ནི། བདག་མེད་པ། འདུ་བྱེད་ཐམས་ཅད་ནི། མི་བརྟན་པ། འདུ་བྱེད་ཐམས་ཅད་ནི། ཡིད་བརྟན་དུ་མི་རུང་བ། འདུ་བྱེད་ཐམས་ཅད་ནི་ རྣམ་པར་འགྱུར་བའི་ཆོས་ཅན་ཡིན་ན། འདུ་བྱེད་རྣམས་ལ་ལྟ་སུ་ཞིག་ཡིད་ཕེབས་པར་གནས་ཞེས་ཆོས་སྟོན་ཏོ། །རབ་འབྱོར། ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་ འཇིག་རྟེན་ལ་རྣམ་པར་གཟིགས་ན། ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་ཆེན་བཞིའི་རིས་ ཀྱི་ལྷ་རྣམས་ལ་ཆོས་སྟོན་པ་དང། སུམ་ཅུ་རྩ་གསུམ་དང། མཚེ་མ་དང། དགའ་ལྡན་དང། འཕྲུལ་དགའ་དང། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ལ་ཆོས་སྟོན་པ་དང། བྱང་ [7A]༄༅། །ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལས་ལྷའི་བུ་དེ་དག་གིས་ཆོས་དེ་ཐོས་ནས་ཐེག་པ་གསུམ་པོས་རིམ་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ པ་དང། ཡོངས་སུ་མྱ་ངན་ལས་འདའ་བ་དང། ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་མཐོང་སྟེ། རབ་འབྱོར། དེ་ལ་ལྷའི་བུ་གང་འདོད་པའི་ཡོན་ཏན་ལྔས་ཤས་ཆེར་མྱོས་ པ་དེ་དག་ལ་གཞལ་མེད་ཁང་དེ་དག་འབར་བར་སྣང་བར་བྱས་ཤིང། དེ་དག་སྐྱོ་བར་གྱུར་པར་ཤེས་ནས་འདི་སྐད་དུ་གྲོགས་པོ་དག། འདུ་བྱེད་ཐམས་ཅད་ནི། མི་རྟག་པ། འདུ་ བྱེད་ཐམས་ཅད་ནི། སྡུག་བསྔལ་བ། འདུ་བྱེད་ཐམས་ཅད་ནི། བདག་མེད་པ། འདུ་བྱེད་ཐམས་ཅད་ནི། མི་བརྟན་པ། འདུ་བྱེད་ཐམས་ཅད་ནི། ཡིད་བརྟན་དུ་མི་རུང་བ། འདུ་ བྱེད་ཐམས་ཅད་ནི། རྣམ་པར་འགྱུར་བའི་ཆོས་ཅན་ཡིན་ན། འདུ་བྱེད་རྣམས་ལ་ལྟ་སུ་ཞིག་ཡིད་ཕེབས་པར་གནས་ཞེས་ཆོས་སྟོན་ཏོ། །རབ་འབྱོར། ངས་ཡང་འདི་ནས་ སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ལ་ཆོས་སྟོན་པ་དང། སུམ་ཅུ་རྩ་གསུམ་དང། མཚེ་མ་དང། དགའ་ལྡན་དང། འཕྲུལ་དགའ་དང། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ [7B] བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལས་ལྷའི་བུ་དེ་དག་གིས་ཆོས་དེ་ཐོས་ནས་ཐེག་པ་གསུམ་པོས་རིམ་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་ གྱུར་པ་དང། ཡོངས་སུ་མྱ་ངན་ལས་འདའ་པ་དང། ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་མཐོང་སྟེ། རབ་འབྱོར། དེ་ལ་ལྷའི་བུ་གང་འདོད་པའི་ཡོན་ཏན་ལྔས་ཤེས་ཆེར་མྱོས་ པ་དེ་དག་ལ་གཞལ་མེད་ཁང་དེ་དག་འབར་བར་སྣང་བར་བྱས་ཤིང། དེ་དག་སྐྱོ་བར་གྱུར་པར་ཤེས་ནས་འདི་སྐད་དུ་གྲོགས་པོ་དག། འདུ་བྱེད་ཐམས་ཅད་ནི། མི་རྟག་པ། འདུ་བྱེད་ ཐམས་ཅད་ནི། སྡུག་བསྔལ་བ། འདུ་བྱེད་ཐམས་ཅད་ནི། བདག་མེད་པ་འདུ་བྱེད་ཐམས་ཅད་ནི། མི་བརྟན་པ། འདུ་བྱེད་ཐམས་ཅད་ནི། ཡིད་བརྟན་དུ་མི་རུང་བ། འདུ་བྱེད་ ཐམས་ཅད་ནི། རྣམ་པར་འགྱུར་བའི་ཆོས་ཅན་ཡིན་ན། འདུ་བྱེད་རྣམས་ལ་ལྟ་སུ་ཞིག་ཡིད་ཕེབས་པར་གནས་ཞེས་ཆོས་སྟོན་ཏོ། །རབ་འབྱོར་ངས་ཡང་འདི་ནས་སངས་རྒྱས་ཀྱི་ སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་ཆེན་བཞིའི་ རིས་ཀྱི་ལྷ་རྣམས་ལ་ཆོས་སྟོན་པ་དང། སུམ་ཅུ་རྩ་གསུམ་དང་མཚེ་མ་དང། དགའ་ལྡན་དང། འཕྲུལ་དགའ་དང། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ལ་ཆོས་སྟོན་པ་ [8A]༄༅། །དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལས་ལྷའི་བུ་དེ་དག་གིས་ཆོས་དེ་ཐོས་ནས་ཐེག་པ་གསུམ་པོས་རིམ་གྱིས་ཡོངས་སུ་མྱ་ངན་ལས་ འདས་པར་གྱུར་པ་དང། ཡོངས་སུ་མྱ་ངན་ལས་འདའ་བ་དང། ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་མཐོང་སྟེ། རབ་འབྱོར། དེ་ལ་ལྷའི་བུ་གང་འདོད་པའི་ཡོན་ཏན་ལྔས་ ཤས་ཆེར་མྱོས་པ་དེ་དག་ལ་གཞལ་མེད་ཁང་དེ་དག་འབར་བར་སྣང་བར་བྱས་ཤིང་དེ་དག་སྐྱོ་བར་གྱུར་པར་ཤེས་ནས་འདི་སྐད་དུ་གྲོགས་པོ་དག། འདུ་བྱེད་ཐམས་ཅད་ནི། མི་རྟག་ པ། འདུ་བྱེད་ཐམས་ཅད་ནི། སྡུག་བསྔལ་བ། འདུ་བྱེད་ཐམས་ཅད་ནི་བདག་མེད་པ། འདུ་བྱེད་ཐམས་ཅད་ནི། མི་བརྟན་པ། འདུ་བྱེད་ཐམས་ཅད་ནི། ཡིད་བརྟན་དུ་མི་ རུང་བ། འདུ་བྱེད་ཐམས་ཅད་ནི། རྣམ་པར་འགྱུར་བའི་ཆོས་ཅན་ཡིན་ན། འདུ་བྱེད་རྣམས་ལ་ལྟ་སུ་ཞིག་ཡིད་ཕེབས་པར་གནས་ཞེས་ཆོས་སྟོན་ཏོ། །རབ་འབྱོར། ངས་ཡང་འདི་ ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན་བྱང་ཤར་གྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ལ་ཆོས་སྟོན་པ་དང། སུམ་ཅུ་རྩ་གསུམ་དང། མཚེ་མ་དང། དགའ་ལྡན་དང། འཕྲུལ་དགའ་དང། གཞན་འཕྲུལ་ [8B] བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལས་ལྷའི་བུ་དེ་དག་གིས་ཆོས་དེ་ཐོས་ནས་ཐེག་པ་གསུམ་པོས་རིམ་གྱིས་ཡོངས་སུ་ མྱ་ངན་ལས་འདས་པར་གྱུར་བ་དང། ཡོངས་སུ་མྱ་ངན་ལས་འདའ་བ་དང། ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་མཐོང་སྟེ། རབ་འབྱོར། དེ་ལ་ལྷའི་བུ་གང་འདོད་པའི་ཡོན་ཏན་ ལྔས་ཤས་ཆེར་མྱོས་པ་དེ་དག་ལ་གཞལ་མེད་ཁང་དེ་དག་འབར་བར་སྣང་བར་བྱས་ཤིང། དེ་དག་སྐྱོ་བར་གྱུར་པར་ཤེས་ནས་འདི་སྐད་དུ་གྲོགས་པོ་དག། འདུ་བྱེད་ཐམས་ཅད་ནི། མི་ རྟག་པ། འདུ་བྱེད་ཐམས་ཅད་ནི། སྡུག་བསྔལ་བ། འདུ་བྱེད་ཐམས་ཅད་ནི། བདག་མེད་པ། འདུ་བྱེད་ཐམས་ཅད་ནི། མི་བརྟན་པ། འདུ་བྱེད་ཐམས་ཅད་ནི། ཡིད་བརྟན་དུ་མི་རུང་བ། འདུ་ བྱེད་ཐམས་ཅད་ནི། རྣམ་པར་འགྱུར་བའི་ཆོས་ཅན་ཡིན་ན། འདུ་བྱེད་རྣམས་ལ་ལྟ་སུ་ཞིག་ཡིད་ཕེབས་པར་གནས་ཞེས་ཆོས་སྟོན་ཏོ། །རབ་འབྱོར། ངས་ཡང་འདི་ནས་སངས་རྒྱས་ཀྱི་ སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ལ་ཆོས་སྟོན་པ་དང། སུམ་ཅུ་རྩ་གསུམ་དང། མཚེ་མ་དང། དགའ་ལྡན་དང། འཕྲུལ་དགའ་དང། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ [9A]༄༅། །ལ་ཆོས་སྟོན་པ་དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལས་ལྷའི་བུ་དེ་དག་གིས་ཆོས་དེ་ཐོས་ནས་ཐེག་པ་གསུམ་པོས་རིམ་གྱིས་ཡོངས་སུ་ མྱ་ངན་ལས་འདས་པར་གྱུར་པ་དང། ཡོངས་སུ་མྱ་ངན་ལས་འདའ་བ་དང། ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་མཐོང་སྟེ། རབ་འབྱོར། དེ་ལ་ལྷའི་བུ་གང་འདོད་པའི་ཡོན་ཏན་ ལྔས་ཤེས་ཆེར་མྱོས་པ་དེ་དག་ལ་གཞལ་མེད་ཁང་དེ་དག་འབར་བར་སྣང་བར་བྱས་ཤིང། དེ་དག་སྐྱོ་བར་གྱུར་པར་ཤེས་ནས་འདི་སྐད་དུ་གྲོགས་པོ་དག། འདུ་བྱེད་ཐམས་ཅད་ནི། མི་ རྟག་པ། འདུ་བྱེད་ཐམས་ཅད་ནི། སྡུག་བསྔལ་བ། འདུ་བྱེད་ཐམས་ཅད་ནི། བདག་མེད་པ། འདུ་བྱེད་ཐམས་ཅད་ནི། མི་བརྟན་པ། འདུ་བྱེད་ཐམས་ཅད་ནི། ཡིད་བརྟན་དུ་མི་རུང་བ་ འདུ་བྱེད་ཐམས་ཅད་ནི། རྣམ་པར་འགྱུར་བའི་ཆོས་ཅན་ཡིན་ན། འདུ་བྱེད་རྣམས་ལ་ལྟ་སུ་ཞིག་ཡིད་ཕེབས་པར་གནས་ཞེས་ཆོས་སྟོན་ཏོ་།རབ་འབྱོར། ངས་ཡང་འདི་ནས་སངས་རྒྱས་ ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ལ་ཆོས་སྟོན་པ་དང། སུམ་ཅུ་རྩ་གསུམ་དང། མཚེ་མ་དང། དགའ་ལྡན་དང། འཕྲུལ་དགའ་དང། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ལ་ [9B] བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལས་ལྷའི་བུ་དེ་དག་གིས་ཆོས་དེ་ཐོས་ནས་ཐེག་པ་གསུམ་པོས་རིམ་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་ དང། ཡོངས་སུ་མྱ་ངན་ལས་འདའ་བ་དང། ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་མཐོང་སྟེ། རབ་འབྱོར། དེ་ལ་ལྷའི་བུ་གང་འདོད་པའི་ཡོན་ཏན་ལྔས་ཤས་ཆེར་མྱོས་པ་དེ་དག་ ལ་གཞལ་མེད་ཁང་དེ་དག་འབར་བར་སྣང་བར་བྱས་ཤིང། དེ་དག་སྐྱོ་བར་གྱུར་བར་ཤེས་ནས་འདི་སྐད་དུ་གྲོགས་པོ་དག། འདུ་བྱེད་ཐམས་ཅད་ནི། མི་རྟག་པ། འདུ་བྱེད་ཐམས་ཅད་ ནི། སྡུག་བསྔལ་བ། འདུ་བྱེད་ཐམས་ཅད་ནི། བདག་མེད་པ། འདུ་བྱེད་ཐམས་ཅད་ནི། མི་བརྟན་པ། འདུ་བྱེད་ཐམས་ཅད་ནི། ཡིད་བརྟན་དུ་མི་རུང་བ། འདུ་བྱེད་ཐམས་ཅད་ནི། རྣམ་ པར་འགྱུར་བའི་ཆོས་ཅན་ཡིན་ན། འདུ་བྱེད་རྣམས་ལ་ལྟ་སུ་ཞིག་ཡིད་ཕེབས་པར་གནས་ཞེས་ཆོས་སྟོན་ཏོ། །རབ་འབྱོར། ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ ལ་རྣམ་པར་གཟིགས་ན། ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་ཆེན་བཞིའི་ རིས་ཀྱི་ལྷ་རྣམས་ལ་ཆོས་སྟོན་པ་དང། སུམ་ཅུ་རྩ་གསུམ་དང་མཚེ་མ་དང། དགའ་ལྡན་དང། འཕྲུལ་དགའ་དང། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ལ་ཆོས་སྟོན་པ་དང། བྱང་ [10A]༄༅། །ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལས་ལྷའི་བུ་དེ་དག་གིས་ཆོས་དེ་ཐོས་ནས་ཐེག་པ་གསུམ་པོས་རིམ་གྱིས་ཡོངས་སུ་ མྱ་ངན་ལས་འདས་པར་གྱུར་པ་དང། ཡོངས་སུ་མྱ་ངན་ལས་འདའ་བ་དང། ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་མཐོང་སྟེ། རབ་འབྱོར། དེ་ལ་ལྷའི་བུ་གང་འདོད་ པའི་ཡོན་ཏན་ལྔས་ཤས་ཆེར་མྱོས་པ་དེ་དག་ལ་གཞལ་མེད་ཁང་དེ་དག་འབར་བར་སྣང་བར་བྱས་ཤིང། དེ་དག་སྐྱོ་བར་གྱུར་བར་ཤེས་ནས་འདི་སྐད་དུ་གྲོགས་པོ་དག་འདུ་ བྱེད་ཐམས་ཅད་ནི། མི་རྟག་པ། འདུ་བྱེད་ཐམས་ཅད་ནི། སྡུག་བསྔལ་བ། འདུ་བྱེད་ཐམས་ཅད་ནི། བདག་མེད་པ། འདུ་བྱེད་ཐམས་ཅད་ནི། མི་བརྟན་པ། འདུ་བྱེད་ཐམས་ཅད་ནི་ ཡིད་བརྟན་དུ་མི་རུང་བ། འདུ་བྱེད་ཐམས་ཅད་ནི། རྣམ་པར་འགྱུར་བའི་ཆོས་ཅན་ཡིན་ན། འདུ་བྱེད་རྣམས་ལ་ལྟ་སུ་ཞིག་ཡིད་ཕེབས་པར་གནས་ཞེས་ཆོས་སྟོན་ཏོ། །རབ་ འབྱོར། ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ལ་ཆོས་སྟོན་པ་དང། སུམ་ཅུ་རྩ་གསུམ་དང། མཚེ་མ་དང། དགའ་ལྡན་དང། འཕྲུལ་དགའ་དང། གཞན་ [10B] བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལས་ལྷའི་བུ་དེ་དག་གིས་ཆོས་དེ་ཐོས་ནས་ཐེག་པ་གསུམ་པོས་རིམ་གྱིས་ཡོངས་ སུ་མྱ་ངན་ལས་འདས་པར་གྱུར་པ་དང། ཡོངས་སུ་མྱ་ངན་ལས་འདའ་བ་དང། ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་མཐོང་སྟེ། རབ་འབྱོར། དེ་ལ་ལྷའི་བུ་གང་འདོད་པའི་ཡོན་ ཏན་ལྔས་ཤས་ཆེར་མྱོས་པ་དེ་དག་ལ་གཞལ་མེད་ཁང་དེ་དག་འབར་བར་སྣང་བར་བྱས་ཤིང། དེ་དག་སྐྱོ་བར་གྱུར་པར་ཤེས་ནས་འདི་སྐད་དུ་གྲོགས་པོ་དག་འདུ་བྱེད་ཐམས་ཅད་ ནི། མི་རྟག་པ། འདུ་བྱེད་ཐམས་ཅད་ནི། སྡུག་བསྔལ་བ། འདུ་བྱེད་ཐམས་ཅད་ནི། བདག་མེད་པ། འདུ་བྱེད་ཐམས་ཅད་ནི། མི་བརྟན་པ་འདུ་བྱེད་ཐམས་ཅད་ནི། ཡིད་བརྟན་དུ་ མི་རུང་བ། འདུ་བྱེད་ཐམས་ཅད་ནི། རྣམ་པར་འགྱུར་བའི་ཆོས་ཅན་ཡིན་ན། འདུ་བྱེད་རྣམས་ལ་ལྟ་སུ་ཞིག་ཡིད་ཕེབས་པར་གནས་ཞེས་ཆོས་སྟོན་ཏོ། །རབ་འབྱོར། ངས་ཡང་འདི་ནས་ སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ལ་ཆོས་སྟོན་པ་དང། སུམ་ཅུ་རྩ་གསུམ་དང། མཚེ་མ་དང། དགའ་ལྡན་དང། འཕྲུལ་དགའ་དང། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ལ་ [11A]༄༅། །ཆོས་སྟོན་པ་དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལས་ལྷའི་བུ་དེ་དག་གིས་ཆོས་དེ་ཐོས་ནས་ཐེག་པ་གསུམ་པོས་རིམ་གྱིས་ཡོངས་ སུ་མྱ་ངན་ལས་འདས་པར་གྱུར་པ་དང། ཡོངས་སུ་མྱ་ངན་ལས་འདའ་བ་དང། ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་མཐོང་སྟེ། རབ་འབྱོར། དེ་ལ་ལྷའི་བུ་གང་འདོད་ པའི་ཡོན་ཏན་ལྔས་ཤས་ཆེར་མྱོས་པ་དེ་དག་ལ་གཞལ་མེད་ཁང་དེ་དག་འབར་བར་སྣང་བར་བྱས་ཤིང། དེ་དག་སྐྱོ་བར་གྱུར་པར་ཤེས་ནས་འདི་སྐད་དུ་གྲོགས་པོ་དག་འདུ་ བྱེད་ཐམས་ཅད་ནི། མི་རྟག་པ། འདུ་བྱེད་ཐམས་ཅད་ནི། སྡུག་བསྔལ་བ། འདུ་བྱེད་ཐམས་ཅད་ནི། བདག་མེད་པ། འདུ་བྱེད་ཐམས་ཅད་ནི། མི་བརྟན་པ། འདུ་བྱེད་ཐམས་ ཅད་ནི། ཡིད་བརྟན་དུ་མི་རུང་བ། འདུ་བྱེད་ཐམས་ཅད་ནི། རྣམ་པར་འགྱུར་བའི་ཆོས་ཅན་ཡིན་ན། འདུ་བྱེད་རྣམས་ལ་ལྟ་སུ་ཞིག་ཡིད་ཕེབས་པར་གནས་ཞེས་ཆོས་སྟོན་ཏོ། ། རབ་འབྱོར། ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སེམས་ཅན་གང་ཚངས་པའི་ལྷ་བ་ལ་མངོན་པར་ཞེན་པ་དེ་དག་ལ་ཀྱེ་གྲོགས་པོ་དག་ཆོས་ཐམས་ཅད་སྟོང་པ་ལ་ཅི་ཞིག་ལྟ་བ་ [11B] ཆོས་ཐམས་ཅད་གསོག་དང། གསོབ་ཤ་སྟག་ལ་ཅི་ཞིག་ལྟ་བ་བསྐྱེད་ཅེས་ལྟ་བའི་རྣམ་པ་དེ་དག་དང་བྲལ་བར་བྱེད་པ་མཐོང་སྟེ། རབ་འབྱོར། ད་ལྟར་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྣམས་སྙིང་རྗེ་ཆེན་པོ་ལ་གནས་ཤིང་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རབ་འབྱོར། དེ་ནི། ངོ་མཚར་ཆེ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་རྣམས་ཀྱི་རྨད་དུ་བྱུང་བའི་ཆོས་སོ། །རབ་འབྱོར། ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་ གི་བྱེ་མ་སྙེད་དག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སེམས་ཅན་གང་ཚངས་པའི་ལྟ་བ་ལ་མངོན་པར་ཞེན་པ་དེ་དག་ལ་ཀྱེ་གྲོགས་པོ་དག་ཆོས་ཐམས་ཅད་ སྟོང་པ་ལ་ཅི་ཞིག་ལྟ་བ་བསྐྱེད། ཆོས་ཐམས་ཅད་གསོག་དང། གསོབ་ཤ་སྟག་ལ་ཅི་ཞིག་ལྟ་བ་བསྐྱེད་ཅེས་ལྟ་བའི་རྣམ་པ་དེ་དག་དང་བྲལ་བར་བྱེད་པ་མཐོང་སྟེ། རབ་འབྱོར། དེ་ ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སྙིང་རྗེ་ཆེན་པོ་ལ་གནས་ཤིང། སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རབ་འབྱོར། དེ་ནི། ངོ་མཚར་ཆེ་སྟེ། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྨད་དུ་བྱུང་བའི་ཆོས་སོ། །རབ་འབྱོར། ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ནུབ་ཕྱོགས་ཀྱི་ [12A]༄༅། །འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སེམས་ཅན་གང་ཚངས་པའི་ལྟ་བ་ལ་མངོན་ པར་ཞེན་པ་དེ་དག་ལ་ཀྱེ་གྲོགས་པོ་དག། ཆོས་ཐམས་ཅད་སྟོང་པ་ལ་ཅི་ཞིག་ལྟ་བ་བསྐྱེད། ཆོས་ཐམས་ཅད་གསོག་དང། གསོབ་ཤ་སྟག་ལ་ཅི་ཞིག་ལྟ་བ་བསྐྱེད་ཅེས་ལྟ་ བའི་རྣམ་པ་དེ་དག་དང་བྲལ་བར་བྱེད་པ་མཐོང་སྟེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སྙིང་རྗེ་ཆེན་པོ་ལ་གནས་ཤིང་སེམས་ཅན་རྣམས་ལ་ ཆོས་སྟོན་ཏོ། །རབ་འབྱོར། དེ་ནི། ངོ་མཚར་ཆེ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྨད་དུ་བྱུང་བའི་ཆོས་སོ་།རབ་འབྱོར། ངས་ཡང་འདི་ནས་སངས་ རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ རྣམས་སེམས་ཅན་གང་ཚངས་པའི་ལྟ་བ་ལ་མངོན་པར་ཞེན་པ་དེ་དག་ལ་ཀྱེ་གྲོགས་པོ་དག། ཆོས་ཐམས་ཅད་སྟོང་པ་ལ་ཅི་ཞིག་ལྟ་བ་བསྐྱེད། ཆོས་ཐམས་ཅད་གསོག་ དང། གསོབ་ཤ་སྟག་ལ་ཅི་ཞིག་ལྟ་བ་བསྐྱེད་ཅེས་ལྟ་བའི་རྣམ་པ་དེ་དག་དང་བྲལ་བར་བྱེད་པ་མཐོང་སྟེ། རབ་འབྱོར། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ [12B] སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རབ་འབྱོར། དེ་ནི། ངོ་མཚར་ཆེ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྨད་དུ་བྱུང་ བའི་ཆོས་སོ། །རབ་འབྱོར། ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། བྱང་ཤར་གྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་ བྱེ་མ་སྙེད་དག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སེམས་ཅན་གང་ཚངས་པའི་ལྟ་བ་ལ་མངོན་པར་ཞེན་པ་དེ་དག་ལ་ཀྱེ་གྲོགས་པོ་དག་ཆོས་ཐམས་ཅད་སྟོང་པ་ལ་ཅི་ ཞིག་ལྟ་བ་བསྐྱེད། ཆོས་ཐམས་ཅད་གསོག་དང། གསོབ་ཤ་སྟག་ལ་ཅི་ཞིག་ལྟ་བ་བསྐྱེད་ཅེས་ལྟ་བའི་རྣམ་པ་དེ་དག་དང་བྲལ་བར་བྱེད་པ་མཐོང་སྟེ། རབ་འབྱོར། དེ་ལྟར་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྣམས་སྙིང་རྗེ་ཆེན་པོ་ལ་གནས་ཤིང་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རབ་འབྱོར། དེ་ནི། ངོ་མཚར་ཆེ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ ཀྱི་རྨད་དུ་བྱུང་བའི་ཆོས་སོ། །རབ་འབྱོར། ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སེམས་ཅན་གང་ཚངས་པའི་ལྟ་བ་ལ་མངོན་པར་ཞེན་པ་དེ་དག་ལ་ཀྱེ་གྲོགས་པོ་དག་ཆོས་ཐམས་ཅད་ [13A]༄༅། །སྟོང་པ་ལ་ཅི་ཞིག་ལྟ་བ་བསྐྱེད། ཆོས་ཐམས་ཅད་གསོག་དང། གསོབ་ཤ་སྟག་ལ་ཅི་ཞིག་ལྟ་བ་བསྐྱེད་ཅེས་ལྟ་བའི་རྣམ་པ་དེ་དག་དང་བྲལ་བར་བྱེད་ པ་མཐོང་སྟེ། རབ་འབྱོར། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སྙིང་རྗེ་ཆེན་པོ་ལ་གནས་ཤིང་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རབ་འབྱོར། དེ་ནི་ ངོ་མཚར་ཆེ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྨད་དུ་བྱུང་བའི་ཆོས་སོ། །རབ་འབྱོར། ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་ རྣམ་པར་གཟིགས་ན། ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སེམས་ཅན་ གང་ཚངས་པའི་ལྟ་བ་ལ་མངོན་པར་ཞེན་པ་དེ་དག་ལ་ཀྱེ་གྲོགས་པོ་དག། ཆོས་ཐམས་ཅད་སྟོང་པ་ལ་ཅི་ཞིག་ལྟ་བ་བསྐྱེད། ཆོས་ཐམས་ཅད་གསོག་དང། གསོབ་ཤ་སྟག་ ལ་ཅི་ཞིག་ལྟ་བ་བསྐྱེད་ཅེས་ལྟ་བའི་རྣམ་པ་དེ་དག་དང་བྲལ་བར་བྱེད་པ་མཐོང་སྟེ། རབ་འབྱོར། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སྙིང་རྗེ་ཆེན་པོ་ལ་ གནས་ཤིང་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རབ་འབྱོར། དེ་ནི། ངོ་མཚར་ཆེ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྨད་དུ་བྱུང་བའི་ཆོས་སོ། །རབ་ [13B] ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སེམས་ཅན་གང་ཚངས་པའི་ལྟ་བ་ལ་མངོན་པར་ཞེན་པ་དེ་དག་ལ། ཀྱེ་གྲོགས་པོ་དག་ཆོས་ཐམས་ཅད་སྟོང་པ་ལ་ཅི་ཞིག་ལྟ་བ་ བསྐྱེད། ཆོས་ཐམས་ཅད་གསོག་དང། གསོབ་ཤ་སྟག་ལ་ཅི་ཞིག་ལྟ་བ་བསྐྱེད་ཅེས་ལྟ་བའི་རྣམ་པ་དེ་དག་དང་བྲལ་བར་བྱེད་པ་མཐོང་སྟེ། རབ་འབྱོར། དེ་ལྟར་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྣམས་སྙིང་རྗེ་ཆེན་པོ་ལ་གནས་ཤིང་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རབ་འབྱོར། དེ་ནི། ངོ་མཚར་ཆེ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་རྣམས་ཀྱི་རྨད་དུ་བྱུང་བའི་ཆོས་སོ། །རབ་འབྱོར། ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སེམས་ཅན་གང་ཚངས་པའི་ལྟ་བ་ལ་མངོན་པར་ཞེན་པ་དེ་དག་ལ། ཀྱེ་གྲོགས་པོ་དག། ཆོས་ ཐམས་ཅད་སྟོང་པ་ལ་ཅི་ཞིག་ལྟ་བ་བསྐྱེད། ཆོས་ཐམས་ཅད་གསོག་དང། གསོབ་ཤ་སྟག་ལ་ཅི་ཞིག་ལྟ་བ་བསྐྱེད་ཅེས་ལྟ་བའི་རྣམ་པ་དེ་དག་དང་བྲལ་བར་བྱེད་པ་མཐོང་སྟེ་ [14A]༄༅། །རབ་འབྱོར། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སྙིང་རྗེ་ཆེན་པོ་ལ་གནས་ཤིང་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རབ་འབྱོར་ དེ་ནི། ངོ་མཚར་ཆེ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྨད་དུ་བྱུང་བའི་ཆོས་སོ། །རབ་འབྱོར། ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་ རྣམ་པར་གཟིགས་ན། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སེམས་ཅན་གང་ཚངས་པའི་ལྟ་ བ་ལ་མངོན་པར་ཞེན་པ་དེ་དག་ལ་ཀྱེ་གྲོགས་པོ་དག་ཆོས་ཐམས་ཅད་སྟོང་པ་ལ་ཅི་ཞིག་ལྟ་བ་བསྐྱེད། ཆོས་ཐམས་ཅད་གསོག་དང་གསོབ་ཤ་སྟག་ལ་ཅི་ཞིག་ལྟ་བ་བསྐྱེད་ ཅེས་ལྟ་བའི་རྣམ་པ་དེ་དག་དང་བྲལ་བར་བྱེད་པ་མཐོང་སྟེ། རབ་འབྱོར། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སྙིང་རྗེ་ཆེན་པོ་ལ་གནས་ཤིང་སེམས་ཅན་ རྣམས་ལ་ཆོས་སྟོན་ཏོ། །རབ་འབྱོར། དེ་ནི། ངོ་མཚར་ཆེ་སྟེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྨད་དུ་བྱུང་བའི་ཆོས་སོ། །རབ་འབྱོར། ངས་ཡང་འདི་ནས་ སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ [14B]སྟེ། བཞི་གང་ཞེ་ན། སྦྱིན་པ་དང། ཚིག་སྙན་པ་དང། དོན་སྤྱད་པ་དང། དོན་མཐུན་པའོ། །རབ་འབྱོར། ངས་ཡང་འདི་ ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན་ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ དག་མི་རྣམས་བསྡུ་བའི་དངོས་པོ་བཞིས་སྡུད་པ་མཐོང་སྟེ། བཞི་གང་ཞེ་ན། སྦྱིན་པ་དང། ཚིག་སྙན་པ་དང། དོན་སྤྱད་པ་དང། དོན་མཐུན་པའོ། །རབ་འབྱོར། ངས་ཡང་འདི་ནས་སངས་ རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་མི་རྣམས་ བསྡུ་བའི་དངོས་པོ་བཞིས་སྡུད་པ་མཐོང་སྟེ། བཞི་གང་ཞེ་ན་སྦྱིན་པ་དང། ཚིག་སྙན་པ་དང། དོན་སྤྱད་པ་དང། དོན་མཐུན་པའོ། །རབ་འབྱོར། ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་ གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་མི་རྣམས་བསྡུ་བའི་ དངོས་པོ་བཞིས་སྡུད་པ་མཐོང་སྟེ། བཞི་གང་ཞེ་ན། སྦྱིན་པ་དང། ཚིག་སྙན་པ་དང། དོན་སྤྱད་པ་དང། དོན་མཐུན་པའོ། །རབ་འབྱོར། ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་ [15A]༄༅། །འཇིག་རྟེན་ལ་རྣམ་པར་གཟིགས་ན། བྱང་ཤར་གྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་དག་མི་རྣམས་བསྡུ་བའི་དངོས་པོ་བཞིས་སྡུད་པ་མཐོང་སྟེ། བཞི་གང་ཞེ་ན། སྦྱིན་པ་དང། ཚིག་སྙན་པ་དང། དོན་སྤྱད་པ་དང། དོན་མཐུན་པའོ། །རབ་འབྱོར་ ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་དག་མི་རྣམས་བསྡུ་བའི་དངོས་པོ་བཞིས་སྡུད་པ་མཐོང་སྟེ། བཞི་གང་ཞེ་ན། སྦྱིན་པ་དང། ཚིག་སྙན་པ་དང། དོན་སྤྱད་པ་དང། དོན་མཐུན་པའོ། །རབ་འབྱོར་ ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་དག་མི་རྣམས་བསྡུ་བའི་དངོས་པོ་བཞིས་སྡུད་པ་མཐོང་སྟེ། བཞི་གང་ཞེ་ན། སྦྱིན་པ་དང། ཚིག་སྙན་པ་དང། དོན་སྤྱད་པ་དང། དོན་མཐུན་པའོ། །རབ་ འབྱོར། ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་ [15B]བའི་དངོས་པོ་བཞིས་སྡུད་པ་མཐོང་སྟེ། བཞི་གང་ཞེ་ན། སྦྱིན་པ་དང། ཚིག་སྙན་པ་དང། དོན་སྤྱད་པ་དང། དོན་མཐུན་ པའོ། །རབ་འབྱོར། ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་དག་མི་རྣམས་བསྡུ་བའི་དངོས་པོ་བཞིས་སྡུད་པ་མཐོང་སྟེ། བཞི་གང་ཞེ་ན། སྦྱིན་པ་དང། ཚིག་སྙན་པ་དང། དོན་སྤྱད་པ་དང། དོན་མཐུན་པའོ། །རབ་ འབྱོར། ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་དག་མི་རྣམས་བསྡུ་བའི་དངོས་པོ་བཞིས་སྡུད་པ་མཐོང་སྟེ། བཞི་གང་ཞེ་ན། སྦྱིན་པ་དང། ཚིག་སྙན་པ་དང། དོན་སྤྱད་པ་དང། དོན་མཐུན་པའོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། །བམ་པོ་ཉིས་བརྒྱ་བརྒྱད་ཅུ་པ། །རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པས་སེམས་ཅན་རྣམས་ སྡུད་པ་ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་གཉིས་ཀྱིས་སེམས་ཅན་རྣམས་སྡུད་དེ། གཉིས་གང་ཞེ་ན། འདི་ལྟ་སྟེ། ཟང་ཟིང་གི་ [16A]༄༅། །སྦྱིན་པ་དང། ཆོས་ཀྱི་སྦྱིན་པའོ། །རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟང་ཟིང་གི་སྦྱིན་པས་སེམས་ཅན་རྣམས་སྡུད་ པ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་གསེར་རམ། དངུལ་ལམ་ནོར་བུའམ། མུ་ཏིག་གམ། བཻ་ཌཱུརྱའམ་ དུང་ངམ། མན་ཤེལ་ལམ། བྱུ་རུ་འམ། ས་ལེ་སྦྲམ་མམ། ཟས་སམ་སྐོམ་མམ། གདུགས་སམ། གོས་སམ། སྦོས་སམ། འཕྲེང་བའམ། བྱུག་པ་འམ། མལ་ཆ་འམ། སྟན་ནམ། འཚོ་ པའམ༑ བུད་མེད་དམ། སྐྱེས་པའམ། རྟའམ། གླང་པོའམ། བདག་པོ་ཡོངས་སུ་གཏོང་ན། འདི་སྐད་དུ་ཀྱེ་སེམས་ཅན་དག་ཚུར་ཤོག་བདག་ཉིད་ཀྱི་དང་འདྲ་བར་བསླང་མི་ དགོས་པར་ཁྱེར་ཅིག་ལོང་ལ་དེངས་ཤིག་ཅེས་བརྗོད་དེ། སྦྱིན་པ་དེས་སྦྱིན་པ་བྱིན་ནས་སངས་རྒྱས་ལ་སྐྱབས་སུ་གཏོང་ངོ། །ཆོས་ལ་སྐྱབས་སུ་གཏོང་ངོ། །དགེ་འདུན་ལ་ སྐྱབས་སུ་གཏོང་ངོ། །ལ་ལ་ནི། བསླབ་པའི་གནས་ལྔ་འཛིན་དུ་འཛུད་དོ། །ལ་ལ་ནི། ཡན་ལག་བརྒྱད་དང་ལྡན་པའི་ཉེ་བར་གནས་པ་ལ་ཉེ་བར་གནས་པར་བྱེད་དོ། །ལ་ལ་ནི། དགེ་ བ་བཅུའི་ལས་ཀྱི་ལམ་རྣམས་ལ་འགོད་དོ། །ལ་ལ་ནི། བསམ་གཏན་དང་པོ་ལ་འགོད་དོ། །ལ་ལ་ནི། བསམ་གཏན་གཉིས་པ་ལ་འགོད་དོ། །ལ་ལ་ནི། བསམ་གཏན་གསུམ་ [16B] །ལ་ལ་ནི། བསམ་གཏན་བཞི་པ་ལ་འགོད་དོ། །ལ་ལ་ནི། བྱམས་པ་ལ་འགོད་དོ། །ལ་ལ་ནི། སྙིང་རྗེ་ལ་འགོད་དོ། །ལ་ལ་ནི། དགའ་བ་ལ་འགོད་དོ། །ལ་ལ་ནི་ བཏང་སྙོམས་ལ་འགོད་དོ། །ལ་ལ་ནི། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་འགོད་དོ། །ལ་ལ་ནི། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་འགོད་དོ། །ལ་ལ་ནི། ཅུང་ཟད་མེད་པའི་སྐྱེ་ མཆེད་ལ་འགོད་དོ། །ལ་ལ་ནི། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་འགོད་དོ། །ལ་ལ་ནི། སངས་རྒྱས་རྗེས་སུ་དྲན་པ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི། ཆོས་རྗེས་སུ་ དྲན་པ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི། དགེ་འདུན་རྗེས་སུ་དྲན་པ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི། ཚུལ་ཁྲིམས་རྗེས་སུ་དྲན་པ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི། གཏོང་ བ་རྗེས་སུ་དྲན་པ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི། ལྷ་རྗེས་སུ་དྲན་པ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི། ལུས་ལ་མི་གཙང་བ་ལ་སོགས་པའི་འདུ་ཤེས་སུ་སོ་སོར་བརྟག་པ་ལ་ ཡང་དག་པར་སྐུལ་ལོ། །ལ་ལ་ནི། རྣམ་པར་དག་པ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི། དྲན་པ་ཉེ་བར་གཞག་པ་བཞི་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི། ཡང་དག་པར་སྤོང་བ་ བཞི་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི། དབང་པོ་ལྔ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི། སྟོབས་ལྔ་ལ་ཡང་དག་པར་ [17A]༄༅། །སྐུལ་ལོ། །ལ་ལ་ནི། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི། སྟོང་ པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི། རྣམ་པར་ཐར་པ་བརྒྱད་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི། མཐར་གྱིས་གནས་ པའི་སྙོམས་པར་འཇུག་པ་དགུ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི། མི་འཇིགས་པ་བཞི་ལ་ཡང་དག་ པར་སྐུལ་ལོ། །ལ་ལ་ནི། སོ་སོ་ཡང་དག་པར་རིག་པ་བཞི་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི། བྱམས་པ་ཆེན་པོ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི། སྙིང་རྗེ་ཆེན་པོ་ལ་ཡང་ དག་པར་སྐུལ་ལོ། །ལ་ལ་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི། མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཡོངས་སུ་གྲུབ་པར་བྱ་བ་ལ་ ཡང་དག་པར་སྐུལ་ལོ། །ལ་ལ་ནི། དཔེ་བྱད་བཟང་པོ་བརྒྱད་ཅུ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི། ལན་གཅིག་ ཕྱིར་འོང་བའི་འབྲས་བུ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་ཕྱིར་མི་འོང་བའི་འབྲས་བུ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་དགྲ་བཅོམ་པ་ཉིད་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ [17B] རང་བྱང་ཆུབ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་དག་པར་སྐུལ་ལོ། ། རབ་འབྱོར། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་སེམས་ཅན་རྣམས་ལ་ཟང་ཟིང་གི་སྦྱིན་པ་ཡོངས་སུ་གཏོང་ཞིང་ཐབས་མཁས་ པས་བླ་ན་མེད་པའི་བདེ་བ་དང་ལྡན་པར་འགོད་དེ། རབ་འབྱོར། དེ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ངོ་མཚར་དང་རྨད་དུ་བྱུང་བའི་ཆོས་སོ། །རབ་འབྱོར། ཇི་ལྟར་ན་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཆོས་ཀྱི་སྦྱིན་པས་སེམས་ཅན་རྣམས་སྡུད་པ་ཡིན་ཞེ་ན། རབ་འབྱོར། གཉིས་པོ་འདི་དག་ནི། ཆོས་ ཀྱི་སྦྱིན་པ་སྟེ། འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པའོ་།རབ་འབྱོར། འཇིག་རྟེན་པའི་ཆོས་ཀྱི་སྦྱིན་པ་གང་ཞེ་ན། འཇིག་རྟེན་པའི་ཆོས་རྣམས་བརྗོད་པ་དང། བཤད་པ་དང་ མ་ནོར་བར་བསྟན་པ་སྟེ། འདི་ལྟར་མི་གཙང་བའི་རྣམ་པ་དང་བསམ་གཏན་བཞི་དང། ཚངས་པའི་རྣམ་པར་སྤྱོད་པ་བཞི་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་ མངོན་པར་ཤེས་པ་ལྔ་དང། གཞན་ཡང་འཇིག་རྟེན་པའི་ཆོས་བྱིས་པ་སོ་སོའི་སྐྱེ་བོ་དག་དང་ཐུན་མོང་དུ་གྱུར་པ་རྣམས་ཏེ། རབ་འབྱོར། དེ་ནི། འཇིག་རྟེན་པའི་ཆོས་ཀྱི་སྦྱིན་པའོ། །རབ་ [18A]༄༅། །འབྱོར༑ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་འཇིག་རྟེན་གྱི་ཆོས་ཀྱི་སྦྱིན་པ་དེ་བཏང་ནས་རྣམ་གྲངས་དུ་མས་འཇིག་རྟེན་གྱི་ཆོས་མ་ནོར་བར་བླངས་པ་དེ་ ལས་བསྐྱོད་དེ། དེ་ལས་བསྐྱོད་ནས་ཐབས་མཁས་པས་འཕགས་པའི་ཆོས་རྣམས་དང། འཕགས་པའི་ཆོས་ཀྱི་འབྲས་བུ་དག་ལ་རབ་ཏུ་འགོད་དོ་།དེ་ལ་འཕགས་པའི་ཆོས་རྣམས་ནི། གང་ འཕགས་པའི་ཆོས་རྣམས་ཀྱི་འབྲས་བུ་ནི། གང་ཞེ་ན། འཕགས་པའི་ཆོས་ཞེས་བྱ་བ་ནི། དྲན་པ་ཉེ་བར་གཞག་པ་བཞི་དང། ཡང་དག་པར་སྤོང་བ་བཞི་དང། རྫུ་འཕྲུལ་གྱི་རྐང་པ་བཞི་ དང༑ དབང་པོ་ལྔ་དང། སྟོབས་ལྔ་དང། བྱང་ཆུབ་ཀྱི་ཡན་ལག་བདུན་དང། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་ མེད་པ་དང། སྨོན་པ་མེད་པ་རྣམས་སོ། འཕགས་པའི་ཆོས་རྣམས་ཀྱི་འབྲས་བུ་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་དང། ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང། ཕྱིར་མི་འོང་བའི་ འབྲས་བུ་དང། དགྲ་བཅོམ་པ་ཉིད་དེ། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཕགས་པའི་ཆོས་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་ཤེས་པའོ། །ལན་གཅིག་ ཕྱིར་འོང་བའི་འབྲས་བུ་ཤེས་པའོ། །ཕྱིར་མི་འོང་བའི་འབྲས་བུ་ཤེས་པའོ། །དགྲ་བཅོམ་པ་ཉིད་ཤེས་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཤེས་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ [18B] །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཤེས་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཤེས་པའོ། །ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ཤེས་པའོ། །ནང་སྟོང་པ་ཉིད་ཤེས་པའོ། །ཕྱི་སྟོང་པ་ཉིད་ཤེས་པའོ། །ཕྱི་ནང་སྟོང་པ་ཉིད་ཤེས་པའོ། །སྟོང་པ་ཉིད་སྟོང་པ་ཉིད་ཤེས་པའོ། །ཆེན་པོ་སྟོང་པ་ཉིད་ཤེས་པའོ། ། དོན་དམ་པ་སྟོང་པ་ཉིད་ཤེས་པའོ། །འདུས་བྱས་སྟོང་པ་ཉིད་ཤེས་པའོ། །འདུས་མ་བྱས་སྟོང་པ་ཉིད་ཤེས་པའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཤེས་པའོ། །ཐོག་མ་དང་ཐ་མ་མེད་ པ་སྟོང་པ་ཉིད་ཤེས་པའོ། །དོར་བ་མེད་པ་སྟོང་པ་ཉིད་ཤེས་པའོ། །རང་བཞིན་སྟོང་པ་ཉིད་ཤེས་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཤེས་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཤེས་ པའོ༑ ༑མི་དམིགས་པ་སྟོང་པ་ཉིད་ཤེས་པའོ། །དངོས་པོ་མེད་པ་སྟོང་པ་ཉིད་ཤེས་པའོ། །ངོ་བོ་ཉིད་སྟོང་པ་ཉིད་ཤེས་པའོ་།དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཤེས་པའོ། །དྲན་ པ་ཉེ་བར་གཞག་པ་བཞི་ཤེས་པའོ། །ཡང་དག་པར་སྤོང་བ་བཞི་ཤེས་པའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ཤེས་པའོ། །དབང་པོ་ལྔ་ཤེས་པའོ། །སྟོབས་ལྔ་ཤེས་པའོ། །བྱང་ཆུབ་ཀྱི་ ཡན་ལག་བདུན་ཤེས་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཤེས་པའོ། །འཕགས་པའི་བདེན་པ་བཞི་ཤེས་པའོ། །བསམ་གཏན་བཞི་ཤེས་པའོ། །ཚད་མེད་པ་བཞི་ [19A]༄༅། །ཤེས་པའོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ཤེས་པའོ། །རྣམ་པར་ཐར་པ་བརྒྱད་ཤེས་པའོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ ཤེས་པའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ཤེས་པའོ། །མངོན་པར་ཤེས་པ་རྣམས་ཤེས་པའོ། །ཏིང་ངེ་འཛིན་རྣམས་ཤེས་ པའོ༑ ༑གཟུངས་ཀྱི་སྒོ་རྣམས་ཤེས་པའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ཤེས་པའོ། །མི་འཇིགས་པ་བཞི་ཤེས་པའོ། །སོ་སོ་ཡང་དག་པར་རིག་པ་བཞི་ཤེས་པའོ། ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཤེས་པའོ། །བྱམས་པ་ཆེན་པོ་ཤེས་པའོ། །སྙིང་རྗེ་ཆེན་པོ་ཤེས་པའོ། །དགའ་བ་ཆེན་པོ་ཤེས་པའོ། །བཏང་སྙོམས་ཆེན་པོ་ཤེས་པའོ། །གཞན་ ཡང་འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པའི་ཆོས་རྣམས་དང་ཟག་པ་དང་བཅས་པ་དང། ཟག་པ་མེད་པའི་ཆོས་རྣམས་དང། འདུས་བྱས་དང། འདུས་མ་བྱས་ཀྱི་ཆོས་རྣམས་ ཤེས་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་མ་གཏོགས་པར། དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཕགས་པའི་ཆོས་རྣམས་སོ། །བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་འཕགས་པའི་ཆོས་རྣམས་ཀྱི་འབྲས་བུ་གང་ཞེ་ན། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤོང་བ་སྟེ། འདི་ནི། བྱང་ཆུབ་སེམས་དཔའ་ [19B]།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཅི་ལགས་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་རབ་འབྱོར། དེ་དེ་བཞིན་ནོ། །དེ་དེ་བཞིན་ ཏེ༑ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང། དེ་བཞིན་གཤེགས་པ་ལ་བྱེ་བྲག་ཅི་ཞིག་མཆིས། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། བྱེ་བྲག་ཡོད་དོ། །གསོལ་པ། བྱེ་བྲག་ཇི་ལྟ་བུ་ཞིག་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ ནི༑ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བའོ། །དེ་བཞིན་གཤེགས་པ་ནི། ཡེ་ཤེས་བརྙེས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་ལ་གནས་ཤིང་ཆོས་ཐམས་ཅད་མུན་པ་ མེད་པ་ཐོབ་པ་ལ་བྱང་ཆུབ་སེམས་དཔའི་སེམས་ཀྱང་གཞན་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐུགས་ཀྱང་གཞན་ཞེས་བྱ་བ་མེད་ [20A]༄༅། །དོ༑ ༑རབ་འབྱོར། དེ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཇིག་རྟེན་པའི་ཆོས་ཀྱི་སྦྱིན་པ་སྟེ། དེ་ལ་བརྟེན་པས་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྦྱིན་པ་འབྱུང་ངོ། ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་རྣམས་འཇིག་རྟེན་པའི་ཆོས་ཀྱི་སྦྱིན་པ་ལ་སྦྱོར་ཞིང་ཐབས་མཁས་པས་འཕགས་པའི་ཆོས་འཇིག་རྟེན་ལས་ འདས་པའི་སྦྱིན་པ་ལ་བཀོད་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་འགོད་པ་ཡིན་ནོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཇིག་རྟེན་ལས་འདས་པའི་ ཆོས་ཀྱི་སྦྱིན་པ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་དང་ཐུན་མོང་མ་ཡིན་པ་གང་ཞེ་ན། འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་དང། ཡང་དག་པར་སྤོང་བ་བཞི་དང། རྫུ་འཕྲུལ་གྱི་རྐང་པ་བཞི་དང། དབང་ པོ་ལྔ་དང། སྟོབས་ལྔ་དང། བྱང་ཆུབ་ཀྱི་ཡན་ལག་བདུན་དང་འཕགས་པའི་ལམ་ཡན་ལག་བརྒྱད་པ་དང། ཚད་མེད་བཞི་དང། རྣམ་པར་ཐར་པའི་སྒོ་གསུམ་དང། རྣམ་པར་ཐར་པ་བརྒྱད་དང། མཐར་གྱིས་གནས་ པའི་སྙོམས་པར་འཇུག་པ་དགུ་དང། མཐའ་དག་གི་སྐྱེ་མཆེད་བཅུ་དང། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་དང། ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་དང། སྨོན་གནས་མཁྱེན་པ་དང། མངོན་པར་ ཤེས་པ་དྲུག་དང། རྣམ་པ་ཐམས་ཅད་དུ་ཡོངས་སུ་དག་པ་བཞི་དང། དབང་བཅུ་དང། དེ་བཞིན་གཤེགས་པའི་སྟོབས་བཅུ་དང། མི་འཇིགས་པ་བཞི་དང། སོ་སོ་ཡང་དག་པར་རིག་པ་བཞི་དང། བསྲུང་དུ་ [20B] དྲན་པ་ཉེ་བར་གཞག་པ་གསུམ་དང། བསྙེལ་བ་མི་མངའ་བའི་ཆོས་ཉིད་དང། བག་ཆགས་ཡང་དག་པར་བཅོམ་པ་དང། བྱམས་པ་ཆེན་པོ་དང། སྙིང་རྗེ་ཆེན་པོ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་ པ་བཅོ་བརྒྱད་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང། མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང། དཔེ་བྱད་བཟང་པོ་བརྒྱད་ཅུ་དང། གཟུངས་ཀྱི་སྒོ་ལྔ་བརྒྱ་དང། ཏིང་ངེ་འཛིན་གྱི་སྒོ་རྣམས་ཏེ། འདི་ནི། འཇིག་ རྟེན་ལས་འདས་པའི་ཆོས་ཀྱི་སྦྱིན་པ་ཞེས་བྱའོ། །རབ་འབྱོར། དེ་ལ་དྲན་པ་ཉེ་བར་གཞག་པ་བཞི་གང་ཞེ་ན། འདི་ལྟ་སྟེ། ནང་གི་ལུས་དང། ཕྱིའི་ལུས་དང། ཕྱི་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་བརྩོན་འགྲུས་ཅན་ ཤེས་བཞིན་དང་ལྡན་པ། དྲན་པ་དང་ལྡན་པས་འཇིག་རྟེན་གྱི་ཆགས་སེམས་དང། ཡིད་མི་བདེ་བ་རྣམ་པར་བསལ་ཅིང་རྣམ་པར་སྤྱོད་དོ། །ལུས་ལ་ཀུན་འབྱུང་བའི་རྗེས་སུ་ལྟ་ཞིང་རྣམ་པར་སྤྱོད་དོ་།ལུས་ལ་ཟད་པའི་རྗེས་ སུ་ལྟ་ཞིང་རྣམ་པར་སྤྱོད་དོ། །ལུས་ལ་ཀུན་འབྱུང་བ་དང་ཟད་པའི་རྗེས་སུ་ལྟ་ཞིང་རྣམ་པར་སྤྱོད་དོ། །ལུས་ལ་མི་གནས་པར་རྣམ་པར་སྤྱོད་ཅིང། འཇིག་རྟེན་དུ་གང་ཡང་ཉེ་བར་ལེན་པ་མེད་དོ། །ནང་གི་ཚོར་བ་དང། ཕྱིའི་ཚོར་ བ་དང། ཕྱི་ནང་གི་ཚོར་བ་ལ་ཚོར་བའི་རྗེས་སུ་ལྟ་ཞིང་བརྩོན་འགྲུས་ཅན། ཤེས་བཞིན་དང་ལྡན་པ། དྲན་པ་དང་ལྡན་པས་འཇིག་རྟེན་གྱི་ཆགས་སེམས་དང། ཡིད་མི་བདེ་བ་རྣམ་པར་བསལ་ཅིང་རྣམ་པར་སྤྱོད་དོ། །ཚོར་བ་ལ་ཀུན་ འབྱུང་བའི་རྗེས་སུ་ལྟ་ཞིང་རྣམ་པར་སྤྱོད་དོ། །ཚོར་བ་ལ་ཟད་པའི་རྗེས་སུ་ལྟ་ཞིང་རྣམ་པར་སྤྱོད་དོ། །ཚོར་བ་ལ་ཀུན་འབྱུང་བ་དང་ཟད་པའི་རྗེས་སུ་ལྟ་ཞིང་རྣམ་པར་སྤྱོད་དོ། །ཚོར་བ་ལ་མི་གནས་པར་རྣམ་པར་སྤྱོད་ཅིང། འཇིག་རྟེན་དུ་ [21A]༄༅། །གང་ཡང་ཉེ་བར་ལེན་པ་མེད་དོ། །ནང་གི་སེམས་དང་ཕྱིའི་སེམས་དང། ཕྱི་ནང་གི་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་ཞིང་བརྩོན་འགྲུས་ཅན། ཤེས་བཞིན་དང་ལྡན་པ། དྲན་པ་དང་ལྡན་ པས་འཇིག་རྟེན་གྱི་ཆགས་སེམས་དང། ཡིད་མི་བདེ་བ་རྣམ་པར་བསལ་ཅིང་རྣམ་པར་སྤྱོད་དོ། །སེམས་ལ་ཀུན་འབྱུང་བའི་རྗེས་སུ་ལྟ་ཞིང་རྣམ་པར་སྤྱོད་དོ། །སེམས་ལ་ཟད་ པའི་རྗེས་སུ་ལྟ་ཞིང་རྣམ་པར་སྤྱོད་དོ། །སེམས་ལ་ཀུན་འབྱུང་བ་དང་ཟད་པའི་རྗེས་སུ་ལྟ་ཞིང་རྣམ་པར་སྤྱོད་དོ། །སེམས་ལ་མི་གནས་པར་རྣམ་པར་སྤྱོད་ཅིང། འཇིག་རྟེན་དུ་གང་ ཡང་ཉེ་བར་ལེན་པ་མེད་དོ། །ནང་གི་ཆོས་དང། ཕྱིའི་ཆོས་དང་ཕྱི་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ། དྲན་པ་དང་ལྡན་པས་ འཇིག་རྟེན་གྱི་ཆགས་སེམས་དང། ཡིད་མི་བདེ་བ་རྣམ་པར་བསལ་ཅིང་རྣམ་པར་སྤྱོད་དོ། །ཆོས་ལ་ཀུན་འབྱུང་བའི་རྗེས་སུ་ལྟ་ཞིང་རྣམ་པར་སྤྱོད་དོ། །ཆོས་ལ་ཟད་པའི་རྗེས་སུ་ ལྟ་ཞིང་རྣམ་པར་སྤྱོད་དོ། །ཆོས་ལ་ཀུན་འབྱུང་བ་དང་ཟད་པའི་རྗེས་སུ་ལྟ་ཞིང་རྣམ་པར་སྤྱོད་དོ། །ཆོས་ལ་མི་གནས་པར་རྣམ་པར་སྤྱོད་ཅིང། འཇིག་རྟེན་དུ་གང་ཡང་ཉེ་བར་ ལེན་པ་མེད་དོ། །རབ་འབྱོར། ཡང་དག་པར་སྤོང་བ་བཞི་གང་ཞེ་ན། སྡིག་ཏོ་མ་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པའི་ཕྱིར་མོས་པ་བསྐྱེད་པ་དང། སྐྱེས་པ་རྣམས་སྤང་ [21B] དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་མོས་པ་བསྐྱེད་ཅིང་བརྩོན་འགྲུས་རྩོམ་པ་དང་སྐྱེས་པ་རྣམས་འཕེལ་ཞིང་ཤིན་ཏུ་རྒྱས་པར་བྱ་བ་དང། བསྒོམ་པ་ཡོངས་ སུ་རྫོགས་པར་བྱ་བའི་ཕྱིར་མོས་པ་བསྐྱེད་པའོ། །རབ་འབྱོར། རྫུ་འཕྲུལ་གྱི་རྐང་པ་བཞི་གང་ཞེ་ན། མོས་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་སེམས་ ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང། དཔྱོད་པའི་ཏིང་ངེ་འཛིན་ སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པའོ་།དབང་པོ་ལྔ་གང་ཞེ་ན། དད་པའི་དབང་པོ་དང། བརྩོན་འགྲུས་ཀྱི་དབང་པོ་དང། དྲན་པའི་དབང་པོ་དང། ཏིང་ངེ་འཛིན་གྱི་དབང་ པོ་དང། ཤེས་རབ་ཀྱི་དབང་པོ་སྟེ། དེ་དག་ནི། དབང་པོ་ལྔ་ཞེས་བྱའོ། །སྟོབས་ལྔ་གང་ཞེ་ན། དད་པའི་སྟོབས་དང། བརྩོན་འགྲུས་ཀྱི་སྟོབས་དང། དྲན་པའི་སྟོབས་དང། ཏིང་ངེ་ འཛིན་གྱི་སྟོབས་དང། ཤེས་རབ་ཀྱི་སྟོབས་ཏེ། དེ་དག་ནི། སྟོབས་ལྔ་ཞེས་བྱའོ། །རབ་འབྱོར། བྱང་ཆུབ་ཀྱི་ཡན་ལག་བདུན་གང་ཞེ་ན། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ དང། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང། ཤིན་ཏུ་སྦྱངས་ [22A]༄༅། །པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ། དེ་དག་ནི་ བྱང་ཆུབ་ཀྱི་ཡན་ལག་བདུན་ཞེས་བྱའོ། །རབ་འབྱོར། འཕགས་པའི་ལམ་ཡན་ལག་བརྒྱད་པ་གང་ཞེ་ན། འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང། ཡང་དག་པའི་རྟོག་པ་དང། ཡང་ དག་པའི་ངག་དང། ཡང་དག་པའི་ལས་ཀྱི་མཐའ་དང། ཡང་དག་པའི་འཚོ་བ་དང། ཡང་དག་པའི་རྩོལ་བ་དང། ཡང་དག་པའི་དྲན་པ་དང། ཡང་དག་པའི་ཏིང་ངེ་འཛིན་ཏེ། དེ་དག་ ནི། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞེས་བྱའོ། །དེ་ལ་ཏིང་ངེ་འཛིན་གསུམ་གང་ཞེ་ན། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་མཚན་མ་མེད་པའི་ཏིང་ངེ་འཛིན་དང། སྨོན་པ་ མེད་པའི་ཏིང་ངེ་འཛིན་ཏོ། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གང་ཞེ་ན། སྟོང་པའི་རྣམ་པ་དང། དབེན་པའི་རྣམ་པར་སེམས་རྩེ་གཅིག་པ་སྟེ། དེ་ནི། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཅེས་བྱའོ། ། མཚན་མ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། ཞི་བའི་རྣམ་པ་དང། མཚན་མ་མེད་པའི་རྣམ་པར་སེམས་རྩེ་གཅིག་པ་སྟེ། དེ་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་ཅེས་བྱའོ། །སྨོན་ པ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། མི་རྟག་པའི་རྣམ་པ་དང། སྡུག་བསྔལ་གྱི་རྣམ་པར་སེམས་རྩེ་གཅིག་པ་སྟེ། དེ་ནི། སྨོན་པ་མེད་པའི་ཏིང་ངེ་འཛིན་ཅེས་བྱའོ། །རྣམ་པར་ [22B] གཟུགས་ཅན་གྱིས་གཟུགས་རྣམས་མཐོང་བ་འདི་ནི། རྣམ་པར་ཐར་པ་དང་པོའོ། །ནང་གཟུགས་མེད་པའི་འདུ་ཤེས་དང་ལྡན་པས་ཕྱི་རོལ་གྱི་གཟུགས་རྣམས་ མཐོང་བ་འདི་ནི། རྣམ་པར་ཐར་པ་གཉིས་པའོ། །བཟང་བར་མོས་པ་འདི་ནི། རྣམ་པར་ཐར་པ་གསུམ་པའོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ ནི། རྣམ་པར་ཐར་པ་བཞི་པའོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི། རྣམ་པར་ཐར་པ་ལྔ་པའོ་།ཅུང་ཟད་མེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ ཏེ་གནས་པ་འདི་ནི། རྣམ་པར་ཐར་པ་དྲུག་པའོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བདུན་པའོ། །འདུ་ཤེས་དང་ ཚོར་བ་འགོག་པ་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི། རྣམ་པར་ཐར་པ་བརྒྱད་པ་སྟེ། དེ་དག་ནི། རྣམ་པར་ཐར་པ་བརྒྱད་ཅེས་བྱའོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་ པ་དགུ་གང་ཞེ་ན། འདི་ལ་ལ་ལ་འདོད་པས་དབེན། སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་ བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པར་རྟོག་པ་དང། རྣམ་པར་དཔྱོད་པ་ཉེ་བར་ཞི་ནས་ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་ [23A]༄༅། །རྟོག་པ་མེད་པ། དཔྱོད་པ་མེད་པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་ དགའ་བ་ལས་འདོད་ཆགས་དང་བྲལ་བས་དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་བཏང་སྙོམས་སུ་གནས་ཏེ་བདེ་བ་ལུས་ཀྱིས་མྱོང་ལ་འཕགས་པ་རྣམས་ཀྱིས་དེ་ལ་དྲན་པ་ དང་ལྡན་པ། བདེ་བ་ལ་རྣམ་པར་སྤྱོད་པ། བཏང་སྙོམས་པའོ་།ཞེས་བརྗོད་པ་སྟེ། དགའ་བ་མེད་པའི་བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བདེ་བའང་ སྤངས༑ སྡུག་བསྔལ་ཡང་སྤངས་ཤིང། ཡིད་བདེ་བ་དང་ཡིད་མི་བདེ་བ་སྔ་ནས་ཀྱང་ནུབ་པས་བདེ་བའང་མེད། སྡུག་བསྔལ་བའང་མེད་པ། བཏང་སྙོམས་དང་དྲན་པས་ཡོངས་སུ་ དག་པ་བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ་ཐོགས་པའི་འདུ་ཤེས་རྣམས་ནུབ་ པར་གྱུར་ཅིང། སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ། །ཞེས་ཏེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་ རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་རྣམ་པར་ཤེས་པ་མཐའ་ཡས་སོ། །ཞེས་ཏེ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་ [23B] །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་ཅུང་ཟད་མ་ཡོད་དོ། །ཞེས་ཅུང་ཟད་མེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ཅུང་ཟད་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་འདུ་ཤས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་ པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་འདུ་ཤེས་དང་ཚོར་བ་འགོག་པ་ལ་ཉེ་བར་བསྒྲུབས་ཤིང་གནས་ཏེ། འདི་ནི། མཐར་གྱིས་ གནས་པའི་སྙོམས་པར་འཇུག་པ་དགུ་ཞེས་བྱའོ། །དེ་ལ་མཐའ་དག་གི་སྐྱེ་མཆེད་བཅུ་གང་ཞེ་ན། མཐའ་དག་ས་དང། མཐའ་དག་ཆུ་དང། མཐའ་དག་མེ་དང། མཐའ་དག་རླུང་དང་ མཐའ་དག་སྔོན་པོ་དང། མཐའ་དག་སེར་པོ་དང། མཐའ་དག་དམར་པོ་དང། མཐའ་དག་དཀར་པོ་དང། མཐའ་དག་རྣམ་པར་ཤེས་པ་དང་མཐའ་དག་ནམ་མཁའ་སྟེ། དེ་དག་ནི་ མཐའ་དག་གི་སྐྱེ་མཆེད་བཅུ་ཞེས་བྱའོ། །དེ་ལ་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་གང་ཞེ་ན། ནང་གཟུགས་སུ་འདུ་ཤེས་ཤིང་ཕྱི་རོལ་གྱི་གཟུགས་ཕྲ་མོ་དང། ཁ་དོག་སྡུག་པ་ དང། ཁ་དོག་མི་སྡུག་པ་མཐོང་ཡང་གཟུགས་དེ་དག་ཟིལ་གྱིས་མནན་ཏེ་ཤེས། ཟིལ་གྱིས་མནན་ཏེ་མཐོང་ཞིང། དེ་ལྟར་འདུ་ཤེས་པ་དེ་ནི། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་ [24A]༄༅། །པོའོ༑ ༑ནང་གཟུགས་སུ་འདུ་ཤེས་ཤིང་ཕྱི་རོལ་གྱི་གཟུགས་རགས་པ་དང། ཁ་དོག་སྡུག་པ་དང། ཁ་དོག་མི་སྡུག་པ་མཐོང་ཡང་གཟུགས་དེ་དག་ ཟིལ་གྱིས་མནན་ཏེ་ཤེས། ཟིལ་གྱིས་མནན་ཏེ་མཐོང་ཞིང། དེ་ལྟར་འདུ་ཤེས་པ་དེ་ནི། ཟིལ་གྱིས་གནོན་པའི་སྐྱེ་མཆེད་གཉིས་པའོ། །ནང་གཟུགས་མེད་པར་འདུ་ཤེས་ཤིང་ ཕྱི་རོལ་གྱི་གཟུགས་ཕྲ་མོ་དང། ཁ་དོག་སྡུག་པ་དང། ཁ་དོག་མི་སྡུག་པ་མཐོང་ཡང་གཟུགས་དེ་དག་ཟིལ་གྱིས་མནན་ཏེ་ཤེས། ཟིལ་གྱིས་མནན་ཏེ་མཐོང་ཞིང། དེ་ལྟར་འདུ་ ཤེས་པ། དེ་ནི། ཟིལ་གྱིས་གནོན་པའི་སྐྱེ་མཆེད་གསུམ་པའོ། །ནང་གཟུགས་མེད་པར་འདུ་ཤེས་ཤིང་ཕྱི་རོལ་གྱི་གཟུགས་རགས་པ་དང། ཁ་དོག་སྡུག་པ་དང། ཁ་དོག་མི་སྡུག་ པ་མཐོང་ཡང་གཟུགས་དེ་དག་ཟིལ་གྱིས་མནན་ཏེ་ཤེས། ཟིལ་གྱིས་མནན་ཏེ་མཐོང་ཞིང། དེ་ལྟར་འདུ་ཤེས་པ་དེ་ནི། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བཞི་པའོ། །ནང་གཟུགས་ མེད་པར་འདུ་ཤེས་ཤིང་ཕྱི་རོལ་གྱི་གཟུགས་སྔོན་པོ། ཁ་དོག་སྔོན་པོ། སྔོན་པོར་སྣང་བ། མདོག་སྔོན་པོ་འདི་ལྟ་སྟེ། དཔེར་ན། མེ་ཏོག་ཨོ་མ་ཀ་ལྟ་བུའམ། ཡུལ་ཝཱ་ར་ཎཱ་སིར་ བྱས་པའི་གོས་ལྟར་སྔོ་བ། ཁ་དོག་སྔོ་བ། སྔོ་བར་སྣང་བ་མདོག་སྔོ་བར་མཐོང་ཡང་གཟུགས་དེ་དག་ཟིལ་གྱིས་མནན་ཏེ་ཤེས། ཟིལ་གྱིས་མནན་ཏེ་མཐོང་ཞིང། དེ་ལྟར་འདུ་ [24B] ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལྔ་པའོ་།ནང་གཟུགས་མེད་པར་འདུ་ཤེས་ཤིང་ཕྱི་རོལ་གྱི་གཟུགས་སེར་པོ། ཁ་དོག་སེར་པོ། སེར་པོར་སྣང་བ། མདོག་སེར་པོ་ འདི་ལྟ་སྟེ། དཔེར་ན། ཤིང་ཀ་ཤི་ཀ་རིའི་མེ་ཏོག་ལྟ་བུའམ། ཡུལ་ཝཱ་ར་ཎཱ་སིར་བྱས་པའི་གོས་ལྟར་སེར་བ། ཁ་དོག་སེར་བ། སེར་བར་སྣང་བ། མདོག་སེར་བར་མཐོང་ཡང་གཟུགས་ དེ་དག་ཟིལ་གྱིས་མནན་ཏེ་ཤེས། ཟིལ་གྱིས་མནན་ཏེ་མཐོང་ཞིང། དེ་ལྟར་འདུ་ཤེས་པ་འདི་ནི། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དྲུག་པའོ་།ནང་གཟུགས་མེད་པར་འདུ་ཤེས་ཤིང་ ཕྱི་རོལ་གྱི་གཟུགས་དམར་པོ། ཁ་དོག་དམར་པོ། དམར་པོར་སྣང་བ་མདོག་དམར་པོ་འདི་ལྟ་སྟེ། དཔེར་ན། མནྡུ་ཛི་བ་ཀའི་མེ་ཏོག་ལྟ་བུའམ། ཡུལ་ཝཱ་ར་ཎཱ་སིར་བྱས་པའི་གོས་ལྟར་ དམར་བ། ཁ་དོག་དམར་བ་དམར་བར་སྣང་བ། མདོག་དམར་བར་མཐོང་ཡང་གཟུགས་དེ་དག་ཟིལ་གྱིས་མནན་ཏེ་ཤེས། ཟིལ་གྱིས་མནན་ཏེ་མཐོང་ཞིང། དེ་ལྟར་འདུ་ཤེས་པ་ འདི་ནི། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བདུན་པའོ། །ནང་གཟུགས་མེད་པར་འདུ་ཤེས་ཤིང་ཕྱི་རོལ་གྱི་གཟུགས་དཀར་པོ། ཁ་དོག་དཀར་པོ་དཀར་པོར་སྣང་བ། མདོག་དཀར་ པོ་འདི་ལྟ་སྟེ། དཔེར་ན། སྐར་མ་པ་བ་སངས་ཀྱི་འོད་ལྟ་བུའམ་ཡུལ་ཝཱ་ར་ཎཱ་སིར་བྱས་པའི་གོས་ལྟར་དཀར་བ། ཁ་དོག་དཀར་བ་དཀར་བར་སྣང་བ། མདོག་དཀར་བར་མཐོང་ཡང་ [25A]༄༅། །གཟུགས་དེ་དག་ཟིལ་གྱིས་མནན་ཏེ་ཤེས། ཟིལ་གྱིས་མནན་ཏེ་མཐོང་ཞིང། དེ་ལྟར་འདུ་ཤེས་པ་འདི་ནི། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་པའོ། ། དེ་ལ་ཉོན་མོངས་པ་མེད་པ་གང་ཞེ་ན། བསམ་གཏན་ལ་གནས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་པར་སྤྱོད་པ། སེམས་ཅན་ཕ་རོལ་དང། གང་ཟག་ཕ་རོལ་ གྱི་ཉོན་མོངས་པ་མེ་སྐྱེ་བའི་མཐུ་ཡོད་པའི་ཏིང་ངེ་འཛིན་གང་གིས་འགྲུབ་པ་དེ་ནི། ཉོན་མོངས་པ་མེད་པ་ཞེས་བྱའོ། །སྨོན་ལམ་གྱི་ཤེས་པ་གང་ཞེ་ན། བསམ་གཏན་ལ་གནས་ཏེ་ འདི་ཤེས་པར་བྱའོ། །ཞེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དུས་གསུམ་གྱི་ཤེས་པའམ། ཤེས་པ་གང་དང་གང་འདོད་པར་གྱུར་པ་དེ་ལ་ཡིད་ཀྱིས་སྨོན་པ་བྱེད་དེ། དེ་ ཏིང་ངེ་འཛིན་དེ་ལས་ལངས་ནས་དེའི་སྨོན་ལམ་དེ་ཡོངས་སུ་གྲུབ་པར་གྱུར་ཅིང། ཤེས་བྱ་དེའང་ཤེས་པ་དེ་ནི། སྨོན་ལམ་གྱི་ཤེས་པ་ཞེས་བྱའོ། །དེ་ལ་མངོན་པར་ཤེས་པ་དྲུག་ གང་ཞེ་ན། རྫུ་འཕྲུལ་གྱི་མངོན་པར་ཤེས་པ་དང། ལྷའི་མིག་གི་མངོན་པར་ཤེས་པ་དང། ལྷའི་རྣ་བའི་མངོན་པར་ཤེས་པ་དང་ཕ་རོལ་གྱི་སེམས་ཤེས་པའི་མངོན་པར་ཤེས་ པ་དང། སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་དང་ཟག་པ་ཟད་པ་ཤེས་པའི་མངོན་པར་ཤེས་པ་སྟེ། དྲུག་པོ་དེ་དག་གོ་།དེ་ལ་ཡོངས་སུ་དག་པ་བཞི་གང་ཞེ་ན་ [25B] དམིགས་པ་ཡོངས་སུ་དག་པ་དང་སེམས་ཡོངས་སུ་དག་པ་དང། ཡེ་ཤེས་ཡོངས་སུ་དག་པ་སྟེ། བཞི་པོ་དེ་དག་གོ་དེ་ལ་དབང་བཅུ་གང་ཞེ་ན། ཚེ་ལ་དབང་ བ་དང། སེམས་ལ་དབང་བ་དང། ཡོ་བྱད་ལ་དབང་བ་དང། ལས་ལ་དབང་བ་དང། སྐྱེ་བ་ལ་དབང་བ་དང། མོས་པ་ལ་དབང་བ་དང་སྨོན་ལམ་ལ་དབང་བ་དང། རྫུ་འཕྲུལ་ལ་དབང་བ་ དང༑ ཡེ་ཤེས་ལ་དབང་བ་དང། ཆོས་ལ་དབང་བ་སྟེ། བཅུ་པོ་དེ་དག་གོ་རབ་འབྱོར། དེ་བཞིན་གཤེགས་པའི་སྟོབས་བཅུ་གང་ཞེ་ན་རབ་འབྱོར། འདི་ལ་དེ་བཞིན་གཤེགས་པའི་གནས་ ལའང་གནས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ་།གནས་མ་ཡིན་པ་ལའང་གནས་མ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །འདས་པ་དང། མ་འོངས་པ་དང། ད་ ལྟར་བྱུང་བའི་ལས་དང། ལས་ཡོངས་སུ་བླངས་པའི་རྣམ་པར་སྨིན་པ་གནས་ཀྱི་རྣམ་པ་དང། རྒྱུའི་རྣམ་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཁམས་སྣ་ཚོགས་ཅན་ དང། ཁམས་དུ་མ་ཅན་གྱི་འཇིག་རྟེན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །སེམས་ཅན་གཞན་དང། གང་ཟག་གཞན་གྱིས་མོས་པ་སྣ་ཚོགས་དང། མོས་པ་དུ་མ་ཡང་ དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །སེམས་ཅན་གཞན་དང་གང་ཟག་གཞན་གྱི་དབང་པོ་རབ་དང། ཐ་མ་ཤེས་པར་བྱ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། ། [26A]༄༅། །ཀུན་ཏུ་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །དབང་པོ་དང། སྟོབས་དང། བྱང་ཆུབ་ཀྱི་ཡན་ལག་དང། བསམ་གཏན་དང་ རྣམ་པར་ཐར་པ་དང། ཏིང་ངེ་འཛིན་དང། སྙོམས་པར་འཇུག་པ་དང། ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་རྣམ་པར་དགོད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ མཁྱེན་ཏོ། །རྣམ་པ་དུ་མར་སྔོན་གྱི་གནས་རྗེས་སུ་དགོངས་ཏེ། ཚེ་རབས་གཅིག་ཀྱང་རྗེས་སུ་དགོངས་པ་ནས་ཚེ་རབས་བརྒྱ་དང། ཚེ་རབས་སྟོང་དང། ཚེ་རབས་བརྒྱ་སྟོང་དང་ ཚེ་རབས་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་བར་དུའང་རྗེས་སུ་དགོངས་སོ། །བསྐལ་པ་གཅིག་ཀྱང་རྗེས་སུ་དགོངས་པ་ནས་བསྐལ་པ་བརྒྱའི་བར་དང། བསྐལ་པ་བརྒྱ་ཕྲག་ དུ་མ་དང། བསྐལ་པ་སྟོང་ཕྲག་དུ་མ་དང། བསྐལ་པ་བརྒྱ་སྟོང་ཕྲག་དུ་མ་དང། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མའི་བར་དག་ཀྱང་རྗེས་སུ་དགོངས་ཏེ། བདག་ནི་ འདི་ལྟ་བུ་ཞིག་ན་འདུག་འདུག་གོ་མིང་ནི། འདི་ཞེས་བྱ་བར་གྱུར་ཏོ། །རིགས་ནི། འདི་ཞེས་བྱ་བར་གྱུར་ཏོ། །རུས་ནི། འདི་ཞེས་བྱ་བར་གྱུར་ཏོ། །ཟས་ནི། འདི་ཟ་ཟའོ། །ཡུན་ ནི། འདི་སྲིད་ཅིག་ཏུ་གནས་གནས་སོ། །ཚེའི་མཐའ་ནི། འདི་ཙམ་ཞིག་ཏུ་གྱུར་ཏེ། བདག་དེ་ནས་ཤི་འཕོས་ནས་ཆེ་གེ་མོ་ཞིག་ཏུ་སྐྱེས་སོ་།ཞེས་བྱ་བ་ནས་དེ་ནས་ཤི་འཕོས་ནས་ཀྱང་ [26B] །ཞེས་བྱ་བའི་བར་དུ་རྣམ་པ་དང་བཅས། ས་མལ་དང་བཅས། གཏན་ཚིགས་དང་བཅས་པར་རྣམ་པ་དུ་མར་སྔོན་གྱི་གནས་རྗེས་སུ་དགོངས་སོ། །ལྷའི་མིག་རྣམ་པར་དག་ པ་མི་ལས་འདས་པས་སེམས་ཅན་འཆི་འཕོ་བ་དང། སྐྱེ་བ་དག་ཀྱང་གཟིགས་སོ། །ཁ་དོག་སྡུག་པ་དང། མི་སྡུག་པ་དང། བཟང་བ་དང་ངན་པ་དང། བདེ་འགྲོ་ན་འཁོད་པ་དང། ངན་ སོང་ན་འཁོད་པ་དང། ལས་ཇི་ལྟ་བ་བཞིན་དུ་ཉེ་བར་འདོང་བའི་སེམས་ཅན་རྣམས་རབ་ཏུ་མཁྱེན་ཏེ། སེམས་ཅན་འདི་དག་ནི། ལུས་ཀྱིས་ངན་དུ་སྤྱོད་པ་དང་ལྡན་པ། ངག་གིས་ངན་དུ་ སྤྱོད་པ་དང་ལྡན་པ། ཡིད་ཀྱིས་ངན་དུ་སྤྱོད་པ་དང་ལྡན་པ་འཕགས་པ་ལ་སྐུར་པ་འདེབས་པ། ལོག་པར་ལྟ་བ་དག་སྟེ། དེའི་རྒྱུ་དེའི་རྐྱེན་གྱིས་ལུས་ཞིག་ནས་ངན་སོང་ལོག་པར་ལྟུང་ བ་སེམས་ཅན་དམྱལ་བར་སྐྱེའོ། །སེམས་ཅན་འདི་དག་ནི། ལུས་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ། ངག་གིས་ལེགས་པར་སྤྱོད་པ་དང་ལྡན་པ། ཡིད་ཀྱིས་ལེགས་པར་སྤྱོད་པ་དང་ ལྡན་པ། འཕགས་པ་ལ་སྐུར་པ་མི་འདེབས་པ་ཡང་དག་པར་ལྟ་བ་དག་སྟེ། དེའི་རྒྱུ་དེའི་རྐྱེན་གྱིས་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷའི་ནང་དུ་སྐྱེའོ། །ཞེས་བྱ་བར་རབ་ཏུ་ མཁྱེན་ཏོ། །ཟག་པ་རྣམས་ཟད་པའི་ཕྱིར་སེམས་རྣམ་པར་གྲོལ་བ་དང། ཤེས་རབ་རྣམ་པར་གྲོལ་བ་དང། ཟག་པ་མེད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། བཅུ་པོ་དེ་ [27A]༄༅། །དག་ནི། དེ་བཞིན་གཤེགས་པའི་སྟོབས་སོ། །རབ་འབྱོར། དེ་བཞིན་གཤེགས་པའི་མི་འཇིགས་པ་བཞི་གང་ཞེ་ན། བདག་གིས་ཡང་དག་པར་རྫོགས་པར་ སངས་རྒྱས་སོ། །ཞེས་དམ་བཅས་ན། དེ་ལ་ཆོས་འདི་རྣམས་མངོན་པར་སངས་མ་རྒྱས་སོ། །ཞེས་བྱ་བར་བདག་ལ་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་ པའམ། སྐྱེ་དགུའི་ཚོགས་གཞན་སུའང་རུང་སྟེ། འཇིག་རྟེན་ན་ཆོས་དང་ལྡན་པར་རྒོལ་བར་འགྱུར་རོ། །ཞེས་བྱ་བའི་རྒྱུའང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། རྒྱུ་ཡང་དག་པར་རྗེས་ སུ་མ་མཐོང་བས། བདག་བདེ་བ་ཐོབ་པ་དང། བག་ཚ་བ་མེད་པ་ཐོབ་པ་དང། མི་འཇིགས་པ་ཐོབ་པར་རྣམ་པར་སྤྱོད་དེ། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའོ། །འཁོར་ གྱི་ནང་དུ་སེང་གེའི་སྒྲ་སྒྲོག་གོ་ཚངས་པའི་འཁོར་ལོ་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། གཞན་སུས་ཀྱང་རུང་སྟེ། ཆོས་དང་ ལྡན་པར་བསྐོར་བར་མི་ནུས་པ་བདག་གིས་རབ་ཏུ་བསྐོར་བར་བྱའོ་།བདག་ཟག་པ་ཟད་དོ། །ཞེས་དམ་བཅས་ན། དེ་ལ་ཟག་པ་འདི་རྣམས་ཡོངས་སུ་ཟད་པར་མ་གྱུར་ཏོ། །ཞེས་ བྱ་བར་བདག་ལ་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ་ཚངས་པའམ། སྐྱེ་རྒུའི་ཚོགས་གཞན་སུའང་རུང་སྟེ། འཇིག་རྟེན་ན་ཆོས་དང་ལྡན་པར་རྒོལ་བར་འགྱུར་ [27B] ༑ཞེས་བྱ་བའི་རྒྱུའང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་བས། དེ་ལ་བདག་བདེ་བ་ཐོབ་པ་དང། བག་ཚ་བ་མེད་པ་ཐོབ་པ་དང། མི་འཇིགས་པ་ཐོབ་ པ་རྣམས་པར་སྤྱོད་དེ། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའོ། །འཁོར་གྱི་ནང་དུ་སེང་གེའི་སྒྲ་བསྒྲག་གོ་ཚངས་པའི་འཁོར་ལོ་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ་ བདུད་དམ། ཚངས་པའམ། གཞན་སུས་ཀྱང་རུང་སྟེ། ཆོས་དང་ལྡན་པར་བསྐོར་བར་མི་ནུས་པ་བདག་གིས་རབ་ཏུ་བསྐོར་བར་བྱའོ། །གང་ཡང་བདག་གིས་བར་ཆད་ཀྱི་ཆོས་སུ་བསྟན་ པ་དེ་དག་ལ་བསྟེན་ན། བར་ཆད་ཀྱི་ཆོས་སུ་མི་འགྱུར་རོ། །ཞེས་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སྐྱེ་དགུའི་ཚོགས་གཞན་སུའང་རུང་སྟེ། འཇིག་རྟེན་ན་ ཆོས་དང་ལྡན་པར་རྒོལ་བར་འགྱུར་རོ། །ཞེས་བྱ་བའི་རྒྱུའང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་བས། དེ་ལ་བདག་བདེ་བ་ཐོབ་པ་དང། བག་ཚ་བ་ མེད་པ་ཐོབ་པ་དང། མི་འཇིགས་པ་ཐོབ་པར་རྣམ་པར་སྤྱོད་དེ། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའོ། །འཁོར་གྱི་ནང་དུ་སེང་གེའི་སྒྲ་སྒྲོག་གོ་ཚངས་པའི་འཁོར་ལོ་འཇིག་རྟེན་ ན་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ་གཞན་སུས་ཀྱང་རུང་སྟེ། ཆོས་དང་ལྡན་པར་བསྐོར་བར་མི་ནུས་པ་བདག་གིས་རབ་ཏུ་བསྐོར་བར་བྱའོ། །གང་ [28A]༄༅། །ཡང་བདག་གིས་ལམ་འཕགས་པའི་འབྱུང་བ་རྟོགས་པར་འགྱུར་བ་དེ་བྱེད་པའི་སྡུག་བསྔལ་ཡང་དག་པར་ཟད་པར་འགྱུར་བར་བསྟན་པ་དེ་དག་ལ་ནན་ཏན་ བྱས་ན། སྡུག་བསྔལ་ཡང་དག་པར་ཟད་པར་མི་འབྱུང་ངོ། །ཞེས་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ་སྐྱེད་གུའི་ཚོགས་གཞན་སུའང་རུང་སྟེ་ འཇིག་རྟེན་ན་ཆོས་དང་ལྡན་པར་རྒོལ་བར་འགྱུར་རོ། །ཞེས་བྱ་བའི་རྒྱུའང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་བས། དེ་ལ་བདག་བདེ་བ་ ཐོབ་པ་དང། བག་ཚ་བ་མེད་པ་ཐོབ་པ་དང། མི་འཇིགས་པ་ཐོབ་པར་རྣམ་པར་སྤྱོད་དེ། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའོ། །འཁོར་གྱི་ནང་དུ་སེང་གེའི་སྒྲ་བསྒྲག་གོ། །ཚངས་ པའི་འཁོར་ལོ་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ་བདུད་དམ། ཚངས་པའམ། གཞན་སུའང་རུང་སྟེ། ཆོས་དང་ལྡན་པར་བསྐོར་བར་མི་ནུས་པ་བདག་གིས་ རབ་ཏུ་བསྐོར་བར་བྱའོ། །ཞེས་བྱ་བ་སྟེ། བཞི་པོ་དེ་དག་ནི། མི་འཇིགས་པའོ། །དེ་བཞིན་གཤེགས་པའི་སོ་སོ་ཡང་དག་པར་རིག་པ་བཞི་གང་ཞེ་ན། འདི་ལྟ་སྟེ། དོན་སོ་སོ་ ཡང་དག་པར་རིག་པ་དང། ཆོས་སོ་སོ་ཡང་དག་པར་རིག་པ་དང་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང། སྤོབས་པ་སོ་སོ་ཡང་དག་པར་རིག་པ་སྟེ། དེ་དག་ཀྱང་ [28B] དོན་ལ་དམིགས་པ་དང། ཆོས་ལ་དམིགས་པ་དང་ངེས་པའི་ཚིག་ལ་དམིགས་པ་དང། སྤོབས་པ་ལ་དམིགས་པའོ། །རབ་འབྱོར། དེ་བཞིན་གཤེགས་པའི་བསྲུང་བ་མེད་པ་ གསུམ་གང་ཞེ་ན། དེ་བཞིན་གཤེགས་པ་ནི། སྐུའི་སྤྱོད་པ་ཡོངས་སུ་དག་པ་དང་ལྡན་པ་སྟེ། དེ་བཞིན་གཤེགས་པ་ལ་སྐུའི་སྤྱོད་པ་ཡོངས་སུ་མ་དག་པ་མི་མངའ་བས། ལ་ལས་ཤེས་སུ་ འོང། ཞེས་གང་ཡང་བཅབས་པར་དགོངས་པ་དེ་བཞིན་གཤེགས་པ་ལ་མི་མངའ་སྟེ། འདི་ནི། བསྲུང་བ་མེད་པ་དང་པོའོ། །དེ་བཞིན་གཤེགས་པ་ནི། གསུང་གི་སྤྱོད་པ་ཡོངས་སུ་ དག་པ་དང་ལྡན་པ་སྟེ། དེ་བཞིན་གཤེགས་པ་ལ་གསུང་གི་སྤྱོད་པ་ཡོངས་སུ་མ་དག་པ་མེ་མངའ་བས། ལ་ལས་ཤེས་སུ་འོང་ཞེས་གང་ཡང་བཅབས་པར་དགོངས་པ་དེ་བཞིན་གཤེགས་ པ་ལ་མི་མངའ་སྟེ། འདི་ནི། བསྲུང་བ་མེད་པ་གཉིས་པའོ། །དེ་བཞིན་གཤེགས་པ་ནི། ཐུགས་ཀྱི་སྤྱོད་པ་ཡོངས་སུ་དག་པ་དང་ལྡན་པ་སྟེ། དེ་བཞིན་གཤེགས་པ་ལ་ཐུགས་ཀྱི་སྤྱོད་ པ་ཡོངས་སུ་མ་དག་པ་མི་མངའ་བས། ལ་ལས་ཤེས་སུ་འོང་ཞེས་གང་ཡང་བཅབས་པར་དགོངས་པ་དེ་བཞིན་གཤེགས་པ་ལ་མི་མངའ་སྟེ། འདི་ནི། བསྲུང་བ་མེད་པ་གསུམ་པའོ། ། དེ་ལ་དེ་བཞིན་གཤེགས་པའི་དགོངས་པ་ཉེ་བར་གཞག་པ་གསུམ་གང་ཞེ་ན། དེ་བཞིན་གཤེགས་པ་ཆོས་སྟོན་པའི་ཚེ་ལ་ལ་རྣ་བ་བཏུད་དེ་རིམ་གྲོར་ཉན་ཅིང། བཀའ་མཉན་པའི་ [29A]༄༅། །སེམས་ཉེ་བར་གཞོག་པ་དང། ཆོས་དང་གཉེར་བའི་ཆོས་ལ་ནན་ཏན་དུ་བྱེད་ནའང་དེས་དེ་བཞིན་གཤེགས་པ་དགྱེས་པར་མི་འགྱུར་ཡིད་བདེ་བར་ མི་འགྱུར། ཐུགས་ཡེང་ཡེང་བོར་མི་འགྱུར་ཏེ། འདི་ནི། དགོངས་པ་ཉེ་བར་གཞག་པ་དང་པོའོ། །ལ་ལ་རྣ་བ་བཏུད་དེ་རིམ་གྲོར་ཉན་ཅིང་བཀའ་མཉན་པའི་སེམས་ཉེ་བར་གཞོག་ པ་མེད་པ་དང། ཆོས་དང་གཉེར་བའི་ཆོས་ལ་ནན་ཏན་དུ་མི་བྱེད་ནའང་དེས་དེ་བཞིན་གཤེགས་པའི་ཐུགས་ཁྲོ་བར་མི་འགྱུར། མི་བཟོད་པར་མི་འགྱུར། ཐུགས་མི་ཆེས་པར་ མི་འགྱུར་ཏེ། འདི་ནི། དགོངས་པ་ཉེ་བར་གཞག་པ་གཉིས་པའོ། །ལ་ལ་རྣ་བ་བཏུད་དེ་རིམ་གྲོར་ཉན་ཅིང་བཀའ་མཉན་པའི་སེམས་ཉ་བར་གཞོག་ལ། ཆོས་དང་གཉེར་བའི་ ཆོས་ལ་ནན་ཏན་དུ་བྱེད། ལ་ལ་རྣ་བ་བཏུད་དེ་རིམ་གྲོར་མི་ཉན་ཅིང། བཀའ་མཉན་པའི་སེམས་ཉེ་བར་གཞོག་པ་མེད་དེ། ཆོས་དང་གཉེར་བའི་ཆོས་ལ་ནན་ཏན་དུ་མི་བྱེད་ཀྱང་ དེས་དེ་བཞིན་གཤེགས་པ་དགྱེས་པའམ། ཐུགས་ཁྲོ་བ་གཉིས་སུ་མི་འགྱུར་ཏེ། ཐམས་ཅད་དུ་དགོངས་པ་དང་ལྡན་ཞིང་མཁྱེན་པར་བཏང་སྙོམས་སུ་རྣམ་པར་སྤྱོད་པ་འདི་ནི་ དགོངས་པ་ཉེ་བར་གཞག་པ་གསུམ་པའོ། །དེ་ལ་དེ་བཞིན་གཤེགས་པའི་ཉམས་པ་མེད་པའི་ཆོས་ཉིད་གང་ཞེ་ན། གང་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་དོན་ཡོད་ [29B]པ་ལ་དུས་ལས་མི་འདའ་བ་སྟེ། དེ་ནི། ཉམས་པ་མེད་པའི་ཆོས་ཉིད་ཅེས་བྱའོ། །དེ་ལ་དེ་བཞིན་གཤེགས་པའི་བག་ཆགས་ཀྱི་ སྒྲིབ་པ་རབ་ཏུ་སྤངས་པ་གང་ཞེ་ན། ཉན་ཐོས་དང། རང་སངས་རྒྱས་ཐམས་ཅད་ནི། ཉོན་མོངས་པ་སྤངས་ཀྱང་དེ་དག་ལ་ལུས་ཀྱི་འགྱུར་བ་ཡོད་ཀྱི། དེ་བཞིན་གཤེགས་པ་ལ་ནི། དེ་ལྟ་བུའང་ མི་མངའ་སྟེ། དེ་ནི། བག་ཆགས་ཀྱི་སྒྲིབ་པ་རབ་ཏུ་སྤངས་པ་ཞེས་བྱའོ། །དེ་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་གང་ཞེ་ན་དེ་བཞིན་གཤེགས་པ་ཐུགས་རྗེ་ཆེན་པོ་གང་དང་ལྡན་ པས་འཇིག་རྟེན་གྱི་བརྡ་ཉེ་བར་བཟུང་སྟེ། དགེ་བའི་རྩ་བ་གཟིགས་པའི་ཕྱིར་དུས་ཐམས་ཅད་དུ་འཇིག་རྟེན་ལ་ཉིན་ལན་གསུམ། མཚན་ལན་གསུམ་དུ་རྟོག་པ་མཛད་ཅེས་བྱ་སྟེ། དངོས་ སུ་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་རྗེ་ཆེན་པོ་སེམས་ཅན་མཐའ་ཡས་པ་ཡོངས་སུ་སྨིན་པར་བྱ་བ་གཟིགས་པ་རྟག་པར་འབྱུང་སྟེ། དེ་ནི། ཐུགས་རྗེ་ཆེན་པོ་ཞེས་ བྱའོ༑ ༑རབ་འབྱོར། དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་གང་ཞེ་ན། དེ་བཞིན་གཤེགས་པ་ལ་འཁྲུལ་པ་མི་མངའོ། །ཅ་ཅོ་མི་མངའོ། །དགོངས་པ་ ཉམས་པ་མི་མངའོ། །འདུ་ཤེས་སྣ་ཚོགས་མི་མངའོ། །ཐུགས་མཉམ་པར་མ་གཞག་པ་མི་མངའོ། །མ་བརྟགས་པའི་བཏང་སྙོམས་མི་མངའོ། །མོས་པ་ཡོངས་སུ་ཉམས་པ་མི་མངའོ། ། [30A]༄༅། །བརྩོན་འགྲུས་ཡོངས་སུ་ཉམས་པ་མི་མངའོ། །དགོངས་པ་ཡོངས་སུ་ཉམས་པ་མི་མངའོ། །ཏིང་ངེ་འཛིན་ཡོངས་སུ་ཉམས་པ་མི་མངའོ། །ཤེས་རབ་ཡོངས་སུ་ ཉམས་པ་མི་མངའོ། །རྣམ་པར་གྲོལ་བ་ཡོངས་སུ་ཉམས་པ་མི་མངའོ། །རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་ཡོངས་སུ་ཉམས་པ་མི་མངའོ། །སྐུའི་འཕྲིན་ལས་ཐམས་ཅད་ཡེ་ ཤེས་སྔོན་དུ་འགྲོ་བ་སྟེ། ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ། །གསུང་གི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་བ་སྟེ། ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ། །ཐུགས་ཀྱི་ཕྲིན་ལས་ཐམས་ ཅད་ཡེ་ཤེས་སྔོན་དུ་འགྲོ་བ་སྟེ། ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་།འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་གོ་།མ་འོངས་པའི་དུས་ལ་མ་ཆགས་མ་ ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་པའོ། །ད་ལྟར་བྱུང་བའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་སྟེ། དེ་དག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ རྣམས་སོ། །རབ་འབྱོར། དེ་བཞིན་གཤེགས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཞེ་ན། གང་ལ་དམིགས་པ་མེད་པ་དྲན་པས་དབང་སྒྱུར་བ། ཞི་བའི་རྣམ་པ་དང་ ལྡན་པའི་མཚན་ཉིད་མེད་པའི་མཚན་ཉིད་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །དེ་ལ་དེ་བཞིན་གཤེགས་པའི་མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་གང་ཞེ་ན་ [30B] ཞབས་ཤིན་ཏུ་གནས་པ་དང། ཕྱག་དང་ཞབས་དྲ་བར་འབྲེལ་བ་དང་ཕྱག་དང་ཞབས་གཞོན་ཞིང་འཇམ་པ་དང། བདུན་ཤིན་ ཏུ་མཐོ་བ་དང། སོར་མོ་རིང་བ་དང། རྟིང་པ་ཡངས་པ་དང། སྐུ་ཆེ་ཞིང་དྲ་རབ་དང། ཞབས་ལེགས་པར་མཐོ་བ་དང། ཡན་ལག་གི་སྡུ་གྱེན་དུ་འཁྱིལ་བ་དང། རི་དྭགས་ཨེ་ན་ཡའི་ བྱིན་པ་ལྟ་བུ་དང། ཕྱག་བྲལ་དྲང་པོར་སླེབས་པ་དང། གསང་བའི་གནས་སྦུབས་སུ་ནུབ་པ་དང། གསེར་གྱི་ཁ་དོག་དང། མདོག་ཤིན་ཏུ་འཇམ་པ་དང། སྤུ་རེ་རེ་ནས་གཡས་ཕྱོགས་སུ་ འཁྱིལ་བ་དང། ཞལ་མཛོད་སྤུས་བརྒྱན་པ་དང། སེངྒེའི་རོ་སྟོད་ལྟ་བུ་དང། ཕྲག་པའི་ལྷུན་མཛེས་པར་གྲུབ་པ་དང། ཕྲག་སོ་ཤིན་ཏུ་རྒྱས་པ་དང། རོ་བྲོ་བའི་མཆོག་དང། ཤིང་ནྱ་གྲོ་དྷ་ལྟར་ ཆུ་ཞེང་གབ་པ་དང། དབུ་སྤྱི་གཙུག་དང་ལྡན་པ་དང། ལྗགས་ཤིན་ཏུ་ཡངས་པ་དང། ཚངས་པའི་དབྱངས་དང། སེངྒེའི་འགྲམ་པ་ལྟ་བུ་དང། ཚེམས་ཤིན་ཏུ་དཀར་བ་དང། ཚེམས་མཉམ་ པ་དང། ཚེམས་ཐགས་བཟང་བ་དང། ཚེམས་མཉམ་ཞིང་བཞི་བཅུ་ཚང་བ་དང། སྤྱན་དཀར་ནག་འབྱེས་པ་དང། བའི་རྫི་མ་ལྟ་བུ་སྟེ། དེ་ལ་དེ་བཞིན་གཤེགས་པའི་ཕྱག་དང་ཞབས་ཀྱི་ མཐིལ་ལ་འཁོར་ལོ་རྩིབས་སྟོང་དང་ལྡན་པ། མུ་ཁྱུད་ཅན། ལྟེ་བ་དང་བཅས་པ། རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པ་འདི་ལྟ་སྟེ། རུས་པའམ། བ་སོ་ལ་གཟུགས་བརྐོས་པ་དང་འདྲ་ [31A]༄༅། །བ་མངའ་བས། ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པའོ། །ཞབས་ཀྱི་མཐིལ་གཉིས་མཉམ་པར་ས་ལ་འཇོག་ཅིང་ཞབས་ཞུམ་པ་མེད་པས། ཞབས་ ཤིན་ཏུ་གནས་པའོ། །ངང་པའི་རྒྱལ་པོ་ལྟར་ཕྱག་དང་ཞབས་ཀྱི་སོར་མོ་དྲ་བར་འབྲེལ་བས། ཕྱག་དང་ཞབས་དྲ་བར་འབྲེལ་བའོ་།ཤིང་བལ་གྱི་བེའུ་ལྟར་ཤིན་ཏུ་འཇམ་ཞིང་ གཞོན་པས། ཕྱག་དང་ཞབས་གཞོན་ཞིང་འཇམ་པའོ། །ཕྱག་དང་ཞབས་དང་མ་གུར་གྱི་ལྷུན་ཤིན་ཏུ་མཐོ་བས། བདུན་ཤིན་ཏུ་མཐོ་བའོ། །ཕྱག་དང་ཞབས་ཀྱི་སོར་མོ་རིང་བས་ སོར་མོ་རིང་བའོ། །རྟིང་པ་རིང་བས། རྟིང་པ་ཡངས་པའོ། །སྐུ་ལག་པ་མདུན་དུ་འཕགས་ལ་དྲང་བས། སྐུ་ཆེ་ཞིང་དྲང་བའོ་།པུས་མོའི་ལྷ་ང་དང། ལོང་བུ་མཛེས་པར་ནུབ་པས། ཞབས་ ལེགས་པར་མཐོ་བའོ། །སྦུ་གྱེན་དུ་གཡས་ཕྱོགས་སུ་འཁྱིལ་བས། ཡན་ལག་གི་སྤུ་གྱེན་དུ་འཁྱིལ་བའོ། །རི་དྭགས་ཨེ་ནེ་ཡའི་བྱིན་པ་དང། སྨྱིག་མ་དང། ལྡུམ་བུ་དར་བ་ལྟར་ དྲང་ཞིང་མ་ཉམས་ལ་རིམ་གྱིས་གཞལ་བར་གྲུབ་ཅིང། བྱིན་པ་ཟླུམ་པས་རི་དྭགས་ཨེ་ནེ་ཡའི་བྱིན་པ་ལྟ་བུའོ། །བརླ་དྲང་པོར་བཞག་སྟེ་མ་བཏུད་ཀྱང་ཕྱག་གི་མཐིལ་གཉིས་ཀྱིས་ པུས་མོའི་ལྷ་ང་ལ་རེག་པས། ཕྱག་བརླ་དྲང་པོར་སླེབས་པའོ་།གླང་པོ་དང་རྟ་ཅང་ཤེས་ལྟར་གསང་བའི་གནས་ཤིན་ཏུ་མཛེས་པར་སྦུབས་སུ་ནུབ་པས། གསང་བའི་གནས་སྦུབས་ [31B] །ཤིན་ཏུ་སྦྱངས་པའི་གསེར་གྱི་ཁ་དོག་ལྟ་བུ་དང་ལྡན་པས། གསེར་གྱི་ཁ་དོག་གོ་གསེར་དང་དངུལ་ཤིན་ཏུ་སྦྱངས་པ་ལྟར་འཇམ་ཞིང་སྙོམས་པའི་མདོག་ཏུ་འདུག་ལ་ སྐུ་ལ་རྡུལ་མི་འགོ་བས། མདོག་ཤིན་ཏུ་འཇམ་པའོ། །ཤིན་ཏུ་རྣམ་པར་ཕྱེ་བའི་སྤུ་རེ་རེར་སྐྱེས་ཤིང་གཉིས་སུ་མེད་པས། སྤུ་རེ་རེ་ནས་གཡས་ཕྱོགས་སུ་འཁྱིལ་བའོ། །མེ་ཏོག་ཀུནྡ་ དང། ཟླ་བ་དང། འོ་མ་དང། བ་མོའི་མདོག་ལྟར་འདུག་ལ། ཉི་མ་དང་ཟླ་བ་བརྒྱ་ལས་ཀྱང་འཕགས་པར་འོད་གསལ་བའི་མཛོད་སྤུས་སྨིན་མཚམས་ཤིན་ཏུ་བརྒྱན་པས། ཞལ་ མཛོད་སྤུས་བརྒྱན་པའོ། །རོ་སྟོད་ཆེ་བས། སེང་གེའི་རོ་སྟོད་དོ་།མགུར་དང་རྒྱུད་ལེགས་པར་འབྲེལ་ཅིང་ལྷུན་ཟླུམ་པས། ཕྲག་པའི་ལྷུན་མཛེས་པར་གྲུབ་པའོ། །གསེར་གྱི་གཏན་པ་ ཤིན་ཏུ་ཕྱིས་པ་ལྟར་ཕྲག་སོ་ལེགས་པར་གྲུབ་པས། ཕྲག་སོ་ཤིན་ཏུ་རྒྱས་པའོ། །རླུང་དང། མཁྲིས་པ་དང། བད་ཀན་གྱིས་མ་ཉམས་ཤིང་རྣམ་པར་ཤེས་པ་འང་བ་མེད་པས། རོ་བྲོ་ བའི་མཆོག་གོ་སྐུ་ཆུ་ཞེང་འདོམ་གང་དུ་མཉམ་པས་ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞིང་གབ་པའོ། །སྤྱི་གཙུག་ཟླུམ་ཞིང་ལེགས་ལ་གཡས་ཕྱོགས་སུ་འཁྱིལ་བ་དང་ལྡན་པའི་དབུ་མཉམ་ཞིང་ ལེགས་པར་གྲུབ་ལ་མཛེས་པ་མངའ་བས། དབུ་སྤྱི་གཙུག་དང་ལྡན་པའོ། །མེ་ཏོག་ཨུཏྤ་ལ་དམར་པོའི་འདབ་མའི་ཁ་དོག་ལྟར་འདུག་ཅིང་ཤིན་ཏུ་ཡངས་པས། ལྗགས་ཤིན་ཏུ་ཡངས་ [32A]༄༅། །ཤིང་སྲབ་པའོ། །ཚངས་པ་དང་བྱ་ཀ་ལ་པིངྐ་ལྟ་བུའི་གསུང་མངའ་བས། ཚངས་པའི་དབྱངས་སོ། །འགྲམ་པ་མེ་ལོང་གི་དཀྱིལ་འཁོར་ལྟར་ལེགས་པར་ གྲུབ་ཅིང་མཛེས་པར་སྐྱེས་ཏེ་ཡིད་དུ་འོང་བས། སེངྒེའི་འགྲམ་པ་ལྟ་བུའོ། །མེ་ཏོག་ཀུནྡ་དང་དུང་གི་བཅག་འཕྲོ་ལྟར་ཤིན་ཏུ་དཀར་བའི་ཚེམས་མངའ་བས། ཚེམས་ཤིན་ཏུ་དཀར་བའོ། ། ཚེམས་ལ་མཐོ་དམན་མེད་པས། ཚེམས་མཉམ་པའོ། །ཚེམས་ལ་མཚམས་མ་དོད་པས། ཚེམས་ཐགས་བཟང་བའོ། །བླ་འོག་དགྱེ་དགུ་མེད་པས་ཚེམས་མཉམ་ཞིང་བཞི་བཅུ་ཚང་ བའོ། །དཀར་ནག་གི་ཆ་མ་འདྲེས་ལ་ཤིན་ཏུ་རྣམ་པར་དག་ཅིང་མདོག་དམར་པོས་མ་ཡོག་པས། སྤྱན་དཀར་ནག་འབྱེས་པའོ། །རྫི་མ་བླ་འོག་ཤིན་ཏུ་ལེགས་པར་གནས་ལ་མ་ འཛིངས་པས། པའི་རྫི་མ་ལྟ་བུའོ། །དེ་ལ་བླ་མའི་བསུ་བསྐྱལ་དང། ཆོས་མཉན་པ་ལ་སྡོད་པ་དང། གཙུག་ལག་ཁང་དང་མཆོད་རྟེན་རྗེས་སུ་བསྒྲུབ་པ་ལ་སོགས་པ་ལ་ཕུ་དུད་དུ་བྱས་པས་ ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པ་སྟེ། དེ་ནི་འཁོར་ཤིན་ཏུ་མང་བའི་སྔ་ལྟས་སོ། །ཡི་དམ་ལ་བརྟན་པས། ཞབས་ཤིན་ཏུ་གནས་པ་སྟེ། དེ་ནི་མི་གཡོ་ཞིང་ཤིན་ཏུ་ བརྟན་པའི་སྔ་ལྟས་སོ། །སྦྱིན་པ་དང། ངག་སྙན་པ་དང། དོན་སྤྱད་པ་དང། དོན་མཐུན་པའི་བསྡུ་བ་རྣམ་བཞི་གོམས་པར་བྱས་པས། ཕྱག་དང་ཞབས་དྲ་བར་འབྲེལ་བ་སྟེ་ [32B] །བཟའ་བ་དང། བཅའ་བ་དང། བཏུང་བ་ཞིམ་ཞིང་ཉམས་སུ་བདེ་བ་ཕྱིན་པས། ཕྱག་དང་ཞབས་གཞོན་ཞིང་འཇམ་པ་དང། བདུན་ཤིན་ཏུ་མཐོ་བ་ སྟེ༑ དེ་གཉིས་ནི་བཟའ་བ་དང། བཅའ་བ་དང། བཏུང་བ་ཞིམ་ཞིང་ཉམས་སུ་བདེ་བ་ཐོབ་པའི་སྔ་ལྟས་སོ། །བཅིངས་པ་བཀྲོལ་བ་དང་སྲོག་གི་རིམ་གྲོ་བྱས་པ་དང། སྲོག་གཅོད་པ་སྤངས་ པས་སོར་མོ་རིང་བ་དང། རྟིང་པ་ཡངས་པ་དང། སྐུ་ཆེ་ཞིང་དྲང་བ་སྟེ། དེ་ནི་སྐུ་ཚེ་རིང་བའི་སྔ་ལྟས་སོ། །དགེ་བའི་ཆོས་ཡང་དག་པར་བླངས་པ་དང། བཟུང་བ་མངོན་པར་སྤེལ་ཞིང་འགྲིབ་པར་ མ་བྱས་པས། ཞབས་ཀྱི་གོང་མཐོ་བ་དང། ཡན་ལག་གི་སྤུ་གྱེན་དུ་འཁྱིལ་བ་སྟེ། དེ་ནི་མི་ཉམ་པའི་ཆོས་དང་ལྡན་པའི་སྔ་ལྟས་སོ། །རིག་པ་དང་བཟོའི་ལས་རིམ་གྲོར་བྱས་ཤིང་གཞན་བྱིན་པ་ དང༑ བདག་གིས་བླངས་པས་རི་དྭགས་ཨེ་ནེ་ཡའི་བྱིན་པ་ལྟ་བུ་སྟེ་དེ་ནི་མྱུར་དུ་འཛིན་པའི་སྔ་ལྟས་སོ། །བདོག་ཅིང་ཡོད་པའི་ནོར་ལ་བསླངས་ན་མི་འགོང་བར་གཏོང་ཞིང། མེད་ཅེས་མ་ བྱས་པས། ཕྱག་བརླ་དྲང་པོར་སླེབས་པ་སྟེ། དེ་ནི་ཡོ་བྱད་ལ་མངའ་བ་དང་དུལ་བའི་སྔ་ལྟས་སོ། །གྲོགས་པོ་དང། མཛའ་བཤེས་དང། གཉེན་མ་སྐྱེ་བ་དང། བྱེ་བར་གྱུར་པའི་སེམས་ཅན་ རྣམས་བསྡུམས་པ་དང། ཚངས་པའི་སྤྱོད་པ་ལ་ཡང་དག་པར་བསྐུལ་བ་དང། གསང་བའི་ཚིག་ཡོངས་སུ་བསྲུངས་པས། གསང་བའི་གནས་སྦུབས་སུ་ནུབ་པ་སྟེ། དེ་ནི་བུ་མང་བའི་ [33A]༄༅། །སྔ་ལྟས་སོ། །སྟན་དང། གོས་དང། ཁང་པ་དང། གཞལ་མེད་ཁང་དང། གནས་བཟང་པོ་བྱིན་པས། གསེར་གྱི་ཁ་དོག་དང་མདོག་ཤིན་ཏུ་འཇམ་པ་སྟེ་ དེ་གཉིས་ནི། གདན་དང། ན་བཟའ་དང། ཁང་པ་དང། གཞལ་མེད་ཁང་དང། གནས་བཟང་པོ་ཐོབ་པའི་སྔ་ལྟས་སོ། །འདུ་འཛི་སྤངས་པ་དང། མཁན་པོ་དང། སློབ་དཔོན་དང་ ཕ་མ་དང། ཕུ་ནུ་ལ་སོགས་པ་བླ་མ་རྣམས་ལ་ཚུལ་དང་འདྲ་བར་རིམ་གྲོར་བྱས་པ་དང། བཙུན་པར་བྱས་པ་དང། བཅོལ་བ་རྣ་ལ་མ་གཟང་པས། སྤུ་རེ་རེ་ནས་གཡས་ཕྱོགས་སུ་ འཁྱིལ་བ་དང། ཞལ་མཛོད་སྤུས་བརྒྱན་པ་སྟེ། དེ་ནི། མཉམ་པ་མེད་པའི་སྔ་ལྟས་སོ། །མི་སྙན་པར་མི་ཟེར་ཞིང་མི་སྨོད་ལ་སྙན་པར་སྨྲ་ཞིང་ལེགས་པར་བཤད་པ་མཐུན་ པར་འཛིན་པས་སེངྒེའི་རོ་སྟོད་ལྟ་བུ་དང། ཕྲག་པའི་ལྷུན་མཛེས་པར་གྲུབ་པ་སྟེ། དེ་ནི། ཐུབ་པ་མེད་པའི་སྔ་ལྟས་སོ། །ན་བ་རྣམས་ལ་རྩི་དང། རིམ་གྲོ་དང། སྨན་དང། ཉམས་ སུ་ཕན་པའི་ཟས་བྱིན་པ་དང། རིམ་གྲོ་བྱས་པས་ཕྲག་སོ་ཤིན་ཏུ་རྒྱས་པ་དང། རོ་བྲོ་བའི་མཆོག་སྟེ། དེ་ནི། ནད་ཉུང་བའི་སྔ་ལྟས་སོ། །སྐྱེད་མོས་ཚལ་དང། འཁོར་དང། བཏུང་ བ་དང། རྫིང་བུ་དང། རྒལ་དཀའ་བའི་ཟམ་པ་དང། ཁ་ཟས་དང། འཕྲེང་བའི་གནས་དང། སྟེགས་དང། གཙུག་ལག་ཁང་བྱ་བ་ལ་སོགས་པ་ལ་གཞན་མོས་པར་བྱ་བ་སྔོན་དུ་གཏོང་ [33B] བདག་གིས་གཞན་བྱིན་པས་ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་དང། དབུ་སྤྱི་གཙུག་དང་ལྡན་པ་སྟེ། དེ་ནི། མངའ་བ་ཆེན་པོ་མངའ་བའི་སྔ་ལྟས་སོ། །ཡུན་རིང་པོར་ཚིག་སྙན་ཅིང་ འཇམ་པ་དང། ཉམས་སུ་བདེ་བར་སྨྲས་པས། ལྗགས་ཤིན་ཏུ་ཡངས་ཤིང་སྲབ་པ་དང། ཚངས་པའི་དབྱངས་ཏེ། དེ་གཉིས་ནི། ཡན་ལག་ལྔ་དང་ལྡན་པའི་གསུང་མངའ་བའི་སྔ་ལྟས་སོ། ། གསུང་ཡན་ལག་ལྔ་དང་ལྡན་པ་ཞེས་བྱ་བ་ནི། ཡོངས་སུ་ཤེས་ཤིང་རྣམ་པར་ཤེས་པར་འགྱུར་བ་དང། མཉན་ན་དགའ་ཞིང་མི་མཐུན་པ་མེད་པ་དང། ཟབ་ཅིང་དབྱངས་རྗེས་སུ་འབྱུང་བ་ དང། བཏང་མི་བྲ་ཞིང་རྣར་སྙན་པ་དང། མ་འཁྲུགས་ཤིང་གསལ་བའོ། །ཡུན་རིང་པོ་ནས་ཆིག་བཀྱལ་བ་སྤངས་ཤིང་དུས་སུ་སྨྲ་སྨྲ་བས། སེངྒེའི་འགྲམ་པ་ལྟ་བུ་སྟེ། དེ་ནི། ཚིག་ཀུན་ གྱིས་མཉན་པའི་སྔ་ལྟས་སོ། །རིམ་གྲོར་བྱ་བ་དང་བརྙས་པ་མེད་པ་གཉིས་ཀྱིས་འཚོ་བ་ཡོངས་སུ་དག་པས། ཚེམས་ཤིན་ཏུ་དཀར་བ་དང་མཉམ་པ་སྟེ། དེ་ནི། འཁོར་སྔ་ནས་བསགས་ པའི་སྔ་ལྟས་སོ། །ཡུན་རིང་པོ་ནས་བདེན་ཞིང་ཕྲ་མ་མེད་པའི་ཚེམས་སྨྲ་སྨྲ་བས། ཚེམས་ཐགས་བཟང་བ་དང། ཚེམས་མཉམ་ཞིང་བཞི་བཅུ་ཚང་བ་སྟེ། དེ་ནི། འཁོར་དབྱེར་མི་ཕྱེད་པའི་སྔ་ ལྟས་སོ། །པང་གིས་འཁྱུད་པ་བཞིན་དུ་ཉེས་པར་བསམ་པ་མེད་ལ། མ་ཆགས་མི་སྡང་བ་དང། རྨོངས་པ་མེད་པའི་མིག་གིས་ལྟ་ལྟ་བས་སྤྱན་དཀར་ནག་འབྱེས་པ་དང། བའི་རྫི་མ་ [34A]༄༅། །ལྟ་བུ་སྟེ། དེ་ནི། ཀུན་ནས་མཛེས་པའི་སྔ་ལྟས་སོ། །རབ་འབྱོར། དེ་དག་ནི། དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་སོ། །དེ་ལ་ དེ་བཞིན་གཤེགས་པའི་དཔེ་བྱད་བཟང་པོ་བརྒྱད་ཅུ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། མངོན་པར་འདུ་བྱ་བ་ཐམས་ཅད་ལས་དབེན་པ་སྟེ། སེན་མོ་ཟངས་ ཀྱི་མདོག་ལྟར་འདུག་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གཉེན་བཤེས་བྱམས་པ་དང་འདྲ་བར་སེམས་ཅན་ལ་ཕན་པ་དང་བདེ་བའི་ཐུགས་མངའ་བ་སྟེ། སེན་མོའི་ མདོག་སྣུམ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། རིགས་དང་རྒྱུད་མཐོན་པོར་བྱུང་བ་སྟེ། སེན་མོ་མཐོ་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ཚུལ་ལ་ཁ་ ན་མ་ཐོ་བ་མི་མངའ་བ་སྟེ། སོར་མོ་ཟླུམ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། དགེ་བའི་རྩ་བ་ཤིན་ཏུ་ཚོགས་པ་སྟེ་སོར་མོ་རྒྱས་པ་ཡིན། སངས་རྒྱས་བཅོམ་ལྡན་ འདས་རྣམས་ནི། དགེ་བའི་རྩ་བ་རིམ་གྱིས་གྲུབ་པ་སྟེ། སོར་མོ་རིམ་གྱིས་གཞལ་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ཐུགས་དང། གསུང་དང། སྐུའི་འཕྲིན་ལས་དང་ འཚོ་བ་ཤིན་ཏུ་དབེན་པ་སྟེ། རྩ་མི་མངོན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ཉོན་མོངས་པའི་མདུད་པ་འགྲེལ་པ་སྟེ་རྩ་ལ་མདུད་པ་མེད་པ་ཡིན། སངས་རྒྱས་བཅོམ་ [34B] ཤིན་ཏུ་དབེན་པའི་ཆོས་མངའ་བ་སྟེ་ལོང་བུ་མི་མངོན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། མི་མཉམ་པ་ཐམས་ཅད་ལས་སྒྲོལ་བ་སྟེ། ཞབས་མི་མཉམ་ པ་མེད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། མིའི་སེང་གེ་སྟེ། སེངྒེའི་འགྲོས་སུ་བཞུད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། མིའི་གླང་པོ་སྟེ། གླང་པོའི་འགྲོས་སུ་བཞུད་ པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ངང་པའི་རྒྱལ་པོ་ལྟར་ནམ་མཁའ་ལ་བཞུད་པ་སྟེ། ངང་པའི་སྟབས་སུ་བཞུད་པ་ཡིན་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། མའི་ཁྱུ་ མཆོག་སྟེ། ཁྱུ་མཆོག་གི་སྟབས་སུ་བཞུད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། མཐུན་པའི་ལམ་མངའ་བ་སྟེ། གཡས་ཕྱོགས་སུ་བཞུད་པ་ཡིན། སངས་རྒྱས་བཅོམ་ལྡན་ འདས་རྣམས་ནི། བལྟ་ན་མཛེས་པ་སྟེ། མཛེས་པར་བཞུད་པ་ཡིན་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། རྟག་ཏུ་ཐུགས་ཡོན་པོ་མི་མངའ་བ་སྟེ། མ་ཡོ་བར་བཞུད་པ་ཡིན། སངས་རྒྱས་ བཅོམ་ལྡན་འདས་རྣམས་ནི། ཚུལ་རྣམ་པར་དག་པའི་ཡོན་ཏན་སྟོན་པ་སྟེ། སྐུ་ཤིན་ཏུ་ལེགས་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། སྡིག་པའི་ཆོས་རྣམས་ཤིན་ཏུ་སྦྱངས་ པ་སྟེ། སྐུ་ཤིན་ཏུ་སྦྱངས་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ཆོས་རིམ་གྱིས་སྟོན་པ་སྟེ། སྐུ་རིམ་གྱིས་གཞོལ་བ་ཡིན་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། སྐུ་ [35A]༄༅། །དང། གསུང་དང། ཐུགས་གཙང་མ་དང་ལྡན་པ་སྟེ། སྐུ་ཤིན་ཏུ་གཙང་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། རང་བཞིན་གྱིས་ཐུགས་འཇམ་པ་དང་ལྡན་ པ་སྟེ། སྐུ་ཤིན་ཏུ་འཇམ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། རང་བཞིན་གྱིས་རྣམ་པར་དག་པའི་ཐུགས་མངའ་བ་སྟེ། སྐུ་ཤིན་ཏུ་རྣམ་པར་དག་པ་ཡིན། སངས་རྒྱས་ བཅོམ་ལྡན་འདས་རྣམས་ནི། ཆོས་དང་འདུལ་བ་ཤིན་ཏུ་རྫོགས་པ་སྟེ་དཔེ་བྱད་ཤིན་ཏུ་རྫོགས་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ཡོན་ཏན་ཡངས་ཤིང་བཟང་བ་སྟོན་ པ་སྟེ། སྐུ་ཆེ་ཞིང་མཛེས་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། སེམས་ཅན་ཐམས་ཅད་ལ་མཉམ་པའི་ཐུགས་མངའ་བ་སྟེ་སྐུ་ལེགས་པར་མཉམ་པ་ཡིན། སངས་རྒྱས་ བཅོམ་ལྡན་འདས་རྣམས་ནི། མཆོག་ཏུ་འཇམ་པའི་ཆོས་སྟོན་པ་སྟེ། སྐུ་ཤིན་ཏུ་གཞོན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། རྟག་ཏུ་ཞུམ་པ་མེད་པའི་ཐུགས་མངའ་ བ་སྟེ། སྐུ་ཞུམ་པ་མེད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། མི་དགེ་བའི་རྩ་བ་ཐམས་ཅད་བྱད་བ་སྟེ། སྐུ་ཤིན་ཏུ་རྒྱས་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ ནི༑ ཡང་འབྱུང་བ་ཤིན་ཏུ་བཅོམ་ཞིང་ཟད་པ་སྟེ། སྐུ་ཤིན་ཏུ་མཁྲེགས་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་དང། ཉིད་ [35B] ཡན་ལག་དང་ཉིད་ལགས་པ་བར་མཛེས་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། གཟིགས་པ་ཤིན་ཏུ་རྣམ་པར་དག་པ་སྟེ། སྣང་བ་རབ་རིབ་མེད་ ཅིང་རྣམ་པར་དག་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཚུལ་དང་ལྡན་པའི་སློབ་མ་མངའ་བ་སྟེ། ཕྱལ་ཟླུམ་པ་ཡིན་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། འཁོར་བའི་ཉེས་ པ་ཐམས་ཅད་ཤིན་ཏུ་སྦྱངས་པ་སྟེ། ཕྱལ་ཤིན་ཏུ་བྱང་བ་དང་ལྡན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ང་རྒྱལ་གྱི་དེའུ་བཅོམ་པ་སྟེ། ཕྱལ་མ་ཞོམ་པ་ཡིན། སངས་རྒྱས་ བཅོམ་ལྡན་འདས་རྣམས་ནི། ཆོས་ཟད་པ་རྣམ་པར་བཟློག་པ་སྟེ། ཕྱལ་ཕྱམ་མེར་འདུག་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ཆོས་ཟབ་མོ་ཤིན་ཏུ་ཐུགས་སུ་ཆུད་པ་སྟེ། ལྟེ་བ་ ཟབ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། མཐུན་པར་འཛིན་པའི་སློབ་མ་མངའ་བ་སྟེ། ལྟེ་བ་གཡས་ཕྱོགས་སུ་འཁྱིལ་བ་ཡིན་སངས་རྒྱས་བཅོམ་ལྡན་འདས་རྣམས་ ནི༑ སློབ་མ་ཀུན་ནས་མཛེས་པའི་དགེ་འདུན་མངའ་བ་སྟེ། ཀུན་ནས་མཛེས་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ཐུགས་ཤིན་ཏུ་གཙང་བ་དང་ལྡན་པ་སྟེ། ཀུན་སྤྱོད་ པ་ཤིན་ཏུ་གཙང་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ནག་པོ་བསྟན་པ་དང་བྲལ་བའི་ཆོས་དང་འདུལ་བ་མངལ་བ་སྟེ། སྐུ་ལ་སྨེ་བ་དང་གནག་བག་མེད་པ་ཡིན་ [36A]༄༅། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ཤིང་བལ་ལྟར་ཡང་བ་རབ་ཏུ་ཐོབ་པའི་ཆོས་སྟོན་པ་སྟེ། ཕྱག་ཤིང་བལ་ལྟར་ཤིན་ཏུ་འཇམ་པ་ཡིན། སངས་རྒྱས་ བཅོམ་ལྡན་འདས་རྣམས་ནི། རང་གི་སྐྱེ་བོ་དང། སྐྱེ་བོ་ཕལ་ལ་བྱམས་པས་དགེ་སྦྱོར་ཆེན་པོ་བརྙེས་པ་སྟེ། ཕྱག་གི་རི་མོ་སྣམ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ ཤིན་ཏུ་ཟབ་ཅིང་བརྟན་པར་བཞུགས་པ་སྟེ། ཕྱག་གི་རི་མོ་ཟབ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། བཟོད་པའི་ཆོས་ཡངས་པ་སྟོན་པ་སྟེ། ཕྱག་གི་རི་མོ་རིང་བ་ ཡིན༑ སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། བསླབ་པའི་གནས་ཧ་ཅང་ཡང་མི་རིང་བར་འཆའ་བ་སྟེ། ཞལ་ཧ་ཅང་མི་རིང་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ གཟུགས་བརྙན་འཇིག་རྟེན་ཐམས་ཅད་དུ་བཀྱེ་བ་སྟེ། ཞལ་གཟུགས་ཀྱི་གཟུགས་བརྙན་སྣང་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འཇམ་པ་སྔོན་དུ་བཏང་ཞིང་འདུལ་ བ་སྟེ། ལྗགས་ཤིན་ཏུ་འཇམ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ཡོན་ཏན་ཕྲ་བའི་ཚོགས་དང་ལྡན་པ་སྟེ། ལྗགས་ཤིན་ཏུ་སྲབ་པ་ཡིན། སངས་རྒྱས་བཅོམ་ལྡན་ འདས་རྣམས་ནི། བྱིས་བ་སོ་སོའི་སྐྱེ་བོ་འདོད་ཆགས་པ་རྣམས་ཀྱི་ཆོས་དང་འདུལ་བ་གཏིང་དཔག་དཀའ་བ་སྟེ། ལྗགས་ཤིན་ཏུ་དམར་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་ [36B] གླང་པོའི་སྒྲ་དང། འབྲུག་གི་སྒྲ་ལྟ་བུས་བསྙེངས་པ་མི་མངའ་བ་སྟེ། གླང་པོའི་ང་རོ་དང་འབྲུག་གི་དབྱངས་དང་ལྡན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྙན་ ཅིང་འཇམ་པ་དང། ཉམས་སུ་བདེ་བར་སྨྲ་བའི་སློབ་མ་མངའ་བ་སྟེ། སྙན་ཅིང་འཇམ་པ་དང། ཉམས་སུ་བདེ་བའི་གསུང་དང་ལྡན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ སྲིད་པ་ཀུན་ཏུ་སྦྱོར་བ་ལས་འདས་པ་སྟེ། ཚེམས་མཆེ་བ་ཤིན་ཏུ་ཟླུམ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། སྐྱེ་བོ་རྣོ་བ་རྣམས་འདུལ་བ་སྟེ། ཚེམས་མཆེ་བ་རྣོ་བ་དང་ ལྡན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ཆོས་དང་འདུལ་བ་ཤིན་ཏུ་དཀར་བ་སྟེ། ཚེམས་མཆེ་བ་ཤིན་ཏུ་དཀར་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། སའི་ ཕྱོགས་མཉམ་པ་ལ་བཞུགས་པ་སྟེ། ཚེམས་མཆེ་བ་མཉམ་པ་དང་ལྡན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། རིམ་གྱིས་མངོན་པར་རྟོགས་པའི་ཆོས་སྟོན་པ་སྟེ། ཚེམས་ མཆེ་བ་རིམ་གྱིས་གཞོལ་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ཤེས་རབ་ཀྱི་རི་བོ་མཐོན་པོ་ལ་བཞུགས་པ་སྟེ། ཤངས་ལེགས་པར་མཐོ་བ་དང་ལྡན་པ་ཡིན། སངས་རྒྱས་ བཅོམ་ལྡན་འདས་རྣམས་ནི། འདུལ་བའི་སྐྱེ་བོ་གཙང་མ་མངའ་བ་སྟེ། ཤངས་ཤིན་ཏུ་གཙང་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། སངས་རྒྱས་ཀྱི་ཆོས་ཕུལ་དུ་ཡངས་ [37A]༄༅། །པ་མངའ་བ་སྟེ། སྤྱན་རིང་བ་དང་ལྡན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། གཟིགས་པ་ཤིན་ཏུ་རྣམ་པར་དག་པ་སྟེ། སྤྱན་རྣམ་པར་དག་པ་ ཡིན༑ སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། སེམས་ཅན་གྱི་ཚོགས་ཤིན་ཏུ་བསགས་པ་སྟེ། རྫི་མ་སྟུག་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ལྷ་དང། ལྷ་མ་ཡིན་དང་ སྐྱེས་བུ་དང། ན་ཆུང་མཆོག་མིག་དཀར་ནག་འབྱེས་ཤིང་པདྨོའི་འདབ་མ་ལྟར་འདུག་པ་རྣམས་ཀྱིས་མངོན་པར་དགའ་བར་བྱ་བ་སྟེ་སྤྱན་དཀར་ནག་འབྱེས་ཤིང་པདྨོའི་འདབ་མ་ལྟར་ འདུག་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། རྟག་ཏུ་ཡངས་པ་གཟིགས་པ་སྟེ། སྨིན་མ་རིང་བ་དང་ལྡན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། འཇམ་པར་ འདུལ་བ་ལ་མཁས་པ་སྟེ། སྨིན་མ་འཇམ་པ་དང་ལྡན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། སྐྱོན་ཐམས་ཅད་མཁྱེན་པ་སྟེ་སྨིན་མའི་སྤུ་མཉམ་པ་དང་ལྡན་པ་ཡིན་ སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། དགེ་བའི་རྩ་བའི་སྣུམ་གྱིས་སེམས་སྣུམ་པར་གྱུར་པའི་སྐྱེ་བོ་འདུལ་བ་སྟེ། སྨིན་མ་སྣུམ་པ་དང་ལྡན་པ་ཡིན། སངས་རྒྱས་བཅོམ་ལྡན་ འདས་རྣམས་ནི། ཆོས་མཆོག་ཏུ་ཡངས་ཤིང་དོན་དང་ལྡན་པ་མངའ་བ་སྟེ། སྙན་ལེགས་ཤིང་སྙན་ཤལ་རིང་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ཉོན་མོངས་པའི་ [37B] སྙན་མཉམ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། སེམས་ཅན་བསམ་པ་མ་ཉམས་པ་འདུལ་བ་སྟེ། སྙན་གྱི་དབང་པོ་མ་ཉམས་པ་དང་ལྡན་པ་ ཡིན༑ སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ལྟ་བའི་རྣམ་པ་ཐམས་ཅད་ཡོངས་སུ་བྱང་བ་སྟེ། ཞལ་འཕྲལ་བ་ལེགས་པར་གྲུབ་པ་དང་ལྡན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་ རྣམས་ནི། ཕས་ཀྱི་རྒོལ་བ་ཤིན་ཏུ་འདུལ་བ་སྟེ། ཞལ་འཕྲལ་བ་ཡངས་པ་དང་ལྡན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྨོན་ལམ་དམ་པ་ཤིན་ཏུ་རྫོགས་པ་སྟེ། དབུ་ཤིན་ ཏུ་རྒྱས་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ཡུལ་གྱི་བུད་པ་རྣམ་པར་བཟློག་པ་སྟེ། དབུ་བུང་བ་ལྟར་གནག་པ་དང་ལྡན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ མཐོང་བ་དང་བསྒོམ་པས་སྤང་བའི་བག་ལ་ཉལ་བ་ཟད་པར་བྱས་པ་སྟེ། དབུ་སྟུག་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཐུགས་འཇམ་པས་བསྟན་པའི་སྙིང་པོ་ཐུགས་སུ་ཆུད་ པ་སྟེ། དབུ་འཇམ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྟག་ཏུ་མ་འཁྲུགས་པའི་ཐུགས་དང་ལྡན་པ་སྟེ། དབུ་མི་འཛིང་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ བརླང་བའི་གསུང་དང་ཡོངས་སུ་བྲལ་བ་སྟེ། དབུ་མི་རྩུབ་པ་ཡིན་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། བྱང་ཆུབ་ཀྱི་ཡན་ལག་སྤོས་ཀྱི་མེ་ཏོག་གིས་སྐྱེ་བོ་མཐུན་པར་བསྒྲུབས་པ་ [38A]༄༅། །སྟེ། དབུ་དྲི་ཞིམ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ཕྱག་དང་ཞབས་དཔལ་གྱི་བེའུ་དང། བཀྲ་ཤིས་དང་དགའ་བ་འཁྱིལ་པས་བརྒྱན་པ་ ཡིན་ཏེ། རབ་འབྱོར། དེ་དག་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དཔེ་བྱད་བཟང་པོ་བརྒྱད་ཅུའོ། །རབ་འབྱོར། དེ་ལྟར་དེ་ལྟ་བུའི་ ཆོས་ཀྱི་རྣམ་པ་དེ་དག་གཞན་ལ་བཤད་པ་དང། བསྟན་པ་དང་ཡང་དག་པར་བསྟན་པ་དེ་ནི། འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྦྱིན་པ་ཞེས་བྱ་སྟེ། རབ་འབྱོར། དེ་ལྟར་ན། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་རྣམས་ཟང་ཟིང་གི་སྦྱིན་པ་དང། ཆོས་ཀྱི་སྦྱིན་པས་སྡུད་པ་ཡིན་ཏེ། རབ་འབྱོར། དེ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྣམས་ཀྱི་ངོ་མཚར་དང་རྨད་དུ་བྱུང་བའི་ཆོས་སོ།།།།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། །བམ་པོ་ཉིས་བརྒྱ་གྱ་གཅིག་པ། །རབ་འབྱོར། ཇི་ ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚིག་སྙན་པས་སེམས་ཅན་རྣམས་སྡུད་པ་ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ ཏུ་ཕྱིན་པ་དྲུག་གིས་སེམས་ཅན་རྣམས་སྡུད་པ་ཡིན་ཏེ། འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང། བརྩོན་ [38B] བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་སྙན་པར་སྨྲ་བས་སེམས་ཅན་རྣམས་སྡུད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་གིས་དགེ་བའི་ཆོས་ཐམས་ཅད་མ་འདུས་པ་མེད་དེ། རབ་ འབྱོར༑ དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚིག་སྙན་པར་སྨྲ་བས་སེམས་ཅན་རྣམས་སྡུད་དོ། །རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་དོན་བྱ་བས་སེམས་ཅན་རྣམས་སྡུད་པ་ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་གིས་དོན་བྱ་བས་སེམས་ཅན་ རྣམས་སྡུད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་གིས་དགེ་བའི་ཆོས་ཐམས་ཅད་མ་འདུས་པ་མེད་དེ་རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་དོན་བྱ་བས་སེམས་ཅན་རྣམས་སྡུད་དོ། །རབ་འབྱོར་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་མཐུན་པས་སེམས་ཅན་རྣམས་སྡུད་པ་ཡིན་ ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་གིས་དོན་མཐུན་པས་སེམས་ཅན་རྣམས་སྡུད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ [39A]༄༅། །ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་གིས་དགེ་བའི་ཆོས་ཐམས་ཅད་མ་འདུས་པ་མེད་དེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་དོན་མཐུན་པས་སེམས་ཅན་རྣམས་སྡུད་དོ། །རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ངོ་མཚར་དང་རྨད་དུ་བྱུང་བའི་ཆོས་སོ། །རབ་འབྱོར་ གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དག་ལ་འདི་སྐད་དུ་ འདོམས་ཤིང་འདི་སྐད་སྟོན་ཏོ། །རིགས་ཀྱི་བུ། ཁྱེད་ཚུར་ཤེག་[*SHIG?]ཡི་གེ་གཅིག་ལ་མཁས་པར་གྱིས་ཤིག་ཡི་གེ་ གཉིས་ནས་ཡི་གེ་བཞི་བཅུ་རྩ་གཉིས་ཀྱི་བར་ལ་མཁས་པར་གྱིས་ཤིག། ཡི་གེ་གཅིག་གིས་བྱང་བའི་རང་བཞིན་ཐམས་ཅད་ཤེས་པར་གྱིས་ཤིག་ཡི་གེ་གཉིས་ཀྱིས་བྱང་ བའི་རང་བཞིན་ཐམས་ཅད་ཤེས་པར་གྱིས་ཤིག་ཡི་གེ་བཞི་བཅུ་རྩ་གཉིས་ཀྱི་བར་གྱིས་བྱང་བའི་རང་བཞིན་ཐམས་ཅད་ཤེས་པར་གྱིས་ཤིག་ཡི་གེ་གཅིག་ཏུ་ཡི་གེ་བཞི་ བཅུ་རྩ་གཉིས་འདུས་པར་སྒོམས་ཤིག་ཡི་གེ་བཞི་བཅུ་རྩ་གཉིས་སུ་ཡི་གེ་གཅིག་འདུས་པར་སྒོམས་ཤིག་ཅེས་སྟོན་ཏོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ [39B] ཡི་གེ་བཞི་བཅུ་རྩ་གཉིས་ཀྱི་བར་ལ་མཁས་པ་ཡིན། ཡི་གེ་གཅིག་གི་ནང་དུ་ཡི་གེ་བཞི་བཅུ་རྩ་གཉིས་འདུས་པར་སྒོམ་པ་ལ་ མཁས་པ་ཡིན། ཡི་གེ་བཞི་བཅུ་རྩ་གཉིས་སུ་ཡི་གེ་གཅིག་འདུས་པར་བསྒོམ་པ་ལ་མཁས་པ་ཡིན་ཏེ། དེ་དེ་ལྟར་ཡི་གེ་མངོན་པར་བསྒྲུབ་པ་ལ་མཁས་པར་བྱ་ན། ལ་ལ་གོམས་ཤིང་ ཡི་གེ་མེད་པ་མངོན་པར་བསྒྲུབ་པ་ལ་མཁས་པ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ། དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི། ཆོས་ལ་ མཁས་པ་དང། ཡི་གེ་ལ་མཁས་པ་ཡིན་ཏེ། དེ་ལ་ཆོས་ལ་མཁས་པ་དང། ཡི་གེ་ལ་མཁས་པས་ཡི་གེ་མང་པོས་ཡི་གེ་མེད་པའི་ཆོས་སྟོན་ཀྱང་རབ་འབྱོར། ཆོས་དེ་ཡི་གེའི་རྣམ་པ་དང་འབྲལ་ བའང་མ་ཡིན་ཏེ། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ངོ་མཚར་དང་རྨད་དུ་བྱུང་བའི་ཆོས་ཏེ་གང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ ཐུན་མོང་མ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གལ་ཏེ་མཐའ་ལས་འདས་པ་དང། ཐོག་མ་ དང་ཐ་མ་མེད་པ་སྟོང་པ་ཉིད་ཉེ་བར་བཟུང་སྟེ། སེམས་ཅན་ཡང་ཤིན་ཏུ་མི་དམིགས། ཆོས་ཀྱང་མི་དམིགས། ཆོས་ཀྱི་དངོས་པོའང་མི་དམིགས་པ་ལགས་ན། བཅོམ་ལྡན་འདས་ [40A]༄༅། །ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༑ བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ ཕྱིན་པ་དང། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང། བསམ་གཏན་བཞི་དང། ཚད་མེད་པ་བཞི་དང་ གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་སྤྱོད་པ་དང། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སྤྱོད་པ་དང། སྟོང་པ་ཉིད་བཞི་བཅུ་རྩ་བཞི་ལ་སྤྱོད་པ་དང། སྟོང་པ་ཉིད་ ཀྱི་ཏིང་ངེ་འཛིན་དང། མཚན་མ་མེད་པའི་ཏིང་ངེ་འཛིན་དང་སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་སྤྱོད་པ་དང། རྣམ་པར་ཐར་པ་བརྒྱད་ལ་སྤྱོད་པ་དང། མཐར་གྱིས་གནས་པའི་སྙོམས་ པར་འཇུག་པ་དགུ་དང། དེ་བཞིན་གཤེགས་པའི་སྟོབས་བཅུ་དང། མི་འཇིགས་པ་བཞི་དང། སོ་སོ་ཡང་དག་པར་རིག་པ་བཞི་དང། བྱམས་པ་ཆེན་པོ་དང། སྙིང་རྗེ་ཆེན་པོ་དང་ སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང། མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང། དཔེ་བྱད་བཟང་པོ་བརྒྱད་ཅུ་ལ་སྤྱོད་ཅིང། རྣམ་པར་སྨིན་པ་ལས་བྱུང་བའི་མངོན་པར་ཤེས་ པ་དྲུག་ལ་གནས་ནས་སེམས་ཅན་རྣམས་ལ་ཆོས་སྟོན་པར་འགྱུར། དེ་ལ་ནི། སེམས་ཅན་མི་དམིགས་ཏེ། སེམས་ཅན་དུ་གདགས་པའང་མི་དམིགས་སོ་།སེམས་ཅན་མི་དམིགས་ [40B] །སེམས་ཅན་མི་དམིགས་པས་ཚོར་བ་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་འདུ་ཤེས་དམིགས་སུ་མ་མཆིས་སོ། །སེམས་ ཅན་མི་དམིགས་པས་འདུ་བྱེད་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་རྣམ་པར་ཤེས་པ་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་མིག་དམིགས་ སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་རྣ་བ་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་སྣ་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་ལྕེ་དམིགས་ སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་ལུས་དམིགས་སུ་མ་མཆིས་སོ་།སེམས་ཅན་མི་དམིགས་པས་ཡིད་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་གཟུགས་ དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་སྒྲ་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་དྲི་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་རོ་ དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་རེག་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་ཆོས་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་ པས་མིག་གི་རྣམ་པར་ཤེས་པ་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་རྣ་བའི་རྣམ་པར་ཤེས་པ་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་སྣའི་རྣམ་ [41A]༄༅། །པར་ཤེས་པ་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་ལྕེའི་རྣམ་པར་ཤེས་པ་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་ ལུས་ཀྱི་རྣམ་པར་ཤེས་པ་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་ཡིད་ཀྱི་རྣམ་པར་ཤེས་པ་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་མིག་གི་ འདུས་ཏེ་རེག་པ་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་རྣ་བའི་འདུས་ཏེ་རེག་པ་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་སྣའི་འདུས་ཏེ་རེག་པ་ དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་ལྕེའི་འདུས་ཏེ་རེག་པ་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་ལུས་ཀྱི་འདུས་ཏེ་རེག་པ་དམིགས་སུ་མ་ མཆིས་སོ། །སེམས་ཅན་མི་དམིགས་པས་ཡིད་ཀྱི་འདུས་ཏེ་རེག་པ་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དམིགས་ སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ ཚོར་བ་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་ལུས་ཀྱི་འདུས་ [41B] །སེམས་ཅན་མི་དམིགས་པས་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་ སའི་ཁམས་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་ཆུའི་ཁམས་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་མེའི་ཁམས་དམིགས་སུ་མ་མཆིས་སོ། །སེམས་ ཅན་མི་དམིགས་པས་རླུང་གི་ཁམས་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་ནམ་མཁའི་ཁམས་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་རྣམ་པར་ཤེས་ པའི་ཁམས་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་མ་རིག་པ་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་འདུ་བྱེད་དམིགས་སུ་མ་མཆིས་སོ། །སེམས་ཅན་ མི་དམིགས་པས་རྣམ་པར་ཤེས་པ་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་མིང་དང་གཟུགས་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་སྐྱེ་མཆེད་དྲུག་ དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་རེག་པ་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་ཚོར་བ་དམིགས་སུ་མ་མཆིས་སོ་།སེམས་ཅན་མི་དམིགས་པས་ སྲེད་པ་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་ལེན་པ་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་སྲིད་པ་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་ [42A]༄༅། །པས་སྐྱེ་བ་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་རྒ་ཤི་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་ པ་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་བཟོད་པའི་ཕ་རོལ་ཏུ་ཕྱིན་ པ་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་བསམ་གཏན་གྱི་ཕ་རོལ་ ཏུ་ཕྱིན་པ་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་ནང་སྟོང་པ་ཉིད་དམིགས་ སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་ཕྱི་སྟོང་པ་ཉིད་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་ཕྱི་ནང་སྟོང་པ་ཉིད་དམིགས་སུ་མ་མཆིས་སོ། །སེམས་ ཅན་མི་དམིགས་པས་སྟོང་པ་ཉིད་སྟོང་པ་ཉིད་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་ཆེན་པོ་སྟོང་པ་ཉིད་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་ དོན་དམ་པ་སྟོང་པ་ཉིད་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་འདུས་བྱས་སྟོང་པ་ཉིད་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་འདུས་མ་བྱས་སྟོང་ [42B] །སེམས་ཅན་མི་དམིགས་པས་མཐའ་ལས་འདས་པ་སྟོང་པ་ཉིད་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ ཉིད་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་དོར་བ་མེད་པ་སྟོང་པ་ཉིད་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་རང་བཞིན་སྟོང་པ་ཉིད་དམིགས་སུ་མ་ མཆིས་སོ། །སེམས་ཅན་མི་དམིགས་པས་ཆོས་ཐམས་ཅད་སྟོང་པ་ཉིད་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་རང་གི་མཚན་ཉིད་སྟོང་པ་ཉིད་དམིགས་སུ་མ་མཆིས་སོ། ། སེམས་ཅན་མི་དམིགས་པས་མི་དམིགས་པ་སྟོང་པ་ཉིད་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་དངོས་པོ་མེད་པ་སྟོང་པ་ཉིད་དམིགས་སུ་མ་མཆིས་སོ། །སེམས་ཅན་ མི་དམིགས་པས་ངོ་བོ་ཉིད་སྟོང་པ་ཉིད་དམིགས་སུ་མ་མཆིས་སོ་།སེམས་ཅན་མི་དམིགས་པས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་ པས་དྲན་པ་ཉེ་བར་གཞག་པ་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་ཡང་དག་པར་སྤོང་བ་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་རྫུ་འཕྲུལ་གྱི་རྐང་པ་ དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་དབང་པོ་ལྔ་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་སྟོབས་ལྔ་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་ [43A]༄༅། །དམིགས་པས་བྱང་ཆུབ་ཀྱི་ཡན་ལག་བདུན་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་འཕགས་པའི་ལམ་ཡན་ལག་བརྒྱད་པ་དམིགས་སུ་མ་ མཆིས་སོ། །སེམས་ཅན་མི་དམིགས་པས་འཕགས་པའི་བདེན་པ་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་བསམ་གཏན་དམིགས་སུ་མ་མཆིས་སོ་།སེམས་ཅན་ མི་དམིགས་པས་ཚད་མེད་པ་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་གཟུགས་མེད་པའི་སྙོམས་པར་འཇུག་པ་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་ དམིགས་པས་རྣམ་པར་ཐར་པ་བརྒྱད་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དམིགས་སུ་མ་མཆིས་སོ། ། སེམས་ཅན་མི་དམིགས་པས་སྟོང་པ་ཉིད་དང། མཚན་མ་མེད་པ་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་སྨོན་པ་མེད་པ་དམིགས་སུ་མ་མཆིས་སོ། །སེམས་ ཅན་མི་དམིགས་པས་མངོན་པར་ཤེས་པ་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་ཏིང་ངེ་འཛིན་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་གཟུངས་ཀྱི་ སྒོ་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་དེ་བཞིན་གཤེགས་པའི་སྟོབས་བཅུ་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་མི་འཇིགས་པ་བཞི་ [43B] །སེམས་ཅན་མི་དམིགས་པས་སོ་སོ་ཡང་དག་པར་རིག་པ་བཞི་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་བྱམས་པ་ཆེན་པོ་དམིགས་སུ་མ་མཆིས་ སོ༑ ༑སེམས་ཅན་མི་དམིགས་པས་སྙིང་རྗེ་ཆེན་པོ་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་ དམིགས་པས་རྒྱུན་དུ་ཞུགས་པའི་འབྲས་བུ་དམིགས་སུ་མ་མཆིས་སོ་།སེམས་ཅན་མི་དམིགས་པས་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་ པས་ཕྱིར་མི་འོང་བའི་འབྲས་བུ་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་དགྲ་བཅོམ་པ་ཉིད་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་རང་བྱང་ཆུབ་དམིགས་ སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་ལམ་གྱི་རྣམ་པ་ཤེས་པ་ཉིད་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དམིགས་སུ་མ་མཆིས་ སོ༑ ༑སེམས་ཅན་མི་དམིགས་པས་མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་དཔེ་བྱད་བཟང་པོ་བརྒྱད་ཅུ་དམིགས་སུ་མ་མཆིས་སོ། ། སེམས་ཅན་དམིགས་སུ་མ་མཆིས་པ་ལ་ནི། སེམས་ཅན་མ་མཆིས་སོ། །གཟུགས་མ་མཆིས་སོ། །ཚོར་བ་མ་མཆིས་སོ། །འདུ་ཤེས་མ་མཆིས་སོ། །འདུ་བྱེད་མ་མཆིས་སོ། །རྣམ་པར་ [44A]༄༅། །ཤེས་པ་མ་མཆིས་སོ། །མིག་མ་མཆིས་སོ། །རྣ་བ་མ་མཆིས་སོ། །སྣ་མ་མཆིས་སོ། །ལྕེ་མ་མཆིས་སོ། །ལུས་མ་མཆིས་སོ། །ཡིད་མ་མཆིས་སོ། །གཟུགས་མ་ མཆིས་སོ། །སྒྲ་མ་མཆིས་སོ། །དྲི་མ་མཆིས་སོ། །རོ་མ་མཆིས་སོ་།རེག་མ་མཆིས་སོ། །ཆོས་མ་མཆིས་སོ། །མིག་གི་རྣམ་པར་ཤེས་པ་མ་མཆིས་སོ། །རྣ་བའི་རྣམ་པར་ཤེས་པ་ མ་མཆིས་སོ། །སྣའི་རྣམ་པར་ཤེས་པ་མ་མཆིས་སོ། །ལྕེའི་རྣམ་པར་ཤེས་པ་མ་མཆིས་སོ། །ལུས་ཀྱི་རྣམ་པར་ཤེས་པ་མ་མཆིས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་མ་མཆིས་སོ། །མིག་ གི་འདུས་ཏེ་རེག་པ་མ་མཆིས་སོ། །རྣ་བའི་འདུས་ཏེ་རེག་པ་མ་མཆིས་སོ། །སྣའི་འདུས་ཏེ་རེག་པ་མ་མཆིས་སོ། །ལྕེའི་འདུས་ཏེ་རེག་པ་མ་མཆིས་སོ། །ལུས་ཀྱི་འདུས་ཏེ་རེག་པ་མ་ མཆིས་སོ། །ཡིད་ཀྱི་འདུས་ཏེ་རེག་པ་མ་མཆིས་སོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མ་མཆིས་སོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མ་མཆིས་སོ། །སྣའི་ འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མ་མཆིས་སོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མ་མཆིས་སོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མ་མཆིས་སོ། །ཡིད་ཀྱི་ འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མ་མཆིས་སོ། །སའི་ཁམས་མ་མཆིས་སོ། །ཆུའི་ཁམས་མ་མཆིས་སོ། །མེའི་ཁམས་མ་མཆིས་སོ་།རླུང་གི་ཁམས་མ་མཆིས་སོ། །ནམ་མཁའི་ [44B] །རྣམ་པར་ཤེས་པའི་ཁམས་མ་མཆིས་སོ་།མ་རིག་པ་མ་མཆིས་སོ། །འདུ་བྱེད་མ་མཆིས་སོ། །རྣམ་པར་ཤེས་པ་མ་མཆིས་སོ། །མིང་དང་གཟུགས་མ་མཆིས་ སོ༑ ༑སྐྱེ་མཆེད་དྲུག་མ་མཆིས་སོ། །རེག་པ་མ་མཆིས་སོ། །ཚོར་བ་མ་མཆིས་སོ། །སྲེད་པ་མ་མཆིས་སོ། །ལན་པ་མ་མཆིས་སོ། །སྲིད་པ་མ་མཆིས་སོ། །སྐྱེ་བ་མ་མཆིས་སོ། །རྒ་ཤི་མ་ མཆིས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་མཆིས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་མཆིས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མ་མཆིས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་ པ་མ་མཆིས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མ་མཆིས་སོ་།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་མཆིས་སོ། །ནང་སྟོང་པ་ཉིད་མ་མཆིས་སོ། །ཕྱི་སྟོང་པ་ཉིད་མ་མཆིས་སོ། །ཕྱི་ནང་ སྟོང་པ་ཉིད་མ་མཆིས་སོ། །སྟོང་པ་ཉིད་སྟོང་པ་ཉིད་མ་མཆིས་སོ། །ཆེན་པོ་སྟོང་པ་ཉིད་མ་མཆིས་སོ། །དོན་དམ་པ་སྟོང་པ་ཉིད་མ་མཆིས་སོ། །འདུས་བྱས་སྟོང་པ་ཉིད་མ་མཆིས་སོ། ། འདུས་མ་བྱས་སྟོང་པ་ཉིད་མ་མཆིས་སོ། །མཐའ་ལས་འདས་པ་སྟོང་པ་ཉིད་མ་མཆིས་སོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་མ་མཆིས་སོ། །དོར་བ་མེད་པ་སྟོང་པ་ཉིད་མ་མཆིས་སོ། ། རང་བཞིན་སྟོང་པ་ཉིད་མ་མཆིས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་མ་མཆིས་སོ། །རང་གི་མཚན་ཉིད་སྟོང་པ་ཉིད་མ་མཆིས་སོ་།མི་དམིགས་པ་སྟོང་པ་ཉིད་མ་མཆིས་སོ། །དངོས་པོ་ [45A]༄༅། །མེད་པ་སྟོང་པ་ཉིད་མ་མཆིས་སོ། །ངོ་བོ་ཉིད་སྟོང་པ་ཉིད་མ་མཆིས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་མཆིས་སོ། །དྲན་པ་ཉེ་བར་གཞག་པ་རྣམས་ མ་མཆིས་སོ། །ཡང་དག་པར་སྤོང་བ་རྣམས་མ་མཆིས་སོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་མ་མཆིས་སོ། །དབང་པོ་ལྔ་མ་མཆིས་སོ། །སྟོབས་ལྔ་མ་མཆིས་སོ། །བྱང་ཆུབ་ཀྱི་ཡན་ལག་ བདུན་མ་མཆིས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་མཆིས་སོ་།འཕགས་པའི་བདེན་པ་རྣམས་མ་མཆིས་སོ། །བསམ་གཏན་རྣམས་མ་མཆིས་སོ། །ཚད་མེད་པ་རྣམས་མ་ མཆིས་སོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་མ་མཆིས་སོ་།རྣམ་པར་ཐར་པ་བརྒྱད་མ་མཆིས་སོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མ་མཆིས་སོ། །སྟོང་ པ་ཉིད་མ་མཆིས་སོ། །མཚན་མ་མེད་པ་མ་མཆིས་སོ། །སྨོན་པ་མེད་པ་མ་མཆིས་སོ། །མངོན་པར་ཤེས་པ་རྣམས་མ་མཆིས་སོ། །ཏིང་ངེ་འཛིན་རྣམས་མ་མཆིས་སོ། །གཟུངས་ཀྱི་སྒོ་ རྣམས་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་མ་མཆིས་སོ་།མི་འཇིགས་པ་བཞི་མ་མཆིས་སོ། །སོ་སོ་ཡང་དག་པར་རེག་པ་བཞི་མ་མཆིས་སོ། །བྱམས་པ་ཆེན་པོ་ མ་མཆིས་སོ། །སྙིང་རྗེ་ཆེན་པོ་མ་མཆིས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་མ་མཆིས་སོ། །རྒྱུན་དུ་ཞུགས་པའི་འབྲས་བུ་མ་མཆིས་སོ། །ལན་ཅིག་ཕྱིར་འོང་བའི་ [45B] །ཕྱིར་མི་འོང་བའི་འབྲས་བུ་མ་མཆིས་སོ། །དགྲ་བཅོམ་པ་ཉིད་མ་མཆིས་སོ། །རང་བྱང་ཆུབ་མ་མཆིས་སོ་།ལམ་གྱི་རྣམ་པ་ཤེས་པ་ཉིད་མ་མཆིས་སོ། །རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་མ་མཆིས་སོ། །མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་མ་མཆིས་སོ། །དཔེ་བྱེད་བཟང་པོ་བརྒྱད་ཅུ་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་བྱང་ཆུབ་སེམས་དཔའ་ཉིད་ཀྱང་མི་དམིགས་ན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་དམིགས་པར་ འགྱུར་བ་ལྟ་ག་ལས་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་སྐད་དུ་སྨྲས་པ་བཞིན་ནོ། །རབ་འབྱོར། དེ་ལྟར་སེམས་ཅན་མི་ དམིགས་པས་ནང་སྟོང་པ་ཉིད་དུ་རིག་པར་བྱའོ། །ཕྱི་སྟོང་པ་ཉིད་དུ་རིག་པར་བྱའོ། །ཕྱི་ནང་སྟོང་པ་ཉིད་དུ་རིག་པར་བྱའོ་།སྟོང་པ་ཉིད་སྟོང་པ་ཉིད་དུ་རིག་པར་བྱའོ། །ཆེན་པོ་སྟོང་པ་ཉིད་དུ་ རིག་པར་བྱའོ། །དོན་དམ་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །འདུས་བྱས་སྟོང་པ་ཉིད་དུ་རིག་པར་བྱའོ། །འདུས་མ་བྱས་སྟོང་པ་ཉིད་དུ་རིག་པར་བྱའོ། །མཐའ་ལས་འདས་པ་སྟོང་པ་ཉིད་དུ་ རིག་པར་བྱའོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །དོར་བ་མེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །རང་བཞིན་སྟོང་པ་ཉིད་དུ་རིག་པར་བྱའོ། །ཆོས་ཐམས་ཅད་སྟོང་ [46A]༄༅། །པ་ཉིད་དུ་རིག་པར་བྱའོ། །རང་གི་མཚན་ཉིད་སྟོང་པ་ཉིད་དུ་རིག་པར་བྱའོ། །མི་དམིགས་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །དངོས་པོ་མེད་པ་སྟོང་པ་ཉིད་དུ་རིག་པར་ བྱའོ༑ ༑ངོ་བོ་ཉིད་སྟོང་པ་ཉིད་དུ་རིག་པར་བྱའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དུ་རིག་པར་བྱའོ། །ཕུང་པོ་སྟོང་པ་ཉིད་དུ་རིག་པར་བྱའོ། །ཁམས་སྟོང་པ་ཉིད་དུ་རིག་པར་བྱའོ། ། སྐྱེ་མཆོད་སྟོང་པ་ཉིད་དུ་རིག་པར་བྱའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་སྟོང་པ་ཉིད་དུ་རིག་པར་བྱའོ། །བདེན་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །བདག་སྟོང་པ་ཉིད་དུ་རིག་པར་བྱའོ། །སེམས་ ཅན་སྟོང་པ་ཉིད་དུ་རིག་པར་བྱའོ། །སྲོག་སྟོང་པ་ཉིད་དུ་རིག་པར་བྱའོ། །འགྲོ་བ་སྟོང་པ་ཉིད་དུ་རིག་པར་བྱའོ། །གསོ་བ་སྟོང་པ་ཉིད་དུ་རིག་པར་བྱའོ། །སྐྱེས་བུ་སྟོང་པ་ཉིད་དུ་རིག་པར་ བྱའོ༑ ༑གང་ཟག་སྟོང་པ་ཉིད་དུ་རིག་པར་བྱའོ། །ཤེད་ཅན་སྟོང་པ་ཉིད་དུ་རིག་པར་བྱའོ། །ཤེད་བདག་སྟོང་པ་ཉིད་དུ་རིག་པར་བྱའོ། །བྱེད་པ་པོ་སྟོང་པ་ཉིད་དུ་རིག་པར་བྱའོ། །བྱེད་དུ་ འཇུག་པ་པོ་སྟོང་པ་ཉིད་དུ་རིག་པར་བྱའོ། །སློང་བ་པོ་སྟོང་པ་ཉིད་དུ་རིག་པར་བྱའོ། །ཀུན་ནས་སློང་བ་པོ་སྟོང་པ་ཉིད་དུ་རིག་པར་བྱའོ། །ཚོར་བ་བོ་སྟོང་པ་ཉིད་དུ་རིག་པར་བྱའོ། །ཚོར་ བར་བྱེད་པ་པོ་སྟོང་པ་ཉིད་དུ་རིག་པར་བྱའོ། །ཤེས་པ་པོ་སྟོང་པ་ཉིད་དུ་རིག་པར་བྱའོ། །མཐོང་བ་པོ་སྟོང་པ་ཉིད་དུ་རིག་པར་བྱའོ། །དྲན་པ་ཉེ་བར་གཞག་པ་སྟོང་པ་ཉིད་དུ་རིག་པར་ [46B] ༑ཡང་དག་པར་སྤོང་བ་སྟོང་པ་ཉིད་དུ་རིག་པར་བྱའོ། །རྫུ་འཕྲུལ་གྱི་རྐང་པ་སྟོང་པ་ཉིད་དུ་རིག་པར་བྱའོ་།དབང་པོ་སྟོང་པ་ཉིད་དུ་རིག་པར་བྱའོ། །སྟོབས་སྟོང་པ་ཉིད་དུ་རིག་པར་བྱའོ། ། བྱང་ཆུབ་ཀྱི་ཡན་ལག་སྟོང་པ་ཉིད་དུ་རིག་པར་བྱའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟོང་པ་ཉིད་དུ་རིག་པར་བྱའོ་།འཕགས་པའི་བདེན་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །བསམ་ གཏན་སྟོང་པ་ཉིད་དུ་རིག་པར་བྱའོ། །ཚད་མེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །རྣམ་པར་ཐར་པ་བརྒྱད་སྟོང་པ་ ཉིད་དུ་རིག་པར་བྱའོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྟོང་པ་ཉིད་དུ་རིག་པར་བྱའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ སྟོང་པ་ཉིད་དུ་རིག་པར་བྱའོ། །མངོན་པར་ཤེས་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །ཏིང་ངེ་འཛིན་སྟོང་པ་ཉིད་དུ་རིག་པར་བྱའོ་།གཟུངས་ཀྱི་སྒོ་སྟོང་པ་ཉིད་དུ་རིག་པར་བྱའོ། །དེ་བཞིན་ གཤེགས་པའི་སྟོབས་བཅུ་སྟོང་པ་ཉིད་དུ་རིག་པར་བྱའོ། །མི་འཇིགས་པ་བཞི་སྟོང་པ་ཉིད་དུ་རིག་པར་བྱའོ། །སོ་སོ་ཡང་དག་པར་རིག་པ་བཞི་སྟོང་པ་ཉིད་དུ་རིག་པར་བྱའོ། །བྱམས་པ་ ཆེན་པོ་སྟོང་པ་ཉིད་དུ་རིག་པར་བྱའོ། །སྙིང་རྗེ་ཆེན་པོ་སྟོང་པ་ཉིད་དུ་རིག་པར་བྱའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་སྟོང་པ་ཉིད་དུ་རིག་པར་བྱའོ། །རྒྱུན་དུ་ཞུགས་པའི་འབྲས་ [47A]༄༅། །བུ་སྟོང་པ་ཉིད་དུ་རིག་པར་བྱའོ། །ལན་གཅིག་ཕྱིར་འོང་བའི་འབྲས་བུ་སྟོང་པ་ཉིད་དུ་རིག་པར་བྱའོ། །ཕྱིར་མི་འོང་བའི་འབྲས་བུ་སྟོང་པ་ཉིད་དུ་རིག་པར་བྱའོ། ། དགྲ་བཅོམ་པ་ཉིད་སྟོང་པ་ཉིད་དུ་རིག་པར་བྱའོ། །རང་བྱང་ཆུབ་སྟོང་པ་ཉིད་དུ་རིག་པར་བྱའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་སྟོང་པ་ཉིད་དུ་རིག་པར་བྱའོ། །རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་སྟོང་པ་ཉིད་དུ་རིག་པར་བྱའོ། །སངས་རྒྱས་ཀྱི་ཞིང་སྟོང་པ་ཉིད་དུ་རིག་པར་བྱའོ། །སངས་རྒྱས་སྟོང་པ་ཉིད་དུ་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་དུ་རིག་ པར་བྱའོ། །རབ་འབྱོར། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཆོས་དེ་དག་ཐམས་ཅད་སྟོང་པར་མཐོང་ནས་ཕྱིན་ཅི་ལོག་ཏུ་གྱུར་ པའི་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཇི་ལྟར་སྟོང་པ་ཉིད་དེ་དག་ལའང་མི་འཇུག་པ་དེ་ལྟར་སྟོན་ཏོ། །དེས་དེ་ལྟར་མཐོང་ནས་ཆོས་ཐམས་ཅད་སྒྲིབ་པ་མེད་པར་ཤེས་ཏེ། ཆོས་གང་ ཡང་འཁྲུག་པར་མི་བྱེད། གཉིས་སུ་མི་བྱེད་དོ། །ཡང་དག་པ་ཇི་ལྟ་བ་བཞིན་དུའང་སྟོན་པ་བྱེད་དོ། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། དེ་བཞིན་གཤེགས་པའི་སྤྲུལ་པ་ནི། སྤྲུལ་ པ་བྱེ་བ་ཕྲག་དུ་མ་སྤྲུལ་ཅིང་སེམས་ཅན་ལ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར། ལ་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར། ལ་ལ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར། ལ་ [47B] ལ་ལ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར། ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར། ལ་ལ་བསམ་གཏན་བཞི་ལ་སྦྱོར་ ལ་ལ་ཚད་མེད་པ་བཞི་ལ་སྦྱོར། ལ་ལ་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་སྦྱོར། ལ་ལ་དྲན་པ་ཉེ་བར་གཞག་པ་བཞི་ལ་སྦྱོར། ལ་ལ་ཡང་དག་པར་སྤོང་བ་བཞི་ལ་སྦྱོར་ ལ་ལ་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སྦྱོར། ལ་ལ་དབང་པོ་ལྔ་ལ་སྦྱོར། ལ་ལ་སྟོབས་ལྔ་ལ་སྦྱོར། ལ་ལ་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྦྱོར། ལ་ལ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ ལ་སྦྱོར། ལ་ལ་འཕགས་པའི་བདེན་པ་བཞི་ལ་སྦྱོར། ལ་ལ་རྣམ་པར་ཐར་པ་བརྒྱད་ལ་སྦྱོར། ལ་ལ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྦྱོར། ལ་ལ་རྣམ་པར་ཐར་པའི་ སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ལ་སྦྱོར། ལ་ལ་མངོན་པར་ཤེས་པ་ལྔ་ལ་སྦྱོར། ལ་ལ་ཏིང་ངེ་འཛིན་ཐམས་ཅད་ལ་སྦྱོར། ལ་ལ་གཟུངས་ཀྱི་སྒོ་ཐམས་ཅད་ལ་ སྦྱོར༑ ལ་ལ་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སྦྱོར། ལ་ལ་མི་འཇིགས་པ་བཞི་ལ་སྦྱོར། ལ་ལ་སོ་སོ་ཡང་དག་པར་རིག་པ་བཞི་ལ་སྦྱོར། ལ་ལ་བྱམས་པ་ཆེན་པོ་ལ་སྦྱོར། ལ་ལ་ སྙིང་རྗེ་ཆེན་པོ་ལ་སྦྱོར། ལ་ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སྦྱོར། ལ་ལ་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སྦྱོར། ལ་ལ་ལན་གཅིག་ཕྱིར་འོང་བའི་འབྲས་བུ་ལ་སྦྱོར། ལ་ལ་ [48A]༄༅། །ཕྱིར་མི་འོང་བའི་འབྲས་བུ་ལ་སྦྱོར། ལ་ལ་དགྲ་བཅོམ་པ་ཉིད་ལ་སྦྱོར། ལ་ལ་རང་བྱང་ཆུབ་ལ་སྦྱོར། ལ་ལ་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྦྱོར། ལ་ལ་རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ལ་སྦྱོར་ན། རབ་འབྱོར། དེ་ལ་ཇི་སྙམ་དུ་སེམས། སྤྲུལ་པ་དེས་ཆོས་ལ་ལ་ཞིག་ཐ་དད་དུ་ཕྱེ་བ་ཡོད་དམ་གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་རྣམས་ལ་ཆོས་ སྟོན་ཏེ། དེ་དག་ཕྱིན་ཅི་ལོག་རྣམས་ལས་ཡོངས་སུ་བཀྲོལ་ནས། མ་བཅིངས་མ་གྲོལ་བའི་ཚུལ་དུ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་འགོད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། དེ་ནི་ འདི་ལྟར་གཟུགས་མ་བཅིངས་མ་གྲོལ་བ། ཚོར་བ་མ་བཅིངས་མ་གྲོལ་བ། འདུ་ཤེས་མ་བཅིངས་མ་གྲོལ་བ། འདུ་བྱེད་མ་བཅིངས་མ་གྲོལ་བ་རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་ བ༑ མིག་མ་བཅིངས་མ་གྲོལ་བ། རྣ་བ་མ་བཅིངས་མ་གྲོལ་བ། སྣ་མ་བཅིངས་མ་གྲོལ་བ། ལྕེ་མ་བཅིངས་མ་གྲོལ་བ། ལུས་མ་བཅིངས་མ་གྲོལ་བ། ཡིད་མ་བཅིངས་མ་གྲོལ་བ་ གཟུགས་མ་བཅིངས་མ་གྲོལ་བ། སྒྲ་མ་བཅིངས་མ་གྲོལ་བ། དྲི་མ་བཅིངས་མ་གྲོལ་བ། རོ་མ་བཅིངས་མ་གྲོལ་བ། རེག་མ་བཅིངས་མ་གྲོལ་བ། ཆོས་མ་བཅིངས་མ་གྲོལ་བ། མིག་གི་ [48B] རྣ་བའི་རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་བ། སྣའི་རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་བ། ལྕེའི་རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་བ། ལུས་ ཀྱི་རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་བ། ཡིད་ཀྱི་རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་བ། མིག་གི་འདུས་ཏེ་རེག་པ་མ་བཅིངས་མ་གྲོལ་བ། རྣ་བའི་འདུས་ཏེ་རེག་པ་མ་བཅིངས་མ་གྲོལ་ བ༑ སྣའི་འདུས་ཏེ་རེག་པ་མ་བཅིངས་མ་གྲོལ་བ། ལྕེའི་འདུས་ཏེ་རེག་པ་མ་བཅིངས་མ་གྲོལ་བ། ལུས་ཀྱི་འདུས་ཏེ་རེག་པ་མ་བཅིངས་མ་གྲོལ་བ། ཡིད་ཀྱི་འདུས་ཏེ་རེག་པ་མ་བཅིངས་མ་གྲོལ་བ་ མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མ་བཅིངས་མ་གྲོལ་བ་རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མ་བཅིངས་མ་གྲོལ་བ། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མ་བཅིངས་མ་ གྲོལ་བ། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མ་བཅིངས་མ་གྲོལ་བ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མ་བཅིངས་མ་གྲོལ་བ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མ་བཅིངས་ མ་གྲོལ་བ། སའི་ཁམས་མ་བཅིངས་མ་གྲོལ་བ། ཆུའི་ཁམས་མ་བཅིངས་མ་གྲོལ་བ། མེའི་ཁམས་མ་བཅིངས་མ་གྲོལ་བ། རླུང་གི་ཁམས་མ་བཅིངས་མ་གྲོལ་བ། ནམ་མཁའི་ཁམས་མ་ བཅིངས་མ་གྲོལ་བ། རྣམ་པར་ཤེས་པའི་ཁམས་མ་བཅིངས་མ་གྲོལ་བ་མ་རིག་པ་མ་བཅིངས་མ་གྲོལ་བ། འདུ་བྱེད་མ་བཅིངས་མ་གྲོལ་བ་རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་བ་ [49A]༄༅། །མིང་དང་གཟུགས་མ་བཅིངས་མ་གྲོལ་བ། སྐྱེ་མཆེད་དྲུག་མ་བཅིངས་མ་གྲོལ་བ། རེག་པ་མ་བཅིངས་མ་གྲོལ་བ། ཚོར་བ་མ་བཅིངས་མ་གྲོལ་བ། སྲེད་པ་མ་ བཅིངས་མ་གྲོལ་བ། ལེན་པ་མ་བཅིངས་མ་གྲོལ་བ། སྲིད་པ་མ་བཅིངས་མ་གྲོལ་བ། སྐྱེ་བ་མ་བཅིངས་མ་གྲོལ་བ། རྒ་ཤི་མ་བཅིངས་མ་གྲོལ་བ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་ མ་གྲོལ་བ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་མ་གྲོལ་བ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་མ་གྲོལ་བ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་མ་གྲོལ་བ་ བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་མ་གྲོལ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་མ་གྲོལ་བ། ནང་སྟོང་པ་ཉིད་མ་བཅིངས་མ་གྲོལ་བ། ཕྱི་སྟོང་པ་ཉིད་མ་བཅིངས་མ་ གྲོལ་བ། ཕྱི་ནང་སྟོང་པ་ཉིད་མ་བཅིངས་མ་གྲོལ་བ། སྟོང་པ་ཉིད་སྟོང་པ་ཉིད་མ་བཅིངས་མ་གྲོལ་བ། ཆེན་པོ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བ། དོན་དམ་པ་སྟོང་པ་ཉིད་མ་བཅིངས་མ་ གྲོལ་བ། འདུས་བྱས་སྟོང་པ་ཉིད་མ་བཅིངས་མ་གྲོལ་བ། འདུས་མ་བྱས་སྟོང་པ་ཉིད་མ་བཅིངས་མ་གྲོལ་བ། མཐའ་ལས་འདྲས་པ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བ། ཐོག་མ་དང་ཐ་ མ་མེད་པ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བ། དོར་བ་མེད་པ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བ། རང་བཞིན་སྟོང་པ་ཉིད་མ་བཅིངས་མ་གྲོལ་བ། ཆོས་ཐམས་ཅད་སྟོང་པ་ཉིད་མ་བཅིངས་ [49B] རང་གི་མཚན་ཉིད་སྟོང་པ་ཉིད་མ་བཅིངས་མ་གྲོལ་བ། མི་དམིགས་པ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བ། དངོས་པོ་མེད་པ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བ། ངོ་བོ་ཉིད་སྟོང་ པ་ཉིད་མ་བཅིངས་མ་གྲོལ་བ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་བཅིངས་མ་གྲོལ་བ། དྲན་པ་ཉེ་བར་གཞག་པ་རྣམས་མ་བཅིངས་མ་གྲོལ་བ། ཡང་དག་པར་སྤོང་བ་རྣམས་མ་བཅིངས་ མ་གྲོལ་བ། རྫུ་འཕྲུལ་གྱི་རྐང་པ་རྣམས་མ་བཅིངས་མ་གྲོལ་བ་དབང་པོ་རྣམས་མ་བཅིངས་མ་གྲོལ་བ། སྟོབས་རྣམས་མ་བཅིངས་མ་གྲོལ་བ། བྱང་ཆུབ་ཀྱི་ཡན་ལག་རྣམས་མ་བཅིངས་ མ་གྲོལ་བ། འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་བཅིངས་མ་གྲོལ་བ། འཕགས་པའི་བདེན་པ་རྣམས་མ་བཅིངས་མ་གྲོལ་བ། བསམ་གཏན་རྣམས་མ་བཅིངས་མ་གྲོལ་བ། ཚད་མེད་ པ་རྣམས་མ་བཅིངས་མ་གྲོལ་བ། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་མ་བཅིངས་མ་གྲོལ་བ། རྣམ་པར་ཐར་པ་རྣམས་མ་བཅིངས་མ་གྲོལ་བ། མཐར་གྱིས་གནས་པའི་སྙོམས་ པར་འཇུག་པ་དགུ་མ་བཅིངས་མ་གྲོལ་བ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་མ་བཅིངས་མ་གྲོལ་བ། མངོན་པར་ཤེས་པ་རྣམས་མ་བཅིངས་མ་ གྲོལ་བ། ཏིང་ངེ་འཛིན་རྣམས་མ་བཅིངས་མ་གྲོལ་བ། གཟུངས་ཀྱི་སྒོ་རྣམས་མ་བཅིངས་མ་གྲོལ་བ། དེ་བཞིན་གཤེགས་པའི་སྟོབས་བཅུ་མ་བཅིངས་མ་གྲོལ་བ། མི་འཇིགས་པ་བཞི་མ་ [50A]༄༅། །བཅིངས་མ་གྲོལ་བ། སོ་སོ་ཡང་དག་པར་རིག་པ་བཞི་མ་བཅིངས་མ་གྲོལ་བ། བྱམས་པ་ཆེན་པོ་མ་བཅིངས་མ་གྲོལ་བ། སྙིང་རྗེ་ཆེན་པོ་མ་བཅིངས་མ་གྲོལ་བ། སངས་ རྒྱས་ཀྱི་ཆོས་མ་འདྲེས་བ་བཅོ་བརྒྱད་མ་བཅིངས་མ་གྲོལ་བ། རྒྱུན་དུ་ཞུགས་པའི་འབྲས་བུ་མ་བཅིངས་མ་གྲོལ་བ། ལན་གཅིག་ཕྱིར་འོང་བའི་འབྲས་བུ་མ་བཅིངས་མ་གྲོལ་བ། ཕྱིར་མི་ འོང་བའི་འབྲས་བུ་མ་བཅིངས་མ་གྲོལ་བ། དགྲ་བཅོམ་པ་ཉིད་མ་བཅིངས་མ་གྲོལ་བ། རང་བྱང་ཆུབ་མ་བཅིངས་མ་གྲོལ་བ། ལམ་གྱི་རྣམ་པ་ཤེས་པ་ཉིད་མ་བཅིངས་མ་གྲོལ་བ། རྣམ་ པ་ཐམས་ཅད་མཁྱེན་པ་ཉིད་མ་བཅིངས་མ་གྲོལ་བ། གཟུགས་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་གཟུགས་མ་ཡིན་ནོ། །ཚོར་བའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་ ཚོར་བ་མ་ཡིན་ནོ། །འདུ་ཤེས་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་འདུ་ཤེས་མ་ཡིན་ནོ། །འདུ་བྱེད་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་འདུ་བྱེད་མ་ཡིན་ནོ། །རྣམ་ པར་ཤེས་པའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་རྣམ་པར་ཤེས་པ་མ་ཡིན་ནོ། །མིག་གི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་མིག་མ་ཡིན་ནོ། །རྣ་བའི་མ་བཅིངས་མ་ གྲོལ་བ་ཉིད་གང་ཡིན་པ་དེ་རྣ་བ་མ་ཡིན་ནོ། །སྣའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་སྣ་མ་ཡིན་ནོ། །ལྕེའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་ལྕེ་མ་ཡིན་ནོ། །ལུས་ཀྱི་ [50B] །ཡིད་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་ཡིད་མ་ཡིན་ནོ་།གཟུགས་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་ གཟུགས་མ་ཡིན་ནོ། །སྒྲའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་སྒྲ་མ་ཡིན་ནོ། །དྲིའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་དྲི་མ་ཡིན་ནོ། །རོའི་མ་བཅིངས་མ་གྲོལ་བ་ཉིད་ གང་ཡིན་པ་དེ་རོ་མ་ཡིན་ནོ། །རེག་གི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་རེག་མ་ཡིན་ནོ། །ཆོས་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་ཆོས་མ་ཡིན་ནོ། །མིག་གི་རྣམ་པར་ ཤེས་པའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་མིག་གི་རྣམ་པར་ཤེས་པ་མ་ཡིན་ནོ། །རྣ་བའི་རྣམ་པར་ཤེས་པའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་རྣ་བའི་རྣམ་པར་ཤེས་པ་མ་ ཡིན་ནོ། །སྣའི་རྣམ་པར་ཤེས་པའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་སྣའི་རྣམ་པར་ཤེས་པ་མ་ཡིན་ནོ། །ལྕེའི་རྣམ་པར་ཤེས་པའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་ལྕེའི་ རྣམ་པར་ཤེས་པ་མ་ཡིན་ནོ། །ལུས་ཀྱི་རྣམ་པར་ཤེས་པའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་ལུས་ཀྱི་རྣམ་པར་ཤེས་པ་མ་ཡིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པའི་མ་བཅིངས་མ་ གྲོལ་བ་ཉིད་གང་ཡིན་པ་དེ་ཡིད་ཀྱི་རྣམ་པར་ཤེས་པ་མ་ཡིན་ནོ་།མིག་གི་འདུས་ཏེ་རེག་པའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་མིག་གི་འདུས་ཏེ་རེག་པ་མ་ཡིན་ནོ། །རྣ་བའི་འདུས་ [51A]༄༅། །ཏེ་རེག་པའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་རྣ་བའི་འདུས་ཏེ་རེག་པ་མ་ཡིན་ནོ། །སྣའི་འདུས་ཏེ་རེག་པའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་ སྣའི་འདུས་ཏེ་རེག་པ་མ་ཡིན་ནོ། །ལྕེའི་འདུས་ཏེ་རེག་པའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་ལྕེའི་འདུས་ཏེ་རེག་པ་མ་ཡིན་ནོ་།ལུས་ཀྱི་འདུས་ཏེ་རེག་པའི་མ་བཅིངས་མ་གྲོལ་ བ་ཉིད་གང་ཡིན་པ་དེ་ལུས་ཀྱི་འདུས་ཏེ་རེག་པ་མ་ཡིན་ནོ། །ཡིད་ཀྱི་འདུས་ཏེ་རེག་པའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་ཡིད་ཀྱི་འདུས་ཏེ་རེག་པ་མ་ཡིན་ནོ། །མིག་གི་འདུས་ཏེ་ རེག་པའི་རྐྱེན་གྱིས་ཚོར་བའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མ་ཡིན་ནོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་མ་ བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མ་ཡིན་ནོ། །སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་ པ་དེ་སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མ་ཡིན་ནོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ ཚོར་བ་མ་ཡིན་ནོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མ་ཡིན་ནོ། །ཡིད་ཀྱི་ [51B]ཉིད་གང་ཡིན་པ་དེ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མ་ཡིན་ནོ། །སའི་ཁམས་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ ཡིན་པ་དེ་སའི་ཁམས་མ་ཡིན་ནོ། །ཆུའི་ཁམས་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་ཆུའི་ཁམས་མ་ཡིན་ནོ། །མེའི་ཁམས་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་མེའི་ཁམས་ མ་ཡིན་ནོ། །རླུང་གི་ཁམས་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་རླུང་གི་ཁམས་མ་ཡིན་ནོ། །ནམ་མཁའི་ཁམས་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་མེའི་མཁའི་ཁམས་ མ་ཡིན་ནོ། །རྣམ་པར་ཤེས་པའི་ཁམས་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་རྣམ་པར་ཤེས་པའི་ཁམས་མ་ཡིན་ནོ། །མ་རིག་པའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་མ་ རིག་པ་མ་ཡིན་ནོ། །འདུ་བྱེད་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་འདུ་བྱེད་མ་ཡིན་ནོ། །རྣམ་པར་ཤེས་པའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་རྣམ་པར་ཤེས་པ་མ་ཡིན་ ནོ༑ ༑མིང་དང་གཟུགས་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་མིང་དང་གཟུགས་མ་ཡིན་ནོ། །སྐྱེ་མཆེད་དྲུག་གི་མ་བཅིངས་མ་གྲོལ་པ་ཉིད་གང་ཡིན་པ་དེ་སྐྱེ་མཆེད་དྲུག་མ་ཡིན་ནོ། ། རེག་པའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་རེག་པ་མ་ཡིན་ནོ། །ཚོར་བའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་ཚོར་བ་མ་ཡིན་ནོ། །སྲེད་པའི་མ་བཅིངས་མ་གྲོལ་བ་ཉིད་གང་ [52A]༄༅། །ཡིན་པ་དེ་སྲེད་པ་མ་ཡིན་ནོ། །ལེན་པའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་ལེན་པ་མ་ཡིན་ནོ། །སྲིད་པའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་སྲིད་ པ་མ་ཡིན་ནོ། །སྐྱེ་བའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་སྐྱེ་བ་མ་ཡིན་ནོ། །རྒ་ཤིའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་རྒ་ཤི་མ་ཡིན་ནོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་ པའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་ཚུལ་ཁྲིམས་ཀྱི་ཕ་ རོལ་ཏུ་ཕྱིན་པ་མ་ཡིན་ནོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མ་ བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་བསམ་གཏན་གྱི་ ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །ནང་སྟོང་པ་ཉིད་ཀྱི་མ་བཅིངས་ མ་གྲོལ་བ་ཉིད་གང་ཡིན་པ་དེ་ནང་སྟོང་པ་ཉིད་མ་ཡིན་ནོ་།ཕྱི་སྟོང་པ་ཉིད་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་ཕྱི་སྟོང་པ་ཉིད་མ་ཡིན་ནོ། །ཕྱི་ནང་སྟོང་པ་ཉིད་ཀྱི་མ་བཅིངས་ [52B]ཡིན་ནོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་སྟོང་པ་ཉིད་སྟོང་པ་ཉིད་མ་ཡིན་ནོ། །ཆེན་པོ་སྟོང་པ་ ཉིད་ཀྱི་མ་བཅིངས་མ་གྲོལ་པ་ཉིད་གང་ཡིན་པ་དེ་ཆེན་པོ་སྟོང་པ་ཉིད་མ་ཡིན་ནོ། །དོན་དམ་པ་སྟོང་པ་ཉིད་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་དོན་དམ་པ་སྟོང་པ་ཉིད་མ་ཡིན་ནོ། ། འདུས་བྱས་སྟོང་པ་ཉིད་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་འདུས་བྱས་སྟོང་པ་ཉིད་མ་ཡིན་ནོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་འདུས་མ་བྱས་ སྟོང་པ་ཉིད་མ་ཡིན་ནོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་མཐའ་ལས་འདས་པ་སྟོང་པ་ཉིད་མ་ཡིན་ནོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་མ་ཡིན་ནོ། །དོར་བ་མེད་པ་སྟོང་པ་ཉིད་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་དོར་བ་མེད་པ་སྟོང་ པ་ཉིད་མ་ཡིན་ནོ། །རང་བཞིན་སྟོང་པ་ཉིད་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་རང་བཞིན་སྟོང་པ་ཉིད་མ་ཡིན་ནོ་།ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ ཡིན་པ་དེ་ཆོས་ཐམས་ཅད་སྟོང་པ་ཉིད་མ་ཡིན་ནོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་རང་གི་མཚན་ཉིད་སྟོང་པ་ཉིད་མ་ཡིན་ནོ། །མི་དམིགས་ [53A]༄༅། །པ་སྟོང་པ་ཉིད་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་མི་དམིགས་པ་སྟོང་པ་ཉིད་མ་ཡིན་ནོ། །དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་མ་བཅིངས་མ་གྲོལ་བ་ཉིད་ གང་ཡིན་པ་དེ་དངོས་པོ་མེད་པ་སྟོང་པ་ཉིད་མ་ཡིན་ནོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་ངོ་བོ་ཉིད་སྟོང་པ་ཉིད་མ་ཡིན་ནོ། །དངོས་པོ་མེད་པའི་ངོ་བོ་ ཉིད་སྟོང་པ་ཉིད་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་ཡིན་ནོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་མ་བཅིངས་མ་གྲོལ་བ་ཉིད་ གང་ཡིན་པ་དེ་དྲན་པ་ཉེ་བར་གཞག་པ་རྣམས་མ་ཡིན་ནོ། །ཡང་དག་པར་སྤོང་བ་རྣམས་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་ཡང་དག་པར་སྤོང་པ་རྣམས་མ་ཡིན་ནོ། །རྫུ་ འཕྲུལ་གྱི་རྐང་པ་རྣམས་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་རྫུ་འཕྲུལ་གྱི་རྐང་པ་རྣམས་མ་ཡིན་ནོ། །དབང་པོ་རྣམས་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་དབང་པོ་ རྣམས་མ་ཡིན་ནོ། །སྟོབས་རྣམས་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་སྟོབས་རྣམས་མ་ཡིན་ནོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་ པ་དེ་བྱང་ཆུབ་ཀྱི་ཡན་ལག་རྣམས་མ་ཡིན་ནོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་ཡིན་ [53B] ༑འཕགས་པའི་བདེན་པ་རྣམས་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་འཕགས་པའི་བདེན་པ་རྣམས་མ་ཡིན་ནོ། །བསམ་གཏན་རྣམས་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་ དེ་བསམ་གཏན་རྣམས་མ་ཡིན་ནོ། །ཚད་མེད་པ་རྣམས་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་ཚད་མེད་པ་རྣམས་མ་ཡིན་ནོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་མ་ བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་མ་ཡིན་ནོ། །རྣམ་པར་ཐར་པ་བརྒྱད་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་རྣམ་པར་ཐར་པ་བརྒྱད་ མ་ཡིན་ནོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མ་ཡིན་ནོ། །རྣམ་པར་ཐར་པའི་ སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་མ་ཡིན་ནོ། ། མངོན་པར་ཤེས་པ་རྣམས་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་མངོན་པར་ཤེས་པ་རྣམས་མ་ཡིན་ནོ། །ཏིང་ངེ་འཛིན་རྣམས་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་ཏིང་ངེ་འཛིན་ རྣམས་མ་ཡིན་ནོ། །གཟུངས་ཀྱི་སྒོ་རྣམས་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་གཟུངས་ཀྱི་སྒོ་རྣམས་མ་ཡིན་ནོ། །དེ་བཞིན་གཤེགས་པའི་སྟོབས་བཅུའི་མ་བཅིངས་མ་གྲོལ་བ་ཉིད་གང་ [54A]༄༅། །ཡིན་པ་དེ་དེ་བཞིན་གཤེགས་པའི་སྟོབས་བཅུ་མ་ཡིན་ནོ། །མི་འཇིགས་པ་བཞིའི་མ་བཅིངས་མ་གྲོལ་པ་ཉིད་གང་ཡིན་པ་དེ་མི་འཇིགས་པ་བཞི་མ་ཡིན་ནོ། ། སོ་སོ་ཡང་དག་པར་རིག་པ་བཞིའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་སོ་སོ་ཡང་དག་པར་རིག་པ་བཞི་མ་ཡིན་ནོ། །བྱམས་པ་ཆེན་པོའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་ དེ་བྱམས་པ་ཆེན་པོ་མ་ཡིན་ནོ། །སྙིང་རྗེ་ཆེན་པོའི་མ་བཅིངས་མ་གྲོལ་པ་ཉིད་གང་ཡིན་པ་དེ་སྙིང་རྗེ་ཆེན་པོ་མ་ཡིན་ནོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་མ་བཅིངས་མ་ གྲོལ་པ་ཉིད་གང་ཡིན་པ་དེ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་མ་ཡིན་ནོ། །རྒྱུན་དུ་ཞུགས་པའི་འབྲས་བུའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་རྒྱུན་དུ་ཞུགས་པའི་འབྲས་ བུ་མ་ཡིན་ནོ། །ལན་གཅིག་ཕྱིར་འོང་བའི་འབྲས་བུའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མ་ཡིན་ནོ། །ཕྱིར་མི་འོང་བའི་འབྲས་བུའི་མ་ བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་ཕྱིར་མི་འོང་བའི་འབྲས་བུ་མ་ཡིན་ནོ། །དགྲ་བཅོམ་པ་ཉིད་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་དགྲ་བཅོམ་པ་ཉིད་མ་ཡིན་ནོ། །རང་ བྱང་ཆུབ་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་རང་བྱང་ཆུབ་མ་ཡིན་ནོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་ལམ་གྱི་རྣམ་པ་ཤེས་པ་ཉིད་ [54B] །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་ དེ་ནི། འདི་ལྟར་གཟུགས་ནི། ཤིན་ཏུ་རྣམ་པར་དག་པའོ། །ཚོར་བ་ནི་ཤིན་ཏུ་རྣམ་པར་དག་པའོ། །འདུ་ཤེས་ནི། ཤིན་ཏུ་རྣམ་པར་དག་པའོ། །འདུ་བྱེད་ནི། ཤིན་ཏུ་རྣམ་པར་དག་པའོ། །རྣམ་ པར་ཤེས་པ་ནི། ཤིན་ཏུ་རྣམ་པར་དག་པའོ། །མིག་ནི། ཤིན་ཏུ་རྣམ་པར་དག་པའོ། །རྣ་བ་ནི། ཤིན་ཏུ་རྣམ་པར་དག་པའོ། །སྣ་ནི་ཤིན་ཏུ་རྣམ་པར་དག་པའོ། །ལྕེ་ནི། ཤིན་ཏུ་རྣམ་པར་ དག་པའོ། །ལུས་ནི། ཤིན་ཏུ་རྣམ་པར་དག་པའོ། །ཡིད་ནི། ཤིན་ཏུ་རྣམ་པར་དག་པའོ། །གཟུགས་ནི། ཤིན་ཏུ་རྣམ་པར་དག་པའོ། །སྒྲ་ནི། ཤིན་ཏུ་རྣམ་པར་དག་པའོ། །དྲི་ནི། ཤིན་ཏུ་ རྣམ་པར་དག་པའོ། །རོ་ནི། ཤིན་ཏུ་རྣམ་པར་དག་པའོ། །རེག་ནི་ཤིན་ཏུ་རྣམ་པར་དག་པའོ། །ཆོས་ནི། ཤིན་ཏུ་རྣམ་པར་དག་པའོ་།མིག་གི་རྣམ་པར་ཤེས་པ་ནི། ཤིན་ཏུ་རྣམ་པར་ དག་པའོ། །རྣ་བའི་རྣམ་པར་ཤེས་པ་ནི། ཤིན་ཏུ་རྣམ་པར་ངག་པའོ། །སྣའི་རྣམ་པར་ཤེས་པ་ནི། ཤིན་ཏུ་རྣམ་པར་དག་པའོ་།ལྕེའི་རྣམ་པར་ཤེས་པ་ནི། ཤིན་ཏུ་རྣམ་པར་དག་པའོ། ། ལུས་ཀྱི་རྣམ་པར་ཤེས་པ་ནི། ཤིན་ཏུ་རྣམ་པར་དག་པའོ། །ཡིད་ཀྱི་རྣམ་པར་ཤེས་པ་ནི། ཤིན་ཏུ་རྣམ་པར་དག་པའོ། །མིག་གི་འདུས་ཏེ་རེག་པ་ནི། ཤིན་ཏུ་རྣམ་པར་དག་པའོ། །རྣ་ [55A]༄༅། །བའི་འདུས་ཏེ་རེག་པ་ནི། ཤིན་ཏུ་རྣམ་པར་དག་པའོ་།སྣའི་འདུས་ཏེ་རེག་པ་ནི། ཤིན་ཏུ་རྣམ་པར་དག་པའོ། །ལྕེའི་འདུས་ཏེ་རེག་པ་ནི། ཤིན་ཏུ་རྣམ་ པར་དག་པའོ། །ལུས་ཀྱི་འདུས་ཏེ་རེག་པ་ནི། ཤིན་ཏུ་རྣམ་པར་དག་པའོ། །ཡིད་ཀྱི་འདུས་ཏེ་རེག་པ་ནི། ཤིན་ཏུ་རྣམ་པར་དག་པའོ། །མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་ ཤིན་ཏུ་རྣམ་པར་དག་པའོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི། ཤིན་ཏུ་རྣམ་པར་དག་པའོ། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི། ཤིན་ཏུ་རྣམ་པར་དག་ པའོ༑ ༑ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི། ཤིན་ཏུ་རྣམ་པར་དག་པའོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི། ཤིན་ཏུ་རྣམ་པར་དག་པའོ། །ཡིད་ཀྱི་འདུས་ ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི། ཤིན་ཏུ་རྣམ་པར་དག་པའོ་།སའི་ཁམས་ནི། ཤིན་ཏུ་རྣམ་པར་དག་པའོ། །ཆུའི་ཁམས་ནི། ཤིན་ཏུ་རྣམ་པར་དག་པའོ། །མེའི་ཁམས་ནི། ཤིན་ ཏུ་རྣམ་པར་དག་པའོ། །རླུང་གི་ཁམས་ནི། ཤིན་ཏུ་རྣམ་པར་དག་པའོ། །ནམ་མཁའི་ཁམས་ནི། ཤིན་ཏུ་རྣམ་པར་དག་པའོ། །རྣམ་པར་ཤེས་པའི་ཁམས་ནི། ཤིན་ཏུ་རྣམ་པར་ དག་པའོ། །མ་རིག་པ་ནི། ཤིན་ཏུ་རྣམ་པར་དག་པའོ། །འདུ་བྱེད་ནི་ཤིན་ཏུ་རྣམ་པར་དག་པའོ། །རྣམ་པར་ཤེས་པ་ནི། ཤིན་ཏུ་རྣམ་པར་དག་པའོ། །མིང་དང་གཟུགས་ནི། ཤིན་ [55B] །སྐྱེ་མཆེད་དྲུག་ནི། ཤིན་ཏུ་རྣམ་པར་དག་པའོ། །རེག་པ་ནི། ཤིན་ཏུ་རྣམ་པར་དག་པའོ། །ཚོར་བ་ནི་ཤིན་ཏུ་རྣམ་པར་དག་པའོ། །སྲེད་པ་ནི། ཤིན་ཏུ་རྣམ་ པར་དག་པའོ། །ལེན་པ་ནི། ཤིན་ཏུ་རྣམ་པར་དག་པའོ། །སྲིད་པ་ནི་ཤིན་ཏུ་རྣམ་པར་དག་པའོ། །སྐྱེ་བ་ནི། ཤིན་ཏུ་རྣམ་པར་དག་པའོ། །རྒ་ཤི་ནི། ཤིན་ཏུ་རྣམ་པར་དག་པའོ། །སྦྱིན་ པའི་ཕ་རོལ་ཏུ་ཕྱིན་པ་ནི། ཤིན་ཏུ་རྣམ་པར་དག་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཤིན་ཏུ་རྣམ་པར་དག་པའོ་།བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི། ཤིན་ཏུ་རྣམ་པར་དག་པའོ། ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཤིན་ཏུ་རྣམ་པར་དག་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི། ཤིན་ཏུ་རྣམ་པར་དག་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཤིན་ཏུ་ རྣམ་པར་དག་པའོ། །ནང་སྟོང་པ་ཉིད་ནི། ཤིན་ཏུ་རྣམ་པར་དག་པའོ། །ཕྱི་སྟོང་པ་ཉིད་ནི། ཤིན་ཏུ་རྣམ་པར་དག་པའོ། །ཕྱི་ནང་སྟོང་པ་ཉིད་ནི། ཤིན་ཏུ་རྣམ་པར་དག་པའོ། །སྟོང་པ་ཉིད་སྟོང་ པ་ཉིད་ནི། ཤིན་ཏུ་རྣམ་པར་དག་པའོ། །ཆེན་པོ་སྟོང་པ་ཉིད་ནི་ཤིན་ཏུ་རྣམ་པར་དག་པའོ། །དོན་དམ་པ་སྟོང་པ་ཉིད་ནི། ཤིན་ཏུ་རྣམ་པར་དག་པའོ། །འདུས་བྱས་སྟོང་པ་ཉིད་ནི། ཤིན་ ཏུ་རྣམ་པར་དག་པའོ། །འདུས་མ་བྱས་སྟོང་པ་ཉིད་ནི། ཤིན་ཏུ་རྣམ་པར་དག་པའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ནི། ཤིན་ཏུ་རྣམ་པར་དག་པའོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ [56A]༄༅། །ཉིད་ནི། ཤིན་ཏུ་རྣམ་པར་དག་པའོ། །དོར་བ་མེད་པ་སྟོང་པ་ཉིད་ནི། ཤིན་ཏུ་རྣམ་པར་དག་པའོ། །རང་བཞིན་སྟོང་པ་ཉིད་ནི། ཤིན་ཏུ་རྣམ་པར་དག་པའོ། ། ཆོས་ཐམས་ཅད་སྟོང་པ་ཉིད་ནི། ཤིན་ཏུ་རྣམ་པར་དག་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ནི། ཤིན་ཏུ་རྣམ་པར་དག་པའོ། །མི་དམིགས་པ་སྟོང་པ་ཉིད་ནི། ཤིན་ཏུ་རྣམ་པར་དག་པའོ། ། དངོས་པོ་མེད་པ་སྟོང་པ་ཉིད་ནི། ཤིན་ཏུ་རྣམ་པར་དག་པའོ། །ངོ་བོ་ཉིད་སྟོང་པ་ཉིད་ནི། ཤིན་ཏུ་རྣམ་པར་དག་པའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི། ཤིན་ཏུ་རྣམ་པར་དག་ པའོ༑ ༑དྲན་པ་ཉེ་བར་གཞག་པ་རྣམས་ནི། ཤིན་ཏུ་རྣམ་པར་དག་པའོ། །ཡང་དག་པར་སྤོང་བ་རྣམས་ནི། ཤིན་ཏུ་རྣམ་པར་དག་པའོ་།རྫུ་འཕྲུལ་གྱི་རྐང་པ་རྣམས་ནི། ཤིན་ཏུ་རྣམ་ པར་དག་པའོ། །དབང་པོ་ལྔ་ནི། ཤིན་ཏུ་རྣམ་པར་དག་པའོ་།སྟོབས་ལྔ་ནི། ཤིན་ཏུ་རྣམ་པར་དག་པའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི། ཤིན་ཏུ་རྣམ་པར་དག་པའོ། །འཕགས་པའི་ ལམ་ཡན་ལག་བརྒྱད་པ་ནི། ཤིན་ཏུ་རྣམ་པར་དག་པའོ། །འཕགས་པའི་བདེན་པ་རྣམས་ནི། ཤིན་ཏུ་རྣམ་པར་དག་པའོ། །བསམ་གཏན་རྣམས་ནི་ཤིན་ཏུ་རྣམ་པར་དག་པའོ། །ཚད་ མེད་པ་རྣམས་ནི། ཤིན་ཏུ་རྣམ་པར་དག་པའོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ནི། ཤིན་ཏུ་རྣམ་པར་དག་པའོ། །རྣམ་པར་ཐར་པ་བརྒྱད་ནི། ཤིན་ཏུ་རྣམ་པར་དག་པའོ། ། [56B] ཤིན་ཏུ་རྣམ་པར་དག་པའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ནི། ཤིན་ཏུ་རྣམ་པར་དག་ པའོ༑ ༑མངོན་པར་ཤེས་པ་རྣམས་ནི། ཤིན་ཏུ་རྣམ་པར་དག་པའོ་།ཏིང་ངེ་འཛིན་རྣམས་ནི། ཤིན་ཏུ་རྣམ་པར་དག་པའོ། །གཟུངས་ཀྱི་སྒོ་རྣམས་ནི། ཤིན་ཏུ་རྣམ་པར་དག་པའོ། །དེ་བཞིན་ གཤེགས་པའི་སྟོབས་བཅུ་ནི། ཤིན་ཏུ་རྣམ་པར་དག་པའོ། །མི་འཇིགས་པ་བཞི་ནི། ཤིན་ཏུ་རྣམ་པར་དག་པའོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི། ཤིན་ཏུ་རྣམ་པར་དག་པའོ། །བྱམས་ པ་ཆེན་པོ་ནི། ཤིན་ཏུ་རྣམ་པར་དག་པའོ། །སྙིང་རྗེ་ཆེན་པོ་ནི་ཤིན་ཏུ་རྣམ་པར་དག་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི། ཤིན་ཏུ་རྣམ་པར་དག་པའོ། །རྒྱུན་དུ་ཞུགས་ པའི་འབྲས་བུ་ནི། ཤིན་ཏུ་རྣམ་པར་དག་པའོ། །ལན་གཅིག་ཕྱིར་འོང་བའི་འབྲས་བུ་ནི། ཤིན་ཏུ་རྣམ་པར་དག་པའོ། །ཕྱིར་མི་འོང་བའི་འབྲས་བུ་ནི། ཤིན་ཏུ་རྣམ་པར་དག་པའོ། །དགྲ་ བཅོམ་པ་ཉིད་ནི། ཤིན་ཏུ་རྣམ་པར་དག་པའོ། །རང་བྱང་ཆུབ་ནི་ཤིན་ཏུ་རྣམ་པར་དག་པའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི། ཤིན་ཏུ་རྣམ་པར་དག་པའོ། །རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་ནི། ཤིན་ཏུ་རྣམ་པར་དག་པའོ། །རབ་འབྱོར། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་སེམས་ཅན་རྣམས་ལ་ཆོས་ [57A]༄༅། །སྟོན་ཀྱང་སེམས་ཅན་དུ་མི་དམིགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཆོས་ཐམས་ཅད་མི་དམིགས་པ་ལ་དེ་མི་གནས་པའི་ཚུལ་གྱིས་ གནས་ཏེ། གཟུགས་སྟོང་པ་ཉིད་མི་གནས་པའི་ཚུལ་དང། ཚོར་བ་སྟོང་པ་ཉིད་མི་གནས་པའི་ཚུལ་དང། འདུ་ཤེས་སྟོང་པ་ཉིད་མི་གནས་པའི་ཚུལ་དང། འདུ་བྱེད་སྟོང་པ་ཉིད་མི་གནས་ པའི་ཚུལ་དང། རྣམ་པར་ཤེས་པ་སྟོང་པ་ཉིད་མི་གནས་པའི་ཚུལ་དང། མིག་སྟོང་པ་ཉིད་མི་གནས་པའི་ཚུལ་དང། རྣ་བ་སྟོང་པ་ཉིད་མི་གནས་པའི་ཚུལ་དང། སྣ་སྟོང་པ་ཉིད་མི་གནས་ པའི་ཚུལ་དང། ལྕེ་སྟོང་པ་ཉིད་མི་གནས་པའི་ཚུལ་དང། ལུས་སྟོང་པ་ཉིད་མི་གནས་པའི་ཚུལ་དང། ཡིད་སྟོང་པ་ཉིད་མི་གནས་པའི་ཚུལ་དང། གཟུགས་སྟོང་པ་ཉིད་མི་གནས་པའི་ ཚུལ་དང། སྒྲ་སྟོང་པ་ཉིད་མི་གནས་པའི་ཚུལ་དང། དྲི་སྟོང་པ་ཉིད་མི་གནས་པའི་ཚུལ་དང། རོ་སྟོང་པ་ཉིད་མི་གནས་པའི་ཚུལ་དང། རེག་སྟོང་པ་ཉིད་མི་གནས་པའི་ཚུལ་དང་ ཆོས་སྟོང་པ་ཉིད་མི་གནས་པའི་ཚུལ་དང། མིག་གི་རྣམ་པར་ཤེས་པ་སྟོང་པ་ཉིད་མི་གནས་པའི་ཚུལ་དང། རྣ་བའི་རྣམ་པར་ཤེས་པ་སྟོང་པ་ཉིད་མི་གནས་པའི་ཚུལ་དང། སྣའི་རྣམ་ པར་ཤེས་པ་སྟོང་པ་ཉིད་མི་གནས་པའི་ཚུལ་དང། ལྕེའི་རྣམ་པར་ཤེས་པ་སྟོང་པ་ཉིད་མི་གནས་པའི་ཚུལ་དང། ལུས་ཀྱི་རྣམ་པར་ཤེས་པ་སྟོང་པ་ཉིད་མི་གནས་པའི་ཚུལ་དང་ [57B]དང། མིག་གི་འདུས་ཏེ་རེག་པ་སྟོང་པ་ཉིད་མི་གནས་པའི་ཚུལ་དང་རྣ་བའི་འདུས་ཏེ་རེག་པ་སྟོང་པ་ཉིད་མི་གནས་པའི་ཚུལ་དང་ སྣའི་འདུས་ཏེ་རེག་པ་སྟོང་པ་ཉིད་མི་གནས་པའི་ཚུལ་དང། ལྕེའི་འདུས་ཏེ་རེག་པ་སྟོང་པ་ཉིད་མི་གནས་པའི་ཚུལ་དང། ལུས་ཀྱི་འདུས་ཏེ་རེག་པ་སྟོང་པ་ཉིད་མི་གནས་པའི་ཚུལ་དང། ཡིད་ཀྱི་ འདུས་ཏེ་རེག་པ་སྟོང་པ་ཉིད་མི་གནས་པའི་ཚུལ་དང། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྟོང་པ་ཉིད་མི་གནས་པའི་ཚུལ་དང། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྟོང་ པ་ཉིད་མི་གནས་པའི་ཚུལ་དང། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྟོང་པ་ཉིད་མི་གནས་པའི་ཚུལ་དང། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྟོང་པ་ཉིད་མི་གནས་པའི་ཚུལ་ དང། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྟོང་པ་ཉིད་མི་གནས་པའི་ཚུལ་དང། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྟོང་པ་ཉིད་མི་གནས་པའི་ཚུལ་དང། སའི་ཁམས་སྟོང་ པ་ཉིད་མི་གནས་པའི་ཚུལ་དང། ཆུའི་ཁམས་སྟོང་པ་ཉིད་མི་གནས་པའི་ཚུལ་དང། མེའི་ཁམས་སྟོང་པ་ཉིད་མི་གནས་པའི་ཚུལ་དང་རླུང་གི་ཁམས་སྟོང་པ་ཉིད་མི་གནས་པའི་ཚུལ་དང་ ནམ་མཁའི་ཁམས་སྟོང་པ་ཉིད་མི་གནས་པའི་ཚུལ་དང། རྣམ་པར་ཤེས་པའི་ཁམས་སྟོང་པ་ཉིད་མི་གནས་པའི་ཚུལ་དང། མ་རིག་པ་སྟོང་པ་ཉིད་མི་གནས་པའི་ཚུལ་དང། འདུ་བྱེད་སྟོང་པ་ [58A]༄༅། །ཉིད་མི་གནས་པའི་ཚུལ་དང། རྣམ་པར་ཤེས་པ་སྟོང་པ་ཉིད་མི་གནས་པའི་ཚུལ་དང། མིང་དང་གཟུགས་སྟོང་པ་ཉིད་མི་གནས་པའི་ཚུལ་དང། སྐྱེ་མཆེད་ དྲུག་སྟོང་པ་ཉིད་མི་གནས་པའི་ཚུལ་དང། རེག་པ་སྟོང་པ་ཉིད་མི་གནས་པའི་ཚུལ་དང། ཚོར་བ་སྟོང་པ་ཉིད་མི་གནས་པའི་ཚུལ་དང། སྲེད་པ་སྟོང་པ་ཉིད་མི་གནས་པའི་ཚུལ་དང་ ལེན་པ་སྟོང་པ་ཉིད་མི་གནས་པའི་ཚུལ་དང། སྲིད་པ་སྟོང་པ་ཉིད་མི་གནས་པའི་ཚུལ་དང། སྐྱེ་བ་སྟོང་པ་ཉིད་མི་གནས་པའི་ཚུལ་དང། རྒ་ཤི་སྟོང་པ་ཉིད་མི་གནས་པའི་ཚུལ་དང་ སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་མི་གནས་པའི་ཚུལ་དང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་མི་གནས་པའི་ཚུལ་དང། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་མི་ གནས་པའི་ཚུལ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་མི་གནས་པའི་ཚུལ་དང། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་མི་གནས་པའི་ཚུལ་དང། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་མི་གནས་པའི་ཚུལ་དང་ནང་སྟོང་པ་ཉིད་མི་གནས་པའི་ཚུལ་དང། ཕྱི་སྟོང་པ་ཉིད་མི་གནས་པའི་ཚུལ་དང། ཕྱི་ནང་སྟོང་པ་ཉིད་མི་གནས་པའི་ཚུལ་ དང༑ སྟོང་པ་ཉིད་སྟོང་པ་ཉིད་མི་གནས་པའི་ཚུལ་དང། ཆེན་པོ་སྟོང་པ་ཉིད་མི་གནས་པའི་ཚུལ་དང། དོན་དམ་པ་སྟོང་པ་ཉིད་མི་གནས་པའི་ཚུལ་དང། འདུས་བྱས་སྟོང་པ་ཉིད་མི་ [58B] འདུས་མ་བྱས་སྟོང་པ་ཉིད་མི་གནས་པའི་ཚུལ་དང། མཐའ་ལས་འདས་པ་སྟོང་པ་ཉིད་མི་གནས་པའི་ཚུལ་དང། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་མི་གནས་པའི་ ཚུལ་དང། དོར་བ་མེད་པ་སྟོང་པ་ཉིད་མི་གནས་པའི་ཚུལ་དང་རང་བཞིན་སྟོང་པ་ཉིད་མི་གནས་པའི་ཚུལ་དང། ཆོས་ཐམས་ཅད་སྟོང་པ་ཉིད་མི་གནས་པའི་ཚུལ་དང། རང་གི་མཚན་ཉིད་ སྟོང་པ་ཉིད་མི་གནས་པའི་ཚུལ་དང། མི་དམིགས་པ་སྟོང་པ་ཉིད་མི་གནས་པའི་ཚུལ་དང། དངོས་པོ་མེད་པ་སྟོང་པ་ཉིད་མི་གནས་པའི་ཚུལ་དང། ངོ་བོ་ཉིད་སྟོང་པ་ཉིད་མི་གནས་པའི་ཚུལ་ དང། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མི་གནས་པའི་ཚུལ་དང། དྲན་པ་ཉེ་བར་གཞག་པ་སྟོང་པ་ཉིད་མི་གནས་པའི་ཚུལ་དང། ཡང་དག་པར་སྤོང་བ་སྟོང་པ་ཉིད་མི་གནས་པའི་ ཚུལ་དང། རྫུ་འཕྲུལ་གྱི་རྐང་པ་སྟོང་པ་ཉིད་མི་གནས་པའི་ཚུལ་དང། དབང་པོ་སྟོང་པ་ཉིད་མི་གནས་པའི་ཚུལ་དང། སྟོབས་སྟོང་པ་ཉིད་མི་གནས་པའི་ཚུལ་དང། བྱང་ཆུབ་ཀྱི་ཡན་ལག་ སྟོང་པ་ཉིད་མི་གནས་པའི་ཚུལ་དང། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟོང་པ་ཉིད་མི་གནས་པའི་ཚུལ་དང། འཕགས་པའི་བདེན་པ་སྟོང་པ་ཉིད་མི་གནས་པའི་ཚུལ་དང། བསམ་ གཏན་སྟོང་པ་ཉིད་མི་གནས་པའི་ཚུལ་དང། ཚད་མེད་པ་སྟོང་པ་ཉིད་མི་གནས་པའི་ཚུལ་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་སྟོང་པ་ཉིད་མི་གནས་པའི་ཚུལ་དང། རྣམ་ [59A]༄༅། །པར་ཐར་པ་སྟོང་པ་ཉིད་མི་གནས་པའི་ཚུལ་དང། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་སྟོང་པ་ཉིད་མི་གནས་པའི་ཚུལ་དང། རྣམ་པར་ཐར་པའི་སྒོ་སྟོང་ པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་སྟོང་པ་ཉིད་མི་གནས་པའི་ཚུལ་དང། ཏིང་ངེ་འཛིན་སྟོང་པ་ཉིད་མི་གནས་པའི་ཚུལ་དང། གཟུངས་ཀྱི་སྒོ་སྟོང་པ་ཉིད་མི་གནས་པའི་ ཚུལ་དང། དེ་བཞིན་གཤེགས་པའི་སྟོབས་བཅུ་སྟོང་པ་ཉིད་མི་གནས་པའི་ཚུལ་དང། མི་འཇིགས་པ་བཞི་སྟོང་པ་ཉིད་མི་གནས་པའི་ཚུལ་དང། སོ་སོ་ཡང་དག་པར་རིག་པ་སྟོང་པ་ ཉིད་མི་གནས་པའི་ཚུལ་དང། བྱམས་པ་ཆེན་པོ་སྟོང་པ་ཉིད་མི་གནས་པའི་ཚུལ་དང། སྙིང་རྗེ་ཆེན་པོ་སྟོང་པ་ཉིད་མི་གནས་པའི་ཚུལ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ སྟོང་པ་ཉིད་མི་གནས་པའི་ཚུལ་དང། རྒྱུན་དུ་ཞུགས་པའི་འབྲས་བུ་སྟོང་པ་ཉིད་མི་གནས་པའི་ཚུལ་དང། ལན་གཅིག་ཕྱིར་འོང་བའི་འབྲས་བུ་སྟོང་པ་ཉིད་མི་གནས་པའི་ཚུལ་དང། ཕྱིར་ མི་འོང་བའི་འབྲས་བུ་སྟོང་པ་ཉིད་མི་གནས་པའི་ཚུལ་དང། དགྲ་བཅོམ་པ་ཉིད་སྟོང་པ་ཉིད་མི་གནས་པའི་ཚུལ་དང། རང་བྱང་ཆུབ་སྟོང་པ་ཉིད་མི་གནས་པའི་ཚུལ་དང། ལམ་གྱི་རྣམ་ པ་ཤེས་པ་ཉིད་སྟོང་པ་ཉིད་མི་གནས་པའི་ཚུལ་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོང་པ་ཉིད་མི་གནས་པའི་ཚུལ་གྱིས་གནས་ཏེ། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ [59B] གང་ཡང་གནས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་ལ་གནས་པར་བྱ་བ་དེ་ལྟ་བུའི་ངོ་བོ་ཉིད་མི་དམིགས་ཏེ། དངོས་པོ་མེད་པ་ལ་དངོས་པོ་མེད་པ་མི་གནས་སོ། །རང་བཞིན་ ལ་རང་བཞིན་མི་གནས་སོ། །གཞན་གྱི་དངོས་པོ་ལ་གཞན་གྱི་དངོས་པོ་མི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་དེ་དག་ཐམས་ཅད་དམིགས་སུ་མེད་དེ། གང་དམིགས་སུ་མེད་པ་དེ་ནི་ གང་ལའང་མི་གནས་སོ། །རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཆོས་དེ་དག་ཐམས་ཅད་སྟོང་པ་ཉིད་ཐམས་ཅད་ཀྱིས་ རབ་ཏུ་འབྱེད་དེ། རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སངས་རྒྱས་བཅོམ་ལྡན་འདས་རྣམས་དང། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྣམས་དང། རང་སངས་རྒྱས་རྣམས་དང་ཉན་ཐོས་རྣམས་དང། འཕགས་པ་ཐམས་ཅད་ཀྱི་སྐྱོན་དུ་མི་བྱའོ་།དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་སངས་རྒྱས་བཅོམ་ ལྡན་འདས་དེ་དག་དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང། རང་སངས་རྒྱས་དེ་དག་དང། ཉན་ཐོས་དེ་དག་གིས་ཀྱང་ཆོས་ཉིད་དེ་རྗེས་སུ་རྟོགས་ཏེ། ཆོས་ཉིད་དེ་རྗེས་སུ་རྟོགས་ ནས་ཀྱང་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། དེ་ལའང་ཆོས་རྣམས་ཀྱི་ཆོས་ཉིད་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཀྱི་དབྱིངས་ནི། འདའ་བ་མེད་དོ། །དེ་བཞིན་ཉིད་དང་ [60A]༄༅། །ཡང་དག་པའི་མཐའ་ནི། འདའ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ལ་གང་འདའ་བར་འགྱུར་བའི་རང་བཞིན་མེད་དོ།།།།ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་སྟོང་ཕྲག་བརྒྱ་པ། །བམ་པོ་ཉིས་བརྒྱ་གྱ་གཉིས་པ་།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གལ་ཏེ་དེ་ལྟར་ ཆོས་ཀྱི་དབྱིངས་ལའང་འདའ་བ་མ་མཆིས། དེ་བཞིན་ཉིད་དང་ཡང་དག་པའི་མཐའ་ལའང་འདའ་བ་མ་མཆིས་ན། ཅི་ལགས། འོ་ན་གཟུགས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན་ དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། ཚོར་བའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་ མཐའ་ཡང་གཞན་ཞིག་ལགས་སམ། འདུ་ཤེས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། འདུ་ བྱེད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། རྣམ་པར་ཤེས་པའང་གཞན་ལ། ཆོས་ཀྱི་དབྱིངས་ ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། མིག་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་ [60B] རྣ་བའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། སྣའང་ གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། ལྕེའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། ལུས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ ལགས་སམ། ཡིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། གཟུགས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། སྒྲའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་ མཐའ་ཡང་གཞན་ཞིག་ལགས་སམ། དྲིའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། རོའང་གཞན་ལ་ ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། རེག་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་ [61A]༄༅། །གཞན༑ ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ་ཆོས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་ མཐའ་ཡང་གཞན་ཞིག་ལགས་སམ། མིག་གི་རྣམ་པར་ཤེས་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ ལགས་སམ། རྣ་བའི་རྣམ་པར་ཤེས་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། སྣའི་རྣམ་ པར་ཤེས་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ་ལྕེའི་རྣམ་པར་ཤེས་པའང་གཞན་ལ་ ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། ལུས་ཀྱི་རྣམ་པར་ཤེས་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན་ དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། ཡིད་ཀྱི་རྣམ་པར་ཤེས་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན་ ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། མིག་གི་འདུས་ཏེ་རེག་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་ [61B] རྣ་བའི་འདུས་ཏེ་རེག་པའང་གཞན་ལ་ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། སྣའི་འདུས་ཏེ་རེག་ པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། ལྕེའི་འདུས་ཏེ་རེག་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་ གཞན༑ དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། ལུས་ཀྱི་འདུས་ཏེ་རེག་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན་ ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། ཡིད་ཀྱི་འདུས་ཏེ་རེག་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་ གཞན་ཞིག་ལགས་སམ། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ ཞིག་ལགས་སམ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ ལགས་སམ། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའང་གཞན་ལ་ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་ [62A]༄༅། །སམ༑ ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ ལགས་སམ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་ སམ༑ ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའང་གཞན་ལ་ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། སའི་ ཁམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། ཆུའི་ཁམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་ གཞན༑ དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། མེའི་ཁམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་ དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། རླུང་གི་ཁམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་ སམ༑ ནམ་མཁའི་ཁམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། རྣམ་པར་ཤེས་པའི་ [62B] ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ་མ་རིག་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་ གཞན༑ དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། འདུ་བྱེད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་ པའི་མཐའ་ཡང་གཞན་ཞིག་ལགས་སམ། རྣམ་པར་ཤེས་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ་ མིང་དང་གཟུགས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། སྐྱེ་མཆེད་དྲུག་ཀྱང་གཞན་ལ། ཆོས་ཀྱི་ དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། རེག་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན་ ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། ཚོར་བའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ་ སྲེད་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། ལེན་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན་ [63A]༄༅། །དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། སྲིད་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན་ ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། སྐྱེ་བའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ་ རྒ་ཤིའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའང་གཞན་ལ། ཆོས་ ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན་ དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན་ ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན་དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ ཡང་གཞན་ཞིག་ལགས་སམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ [63B] ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའང་གཞན་ལ་ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། ནང་སྟོང་པ་ ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། ཕྱི་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་ གཞན༑ དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། ཕྱི་ནང་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་ དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། སྟོང་པ་ཉིད་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་ སམ༑ ཆེན་པོ་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། དོན་དམ་པ་སྟོང་པ་ཉིད་ཀྱང་གཞན་ ལ༑ ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། འདུས་བྱས་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན་ དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། འདུས་མ་བྱས་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་ [64A]༄༅། །དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་ པའི་མཐའ་ཡང་གཞན་ཞིག་ལགས་སམ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ ཞིག་ལགས་སམ། དོར་བ་མེད་པ་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། རང་བཞིན་ སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་གཞན་ལ་ ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན་ དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། མི་དམིགས་པ་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་ དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། དངོས་པོ་མེད་པ་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ [64B] ངོ་བོ་ཉིད་སྟོང་པ་ཉིད་ཀྱང་གཞན་ལ་ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། དངོས་པོ་མེད་པའི་ངོ་བོ་ ཉིད་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན་དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་གཞན་ལ་ ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན་ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། ཡང་དག་པར་སྤོང་བ་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་ བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་ མཐའ་ཡང་གཞན་ཞིག་ལགས་སམ། དབང་པོ་རྣམས་ཀྱང་གཞན་ལ་ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། སྟོབས་ རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་གཞན་ལ། ཆོས་ཀྱི་ དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན་ [65A]༄༅། །དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། འཕགས་པའི་བདེན་པ་རྣམས་ཀྱང་གཞན་ལ་ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ་བསམ་གཏན་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་ མཐའ་ཡང་གཞན་ཞིག་ལགས་སམ། ཚད་མེད་པ་རྣམས་ཀྱང་གཞན་ལ་ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ་ གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། རྣམ་ པར་ཐར་པ་བརྒྱད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན་དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། མཐར་གྱིས་གནས་པའི་སྙོམས་པར་ འཇུག་པ་དྒུའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་ མཚན་མ་མེད་པ་དང། སྨོན་པ་མེད་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། མངོན་པར་ཤེས་ [65B] ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། ཏིང་ངེ་འཛིན་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། གཟུངས་ཀྱི་སྒོ་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན་ ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། དེ་བཞིན་གཤེགས་པའི་སྟོབས་བྕུའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་ གཞན་ཞིག་ལགས་སམ། མི་འཇིགས་པ་བྮིའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། སོ་སོ་ཡང་ དག་པར་རིག་པ་བྮིའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན་དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། བྱམས་པ་ཆེན་པོའང་གཞན་ལ། ཆོས་ ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། སྙིང་རྗེ་ཆེན་པོའང་གཞན་ལ་ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན་ ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་ [66A]༄༅། །མཐའ་ཡང་གཞན་ཞིག་ལགས་སམ། རྒྱུན་དུ་ཞུགས་པའི་འབྲས་བུའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་ གཞན་ཞིག་ལགས་སམ། ལན་གཅིག་ཕྱིར་འོང་བའི་འབྲས་བུའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་ སམ༑ ཕྱིར་མི་འོང་བའི་འབྲས་བུའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། དགྲ་བཅོམ་པ་ཉིད་ ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། རང་བྱང་ཆུབ་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་ གཞན༑ དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་ པའི་མཐའ་ཡང་གཞན་ཞིག་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ནི། མ་ཡིན་ནོ། །གཟུགས་ཀྱང་གཞན་ལ་ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ [66B] ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །ཚོར་བའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ ཡིན་ནོ༑ ༑འདུ་ཤེས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན་དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །འདུ་བྱེད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །རྣམ་པར་ཤེས་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་ དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །རབ་འབྱོར། མིག་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །རྣ་བའང་ གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །སྣའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་ གཞན༑ ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །ལྕེའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །ལུས་ ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །ཡིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ [67A]༄༅། །ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །རབ་འབྱོར། གཟུགས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན་ ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །སྒྲའང་གཞན་ལ་ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །དྲིའང་ གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །རོའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་ གཞན༑ ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །རེག་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། ། ཆོས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །རབ་འབྱོར། མིག་གི་རྣམ་པར་ཤེས་པའང་གཞན་ལ་ ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །རྣ་བའི་རྣམ་པར་ཤེས་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་ བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །སྣའི་རྣམ་པར་ཤེས་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་ [67B] །ལྕེའི་རྣམ་པར་ཤེས་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། ། ལུས་ཀྱི་རྣམ་པར་ཤེས་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པའང་གཞན་ ལ༑ ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །རབ་འབྱོར། མིག་གི་འདུས་ཏེ་རེག་པའང་གཞན་ལ། ཆོས་ཀྱི་དབྱིངས་ ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །རྣ་བའི་འདུས་ཏེ་རེག་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་ གཞན༑ ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །སྣའི་འདུས་ཏེ་རེག་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་ གཞན་པ་མ་ཡིན་ནོ། །ལྕེའི་འདུས་ཏེ་རེག་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །ལུས་ཀྱི་འདུས་ ཏེ་རེག་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ་།ཡིད་ཀྱི་འདུས་ཏེ་རེག་པའང་གཞན་ལ། ཆོས་ཀྱི་ [68A]༄༅། །དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །རབ་འབྱོར། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའང་ གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའང་གཞན་ལ་ ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའང་གཞན་ལ། ཆོས་ཀྱི་དབྱིངས་ ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་ བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའང་གཞན་ལ་ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་ གཞན༑ ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་ པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །རབ་འབྱོར། སའི་ཁམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ [68B] ༑ཆུའི་ཁམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །མེའི་ཁམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་ གཞན༑ དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །རླུང་གི་ཁམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ ཡང་གཞན་པ་མ་ཡིན་ནོ། །ནམ་མཁའི་ཁམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །རྣམ་པར་ཤེས་པའི་ ཁམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །རབ་འབྱོར། མ་རིག་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་ གཞན༑ དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །འདུ་བྱེད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ ཡང་གཞན་པ་མ་ཡིན་ནོ། །རྣམ་པར་ཤེས་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །མིང་དང་གཟུགས་ ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །སྐྱེ་མཆེད་དྲུག་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་ [69A]༄༅། །བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །རེག་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན་དེ་བཞིན་ཉིད་ཀྱང་གཞན་ ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །ཚོར་བའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། ། སྲེད་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །ལེན་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་ གཞན༑ དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །སྲིད་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་ པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །སྐྱེ་པའང་གཞན་པ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །རྒ་ ཤིའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དགེ་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའང་གཞན་ལ། ཆོས་ཀྱི་ དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན་ [69B] ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་ པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ ནོ༑ ༑བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ་།ནང་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་ གཞན༑ དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །ཕྱི་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་ པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །ཕྱི་ནང་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། ། སྟོང་པ་ཉིད་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །ཆེན་པོ་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ [70A]༄༅། །ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །དོན་དམ་པ་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །འདུས་བྱས་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་ གཞན༑ ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །འདུས་མ་བྱས་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་ གཞན་པ་མ་ཡིན་ནོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །ཐོག་མ་ དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །དོར་བ་མེད་པ་སྟོང་པ་ཉིད་ཀྱང་ གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་ གཞན༑ དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་ [70B] ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ ཡང་གཞན་པ་མ་ཡིན་ནོ། །མི་དམིགས་པ་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །དངོས་པོ་ མེད་པ་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་ དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན་ དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་ དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །ཡང་དག་པར་སྤོང་བ་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་ མ་ཡིན་ནོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །དབང་པོ་རྣམས་ [71A]༄༅། །ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ་།སྟོབས་རྣམས་ཀྱང་གཞན་ལ་ ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན་ དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་ གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །འཕགས་པའི་བདེན་པ་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་ མཐའ་ཡང་གཞན་པ་མ་ཡིན་ནོ། །བསམ་གཏན་རྣམས་ཀྱང་གཞན་ལ་ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། ། ཚད་མེད་པ་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན་དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །གཟུགས་མེད་པའི་སྙོམས་པར་འཇུག་ པ་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ་།རྣམ་པར་ཐར་པ་བརྒྱད་ཀྱང་གཞན་ལ། ཆོས་ [71B] དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དྒུའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་ གཞན༑ དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའང་གཞན་ལ། ཆོས་ཀྱི་ དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །མངོན་པར་ཤེས་པ་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །ཏིང་ངེ་འཛིན་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ པ་མ་ཡིན་ནོ། །གཟུངས་ཀྱི་སྒོ་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །དེ་བཞིན་གཤེགས་པའི་ སྟོབས་བྕུའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ་།མི་འཇིགས་པ་བྮིའང་གཞན་ལ། ཆོས་ཀྱི་དབྱིངས་ ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །སོ་སོ་ཡང་དག་པར་རིག་པ་བྮིའང་གཞན་ལ་ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་ [72A]༄༅། །གཞན༑ ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ་།བྱམས་པ་ཆེན་པོའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་ མཐའ་ཡང་གཞན་པ་མ་ཡིན་ནོ། །སྙིང་རྗེ་ཆེན་པོའང་གཞན་ལ་ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །སངས་རྒྱས་ ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །རྒྱུན་དུ་ཞུགས་པའི་འབྲས་བུའང་ གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །ལན་གཅིག་ཕྱིར་འོང་བའི་འབྲས་བུའང་གཞན་ལ། ཆོས་ཀྱི་དབྱིངས་ ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །ཕྱིར་མི་འོང་བའི་འབྲས་བུའང་གཞན་ལ་ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན་ ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །དགྲ་བཅོམ་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ ནོ༑ ༑རང་བྱང་ཆུབ་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱང་གཞན་ལ་ [72B] དེ་བཞིན་ཉིད་ཀྱང་གཞན་ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་ བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས། གལ་ཏེ་གཟུགས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་ གཞན༑ ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། ཚོར་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས་ འདུ་ཤེས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། འདུ་བྱེད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན་ དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། རྣམ་པར་ཤེས་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ ཡང་གཞན་པ་མ་ལགས། མིག་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། རྣ་བའང་གཞན་ལ། ཆོས་ཀྱི་དབྱིངས་ ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། སྣའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན་དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ [73A]༄༅། །ཡང་གཞན་པ་མ་ལགས། ལྕེའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། ལུས་ཀྱང་ གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། ཡིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་ གཞན༑ ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། གཟུགས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས་ སྒྲའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། དྲིའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་ གཞན༑ ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། རོའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། རག་[*REG?] ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། ཆོས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། མིག་གི་རྣམ་པར་ཤེས་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན་དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་ [73B] རྣ་བའི་རྣམ་པར་ཤེས་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། སྣའི་ རྣམ་པར་ཤེས་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། ལྕེའི་རྣམ་པར་ཤེས་པའང་གཞན་ལ། ཆོས་ ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། ལུས་ཀྱི་རྣམ་པར་ཤེས་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། ཡིད་ཀྱི་རྣམ་པར་ཤེས་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན་དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ ཡང་གཞན་པ་མ་ལགས། མིག་གི་འདུས་ཏེ་རེག་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། རྣ་བའི་འདུས་ ཏེ་རེག་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས་སྣའི་འདུས་ཏེ་རེག་པའང་གཞན་ལ། ཆོས་ཀྱི་དབྱིངས་ ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། ལྕེའི་འདུས་ཏེ་རེག་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན་ [74A]༄༅། །ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། ལུས་ཀྱི་འདུས་ཏེ་རེག་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་ མཐའ་ཡང་གཞན་པ་མ་ལགས། ཡིད་ཀྱི་འདུས་ཏེ་རེག་པའང་གཞན་ལ་ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་ གཞན་པ་མ་ལགས། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ ལགས༑ རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའང་གཞན་ལ་ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། སྣའི་ འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། ལྕེའི་འདུས་ཏེ་ རེག་པའི་རྐྱེན་གྱིས་ཚོར་བའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། ལུས་ཀྱི་འདུས་ཏེ་རེག་པའི་ རྐྱེན་གྱིས་ཚོར་བའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ [74B] ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། སའི་ཁམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་ གཞན༑ དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། ཆུའི་ཁམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་ པའི་མཐའ་ཡང་གཞན་པ་མ་ལགས། མེའི་ཁམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། རླུང་གི་ ཁམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། ནམ་མཁའི་ཁམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་ གཞན༑ དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། རྣམ་པར་ཤེས་པའི་ཁམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་ དག་པའི་མཐའ་ཡང་གཞན་པ་མ་ལགས། མ་རིག་པའང་གཞན་ལ་ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། འདུ་བྱེད་ ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། རྣམ་པར་ཤེས་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན་ [75A]༄༅། །དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། མིང་དང་གཟུགས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་ གཞན༑ ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། སྐྱེ་མཆེད་དྲུག་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་ མ་ལགས། རེག་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། ཚོར་བའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་ གཞན༑ དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། སྲེད་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན་དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་ མཐའ་ཡང་གཞན་པ་མ་ལགས། ལེན་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། སྲིད་པའང་གཞན་ ལ༑ ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། སྐྱེ་བའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་ གཞན༑ ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། རྒ་ཤིའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས་ [75B] ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའང་ གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། བཟོད་པའི་ཕ་རོལ་ཏུ་ཕྱིན་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན་ དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན་ ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་ གཞན་པ་མ་ལགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའང་གཞན་ལ་ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། ནང་ སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། ཕྱི་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། ཕྱི་ནང་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན་ [76A]༄༅། །ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། སྟོང་པ་ཉིད་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་ མཐའ་ཡང་གཞན་པ་མ་ལགས། ཆེན་པོ་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། དོན་ དམ་པ་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། འདུས་བྱས་སྟོང་པ་ཉིད་ཀྱང་གཞན་ལ་ ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། འདུས་མ་བྱས་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན་ དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན་ ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ ཡང་གཞན་པ་མ་ལགས། དོར་བ་མེད་པ་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས་ [76B] ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་གཞན་ལ་ ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན་ དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། མི་དམིགས་པ་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་ པའི་མཐའ་ཡང་གཞན་པ་མ་ལགས། དངོས་པོ་མེད་པ་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ ལགས༑ ངོ་བོ་ཉིད་སྟོང་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་ པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་གཞན་ལ། ཆོས་ ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། ཡང་དག་པར་སྤོང་པ་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ [77A]༄༅། །ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། དབང་པོ་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་ གཞན་པ་མ་ལགས། སྟོབས་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། བྱང་ཆུབ་ཀྱི་ཡན་ ལག་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས་འཕགས་པའི་ལམ་ཡན་ལག་བརྒྱད་ པའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། འཕགས་པའི་བདེན་པ་རྣམས་ཀྱང་གཞན་ལ། ཆོས་ ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། བསམ་གཏན་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། ཚད་མེད་པ་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་ [77B] གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་ གཞན་པ་མ་ལགས། རྣམ་པར་ཐར་པ་བརྒྱད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། མཐར་གྱིས་གནས་ པའི་སྙོམས་པར་འཇུག་པ་དྒུའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། རྣམ་པར་ཐར་པའི་སྒོ་སྟོང་པ་ ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའང་གཞན་ལ་ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། མངོན་པར་ ཤེས་པ་རྣམས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། ཏིང་ངེ་འཛིན་རྣམས་ཀྱང་གཞན་ལ། ཆོས་ ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། གཟུངས་ཀྱི་སྒོ་རྣམས་ཀྱང་གཞན་ལ་ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། དེ་བཞིན་གཤེགས་པའི་སྟོབས་བྕུའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན་དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་ [78A]༄༅། །མཐའ་ཡང་གཞན་པ་མ་ལགས། མི་འཇིགས་པ་བྮིའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ པ་མ་ལགས། སོ་སོ་ཡང་དག་པར་རིག་པ་བྮིའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། བྱམས་པ་ཆེན་ པོའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། སྙིང་རྗེ་ཆེན་པོའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་ བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱང་གཞན་ལ་ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན་ ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་རྒྱུན་དུ་ཞུགས་པའི་འབྲས་བུའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན་ ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། ལན་གཅིག་ཕྱིར་འོང་བའི་འབྲས་བུའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་ གཞན་པ་མ་ལགས། ཕྱིར་མི་འོང་བའི་འབྲས་བུའང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། དགྲ་བཅོམ་ [78B] ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། རང་བྱང་ཆུབ་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་ གཞན༑ དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན་ ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་ གཞན་པ་མ་ལགས་ན། འོ་ན་ཇི་ལྟར་ཆོས་རྣམས་ཀྱི་འབྲས་བུ་རྣམ་པར་དགོད་ཅིང། ནག་པོའི་ཆོས་རྣམས་ཀྱི་རྣམ་པར་སྨིན་པ་ནག་པོ་ནི། སེམས་ཅན་དམྱལ་བ་དང། བྱོལ་སོང་གི་སྐྱེ་གནས་ དང། གཤིན་རྗེའི་འཇིག་རྟེན། དཀར་པོའི་ཆོས་རྣམས་ཀྱི་རྣམ་པར་སྨིན་པ་དཀར་པོ་ནི། ལྷ་དང་མི་དཀར་ནག་གི་ཆོས་རྣམས་ཀྱི་རྣམ་པར་སྨིན་པ་དཀར་ནག་ནི། བདེ་བ་དང་སྡུག་བསྔལ་ རྣམས་ཉམས་སུ་མྱོང་བ། མི་གནག་ཅིང་དཀར་བའི་ཆོས་རྣམས་ཀྱི་རྣམ་པར་སྨིན་པ་མི་གནག་ཅིང། དཀར་པ་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་དང། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ དང། ཕྱིར་མི་འོང་བའི་འབྲས་བུ་དང། དགྲ་བཅོམ་པ་ཉིད་དང་རང་བྱང་ཆུབ་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཞེས་བགྱི་བར་རྣམ་པར་དགོད་པར་འགྱུར། བཅོམ་ [79A]༄༅། །ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། ཀུན་རྫོབ་ཀྱི་བདེན་པ་ཚད་མར་བྱས་ཏེ། འབྲས་བུ་རྣམས་པར་དགོད་པ་བསྟན་གྱི་དོན་དམ་པའི་བདེན་པས་ནི་ འབྲས་བུ་རྣམ་པར་དགོད་པར་བསྟན་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་དེ་ནི། རྣམ་པར་བརྟག་ཏུ་མེད་པ། བརྗོད་དུ་མེད་པ་ཐ་སྙད་མེད་པ་སྟེ། འདི་ལྟར་མིང་བདེན་པ་དང་ གཟུགས་བདེན་པ་དང། སྐྱེ་བ་མེད་པ་དང། འགག་པ་མེད་པ་དང། ཀུན་ནས་ཉོན་མོངས་པ་མེད་པ་དང། རྣམ་པར་བྱང་བ་མེད་པ་སྟེ། འདི་ནི། མཐའ་ལས་འདས་པ་སྟོང་པ་ཉིད་དང། ཐོག་མ་ དང་ཐ་མ་མེད་པ་སྟོང་པ་ཉིད་དོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ཀུན་རྫོབ་ཀྱི་བདེན་པ་ཉེ་བར་བཟུང་སྟེ། འབྲས་བུ་རྣམ་པར་དགོད་པ་ལགས་ཀྱི། དོན་དམ་པའི་བདེན་ པར་མ་ལགས་ན། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱང་རྒྱུན་དུ་ཞུགས་པའི་འབྲས་བུ་དང། ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང་ཕྱིར་མི་འོང་བའི་འབྲས་བུ་དང། དགྲ་བཅོམ་ པ་ཉིད་དང། རང་བྱང་ཆུབ་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། ཅི་བྱིས་པ་སོ་སོའི་སྐྱེ་བོ་ རྣམས་ཀུན་རྫོབ་ཀྱི་བདེན་པའམ། དོན་དམ་པའི་བདེན་པ་ཤེས་སམ་གལ་ཏེ་ཤེས་ན་ནི། དེ་དག་ཀྱང་རྒྱུན་དུ་ཞུགས་པའི་འབྲས་བུའམ་ལན་གཅིག་ཕྱིར་འོང་བའི་འབྲས་ [79B] ཕྱིར་མི་འོང་བའི་འབྲས་བུའམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་བམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རྣམ་པར་དགོད་པར་འགྱུར་ན། རབ་འབྱོར། བྱིས་ པ་སོ་སོའི་སྐྱེ་བོ་རྣམས་ལ་ལམ་ཡང་མེད། ལམ་རྣམ་པར་དགོད་པའང་མེད། ལམ་སྒོམ་པའང་མེད་པར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལ་འབྲས་བུ་རྣམ་པར་དགོད་པར་ལྟ་ག་ལས་འོང། རབ་ འབྱོར༑ འཕགས་པའི་གང་ཟག་རྣམས་ལ་ནི། ལམ་ཡང་ཡོད། ལམ་སྒོམ་པའང་ཡོད་པས་ན། དེའི་ཕྱིར་འཕགས་པའི་གང་ཟག་དེ་དག་ལ་འབྲས་བུ་རྣམས་པར་དགོད་པ་ཡོད་དོ། །གསོལ་ པ༑ བཅོམ་ལྡན་འདས། ཅི་ལགས། ལམ་བསྒོམ་པས་འབྲས་བུ་ཐོབ་པའམ་འབྲས་བུ་འཐོབ་པར་བགྱིད་བ་མ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ ནི༑ མ་ཡིན་ཏེ། ལམ་བསྒོམས་པས་འབྲས་བུ་འཐོབ་པའམ། འབྲས་བུ་འཐོབ་པར་བྱ་བ་མེད་དོ། །རབ་འབྱོར། ལམ་མ་བསྒོམས་པར་ཡང་འབྲས་བུ་འཐོབ་པ་མེད་དེ། ལམ་གྱིས་འབྲས་བུ་ འཐོབ་པར་བྱ་བའང་མེད་དོ། །ལམ་ལ་མ་གནས་པར་ཡང་འབྲས་བུ་འཐོབ་པར་མི་འགྱུར་ཏེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལ་སྤྱོད་པའི་ཚེ་ཐབས་མཁས་པས་སེམས་ཅན་རྣམས་ཀྱི་འབྲས་བུ་རྣམ་པར་དགོད་པ་བྱེད་དེ། འདུས་བྱེད་ཀྱི་ཁམས་ལས། འདུས་མ་བྱས་ཀྱི་ཁམས་རིས་སུ་བཅད་ཅིང་འབྲས་བུ་རྣམ་པར་ [80A]༄༅། །དགོད་པ་མི་བྱེད་དོ། །གསོལ་པ། བཅོམ་ལྡན་འདས། གལ་ཏེ་དེ་ལྟར་འདུས་བྱས་ཀྱི་ཁམས་སམ། འདུས་མ་བྱས་ཀྱི་ཁམས་རིས་སུ་བཅད་ཅིང་འབྲས་བུ་རྣམ་པར་ དགོད་པ་མ་མཆིས་ན། བཅོམ་ལྡན་འདས་ཀྱིས་འདི་ནི། ཀུན་ཏུ་སྦྱོར་བ་གསུམ་སྤངས་པས། རྒྱུན་དུ་ཞུགས་པའི་འབྲས་བུའོ། །འདོད་པའི་འདོད་ཆགས་དང། གནོད་སེམས་བསྲབས་པས་ ལན་གཅིག་ཕྱིར་འོང་བའི་འབྲས་བུའོ། །འོག་མའི་ཆ་ཅན་གྱི་ཀུན་ཏུ་སྦྱོར་བ་ལྔ་སྤངས་པས་ཕྱིར་མི་འོང་བའི་འབྲས་བུའོ། །བླ་མའི་ཆ་ཅན་གྱི་ཀུན་ཏུ་སྦྱོར་བ་ལྔ་སྤངས་པས་དགྲ་བཅོམ་པ་ཉིད་ དོ༑ ༑གང་ཅིའང་རུང་སྟེ། ཀུན་འབྱུང་བའི་ཆོས་དེ་དག་ཐམས་ཅད་འགོག་པའི་ཆོས་ཅན་དུ་ཤེས་པས་རང་བྱང་ཆུབ་བོ། །བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤངས་པས་ ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཞེས་གསུངས་ན། བཅོམ་ལྡན་འདས། རིས་སུ་བཅད་ཅིང་འདུས་བྱས་སམ། འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་འབྲས་བུ་རྣམ་པར་གཞག་པ་མ་ མཆིས་ན། གསུངས་པའི་དོན་དེ་བདག་གིས་ཇི་ལྟར་འཚལ་བར་བགྱི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། རྒྱུན་དུ་ཞུགས་པའི་འབྲས་བུའམ། ལན་གཅིག་ཕྱིར་ འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུའམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་བམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདུས་བྱས་སམ། འོན་ [80B] གསོལ་པ། བཅོམ་ལྡན་འདས། དེ་ནི། འདུས་མ་བགྱིས་པའོ། །བདེ་བར་གཤེགས་པ། དེ་ནི། འདུས་མ་བགྱིས་པའོ་།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་ འབྱོར༑ འོ་ན་འདུས་མ་བྱས་ཀྱི་ཆོས་ལ་རིས་སུ་བཅད་པ་ཡོད་དམ་གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་ སེམས༑ གང་གི་ཙེ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ལ་ལས་འདུས་བྱས་དང། འདུས་མ་བྱས་ཀྱི་ཆོས་རྣམས་འདི་ལྟ་སྟེ། མཚན་ཉིད་མེད་པར་མཚན་ཉིད་གཅིག་ཏུ་ཆུད་པར་གྱུར་ན། དེའི་ ཚེ་འདུས་བྱས་ཤེའམ། འདུས་མ་བྱས་ཞེས་ཆོས་གང་ལའང་རིས་སུ་གཅོད་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས། དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ རབ་འབྱོར། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འདི་ལྟ་སྟེ་ནང་སྟོང་པ་ཉིད་དང། ཕྱི་སྟོང་པ་ཉིད་དང། ཕྱི་ནང་སྟོང་ པ་ཉིད་དང། སྟོང་པ་ཉིད་སྟོང་པ་ཉིད་དང། ཆེན་པོ་སྟོང་པ་ཉིད་དང། དོན་དམ་པ་སྟོང་པ་ཉིད་དང། འདུས་བྱས་སྟོང་པ་ཉིད་དང། འདུས་མ་བྱས་སྟོང་པ་ཉིད་དང། མཐའ་ལས་འདས་པ་སྟོང་པ་ ཉིད་དང། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང། དོར་བ་མེད་པ་སྟོང་པ་ཉིད་དང། རང་བཞིན་སྟོང་པ་ཉིད་དང། ཆོས་ཐམས་ཅད་སྟོང་པ་ཉིད་དང། རང་གི་མཚན་ཉིད་སྟོང་པ་ཉིད་དང། མི་ [81A]༄༅། །དམིགས་པ་སྟོང་པ་ཉིད་དང། དངོས་པོ་མེད་པ་སྟོང་པ་ཉིད་དང། ངོ་བོ་ཉིད་སྟོང་པ་ཉིད་དང། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཉེ་བར་བཟུང་སྟེ་སེམས་ཅན་རྣམས་ ལ་རིས་སུ་བཅད་པས་ཆོས་མི་སྟོན་ཏོ། །དེ་བདག་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པའམ། བརྩོན་འགྲུས་ཀྱི་ཕ་ རོལ་ཏུ་ཕྱིན་པའམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའམ། བསམ་གཏན་དང་པོའམ། བསམ་གཏན་གཉིས་པའམ། བསམ་གཏན་གསུམ་ པའམ༑ བསམ་གཏན་བཞི་པའམ། བྱམས་པའམ། སྙིང་རྗེའམ། དགའ་བའམ། བཏང་སྙོམས་སམ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པའམ། རྣམ་ ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པའམ། ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པའམ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་ འཇུག་པའམ། དྲན་པ་ཉེ་བར་གཞག་པ་རྣམས་སམ། ཡང་དག་པར་སྤོང་བ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། དབང་པོ་རྣམས་སམ། སྟོབས་རྣམས་སམ། བྱང་ཆུབ་ ཀྱི་ཡན་ལག་རྣམས་སམ། ལམ་མམ། འཕགས་པའི་བདེན་པ་རྣམས་སམ་བསམ་གཏན་རྣམས་སམ། ཚད་མེད་པ་རྣམས་སམ། གཟུགས་མེད་པའི་སྙོམས་པར་འཇུག་པ་ [81B] རྣམ་པར་ཐར་པ་རྣམས་སམ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའམ། མངོན་པར་ཤེས་པ་ རྣམས་སམ། ཏིང་ངེ་འཛིན་རྣམས་སམ། གཟུངས་ཀྱི་སྒོ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། མི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ་ བྱམས་པ་ཆེན་པོའམ། སྙིང་རྗེ་ཆེན་པོའམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སམ། ཐམས་ཅད་ཤེས་པ་ཉིད་དམ། ལམ་གྱི་རྣམ་པ་ཤེས་པ་ཉིད་དམ། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་དམ། ཆོས་གང་ལའང་མངོན་པར་ཞེན་པ་མེད་དོ། །དེ་མངོན་པར་ཞེན་པ་མེད་པས་གང་ལའང་ཆགས་པ་མེད་དོ། །འདི་ལྟར་དཔེར་ན། དེ་བཞིན་གཤེགས་པའི་ སྤྲུལ་པ་སྦྱིན་པ་ཡོངས་སུ་གཏོང་ཡང། སྦྱིན་པའི་འབྲས་བུ་ལ་ཆགས་པ་མེད་དོ། །སྦྱིན་པའི་འབྲས་བུ་ཉམས་སུ་མྱོང་བ་མེད་དེ་གཞན་དུ་ན་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་ འདའ་བའི་དོན་དུ་སྦྱིན་པ་ཡོངས་སུ་གཏོང་ངོ། །ཚུལ་ཁྲིམས་སྲུང་ཡང་ཚུལ་ཁྲིམས་ཀྱི་འབྲས་བུ་ལ་ཆགས་པ་མེད། ཚུལ་ཁྲིམས་ཀྱི་འབྲས་བུ་ཉམས་སུ་མྱོང་བ་མེད་དེ། གཞན་དུ་ན་སེམས་ ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བའི་དོན་དུ་ཚུལ་ཁྲིམས་སྲུང་ངོ། །བཟོད་པ་སྒོམ་ཡང་བཟོད་པའི་འབྲས་བུ་ལ་ཆགས་པ་མེད་བཟོད་པའི་འབྲས་བུ་ཉམས་སུ་མྱོང་བ་མེད་དོ། ། [82A]༄༅། །གཞན་དུ་ན་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བའི་དོན་དུ་བཟོད་སྒོམ་མོ། །བརྩོན་འགྲུས་རྩོམ་ཡང་བརྩོན་འགྲུས་ཀྱི་འབྲས་བུ་ལ་ ཆགས་པ་མེད། བརྩོན་འགྲུས་ཀྱི་འབྲས་བུ་ཉམས་སུ་མྱོང་བ་མེད་དེ་གཞན་དུ་ན་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བའི་དོན་དུ་བརྩོན་འགྲུས་རྩོམ་མོ། །བསམ་ གཏན་ལ་སྙོམས་པར་འཇུག་ཀྱང་བསམ་གཏན་གྱི་འབྲས་བུ་ལ་ཆགས་པ་མེད། བསམ་གཏན་གྱི་འབྲས་བུ་ཉམས་སུ་མྱོང་བ་མེད་དེ། གཞན་དུ་ན་སེམས་ཅན་ཐམས་ཅད་ཡོངས་སུ་ མྱ་ངན་ལས་འདའ་བའི་དོན་དུ་བསམ་གཏན་ལ་སྙོམས་པར་འཇུག་གོ་།ཤེས་རབ་བསྒོམ་ཡང་ཤེས་རབ་ཀྱི་འབྲས་བུ་ལ་ཆགས་པ་མེད། ཤེས་རབ་ཀྱི་འབྲས་བུ་ཉམས་སུ་མྱོང་བ་ མེད་དེ། གཞན་དུ་ན་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བའི་དོན་དུ་ཤེས་རབ་སྒོམ་མོ། །ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་ཆོས་རྣམས་བསྒོམ་ཡང་ཟག་ པ་དང་བཅས་པ་དང་ཟག་པ་མེད་པའི་ཆོས་ཀྱི་འབྲས་བུ་ལ་ཆགས་པ་མེད། ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་ཆོས་ཀྱི་འབྲས་བུ་ཉམས་སུ་མྱོང་བ་མེད་དེ། གཞན་དུ་ན་ སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བའི་དོན་དུ་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་ཆོས་རྣམས་སྒོམ་མོ། །འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་ [82B] འཇིག་རྟེན་ལས་འདས་པའི་ཆོས་ཀྱིས་འབྲས་བུ་ལ་ཆགས་པ་མེད། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་འབྲས་བུ་ ཉམས་སུ་མྱོང་བ་མེད་དེ། གཞན་དུ་ན་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བའི་དོན་དུ་འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པའི་ཆོས་རྣམས་སྒོམ་མོ། །འདུས་ བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་བསྒོམ་ཡང་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཀྱི་འབྲས་བུ་ལ་ཆགས་པ་མེད། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཀྱི་འབྲས་བུ་ཉམས་སུ་མྱོང་བ་ མེད་དེ། གཞན་དུ་ན་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བའི་དོན་དུ་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་སྒོམ་མོ་།རབ་འབྱོར། དེ་བཞིན་དུ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ཆོས་ཐམས་ཅད་ལ་སྤྱོད་དེ། ཆོས་གང་ལའང་གནས་པའམ། ཆགས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན་ འདི་ལྟར་དེས་ཆོས་རྣམས་ཀྱི་མཚན་ཉིད་ཤིན་ཏུ་ཁོང་དུ་ཆུད་དོ་།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། མཚན་དང་དཔེ་བྱད་བཟང་པོ་མངོན་པར་སྒྲུབ་པ་དང། ཕ་རོལ་ [83A]༄༅། །ཏུ་ཕྱིན་པ་བསྟན་པའི་ལེའུ་སྟེ། དྲུག་ཅུ་གསུམ་པའོ།།།།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། །བམ་པོ་ཉིས་བརྒྱ་གྱ་གསུམ་པ། །དེ་ནས་ཚེ་ དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་རྣམས་ཀྱི་ཆོས་ཀྱི་མཚན་ ཉིད་རབ་ཏུ་རྟོགས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། སྤྲུལ་པ་ནི། འདོད་ཆགས་དང། ཞེ་སྡང་དང། གཏི་མུག་ལ་ཡོངས་སུ་སྤྱོད་པ་མེད་དོ། །བག་ལ་ཉལ་བ་ དང། ཀུན་ནས་ལྡང་བ་ལ་ཡོངས་སུ་སྤྱོད་པ་མེད་དོ། །ཕྱི་ནང་གི་ཆོས་རྣམས་ལ་ཡོངས་སུ་སྤྱོད་པ་མེད་དོ། །ཟག་པ་དང་བཅས་པ་དང། ཟག་པ་མེད་པའི་ཆོས་རྣམས་ལ་ཡོངས་སུ་སྤྱོད་ པ་མེད་དོ། །འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ལ་ཡོངས་སུ་སྤྱོད་པ་མེད་དོ། །གཟུགས་ལ་ཡོངས་སུ་སྤྱོད་པ་མེད་དོ། །ཚོར་བ་ལ་ཡོངས་སུ་སྤྱོད་པ་མེད་དོ། །འདུ་ཤེས་ ལ་ཡོངས་སུ་སྤྱོད་པ་མེད་དོ། །འདུ་བྱེད་ལ་ཡོངས་སུ་སྤྱོད་པ་མེད་དོ། །རྣམ་པར་ཤེས་པ་ལ་ཡོངས་སུ་སྤྱོད་པ་མེད་དོ། །མིག་ལ་ཡོངས་སུ་སྤྱོད་པ་མེད་དོ། །རྣ་བ་ལ་ཡོངས་སུ་སྤྱོད་ པ་མེད་དོ། །སྣ་ལ་ཡོངས་སུ་སྤྱོད་པ་མེད་དོ། །ལྕེ་ལ་ཡོངས་སུ་སྤྱོད་པ་མེད་དོ། །ལུས་ལ་ཡོངས་སུ་སྤྱོད་པ་མེད་དོ། །ཡིད་ལ་ཡོངས་སུ་སྤྱོད་པ་མེད་དོ། །གཟུགས་ལ་ཡོངས་སུ་སྤྱོད་ [83B] །སྒྲ་ལ་ཡོངས་སུ་སྤྱོད་པ་མེད་དོ། །དྲི་ལ་ཡོངས་སུ་སྤྱོད་པ་མེད་དོ། །རོ་ལ་ཡོངས་སུ་སྤྱོད་པ་མེད་དོ། །རེག་ལ་ཡོངས་སུ་སྤྱོད་པ་མེད་དོ། །ཆོས་ལ་ཡོངས་སུ་སྤྱོད་པ་མེད་དོ། །མིག་གི་ རྣམ་པར་ཤེས་པ་ལ་ཡོངས་སུ་སྤྱོད་པ་མེད་དོ། །རྣ་བའི་རྣམ་པར་ཤེས་པ་ལ་ཡོངས་སུ་སྤྱོད་པ་མེད་དོ། །སྣའི་རྣམ་པར་ཤེས་པ་ལ་ཡོངས་སུ་སྤྱོད་པ་མེད་དོ། །ལྕེའི་རྣམ་པར་ཤེས་པ་ལ་ ཡོངས་སུ་སྤྱོད་པ་མེད་དོ། །ལུས་ཀྱི་རྣམ་པར་ཤེས་པ་ལ་ཡོངས་སུ་སྤྱོད་པ་མེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་ལ་ཡོངས་སུ་སྤྱོད་པ་མེད་དོ། །མིག་གི་འདུས་ཏེ་རེག་པ་ལ་ཡོངས་སུ་སྤྱོད་པ་ མེད་དོ། །རྣ་བའི་འདུས་ཏེ་རེག་པ་ལ་ཡོངས་སུ་སྤྱོད་པ་མེད་དོ་།སྣའི་འདུས་ཏེ་རེག་པ་ལ་ཡོངས་སུ་སྤྱོད་པ་མེད་དོ། །ལྕེའི་འདུས་ཏེ་རེག་པ་ལ་ཡོངས་སུ་སྤྱོད་པ་མེད་དོ། །ལུས་ཀྱི་འདུས་ ཏེ་རེག་པ་ལ་ཡོངས་སུ་སྤྱོད་པ་མེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ལ་ཡོངས་སུ་སྤྱོད་པ་མེད་དོ། །མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་ཡོངས་སུ་སྤྱོད་པ་མེད་དོ། །རྣ་བའི་ འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་ཡོངས་སུ་སྤྱོད་པ་མེད་དོ། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་ཡོངས་སུ་སྤྱོད་པ་མེད་དོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ ཚོར་བ་ལ་ཡོངས་སུ་སྤྱོད་པ་མེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་ཡོངས་སུ་སྤྱོད་པ་མེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་ཡོངས་སུ་སྤྱོད་པ་མེད་ [84A]༄༅། །དོ༑ ༑སའི་ཁམས་ལ་ཡོངས་སུ་སྤྱོད་པ་མེད་དོ། །ཆུའི་ཁམས་ལ་ཡོངས་སུ་སྤྱོད་པ་མེད་དོ། །མེའི་ཁམས་ལ་ཡོངས་སུ་སྤྱོད་པ་མེད་དོ། །རླུང་གི་ཁམས་ལ་ ཡོངས་སུ་སྤྱོད་པ་མེད་དོ། །ནམ་མཁའི་ཁམས་ལ་ཡོངས་སུ་སྤྱོད་པ་མེད་དོ། །རྣམ་པར་ཤེས་པའི་ཁམས་ལ་ཡོངས་སུ་སྤྱོད་པ་མེད་དོ་།རྟེན་ཅིང་འབྲེལ་བར་འབྱུང་བ་ལ་ཡོངས་སུ་སྤྱོད་ པ་མེད་དོ། །མ་རིག་པ་ལ་ཡོངས་སུ་སྤྱོད་པ་མེད་དོ། །འདུ་བྱེད་ལ་ཡོངས་སུ་སྤྱོད་པ་མེད་དོ། །རྣམ་པར་ཤེས་པ་ལ་ཡོངས་སུ་སྤྱོད་པ་མེད་དོ། །མིང་དང་གཟུགས་ལ་ཡོངས་སུ་སྤྱོད་བ་མེད་དོ། ། སྐྱེ་མཆེད་དྲུག་ལ་ཡོངས་སུ་སྤྱོད་པ་མེད་དོ། །རེག་པ་ལ་ཡོངས་སུ་སྤྱོད་པ་མེད་དོ། །ཚོར་བ་ལ་ཡོངས་སུ་སྤྱོད་པ་མེད་དོ། །སྲེད་པ་ལ་ཡོངས་སུ་སྤྱོད་པ་མེད་དོ། །ལེན་པ་ལ་ཡོངས་སུ་ སྤྱོད་པ་མེད་དོ། །སྲིད་པ་ལ་ཡོངས་སུ་སྤྱོད་པ་མེད་དོ། །སྐྱེ་བ་ལ་ཡོངས་སུ་སྤྱོད་པ་མེད་དོ། །རྒ་ཤི་ལ་ཡོངས་སུ་སྤྱོད་པ་མེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡོངས་སུ་སྤྱོད་པ་མེད་དོ། ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡོངས་སུ་སྤྱོད་པ་མེད་དོ་།བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡོངས་སུ་སྤྱོད་པ་མེད་དོ་།བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡོངས་སུ་སྤྱོད་པ་མེད་ དོ༑ ༑བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡོངས་སུ་སྤྱོད་པ་མེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡོངས་སུ་སྤྱོད་པ་མེད་དོ། །ནང་སྟོང་པ་ཉིད་ལ་ཡོངས་སུ་སྤྱོད་པ་མེད་དོ། །ཕྱི་ [84B] །ཕྱི་ནང་སྟོང་པ་ཉིད་ལ་ཡོངས་སུ་སྤྱོད་པ་མེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ལ་ཡོངས་སུ་སྤྱོད་པ་མེད་དོ། །ཆེན་པོ་སྟོང་པ་ཉིད་ལ་ཡོངས་སུ་སྤྱོད་ པ་མེད་དོ། །དོན་དམ་པ་སྟོང་པ་ཉིད་ལ་ཡོངས་སུ་སྤྱོད་པ་མེད་དོ་།འདུས་བྱས་སྟོང་པ་ཉིད་ལ་ཡོངས་སུ་སྤྱོད་པ་མེད་དོ། །འདུས་མ་བྱས་སྟོང་པ་ཉིད་ལ་ཡོངས་སུ་སྤྱོད་པ་མེད་དོ། །མཐའ་ ལས་འདས་པ་སྟོང་པ་ཉིད་ལ་ཡོངས་སུ་སྤྱོད་པ་མེད་དོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་ཡོངས་སུ་སྤྱོད་པ་མེད་དོ་།དོར་བ་མེད་པ་སྟོང་པ་ཉིད་ལ་ཡོངས་སུ་སྤྱོད་པ་མེད་དོ། །རང་ བཞིན་སྟོང་པ་ཉིད་ལ་ཡོངས་སུ་སྤྱོད་པ་མེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་ཡོངས་སུ་སྤྱོད་པ་མེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ལ་ཡོངས་སུ་སྤྱོད་པ་མེད་དོ། །མི་དམིགས་ པ་སྟོང་པ་ཉིད་ལ་ཡོངས་སུ་སྤྱོད་པ་མེད་དོ། །དངོས་པོ་མེད་པ་སྟོང་པ་ཉིད་ལ་ཡོངས་སུ་སྤྱོད་པ་མེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ལ་ཡོངས་སུ་སྤྱོད་པ་མེད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་ སྟོང་པ་ཉིད་ལ་ཡོངས་སུ་སྤྱོད་པ་མེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ལ་ཡོངས་སུ་སྤྱོད་པ་མེད་དོ། །ཡང་དག་པར་སྤོང་བ་རྣམས་ལ་ཡོངས་སུ་སྤྱོད་པ་མེད་དོ། །རྫུ་འཕྲུལ་གྱི་རྐང་པ་ རྣམས་ལ་ཡོངས་སུ་སྤྱོད་པ་མེད་དོ། །དབང་པོ་རྣམས་ལ་ཡོངས་སུ་སྤྱོད་པ་མེད་དོ། །སྟོབས་རྣམས་ལ་ཡོངས་སུ་སྤྱོད་པ་མེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་ཡོངས་སུ་སྤྱོད་པ་མེད་ [85A]༄༅། །དོ༑ ༑འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་ཡོངས་སུ་སྤྱོད་པ་མེད་དོ། །འཕགས་པའི་བདེན་པ་རྣམས་ལ་ཡོངས་སུ་སྤྱོད་པ་མེད་དོ། །བསམ་གཏན་རྣམས་ ལ་ཡོངས་སུ་སྤྱོད་པ་མེད་དོ། །ཚད་མེད་པ་རྣམས་ལ་ཡོངས་སུ་སྤྱོད་པ་མེད་དོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་ཡོངས་སུ་སྤྱོད་པ་མེད་དོ། །རྣམ་པར་ཐར་པ་བརྒྱད་ ལ་ཡོངས་སུ་སྤྱོད་པ་མེད་དོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་ཡོངས་སུ་སྤྱོད་པ་མེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་ མེད་པ་ལ་ཡོངས་སུ་སྤྱོད་པ་མེད་དོ། །མངོན་པར་ཤེས་པ་རྣམས་ལ་ཡོངས་སུ་སྤྱོད་པ་མེད་དོ། །ཏིང་ངེ་འཛིན་རྣམས་ལ་ཡོངས་སུ་སྤྱོད་པ་མེད་དོ། །གཟུངས་ཀྱི་སྒོ་རྣམས་ལ་ཡོངས་སུ་ སྤྱོད་པ་མེད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་ཡོངས་སུ་སྤྱོད་པ་མེད་དོ། །མི་འཇིགས་པ་བཞི་ལ་ཡོངས་སུ་སྤྱོད་པ་མེད་དོ་།སོ་སོ་ཡང་དག་པར་རིག་པ་བཞི་ལ་ཡོངས་ སུ་སྤྱོད་པ་མེད་དོ། །བྱམས་པ་ཆེན་པོ་ལ་ཡོངས་སུ་སྤྱོད་པ་མེད་དོ། །སྙིང་རྗེ་ཆེན་པོ་ལ་ཡོངས་སུ་སྤྱོད་པ་མེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཡོངས་སུ་ སྤྱོད་པ་མེད་དོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཡོངས་སུ་སྤྱོད་པ་མེད་དོ། །ལན་གཅིག་ཕྱིར་འོང་བའི་འབྲས་བུ་ལ་ཡོངས་སུ་སྤྱོད་པ་མེད་དོ། །ཕྱིར་མི་འོང་བའི་འབྲས་བུ་ [85B] །དགྲ་བཅོམ་པ་ཉིད་ལ་ཡོངས་སུ་སྤྱོད་པ་མེད་དོ། །རང་བྱང་ཆུབ་ལ་ཡོངས་སུ་སྤྱོད་པ་མེད་དོ་།ལམ་གྱི་རྣམ་པར་ཤེས་པ་ཉིད་ལ་ཡོངས་སུ་སྤྱོད་པ་མེད་དོ། །རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་ལ་ཡོངས་སུ་སྤྱོད་པ་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་ཆོས་ཐམས་ཅད་ལ་ཡོངས་སུ་སྤྱོད་པ་མེད་དོ། །རབ་འབྱོར་ དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་རྣམས་ཀྱི་ཆོས་ཀྱི་མཚན་ཉིད་རབ་ཏུ་རྟོགས་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས། སྦྲུལ་པས་ལམ་བསྒོམ་པ་ལ་ བརྟེན་ཀྱང་ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར། རྣམ་པར་བྱང་བར་ཡང་མི་འགྱུར་ལ། འགྲོ་བ་ལྔའི་འཁོར་བ་ནའང་མི་གདའ་ན་ལམ་བསྒོམ་དུ་ཅི་མཆིས། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པའི་སྤྲུལ་པས་དངོས་པོ་ལ་ལ་ཞིག་ལ་རྟེན་ཏེ་ཀུན་ནས་ཉོན་མོངས་པར་འགྱུར་བའམ། རྣམ་པར་བྱང་ བར་འགྱུར་བའམ། འགྲོ་བ་ལྔའི་འཁོར་བ་ན་སྣང་བར་འགྱུར་བ་དེ་ལྟ་བུའི་དངོས་པོ་གང་ཡང་ཡོད་དམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་ཏེ། བཅོམ་ལྡན་འདས། དེ་ བཞིན་གཤེགས་པའི་སྤྲུལ་པས་དངོས་པོ་ལ་ལ་ཞིག་ལ་བརྟེན་ཏེ་ཀུན་ནས་ཉོན་མོངས་པར་འགྱུར་བའམ། རྣམ་པར་བྱང་བར་འགྱུར་བའམ་འགྲོ་བ་ལྔའི་འཁོར་བ་ན་གདའ་བར་འགྱུར་ [86A]༄༅། །བའི་དངོས་པོ་དེ་ལྟ་བུ་གང་ཡང་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ ཆོས་རྣམས་ཀྱི་ཆོས་ཀྱི་ཚུལ་རབ་ཏུ་རྟོགས་པ་ཡིན་ནོ། །གསོལ་པ་བཅོམ་ལྡན་འདས། ཅི་ལགས། གཟུགས་ཐམས་ཅད་སྤྲུལ་པ་ལྟ་བུ་ལགས་སམ། ཚོར་བ་ཐམས་ཅད་སྤྲུལ་པ་ལྟ་ བུ་ལགས་སམ། འདུ་ཤེས་ཐམས་ཅད་སྤྲུལ་པ་ལྟ་བུ་ལགས་སམ། འདུ་བྱེད་ཐམས་ཅད་སྤྲུལ་པ་ལྟ་བུ་ལགས་སམ། རྣམ་པར་ཤེས་པ་ཐམས་ཅད་སྤྲུལ་པ་ལྟ་བུ་ལགས་སམ། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། གཟུགས་ཐམས་ཅད་ནི་སྤྲུལ་པ་ལྟ་བུའོ། །ཚོར་བ་ཐམས་ཅད་ནི། སྤྲུལ་པ་ལྟ་བུའོ། །འདུ་ཤེས་ཐམས་ཅད་ནི། སྤྲུལ་པ་ལྟ་བུའོ། །འདུ་ བྱེད་ཐམས་ཅད་ནི། སྤྲུལ་པ་ལྟ་བུའོ། །རྣམ་པར་ཤེས་པ་ཐམས་ཅད་ནི། སྤྲུལ་པ་ལྟ་བུའོ། །གསོལ་པ། བཅོམ་ལྡན་འདས། དེ་ལྟར་གཟུགས་ཐམས་ཅད་སྤྲུལ་པ་ལྟ་བུ། ཚོར་བ་ཐམས་ ཅད་སྤྲུལ་པ་ལྟ་བུ། འདུ་ཤེས་ཐམས་ཅད་སྤྲུལ་པ་ལྟ་བུ། འདུ་བྱེད་ཐམས་ཅད་སྤྲུལ་པ་ལྟ་བུ། རྣམ་པར་ཤེས་པ་ཐམས་ཅད་སྤྲུལ་པ་ལྟ་བུ་ལགས་ན། བཅོམ་ལྡན་འདས། སྤྲུལ་ པ་ལ་ནི། གཟུགས་མ་མཆིས། ཚོར་བ་མ་མཆིས། འདུ་ཤེས་མ་མཆིས་འདུ་བྱེད་མ་མཆིས། རྣམ་པར་ཤེས་པ་མ་མཆིས། ཀུན་ནས་ཉོན་མོངས་པ་མ་མཆིས། རྣམ་པར་བྱང་བ་མ་ [86B] གང་ལས་འགྲོལ་བར་འགྱུར་བའི་འགྲོ་བ་ལྔའི་འཁོར་བ་མ་མཆིས་ན། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཐུར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ༑ རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་སེམས་ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་ རྗེའི་འཇིག་རྟེན་ནམ། ལྷའམ་མི་དག་ལས་ཡོངས་སུ་གྲོལ་བར་བྱ་བའི་སེམས་ཅན་གང་ཡང་དམིགས་སམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། རབ་འབྱོར། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཁམས་གསུམ་ནས་ཡོངས་སུ་གྲོལ་བར་བྱ་བའི་སེམས་ཅན་གང་ཡང་མི་དམིགས་ སོ༑ ༑དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ནི། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་སོ། །མཐོང་ངོ། །རྟོགས་སོ། །སྤྲུལ་པ་ལྟ་བུར་ཤེས་སོ། །མཐོང་ངོ། །རྟོགས་སོ། །གསོལ་པ། བཅོམ་ལྡན་འདས་ གལ་ཏེ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་འཚལ་ཅིང་མཐོང་སྟེ་རྟོགས་ལ་སྤྲུལ་པ་ལྟ་བུར་འཚལ་ཅིང་མཐོང་སྟེ། རྟོགས་པ་ལགས་ ན༑ གང་གི་དོན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ལགས། བསམ་གཏན་བཞི་ལ་སྤྱོད་པ་ལགས། ཚད་མེད་པ་བཞི་ལ་སྤྱོད་པ་ལགས། གཟུགས་ [87A]༄༅། །མེད་པའི་སྙོམས་པར་འཇུག་པ་བཞི་ལ་སྤྱོད་པ་ལགས། མངོན་པར་ཤེས་པ་ལྔ་ལ་སྤྱོད་པ་ལགས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སྤྱོད་པ་ ལགས༑ འཕགས་པའི་བདེན་པ་བཞི་ལ་སྤྱོད་པ་ལགས། རྣམ་པར་ཐར་པ་བརྒྱད་ལ་སྤྱོད་པ་ལགས། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྤྱོད་པ་ལགས། རྣམ་པར་ ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ལ་སྤྱོད་པ་ལགས། ཏིང་ངེ་འཛིན་ཐམས་ཅད་ལ་སྤྱོད་པ་ལགས། གཟུངས་ཀྱི་སྒོ་ཐམས་ཅད་ལ་སྤྱོད་པ་ལགས་ དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སྤྱོད་པ་ལགས། མི་འཇིགས་པ་བཞི་ལ་སྤྱོད་པ་ལགས། སོ་སོ་ཡང་དག་པར་རིག་པ་བཞི་ལ་སྤྱོད་པ་ལགས། བྱམས་པ་ཆེན་པོ་ལ་སྤྱོད་པ་ ལགས༑ སྙིང་རྗེ་ཆེན་པོ་ལ་སྤྱོད་པ་ལགས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སྤྱོད་པ་ལགས། དེ་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ ཀྱི་ལམ་གྱི་བར་ལ་སྤྱོད་པ་ལགས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱིད་པ་དང། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། རབ་འབྱོར། གལ་ཏེ་སེམས་ཅན་རྣམས་རང་རང་གིས་ཆོས་ཐམས་ཅད་སྤྲུལ་པ་ལྟ་བུར་ཤེས་སུ་ཟིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་སེམས་ [87B]དཔའི་སྤྱད་པ་མི་སྤྱོད་དེ། རབ་འབྱོར། སེམས་ཅན་རྣམས་རང་རང་གིས་ཆོས་ཐམས་ཅད་སྤྲུལ་པ་ལྟ་བུར་མི་ཤེས་པས། དེའི་ ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསྐལ་པ་གྲངས་མེད་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་དོ། །སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡང་ཡོངས་ སུ་དག་པར་བྱེད་དོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། གལ་ཏེ་ཆོས་ཐམས་ཅད་རྨི་ལམ་ལྟ་བུ། སྒྲ་བརྙན་ལྟ་བུ། སྨིག་རྒྱུ་ལྟ་བུ། མིག་ཡོར་ལྟ་བུ། སྒྱུ་མ་ལྟ་བུ། སྤྲུལ་པ་ལྟ་ བུ་ལགས་ན། བཅོམ་ལྡན་འདས། སེམས་ཅན་རྣམས་ཅི་ལ་གནས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སེམས་ཅན་རྣམས་གྱེན་དུ་ བསྐྱོད་པར་བགྱིད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སེམས་ཅན་རྣམས་ནི། མིང་དང་མཚན་མ་ཡང་དག་པ་མ་ཡིན་པར་ཡོངས་སུ་བརྟགས་པ་ལ་གནས་པས་ན། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་དེ་དག་མིང་དང་མཚན་མ་ལས་གྱེན་དུ་སྐྱོད་དོ་།གསོལ་པ། བཅོམ་ལྡན་འདས། མིང་ནི། གང་ ལགས༑ མཚན་མ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་རབ་འབྱོར། འདི་ལྟ་སྟེ། མི་བཞེས་བྱ་བའམ། མཚན་མ་ཞེས་བྱ་བ་འདི་ནི། གློ་བུར་གྱི་མིང་གིས་སྒྲོ་ [88A]༄༅། །བཏགས་པའོ། །འདི་ལྟ་སྟེ། མིང་ཞེས་བྱ་བའམ། མཚན་མ་ཞེས་བྱ་བའམ། གཟུགས་ཞེས་བྱ་བའམ། ཚོར་བ་ཞེས་བྱ་བའམ། འདུ་ཤེས་ཞེས་བྱ་བའམ། འདུ་བྱེད་ ཅེས་བྱ་བའམ། རྣམ་པར་ཤེས་པ་ཞེས་བྱ་བའམ། བུད་མེད་ཅེས་བྱ་བའམ། སྐྱེས་པ་ཞེས་བྱ་བའམ། ཁྱེའུ་ཞེས་བྱ་བའམ། བུ་མོ་ཞེས་བྱ་བའམ། སེམས་ཅན་དམྱལ་བ་པ་ཞེས་བྱ་ བའམ༑ བྱོལ་སོང་གི་སྐྱེ་གནས་པ་ཞེས་བྱ་བའམ། གཤིན་རྗེའི་འཇིག་རྟེན་པ་ཞེས་བྱ་བའམ། ལྷ་ཞེས་བྱ་བའམ། མི་ཞེས་བྱ་བའམ་འདུས་བྱས་ཀྱི་ཆོས་ཞེས་བྱ་བའམ། འདུས་ མ་བྱས་ཀྱི་ཆོས་ཞེས་བྱ་བའམ། རྒྱུན་དུ་ཞུགས་པའི་འབྲས་བུ་ཞེས་བྱ་བའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཞེས་བྱ་བའམ་ཕྱིར་མི་འོང་བའི་འབྲས་བུ་ཞེས་བྱ་བའམ་ དགྲ་བཅོམ་པ་ཉིད་ཅེས་བྱ་བའམ། རང་བྱང་ཆུབ་ཅེས་བྱ་བའམ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱ་བ་འདི་ནི། སྒྱུ་མའི་མིང་གིས་སྒྲོ་བཏགས་པ་སྟེ། རབ་འབྱོར། མིང་ ནི༑ ཐམས་ཅད་མིང་གི་དོན་གྱིས་བཏགས་པ་སྟེ། བྱིས་པ་སོ་སོའི་སྐྱ་བོ་རྣམས་གང་ལ་ཆགས་པར་གྱུར་པའི་འདུས་བྱས་ཐམས་ཅད་ནི། མིང་ཙམ་སྟེ། དེ་དག་ལ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མཁས་པས་མིང་ཐམས་ཅད་ནི། ཡོངས་སུ་རྟོག་པ་ལས་བྱུང་བ་ཡིན་གྱི། ཡོངས་སུ་བརྟགས་པ་ [88B]མ་བྱེད་ཅིག་ཆོས་ཐམས་ཅད་སྟོང་པ་ལ་མཁས་པ་རྣམས་ནི། མངོན་པར་ཞེན་པར་མི་བྱེད་དོ། །ཞེས་སྐུལ་བར་བྱེད་དེ། རབ་ འབྱོར༑ དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མཁས་པས་སེམས་ཅན་རྣམས་ལ་ཆོས་སྟོན་པ་ཡིན་ནོ། །རབ་འབྱོར་ མཚན་མ་གང་ཞེ་ན། གཉིས་པོ་འདི་དག་ནི། བྱིས་པ་སོ་སོའི་སྐྱེ་བོ་རྣམས་གང་ལ་ཆགས་པར་གྱུར་པའི་མཚན་མ་སྟེ། གཉིས་གང་ཞེ་ན། འདི་ལྟ་སྟེ། གཟུགས་ཀྱི་མཚན་མ་དང་ གཟུགས་མེད་པའི་མཚན་མའོ། །རབ་འབྱོར། གཟུགས་ཀྱི་མཚན་མ་གང་ཞེ་ན། འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བའི་གཟུགས་རགས་བའམ། ཕྲ་བའམ། བཟང་བའམ་ ངན་པའམ། རྒྱང་རིང་བའམ། ཐག་ཉེ་བ་གང་ཆོས་ཐམས་ཅད་སྐད་ཅིག་མ་ལ་ཀུན་ཏུ་རྟོག་པས་གཟུང་བ་སྟེ། འདི་ནི། གཟུགས་ཀྱི་མཚན་མ་ཞེས་བྱའོ། །རབ་འབྱོར། གཟུགས་མེད་ པའི་མཚན་མ་གང་ཞེ་ན། གཟུགས་མེད་པའི་ཆོས་གང་ལའང་རུང་སྟེ། མཚན་མར་གཟུང་བས་ཡོངས་སུ་བརྟགས་ཤིང་ཉོན་མོངས་བ་སྐྱེ་བར་འགྱུར་བ་སྟེ། འདི་ནི། གཟུགས་མེད་ པའི་མཚན་མ་ཞེས་བྱའོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མཁས་པས་མཚན་མ་དེ་དག་ལས་བཀྲོལ་ [89A]༄༅། །ཞིང་མཚན་མ་མེད་པའི་དབྱིངས་སུ་འགོད་ཅིང་རབ་ཏུ་གཞོག་སྟེ། ཅི་ནས་ཀྱང་འདི་ནི། མཚན་མའོ། །འདི་ནི། མཚན་མ་མེད་པའོ། །ཞེས་བྱ་བ་གཉིས་སུ་མི་ ལྟུང་བ་དེ་ལྟར་འགོད་ཅིང་གཞོག་སྟེ། རབ་འབྱོར། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མཁས་པས་སེམས་ ཅན་རྣམས་མཚན་མ་ལས་རྣམ་པར་བཀྲོལ་ཅིང། མཚན་མ་མེད་པའི་དབྱིངས་སུ་རབ་ཏུ་འགོད་དོ། །གསོལ་པ། བཅོམ་ལྡན་འདས། གལ་ཏེ་ཆོས་འདི་དག་ཐམས་ཅད་ནི། དེ་ཙམ་ དུ་བས་ཏེ། མིང་དང་མཚན་མར་བས་ལ། བཏགས་པ་ཙམ་དུ་བས་ཏེ་ཡོངས་སུ་བརྟགས་པ་ལས་བྱུང་བ་ལགས་ན། བཅོམ་ལྡན་འདས། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་བདག་ཀྱང་དགེ་བའི་ཆོས་ཀྱི་ཁྱད་པར་འཐོབ་ལ། གཞན་ཡང་དགེ་བའི་ཆོས་ཀྱི་ཁྱད་པར་འཐོབ་པ་ལ་གཞོག་ཅིང་ དགེ་བའི་རྩ་བ་དེ་དག་གིས་ས་ནས་ས་ཡོངས་སུ་རྫོགས་བར་བགྱིད་པ་ལགས། སེམས་ཅན་རྣམས་ཐེག་པ་གསུམ་ལ་སྦྱོར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ རབ་འབྱོར། གལ་ཏེ་དངོས་པོའམ། དངོས་པོའི་མཚན་མ་ཞིག་ཡོད་ན་ནི། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ [89B] གཞན་ཡང་ཁྱད་པར་འཐོབ་པ་ལ་སྦྱོར་བར་མི་འགྱུར་གྱི། འདི་ལྟར་དངོས་པོའི་མཚན་མའང་མེད་པ་དངོས་པོའང་མེད་པས་ན། རབ་ འབྱོར༑ དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་མཚན་མ་མེད་པའི་ཚུལ་གྱིས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་ སུ་རྫོགས་པར་བྱེད་དོ། །མཚན་མ་མེད་པའི་ཚུལ་གྱིས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །མཚན་མ་མེད་བའི་ཚུལ་གྱིས་བཟོད་པའི་ཕ་རོལ་ཏུ་ཕྱིན་ པ་ཡོངས་སུ་རྫོགས་པར་བྱེད་དོ། །མཚན་མ་མེད་པའི་ཚུལ་གྱིས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ་།མཚན་མ་མེད་པའི་ཚུལ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་ པ་ཡོངས་སུ་རྫོགས་པར་བྱེད་དོ། །མཚན་མ་མེད་པའི་ཚུལ་གྱིས་བསམ་གཏན་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །མཚན་མ་མེད་པའི་ཚུལ་གྱིས་ཚད་མེད་པ་བཞི་ཡོངས་སུ་རྫོགས་ པར་བྱེད་དོ། །མཚན་མ་མེད་པའི་ཚུལ་གྱིས་དྲན་པ་ཉེ་བར་གཞག་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །མཚན་མ་མེད་བའི་ཚུལ་གྱིས་ཡང་དག་པར་སྤོང་བ་བཞི་ཡོངས་སུ་རྫོགས་ པར་བྱེད་དོ། །མཚན་མ་མེད་པའི་ཚུལ་གྱིས་རྫུ་འཕྲུལ་གྱི་རྐང་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། མཚན་མ་མེད་པའི་ཚུལ་གྱིས་དབང་པོ་ལྔ་ཡོངས་སུ་རྫོགས་པར་བྱེད་དོ། ། [90A]༄༅། །མཚན་མ་མེད་པའི་ཚུལ་གྱིས་སྟོབས་ལྔ་ཡོངས་སུ་རྫོགས་པར་བྱེད་དོ། །མཚན་མ་མེད་པའི་ཚུལ་གྱིས་བྱང་ཆུབ་ཀྱི་ཡན་ལག་བདུན་ཡོངས་སུ་རྫོགས་བར་བྱེད་དོ། ། མཚན་མ་མེད་པའི་ཚུལ་གྱིས་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་རྫོགས་པར་བྱེད་དོ། །མཚན་མ་མེད་པའི་ཚུལ་གྱིས་ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །མཚན་ མ་མེད་པའི་ཚུལ་གྱིས་ཕྱི་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །མཚན་མ་མེད་པའི་ཚུལ་གྱིས་ཕྱི་ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །མཚན་མ་མེད་པའི་ཚུལ་ གྱིས་སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ་།མཚན་མ་མེད་པའི་ཚུལ་གྱིས་ཆེན་པོ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །མཚན་མ་མེད་པའི་ཚུལ་ གྱིས་དོན་དམ་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །མཚན་མ་མེད་པའི་ཚུལ་གྱིས་འདུས་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །མཚན་མ་མེད་པའི་ཚུལ་གྱིས་ འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །མཚན་མ་མེད་པའི་ཚུལ་གྱིས་མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །མཚན་མ་མེད་པའི་ཚུལ་ གྱིས་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །མཚན་མ་མེད་པའི་ཚུལ་གྱིས་དོར་བ་མེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །མཚན་མ་ [90B]པར་བྱེད་དོ། །མཚན་མ་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །མཚན་མ་མེད་པའི་ ཚུལ་གྱིས་རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །མཚན་མ་མེད་པའི་ཚུལ་གྱིས་མི་དམིགས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །མཚན་མ་མེད་པའི་ ཚུལ་གྱིས་དངོས་པོ་མེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །མཚན་མ་མེད་པའི་ཚུལ་གྱིས་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །མཚན་མ་མེད་པའི་ཚུལ་གྱིས་ དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །མཚན་མ་མེད་པའི་ཚུལ་གྱིས་རྣམ་པར་ཐར་པ་བརྒྱད་ཡོངས་སུ་རྫོགས་པར་བྱེད་དོ། །མཚན་མ་མེད་པའི་ཚུལ་ གྱིས་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོངས་སུ་རྫོགས་པར་བྱེད་དོ། །མཚན་མ་མེད་པའི་ཚུལ་གྱིས་འཕགས་པའི་བདེན་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །མཚན་ མ་མེད་པའི་ཚུལ་གྱིས་རྣམ་པར་ཐར་བའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང། སྨོན་པ་མེད་པ་ཡོངས་སུ་རྫོགས་པར་བྱེད་དོ་།མཚན་མ་མེད་པའི་ཚུལ་གྱིས་མངོན་པར་ཤེས་ པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །མཚན་མ་མེད་པའི་ཚུལ་གྱིས་ཏིང་ངེ་འཛིན་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །མཚན་མ་མེད་པའི་ཚུལ་གྱིས་གཟུངས་ཀྱི་སྒོ་རྣམས་ [91A]༄༅། །ཡོངས་སུ་རྫོགས་པར་བྱེད་དོ། །མཚན་མ་མེད་པའི་ཚུལ་གྱིས་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱེད་དོ་།མཚན་མ་མེད་པའི་ཚུལ་ གྱིས་མི་འཇིགས་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །མཚན་མ་མེད་པའི་ཚུལ་གྱིས་སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །མཚན་མ་མེད་པའི་ཚུལ་ གྱིས་བྱམས་པ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་དོ། །མཚན་མ་མེད་པའི་ཚུལ་གྱིས་སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་བར་བྱེད་དོ་།མཚན་མ་མེད་པའི་ཚུལ་གྱིས་སངས་རྒྱས་ཀྱི་ཆོས་ མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པར་བྱེད་དོ། །དེ་དགེ་བའི་ཆོས་དེ་དག་ཡོངས་སུ་རྫོགས་པར་བྱས་ནས། མཚན་མ་མེད་པའི་ཚུལ་གྱིས་གཞན་ཡང་དགེ་བའི་ཆོས་དེ་དག་ལ་ སྦྱོར་ཏེ། རབ་འབྱོར། གལ་ཏེ་ཆུང་དུ་ན་སྐྲའི་རྩེ་མོའི་ཆ་ཤས་བཞག་པ་ཙམ་གྱི་ཁྱོན་ཅིག་མཚན་མ་ཡོད་ནའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་མཚན་མ་མེད་པ་དྲན་པ་མེད་པ་ཡིད་ལ་བྱེད་པ་མེད་པ་དེ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་ཏེ། སེམས་ཅན་རྣམས་ཀྱང་དེ་བཞིན་ ཉིད་དང། ཟག་པ་མེད་པའི་ཆོས་རྣམས་ལ་གཞོལ་བར་མི་འགྱུར་རོ་།རབ་འབྱོར། ཟག་པ་མེད་པའི་ཆོས་ཐམས་ཅད་ནི། མཚན་མ་མེད་པ་དྲན་པ་མེད་པ། ཡིད་ལ་བྱེད་པ་ [91B] རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཟག་པ་མེད་པའི་ཆོས་རྣམས་ཀྱིས་སེམས་ཅན་ཐམས་ཅད་ ཀྱི་དོན་བྱེད་དོ། །གསོལ་པ། བཅོམ་ལྡན་འདས། གལ་ཏེ་དེ་ལྟར་ཆོས་ཐམས་ཅད་མཚན་མ་མ་མཆིས་ཤིང་དོན་པ་མ་མཆིས་ཏེ། ཡིད་ལ་བགྱི་བ་མ་མཆིས་ན། བཅོམ་ལྡན་འདས་ འདི་ལྟར་འདི་དག་ནི། དགེ་བའི་ཆོས་སོ། །འདི་དག་ནི། མི་དགེ་བའི་ཆོས་སོ། །འདི་དག་ནི། འཇིག་རྟེན་པའི་ཆོས་སོ། །འདི་དག་ནི། འཇིག་རྟེན་ལས་འདས་པའི་ཆོས་སོ། །འདི་དག་ནི་ ཟག་པ་དང་བཅས་པའི་ཆོས་སོ། །འདི་དག་ནི། ཟག་པ་མེད་པའི་ཆོས་སོ། །འདི་དག་ནི། འདུས་བྱས་ཀྱི་ཆོས་སོ། །འདི་དག་ནི། འདུས་མ་བྱས་ཀྱི་ཆོས་སོ། །འདི་དག་ནི། ཐུན་མོང་གི་ཆོས་ སོ༑ ༑འདི་དག་ནི། ཐུན་མོང་མ་ཡིན་པའི་ཆོས་སོ། །འདི་དག་ནི། ཉན་ཐོས་ཀྱི་ཆོས་སོ། །འདི་དག་ནི། རང་སངས་རྒྱས་ཀྱི་ཆོས་སོ། །འདི་དག་ནི། བྱང་ཆུབ་སེམས་དཔའི་ཆོས་སོ། །འདི་ དག་ནི། སངས་རྒྱས་ཀྱི་ཆོས་སོ་ཞེས་བགྱི་བར་ཇི་ལྟར་བགྲང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས། མཚན་མ་མེད་པའང་གཞན་ལ། ཉན་ ཐོས་ཀྱི་ཆོས་རྣམས་ཀྱང་གཞན་ནམ། གསོལ་པ། བཅོམ་ལྡན་འདས། དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། མཚན་མ་ [92A]༄༅། །མེད་པའང་གཞན་ལ། རང་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་གཞན་ནམ། མཚན་མ་མེད་པའང་གཞན་ལ། བྱང་ཆུབ་སེམས་དཔའི་ཆོས་རྣམས་ཀྱང་གཞན་ནམ་ མཚན་མ་མེད་པའང་གཞན་ལ། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་གཞན་ནམ། གསོལ་པ། བཅོམ་ལྡན་འདས། དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་ འབྱོར༑ མཚན་མ་མེད་པ་ཉིད་རྒྱུན་དུ་ཞུགས་པའི་འབྲས་བུའོ། །ལན་གཅིག་ཕྱིར་འོང་བའི་འབྲས་བུའོ། །ཕྱིར་མི་འོང་བའི་འབྲས་བུའོ་།དགྲ་བཅོམ་པ་ཉིད་དོ། །རང་བྱང་ཆུབ་བོ། ། བྱང་ཆུབ་སེམས་དཔའི་ཆོས་སོ། །སངས་རྒྱས་ཀྱི་ཆོས་སོ། །གསོལ་པ། བཅོམ་ལྡན་འདས། དེ་དེ་ལྟ་ལགས་སོ། །བདེ་བར་གཤེགས་པ། དེ་དེ་ལྟ་ལགས་སོ། །བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། རབ་འབྱོར། རྣམ་གྲངས་དེས་ན། འདི་ལྟར་ཆོས་ཐམས་ཅད་ནི། མཚན་མ་མེད་པར་རིག་པར་བྱ་སྟེ། རབ་འབྱོར། ཆོས་ཐམས་ཅད་མཚན་མ་མེད་པ་འདི་ལ་ སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། དགེ་བའི་ཆོས་མང་པོས་རྣམ་པར་འཕེལ་ཏེ། འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་བ་དང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ ཕྱིན་པ་དང། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ནང་སྟོང་ [92B] ཕྱི་སྟོང་པ་ཉིད་དང། ཕྱི་ནང་སྟོང་པ་ཉིད་དང། སྟོང་པ་ཉིད་སྟོང་པ་ཉིད་དང། ཆེན་པོ་སྟོང་པ་ཉིད་དང། དོན་དམ་པ་སྟོང་པ་ཉིད་དང། འདུས་བྱས་སྟོང་པ་ཉིད་དང། འདུས་ མ་བྱས་སྟོང་པ་ཉིད་དང། མཐའ་ལས་འདས་པ་སྟོང་པ་ཉིད་དང་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང། དོར་བ་མེད་པ་སྟོང་པ་ཉིད་དང། རང་བཞིན་སྟོང་པ་ཉིད་དང། ཆོས་ཐམས་ ཅད་སྟོང་པ་ཉིད་དང། རང་གི་མཚན་ཉིད་སྟོང་པ་ཉིད་དང། མི་དམིགས་པ་སྟོང་པ་ཉིད་དང། དངོས་པོ་མེད་པ་སྟོང་པ་ཉིད་དང་ངོ་བོ་ཉིད་སྟོང་པ་ཉིད་དང། དངོས་པོ་མེད་པའི་ངོ་བོ་ ཉིད་སྟོང་པ་ཉིད་དང། དྲན་པ་ཉེ་བར་གཞག་པ་བཞི་དང། ཡང་དག་པར་སྤོང་བ་བཞི་དང། རྫུ་འཕྲུལ་གྱི་རྐང་པ་བཞི་དང་དབང་པོ་ལྔ་དང། སྟོབས་ལྔ་དང། བྱང་ཆུབ་ཀྱི་ཡན་ལག་ བདུན་དང། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང། འཕགས་པའི་བདེན་པ་བཞི་དང། བསམ་གཏན་བཞི་དང། ཚད་མེད་པ་བཞི་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ དང། རྣམ་པར་ཐར་པ་བརྒྱད་དང། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང། སྨོན་པ་མེད་པ་དང་ མངོན་པར་ཤེས་པ་ལྔ་དང། ཏིང་ངེ་འཛིན་ཐམས་ཅད་དང་གཟུངས་ཀྱི་སྒོ་ཐམས་ཅད་དང། དེ་བཞིན་གཤེགས་པའི་སྟོབས་བཅུ་དང། མི་འཇིགས་པ་བཞི་དང། སོ་སོ་ཡང་དག་ [93A]༄༅། །པར་རིག་པ་བཞི་དང། བྱམས་པ་ཆེན་པོ་དང། སྙིང་རྗེ་ཆེན་པོ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་དེ་མ་ཡིན་པའི་སངས་རྒྱས་ཀྱི་ཆོས་ དཔག་ཏུ་མེད་པ་དེ་དག་གིས་རྣམ་པར་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ལ་ བསླབ་པར་བྱ་བམ་གཏོགས་པར་གཞན་ལ་བསླབ་པར་བྱ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པར་ཐར་པའི་སྒོ་གསུམ་དུ་དགེ་བའི་ཆོས་ཐམས་ཅད་མི་འདུས་པ་མེད་དེ། འདི་ལྟར་ རང་གི་མཚན་ཉིད་སྟོང་པ་ཉིད་ནི། སྟོང་པ་ཉིད་རྣམ་པར་ཐར་པའི་སྒོའོ། །མཚན་མ་དང་བྲལ་བ་ནི། མཚན་མ་མེད་པ་རྣམ་པར་ཐར་པའི་སྒོའོ། །མངོན་པར་འདུ་བྱ་བ་མེད་པ་ནི། སྨོན་ པ་མེད་པ་རྣམ་པར་ཐར་པའི་སྒོ་སྟེ། རྣམ་པར་ཐར་པའི་སྒོ་གསུམ་པོ་འདི་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕུང་པོ་ལྔ་ལ་སློབ་པ་ཡིན། སྐྱེ་མཆེད་བཅུ་ གཉིས་ལ་སློབ་པ་ཡིན། ཁམས་བཅོ་བརྒྱད་ལ་སློབ་པ་ཡིན། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་ལ་སློབ་པ་ཡིན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ ཡིན༑ ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ཡིན། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ཡིན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ཡིན། བསམ་གཏན་ [93B] ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ཡིན། ནང་སྟོང་པ་ཉིད་ལ་སློབ་པ་ཡིན་ཕྱི་སྟོང་པ་ཉིད་ལ་སློབ་པ་ཡིན། ཕྱི་ནང་སྟོང་པ་ཉིད་ལ་སློབ་པ་ཡིན་ སྟོང་པ་ཉིད་སྟོང་པ་ཉིད་ལ་སློབ་པ་ཡིན། ཆེན་པོ་སྟོང་པ་ཉིད་ལ་སློབ་པ་ཡིན། དོན་དམ་པ་སྟོང་པ་ཉིད་ལ་སློབ་པ་ཡིན། འདུས་བྱས་སྟོང་པ་ཉིད་ལ་སློབ་པ་ཡིན། འདུས་མ་བྱས་སྟོང་པ་ཉིད་ ལ་སློབ་པ་ཡིན། མཐའ་ལས་འདས་པ་སྟོང་པ་ཉིད་ལ་སློབ་པ་ཡིན་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་སློབ་པ་ཡིན། དོར་བ་མེད་པ་སྟོང་པ་ཉིད་ལ་སློབ་པ་ཡིན། རང་བཞིན་སྟོང་པ་ ཉིད་ལ་སློབ་པ་ཡིན། ཆོས་ཐམས་ཅད་སྟོང་པ་ཉིད་ལ་སློབ་པ་ཡིན་རང་གི་མཚན་ཉིད་སྟོང་པ་ཉིད་ལ་སློབ་པ་ཡིན། མི་དམིགས་པ་སྟོང་པ་ཉིད་ལ་སློབ་པ་ཡིན། དངོས་པོ་མེད་པ་སྟོང་པ་ཉིད་ ལ་སློབ་པ་ཡིན། ངོ་བོ་ཉིད་སྟོང་པ་ཉིད་ལ་སློབ་པ་ཡིན། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སློབ་པ་ཡིན། དྲན་པ་ཉེ་བར་གཞག་པ་བཞི་ལ་སློབ་པ་ཡིན། ཡང་དག་པར་སྤོང་བ་ བཞི་ལ་སློབ་པ་ཡིན། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སློབ་བ་ཡིན། དབང་པོ་ལྔ་ལ་སློབ་པ་ཡིན། སྟོབས་ལྔ་ལ་སློབ་པ་ཡིན་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སློབ་པ་ཡིན། འཕགས་པའི་ ལམ་ཡན་ལག་བརྒྱད་པ་ལ་སློབ་པ་ཡིན། འཕགས་པའི་བདེན་པ་བཞི་ལ་སློབ་པ་ཡིན། བསམ་གཏན་བཞི་ལ་སློབ་པ་ཡིན། ཚད་མེད་པ་བཞི་ལ་སློབ་པ་ཡིན། གཟུགས་མེད་པའི་སྙོམས་པར་ [94A]༄༅། །འཇུག་པ་བཞི་ལ་སློབ་པ་ཡིན། རྣམ་པར་ཐར་པ་བརྒྱད་ལ་སློབ་པ་ཡིན། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སློབ་པ་ཡིན། རྣམ་པར་ཐར་པའི་སྒོ་སྟོང་ པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ལ་སློབ་པ་ཡིན། མངོན་པར་ཤེས་པ་ལྔ་ལ་སློབ་པ་ཡིན། ཏིང་ངེ་འཛིན་ཐམས་ཅད་ལ་སློབ་པ་ཡིན། གཟུངས་ཀྱི་སྒོ་ཐམས་ ཅད་ལ་སློབ་པ་ཡིན། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སློབ་པ་ཡིན། མི་འཇིགས་པ་བཞི་ལ་སློབ་པ་ཡིན། སོ་སོ་ཡང་དག་པར་རིག་པ་བཞི་ལ་སློབ་པ་ཡིན། བྱམས་པ་ཆེན་ པོ་ལ་སློབ་པ་ཡིན། སྙིང་རྗེ་ཆེན་པོ་ལ་སློབ་པ་ཡིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སློབ་པ་ཡིན། ཐམས་ཅད་ཤེས་པ་ཉིད་ལ་སློབ་པ་ཡིན། ལམ་གྱི་རྣམ་པ་ཤེས་པ་ཉིད་ ལ་སློབ་པ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་ཡིན་རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། རྣམ་པ་གང་གི་ཚུལ་དུ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཉེ་བར་ལན་པའི་ཕུང་པོ་ལྔ་ལ་སློབ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་གཟུགས་རབ་ཏུ་ཤེས་ཏེ། གཟུགས་ཇི་ལྟར་སྐྱེ་བ་དང་གཟུགས་ཇི་ལྟར་འགག་པ་དང། གཟུགས་ [94B] །དེ་ལ་ཇི་ལྟར་ན། གཟུགས་ཤེས་པ་ཡིན་ཞེ་ན། འདི་ལྟ་སྟེ། དཔེར་ན། དབུ་བའི་ཕུང་པོ་སྙིང་པོ་མེད་པ་ལྟར་ཤིན་ཏུ་གསོང་ལྡང་དང་ ཤིན་ཏུ་གསེ་ཚོགས་དང། ཤིན་ཏུ་སྙིང་པོ་མེད་པར་རབ་ཏུ་ཤེས་ཏེ་དེ་ལྟར་ན། གཟུགས་ཤེས་པ་ཡིན་ནོ། །ཇི་ལྟར་ན། གཟུགས་ཀྱི་སྐྱེ་བ་དང། འཇིག་པ་ཤེས་པ་ཡིན་ཞེ་ན། གཟུགས་ནི་ གང་ནས་ཀྱང་འོང་བ་མེད་ཅིང། གང་དུའང་འགྲོ་བ་མེད་པས་གང་ནས་ཀྱང་མི་འོང། གང་དུའང་མི་འགྲོ་བ་སྟེ། གང་གང་ནས་ཀྱང་མ་འོངས་པ་དེ་གང་དུའང་མ་སོང་བར་ཤེས་པ་སྟེ། དེ་ལྟར་ ན༑ གཟུགས་ཀྱི་སྐྱེ་བ་དང་འཇིག་པ་ཤེས་པ་ཡིན་ནོ། །ཇི་ལྟར་ན་གཟུགས་ཀྱི་དེ་བཞིན་ཉིད་ཤེས་པ་ཡིན་ཞེ་ན། གཟུགས་ཀྱི་དེ་བཞིན་ཉིད་ནི། མི་སྐྱེ། མི་འགག། འོང་བ་མེད། འགྲོ་བ་མེད་ ཀུན་ནས་ཉོན་མོངས་པ་མ་ཡིན། རྣམ་པར་བྱང་བ་མ་ཡིན། འབྲི་བ་མ་ཡིན། འཕེལ་བ་མ་ཡིན་ཏེ། ཕྱིན་ཅི་ལོག་མ་ཡིན་ཞིང། དེ་བཞིན་ཉིད་དུ་གནས་པ་སྟེ། དེའི་ཕྱིར་དེ་བཞིན་ཉིད་ཅེས་བྱའོ། ། དེ་ལྟར་ན། གཟུགས་ཀྱི་དེ་བཞིན་ཉིད་ཤེས་བ་ཡིན་ནོ། །ཇི་ལྟར་ན་ཚོར་བ་ཤེས་པ་ཡིན་ཞེ་ན། འདི་ལྟ་སྟེ། དཔེར་ན། ཆུའི་ཆུ་བུར་གསོག་ཏུ་འདུག་པ་སྐྱེ་ཞིང་འགག་པ་ལྟར་ཤེས་པ་སྟེ་ དེ་ལྟར་ན། ཚོར་བ་ཤེས་པ་ཡིན་ནོ། །ཇི་ལྟར་ན། ཚོར་བའི་སྐྱེ་བ་དང། འཇིག་པ་ཤེས་པ་ཡིན་ཞེ་ན། ཚོར་བ་ནི། གང་ནས་ཀྱང་འོང་བ་མེད་ཅིང་གང་བུ་རང་འགྲོ་བ་མེད་པས། གང་ནས་ [95A]༄༅། །ཀྱང་མི་འོང་གང་དུའང་མི་འགྲོ་བ་སྟེ། གང་གང་ནས་ཀྱང་མ་འོངས་པ་དེ་གང་དུའང་མ་སོང་བར་ཤེས་པ་སྟེ། དེ་ལྟར་ན། ཚོར་བའི་སྐྱེ་བ་དང། འཇིག་པ་ཤེས་པ་ ཡིན་ནོ༑ ༑ཇི་ལྟར་ན། ཚོར་བའི་དེ་བཞིན་ཉིད་ཤེས་པ་ཡིན་ཞེ་ན་ཚོར་བའི་དེ་བཞིན་ཉིད་ནི། མི་སྐྱེ། མི་འགག། འོང་བ་མེད། འགྲོ་བ་མེད། ཀུན་ནས་ཉོན་མོངས་པ་མ་ཡིན། རྣམ་ པར་བྱང་བ་མ་ཡིན། འབྲི་བ་མ་ཡིན། འཕེལ་བ་མ་ཡིན་ཏེ། ཕྱིན་ཅི་ལོག་མ་ཡིན་ཞིང་དེ་བཞིན་ཉིད་དུ་གནས་པ་སྟེ། དེའི་ཕྱིར་དེ་བཞིན་ཉིད་ཅེས་བྱའོ། །དེ་ལྟར་ན། ཚོར་བའི་དེ་བཞིན་ ཉིད་ཤེས་པ་ཡིན་ནོ། །ཇི་ལྟར་ན། འདུ་ཤེས་ཤེས་པ་ཡིན་ཞེ་ན་འདི་ལྟ་སྟེ། དཔེར་ན། སྨིག་རྒྱལ་ཆུ་ཤིན་ཏུ་མི་དམིགས་པ་ལྟར་ཤེས་པ་སྟེ། དེ་ལྟར་ན། འདུ་ཤེས་ཤེས་པ་ཡིན་ནོ། །ཇི་ ལྟར་ན། འདུ་ཤེས་ཀྱི་སྐྱེ་བ་དང། འཇིག་པ་ཤེས་བ་ཡིན་ཞེ་ན་འདུ་ཤེས་ནི། གང་ནས་ཀྱང་འོང་བ་མེད་ཅིང། གང་དུའང་འགྲོ་བ་མེད་པས་གང་ནས་ཀྱང་མི་འོང་གང་དུའང་མི་འགྲོ་བ་ སྟེ༑ གང་གང་ནས་ཀྱང་མ་འོངས་པ་དེ་གང་དུའང་མས་འཁོར་ཤེས་པ་སྟེ། དེ་ལྟར་ན། འདུ་ཤེས་ཀྱི་སྐྱེ་བ་དང། འཇིག་པ་ཤེས་པ་ཡིན་ནོ། །ཇི་ལྟར་ན། འདུ་ཤེས་ཀྱི་དེ་བཞིན་ཉིད་ཤེས་ པ་ཡིན་ཞེ་ན། འདུ་ཤེས་ཀྱི་དེ་བཞིན་ཉིད་ནི། མི་སྐྱེ། མི་འགག་འོང་བ་མེད། འགྲོ་བ་མེད། ཀུན་ནས་ཉོན་མོངས་པ་མ་ཡིན། རྣམ་པར་བྱང་བ་མ་ཡིན། འབྲི་བ་མ་ཡིན། འཕེལ་བ་ [95B] ཕྱིན་ཅི་ལོག་མ་ཡིན་ཞིང་དེ་བཞིན་ཉིད་དུ་གནས་པ་སྟེ། དེའི་ཕྱིར་དེ་བཞིན་ཉིད་ཅེས་བྱའོ། །དེ་ལྟར་ན། འདུ་ཤེས་ཀྱི་དེ་བཞིན་ཉིད་ཤེས་པ་ཡིན་ན་[*NO?] །ཇི་ལྟར་ན། འདུ་བྱེད་ ཤེས་པ་ཡིན་ཞེ་ན། འདི་ལྟ་སྟེ། དཔེར་ན། ཆུ་ཤིང་ཤུན་པ་སོ་སོར་ཕྱེ་ན། སྙིང་པོ་ཤིན་ཏུ་མི་དམིགས་པ་ལྟར་ཤེས་པ་སྟེ། དེ་ལྟར་ན། འདུ་བྱེད་ཤེས་པ་ཡིན་ནོ། །ཇི་ལྟར་ན། འདུ་བྱེད་ ཀྱི་སྐྱེ་བ་དང། འཇིག་པ་ཤེས་པ་ཡིན་ཞེ་ན། འདུ་བྱེད་ནི། གང་ནས་ཀྱང་འོང་བ་མེད་ཅིང། གང་དུའང་འགྲོ་བ་མེད་པས། གང་ནས་ཀྱང་མི་འོང་གང་དུའང་མི་འགྲོ་བ་སྟེ། གང་གང་ནས་ཀྱང་ མ་འོངས་པ་དེ་གང་དུའང་མ་སོང་བར་ཤེས་པ་སྟེ། དེ་ལྟར་ན་འདུ་བྱེད་ཀྱ་སྐྱེ་བ་དང། འཇིག་པ་ཤེས་པ་ཡིན་ནོ། །ཇི་ལྟར་ན་འདུ་བྱེད་ཀྱི་དེ་བཞིན་ཉིད་ཤེས་པ་ཡིན་ཞེ་ན། འདུ་བྱེད་ ཀྱི་དེ་བཞིན་ཉིད་ནི། མི་སྐྱེ། མི་འགག། འོང་བ་མེད། འགྲོ་བ་མེད་ཀུན་ནས་ཉོན་མོངས་བ་མ་ཡིན། རྣམ་པར་བྱང་བ་མ་ཡིན། འབྲི་བ་མ་ཡིན། འཕེལ་བ་མ་ཡིན་ཏེ། ཕྱིན་ཅི་ལོག་ མ་ཡིན་ཞིང་དེ་བཞིན་ཉིད་དུ་གནས་པ་སྟེ། དེའི་ཕྱིར་དེ་བཞིན་ཉིད་ཅེས་བྱའོ། །དེ་ལྟར་ན། འདུ་བྱེད་ཀྱི་དེ་བཞིན་ཉིད་ཤེས་པ་ཡིན་ནོ། །ཇི་ལྟར་ན། རྣམ་པར་ཤེས་པ་ཤེས་པ་ཡིན་ཞེ་ན་ འདི་ལྟ་སྟེ། དཔེར་ན། སྒྱུ་མ་བྱེད་པས་སྤྲུལ་པའི་དཔུང་གི་ཚོགས་ཡན་ལག་བཞི་པ་ལྟར་ཤེས་པ་སྟེ། དེ་ལྟར་ན། རྣམ་པར་ཤེས་པ་ཤེས་པ་ཡིན་ནོ། །ཇི་ལྟར་ན། རྣམ་པར་ཤེས་ [96A]༄༅། །པའི་སྐྱེ་བ་དང། འཇིག་པ་ཤེས་པ་ཡིན་ཞེ་ན། རྣམ་པར་ཤེས་པ་ནི། གང་ནས་ཀྱང་འོང་བ་མེད་ཅིང། གང་དུའང་འགྲོ་བ་མེད་པས། གང་ནས་ཀྱང་མི་འོང་གང་ དུའང་མི་འགྲོ་བ་སྟེ། གང་གང་ནས་ཀྱང་མ་འོངས་པ་དེ་གང་དུའང་མ་སོང་བར་ཤེས་པ་སྟེ། དེ་ལྟར་ན། རྣམ་པར་ཤེས་པའི་སྐྱེ་བ་དང། འཇིག་པ་ཤེས་པ་ཡིན་ནོ། །ཇི་ལྟར་ན། རྣམ་ པར་ཤེས་པའི་དེ་བཞིན་ཉིད་ཤེས་པ་ཡིན་ཞེ་ན། རྣམ་པར་ཤེས་པའི་དེ་བཞིན་ཉིད་ནི། མི་སྐྱེ། མི་འགག། འོང་བ་མེད། འགྲོ་བ་མེད། ཀུན་ནས་ཉོན་མོངས་པ་མ་ཡིན། རྣམ་པར་ བྱང་བ་མ་ཡིན། འབྲི་བ་མ་ཡིན། འཕེལ་བ་མ་ཡིན་ཏེ། ཕྱིན་ཅི་ལོག་མ་ཡིན་ཞིང་དེ་བཞིན་ཉིད་དུ་གནས་པ་སྟེ། དེའི་ཕྱིར་དེ་བཞིན་ཉིད་ཅེས་བྱའོ། །དེ་ལྟར་ན། རྣམ་པར་ཤེས་པའི་དེ་ བཞིན་ཉིད་ཤེས་པ་ཡིན་ནོ། །ཇི་ལྟར་ན། སྐྱེ་མཆེད་རྣམས་ཤེས་པ་ཡིན་ཞེ་ན། ནང་གི་ཆོས་རྣམས་ནི། ནང་གི་ཆོས་རྣམས་ཀྱིས་སྟོང་ཕྱིའི་ཆོས་རྣམས་ཀྱང་ཕྱིའི་ཆོས་རྣམས་ཀྱིས་ སྟོང་པར་ཤེས་པ་སྟེ། དེ་ལྟར་ན། སྐྱེ་མཆེད་རྣམས་ཤེས་པ་ཡིན་ནོ། །ཇི་ལྟར་ན། ཁམས་རྣམས་ཤེས་པ་ཡིན་ཞེ་ན། མིག་གི་ཁམས་ཀྱང་མིག་གི་ཁམས་ཀྱི་རང་བཞིན་གྱིས་སྟོང་ངོ། ། གཟུགས་ཀྱི་ཁམས་ཀྱང་གཟུགས་ཀྱི་ཁམས་ཀྱི་རང་བཞིན་གྱིས་སྟོང་ངོ། །མིག་གི་རྣམ་པར་ཤེས་པའི་ཁམས་ཀྱང་མིག་གི་རྣམ་པར་ཤེས་པའི་ཁམས་ཀྱི་རང་བཞིན་གྱིས་སྟོང་ངོ། ། [96B]སྟོང་ངོ། །སྒྲའི་ཁམས་ཀྱང་སྒྲའི་ཁམས་ཀྱི་རང་བཞིན་གྱིས་སྟོང་ངོ། །རྣ་བའི་རྣམ་པར་ཤེས་པའི་ཁམས་ཀྱང་རྣ་བའི་རྣམ་ པར་ཤེས་པའི་ཁམས་ཀྱི་རང་བཞིན་གྱིས་སྟོང་ངོ། །སྣའི་ཁམས་ཀྱང་སྣའི་ཁམས་ཀྱི་རང་བཞིན་གྱིས་སྟོང་ངོ། །དྲིའི་ཁམས་ཀྱང་དྲིའི་ཁམས་ཀྱི་རང་བཞིན་གྱིས་སྟོང་ངོ། །སྣའི་ རྣམ་པར་ཤེས་པའི་ཁམས་ཀྱང་སྣའི་རྣམ་པར་ཤེས་པའི་ཁམས་ཀྱི་རང་བཞིན་གྱིས་སྟོང་ངོ། ལྕེའི་ཁམས་ཀྱང་ལྕེའི་ཁམས་ཀྱི་རང་བཞིན་གྱིས་སྟོང་ངོ། །རོའི་ཁམས་ཀྱང་རོའི་ ཁམས་ཀྱི་རང་བཞིན་གྱིས་སྟོང་ངོ། །ལྕེའི་རྣམ་པར་ཤེས་པའི་ཁམས་ཀྱང་ལྕེའི་རྣམ་པར་ཤེས་པའི་ཁམས་ཀྱི་རང་བཞིན་གྱིས་སྟོང་ངོ། །ལུས་ཀྱི་ཁམས་ཀྱང་ལུས་ཀྱི་ཁམས་ཀྱི་རང་ བཞིན་གྱིས་སྟོང་ངོ། །རེག་གི་ཁམས་ཀྱང་རེག་གི་ཁམས་ཀྱི་རང་བཞིན་གྱིས་སྟོང་ངོ། །ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱང་ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་རང་བཞིན་གྱིས་ སྟོང་ངོ། །ཡིད་ཀྱི་ཁམས་ཀྱང་ཡིད་ཀྱི་ཁམས་ཀྱི་རང་བཞིན་གྱིས་སྟོང་ངོ། །ཆོས་ཀྱི་ཁམས་ཀྱང་ཆོས་ཀྱི་ཁམས་ཀྱི་རང་བཞིན་གྱིས་སྟོང་ངོ། །ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱང་ ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་རང་བཞིན་གྱིས་སྟོང་ངོ་།ཞེས་བྱ་བར་ཤེས་པ་སྟེ། དེ་ལྟར་ན། ཁམས་རྣམས་ཤེས་པ་ཡིན་ནོ། །ཇི་ལྟར་ན། རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་ [97A]༄༅། །པ་ཡིན་ཞེ་ན། རྟེན་ཅིང་འབྲེལ་པར་འབྱུང་བ་སྐྱེ་བ་མེད་པར་ཤེས་པ་དང། དེ་བཞིན་དུ་རྟེན་ཅིང་འབྲེལ་པར་འབྱུང་བ་འགག་པ་མེད་པ་དང། ཆད་པ་མེད་ པ་དང། རྟག་པ་མེད་པ་དང། དོན་གཅིག་བ་མ་ཡིན་པ་དང། དོན་ཐ་དད་པ་མ་ཡིན་པ་དང། འོང་བ་མེད་པ་དང། འགྲོ་བ་མེད་པ་དང་སྤྲོས་པ་དང་བྲལ་ཞིང་ཞི་བར་ཤེས་པ་དེ་ལྟར་ ན༑ རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པ་ཡིན་ནོ། །ཇི་ལྟར་ན་འཕགས་པའི་བདེན་པ་རྣམས་ཤེས་པ་ཡིན་ཞེ་ན། སྡུག་བསྔལ་འཕགས་པའི་བདེན་པ་ཤེས་པ་ཡིན། ཀུན་འབྱུང་ བ་དང། འགོག་པ་དང། འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་ཤེས་པ་ཡིན་ཏེ། ཇི་ལྟར་ན། སྡུག་བསྔལ་འཕགས་པའི་བདེན་པ་ཤེས་པ་ཡིན་ཞེ་ན། སྡུག་བསྔལ་ ཤེས་པ་ཡིན། བདེན་པ་ཤེས་པ་ཡིན། འཕགས་པའི་བདེན་པ་ཤེས་པ་ཡིན། གཉིས་ལས་རྣམ་པར་གྲོལ་བ་འཕགས་པའི་བདེན་པ་སྟེ། གཉིས་སུ་མེད་པ་ནི། འཕགས་པའི་ བདེན་པ་ཞེས་བྱ་བར་ཤེས་པ་ཡིན་ནོ། །དེ་བཞིན་དུ་ཀུན་འབྱུང་བ་དང། འགག་པ་དང། འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་ཤེས་པ་ཡིན་ཏེ། དེ་ལྟར་ན། འཕགས་ པའི་བདེན་པ་རྣམས་ཤེས་པ་ཡིན་ནོ། །ཇི་ལྟར་ན། སྡུག་བསྔལ་གྱི་དེ་བཞིན་ཉིད་ཤེས་པ་ཡིན་ཞེ་ན། སྡུག་བསྔལ་གྱི་དེ་བཞིན་ཉིད་ནི། མ་ནོར་བ་ཤེས་བྱ་བར་ཤེས་པ་ཡིན་ནོ། ། [97B] འགོག་པ་དང། ལམ་གྱི་དེ་བཞིན་ཉིད་ཀྱང་རབ་ཏུ་ཤེས་པ་ཡིན་ཏེ། དེ་ལྟར་ན། འཕགས་པའི་བདེན་པ་རྣམས་ཀྱི་དེ་བཞིན་ཉིད་ཤེས་པ་ཡིན་ནོ། །དེ་ནས་ཚེ་ དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གལ་ཏེ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་སྤྱོད་པའི་ཚེ་ཕན་ཚུན་ཐ་དད་པའི་ཆོས་དེ་དག་དེ་ལྟར་འཚལ་ན། དེས་ཆོས་ཀྱི་དབྱིངས་རྣམ་པར་དཀྲུག་པར་མི་འགྱུར་རམ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ གལ་ཏེ་ཆོས་ཀྱི་དབྱིངས་སུ་མ་གཏོགས་པའི་ཆོས་ལ་ལ་ཞིག་ཡོད་ན་ནི། རྣམ་པར་དཀྲུགས་པར་ཡང་འགྱུར་ཏེ། རབ་འབྱོར། ཆོས་ཀྱི་དབྱིངས་སུ་མ་གཏོགས་པའི་ཆོས་གཞན་གང་ཡང་ མི་དམིགས་སོ། །གལ་ཏེ་དམིགས་ན་ནི། ཆོས་ཀྱི་དབྱིངས་ཀྱང་རྣམ་པར་འཁྲུག་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། དེ་བཞིན་གཤེགས་པའམ། བྱང་ཆུབ་སེམས་དྤའམ་ རང་སངས་རྒྱས་སམ། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་ཆོས་ཀྱི་དབྱིངས་སུ་མ་གཏོགས་པའི་ཆོས་གང་ཡང་མི་དམིགས་སོ། །དེ་ལྟར་མ་དམིགས་པས་ཆོས་ཀྱི་དབྱིངས་སུ་མ་གཏོགས་ པའི་ཆོས་གཞན་ནོ། །ཞེས་བྱ་བར་བཏགས་པ་མེད་དོ། །རབ་འབྱོར། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཆོས་ཀྱི་དབྱིངས་ལ་ [98A]༄༅། །བསླབ་པར་བྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་དབྱིངས་ལ་སློབ་པས་གང་ལ་བསླབ་ པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། ཆོས་ཀྱི་དབྱིངས་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་ཆོས་ཐམས་ཅད་ལ་བསླབ་པར་ འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། འདི་ལྟར་ཆོས་ཐམས་ཅད་ནི། ཆོས་ཀྱི་དབྱིངས་སོ། །གསོལ་པ། བཅོམ་ལྡན་འདས། ཅིའི་སླད་དུ་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ལགས་ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ལྟར་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང། མ་བྱུང་ཡང་རུང་སྟེ། དབྱེར་མེད་པའི་ཚུལ་གྱིས་ཆོས་རྣམས་ཀྱི་ཆོས་ཀྱི་དབྱིངས་ ནི༑ དེ་བཞིན་དུ་གནས་པ་སྟེ། རབ་འབྱོར། ཆོས་ཀྱི་དབྱིངས་དེ་ནི་འདི་ལྟ་སྟེ། དགེ་བ་དང། མི་དགེ་བའི་ཆོས་དང། འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པའི་ཆོས་དང། ཟག་པ་དང་ བཅས་པ་དང། ཟག་པ་མེད་པའི་ཆོས་དང། ཁ་ན་མ་ཐོ་བ་དང་བཅས་པ་དང། ཁ་ན་མ་ཐོ་བ་མེད་པའི་ཆོས་དང། འདུས་བྱས་དང། འདུས་མ་བྱས་ཀྱི་ཆོས་ཐམས་ཅད་དེ། རབ་འབྱོར། དེ་ ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཆོས་ཀྱི་དབྱིངས་ལ་སློབ་པས་ཆོས་ཐམས་ཅད་ལ་བསླབ་པར་འགྱུར་རོ། །གསོལ་པ། བཅོམ་ [98B] གལ་ཏེ་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ལགས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཇི་ལྟར་གཟུགས་ལ་བསླབ་པར་བགྱི་ ཇི་ལྟར་ཚོར་བ་ལ་བསླབ་པར་བགྱི། ཇི་ལྟར་འདུ་ཤེས་ལ་བསླབ་པར་བགྱི། ཇི་ལྟར་འདུ་བྱེད་ལ་བསླབ་པར་བགྱི། ཇི་ལྟར་རྣམ་པར་ཤེས་པ་ལ་བསླབ་པར་བགྱི། ཇི་ལྟར་ཁམས་དང། སྐྱེ་ མཆེད་རྣམས་དང། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་བསླབ་པར་བགྱི། ཇི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱི་ཇི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱི་ ཇི་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱི། ཇི་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱི། ཇི་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱི། ཇི་ལྟར་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱི། ཇི་ལྟར་ནང་སྟོང་པ་ཉིད་ལ་བསླབ་པར་བགྱི། ཇི་ལྟར་ཕྱི་སྟོང་པ་ཉིད་ལ་བསླབ་པར་བགྱི། ཇི་ལྟར་ཕྱི་ནང་སྟོང་པ་ཉིད་ལ་བསླབ་པར་བགྱི། ཇི་ ལྟར་སྟོང་པ་ཉིད་སྟོང་པ་ཉིད་ལ་བསླབ་པར་བགྱི། ཇི་ལྟར་ཆེན་པོ་སྟོང་པ་ཉིད་ལ་བསླབ་པར་བགྱི། ཇི་ལྟར་དོན་དམ་པ་སྟོང་པ་ཉིད་ལ་བསླབ་པར་བགྱི། ཇི་ལྟར་འདུས་བྱས་སྟོང་པ་ཉིད་ལ་ བསླབ་པར་བགྱི། ཇི་ལྟར་འདུས་མ་བྱས་སྟོང་པ་ཉིད་ལ་བསླབ་པར་བགྱི། ཇི་ལྟར་མཐའ་ལས་འདས་པ་སྟོང་པ་ཉིད་ལ་བསླབ་པར་བགྱི་ཇི་ལྟར་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་བསླབ་ [99A]༄༅། །པར་བགྱི། ཇི་ལྟར་དོར་བ་མེད་པ་སྟོང་པ་ཉིད་ལ་བསླབ་པར་བགྱི། ཇི་ལྟར་རང་བཞིན་སྟོང་པ་ཉིད་ལ་བསླབ་པར་བགྱི། ཇི་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་ལ་བསླབ་ པར་བགྱི། ཇི་ལྟར་རང་གི་མཚན་ཉིད་སྟོང་པ་ཉིད་ལ་བསླབ་པར་བགྱི། ཇི་ལྟར་མི་དམིགས་པ་སྟོང་པ་ཉིད་ལ་བསླབ་པར་བགྱི། ཇི་ལྟར་དངོས་པོ་མེད་པ་སྟོང་པ་ཉིད་ལ་བསླབ་པར་བགྱི། ཇི་ ལྟར་ངོ་བོ་ཉིད་ལ་བསླབ་པར་བགྱི། ཇི་ལྟར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་བསླབ་པར་བགྱི། ཇི་ལྟར་དྲན་པ་ཉེ་བར་གཞག་པ་བཞི་ལ་བསླབ་པར་བགྱི། ཇི་ལྟར་ ཡང་དག་པར་སྤོང་བ་བཞི་ལ་བསླབ་པར་བགྱི། ཇི་ལྟར་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་བསླབ་པར་བགྱི། ཇི་ལྟར་དབང་པོ་ལྔ་ལ་བསླབ་པར་བགྱི། ཇི་ལྟར་སྟོབས་ལྔ་ལ་བསླབ་པར་བགྱི་ ཇི་ལྟར་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་བསླབ་པར་བགྱི། ཇི་ལྟར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་བསླབ་པར་བགྱི། ཇི་ལྟར་འཕགས་པའི་བདེན་པ་བཞི་ལ་བསླབ་པར་བགྱི་ ཇི་ལྟར་བསམ་གཏན་བཞི་ལ་བསླབ་པར་བགྱི། ཇི་ལྟར་ཚད་མེད་པ་བཞི་ལ་བསླབ་པར་བགྱི། ཇི་ལྟར་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་བསླབ་པར་བགྱི། ཇི་ལྟར་རྣམ་ པར་ཐར་པ་བརྒྱད་ལ་བསླབ་པར་བགྱི། ཇི་ལྟར་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་བསླབ་པར་བགྱི། ཇི་ལྟར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་ [99B] སྨོན་པ་མེད་པ་ལ་བསླབ་པར་བགྱི། ཇི་ལྟར་མངོན་པར་ཤེས་པ་དྲུག་ལ་བསླབ་པར་བགྱི། ཇི་ལྟར་ཏིང་ངེ་འཛིན་ཐམས་ཅད་ལ་བསླབ་པར་བགྱི། ཇི་ལྟར་གཟུངས་ཀྱི་སྒོ་ཐམས་ཅད་ ལ་བསླབ་པར་བགྱི། ཇི་ལྟར་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་བསླབ་པར་བགྱི། ཇི་ལྟར་མི་འཇིགས་པ་བཞི་ལ་བསླབ་པར་བགྱི། ཇི་ལྟར་སོ་སོ་ཡང་དག་པར་རིག་པ་བཞི་ལ་བསླབ་པར་ བགྱི༑ ཇི་ལྟར་བྱམས་པ་ཆེན་པོ་ལ་བསླབ་པར་བགྱི། ཇི་ལྟར་སྙིང་རྗེ་ཆེན་པོ་ལ་བསླབ་པར་བགྱི། ཇི་ལྟར་དགའ་བ་ཆེན་པོ་ལ་བསླབ་པར་བགྱི། ཇི་ལྟར་བཏང་སྙོམས་ཆེན་པོ་ལ་བསླབ་པར་བགྱི་ ཇི་ལྟར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་བསླབ་པར་བགྱི། ཇི་ལྟར་མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང། དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་གྲུབ་པར་བགྱི་བ་ལ་བསླབ་ པར་བགྱི། ཇི་ལྟར་རྒྱལ་རིགས་ཆེ་ཞིང་མཐོ་བའི་རིགས་སུ་སྐྱེ་བར་བགྱི་བ་ལ་བསླབ་པར་བགྱི། ཇི་ལྟར་བྲམ་ཟེ་ཆེ་ཞིང་མཐོ་བའི་རིགས་སུ་སྐྱེ་བར་བགྱི་བ་ལ་བསླབ་པར་བགྱི། ཇི་ལྟར་ཁྱིམ་ བདག་ཆེ་ཞིང་མཐོ་བའི་རིགས་སུ་སྐྱེ་བར་བགྱི་བ་ལ་བསླབ་པར་བགྱི། ཇི་ལྟར་རྒྱལ་ཆེན་བཞིའི་རིས་ཀྱི་ལྷར་སྐྱེ་བར་བགྱི་བ་ལ་བསླབ་པར་བགྱི། ཇི་ལྟར་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེ་བར་བགྱི་ བ་ལ་བསླབ་པར་བགྱི། ཇི་ལྟར་མཚེ་མའི་ལྷར་སྐྱེ་བར་བགྱི་བ་ལ་བསླབ་པར་བགྱི། ཇི་ལྟར་དགའ་ལྡན་གྱི་ལྷར་སྐྱེ་བར་བགྱི་བ་ལ་བསླབ་པར་བགྱི། ཇི་ལྟར་འཕྲུལ་དགའི་ལྟར་སྐྱེ་བར་བགྱི་ [100A]༄༅། །བ་ལ་བསླབ་པར་བགྱི། ཇི་ལྟར་གཞན་འཕྲུལ་དབང་བྱེད་ཀྱི་ལྷར་སྐྱེ་བར་བགྱི་བ་ལ་བསླབ་པར་བགྱི། ཇི་ལྟར་ཚངས་རིས་ཀྱི་ལྷར་སྐྱེ་བར་བགྱི་བ་ལ་བསླབ་པར་བགྱི་ ཇི་ལྟར་ཚངས་ལྷ་ཉེ་ཕན་གྱི་ལྷར་སྐྱེ་བར་བགྱི་བ་ལ་བསླབ་པར་བགྱི། ཇི་ལྟར་ཚངས་པ་ཀུན་འཁོར་གྱི་ལྷར་སྐྱེ་བར་བགྱི་བ་ལ་བསླབ་པར་བགྱི། ཇི་ལྟར་ཚངས་ཆེན་གྱི་ལྷར་སྐྱེ་བར་བགྱི་ བ་ལ་བསླབ་པར་བགྱི། ཇི་ལྟར་ཆུང་སྣང་གི་ལྷར་སྐྱེ་བར་བགྱི་བ་ལ་བསླབ་པར་བགྱི། ཇི་ལྟར་ཚད་མེད་སྣང་བའི་ལྷར་སྐྱེ་བར་བགྱི་བ་ལ་བསླབ་པར་བགྱི། ཇི་ལྟར་ཀུན་སྣང་དང་བའི་ ལྷར་སྐྱེ་བར་བགྱི་བ་ལ་བསླབ་བར་བགྱི། ཇི་ལྟར་ཆུང་དགེའི་ལྷར་སྐྱེ་བར་བགྱི་བ་ལ་བསླབ་པར་བགྱི། ཇི་ལྟར་ཚད་མེད་དགེ་བའི་ལྷར་སྐྱེ་བར་བགྱི་བ་ལ་བསླབ་པར་བགྱི། ཇི་ལྟར་ དགེ་རྒྱས་ཀྱི་ལྷར་སྐྱེ་བར་བགྱི་བ་ལ་བསླབ་པར་བགྱི། ཇི་ལྟར་ཆུང་ཆེའི་ལྷར་སྐྱེ་བར་བགྱི་པ་ལ་བསླབ་པར་བགྱི། ཇི་ལྟར་ཚད་མེད་ཆེ་བའི་ལྷར་སྐྱེ་བར་བགྱི་བ་ལ་བསླབ་པར་ བགྱི༑ ཇི་ལྟར་འབྲས་བུ་ཆེ་བའི་ལྷར་སྐྱེ་བར་བགྱི་བ་ལ་བསླབ་པར་བགྱི། ཇི་ལྟར་འདུ་ཤེས་མེད་པའི་སེམས་ཅན་གྱི་ལྷར་སྐྱེ་བར་བགྱི་བ་ལ་བསླབ་པར་བགྱི། ཇི་ལྟར་གནས་ གཙང་མའི་རིས་ཀྱི་ལྷར་སྐྱེ་བར་བགྱི་བ་ལ་བསླབ་ཅིང་དེར་ཡང་མི་སྐྱེ་བར་བགྱི། ཇི་ལྟར་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷར་སྐྱེ་བར་བགྱི་བ་ལ་བསླབ་ཅིང་དེར་ཡང་མི་སྐྱེ་བར་ [100B] ཇི་ལྟར་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷར་སྐྱེ་བར་བགྱི་བ་ལ་བསླབ་ཅིང་དེར་ཡང་མི་སྐྱེ་བར་བགྱི། ཇི་ལྟར་ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་ལྷར་སྐྱེ་བར་བགྱི་བ་ལ་བསླབ་ཅིང་ དེར་ཡང་མི་སྐྱེ་བར་བགྱི། ཇི་ལྟར་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷར་སྐྱེ་བར་བགྱི་བ་ལ་བསླབ་ཅིང་དེར་ཡང་མི་སྐྱེ་བར་བགྱི། ཇི་ལྟར་སེམས་དང་པོ་བསྐྱེད་པ་ལ་བསླབ་ པར་བགྱི། ཇི་ལྟར་སེམས་བསྐྱེད་པ་གཉིས་པ་ལ་བསླབ་པར་བགྱི། ཇི་ལྟར་སེམས་བསྐྱེད་པ་གསུམ་པ་ལ་བསླབ་པར་བགྱི། ཇི་ལྟར་སེམས་བསྐྱེད་པ་བཞི་པ་ལ་བསླབ་པར་བགྱི། ཇི་ལྟར་ སེམས་བསྐྱེད་པ་ལྔ་པ་ལ་བསླབ་པར་བགྱི། ཇི་ལྟར་སེམས་བསྐྱེད་པ་དྲུག་པ་ལ་བསླབ་པར་བགྱི། ཇི་ལྟར་སེམས་བསྐྱེད་པ་བདུན་པ་ལ་བསླབ་པར་བགྱི། ཇི་ལྟར་སེམས་བསྐྱེད་པ་བརྒྱད་ པ་ལ་བསླབ་པར་བགྱི། ཇི་ལྟར་སེམས་བསྐྱེད་པ་དགུ་པ་ལ་བསླབ་པར་བགྱི། ཇི་ལྟར་སེམས་བསྐྱེད་པ་བཅུ་པ་ལ་བསླབ་པར་བགྱི། ཇི་ལྟར་ཉན་ཐོས་ཀྱིས་ལ་བསླབ་པར་བགྱི། ཇི་ལྟར་ རང་སངས་རྒྱས་ཀྱི་ས་ལ་བསླབ་པར་བགྱི། ཇི་ལྟར་བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པ་ལ་བསླབ་པར་བགྱི། ཇི་ལྟར་སེམས་ཅན་ཡོངས་སུ་སྨིན་པར་བགྱི་བ་ལ་བསླབ་པར་བགྱི། ཇི་ ལྟར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱི་བ་ལ་བསླབ་པར་བགྱི། ཇི་ལྟར་བྱང་ཆུབ་ཀྱི་ལམ་ལ་བསླབས་ཤིང་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་འཚལ་བར་བགྱི་བའི་བྱང་ཆུབ་ཀྱི་ [101A]༄༅། །ལམ་ལ་བསླབ་པར་བགྱི། བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་གཟུགས་ལ་བསླབ་ པར་བགྱི། ཚོར་བ་ལ་བསླབ་པར་བགྱི། འདུ་ཤེས་ལ་བསླབ་པར་བགྱི་འདུ་བྱེད་ལ་བསླབ་པར་བགྱི། རྣམ་པར་ཤེས་པ་ལ་བསླབ་པར་བགྱི་མིག་ལ་བསླབ་པར་བགྱི། རྣ་བ་ལ་ བསླབ་པར་བགྱི། སྣ་ལ་བསླབ་པར་བགྱི། ལྕེ་ལ་བསླབ་པར་བགྱི། ལུས་ལ་བསླབ་པར་བགྱི། ཡིད་ལ་བསླབ་པར་བགྱི། གཟུགས་ལ་བསླབ་པར་བགྱི། སྒྲ་ལ་བསླབ་པར་བགྱི། དྲི་ ལ་བསླབ་པར་བགྱི། རོ་ལ་བསླབ་པར་བགྱི། རེག་ལ་བསླབ་པར་བགྱི་ཆོས་ལ་བསླབ་པར་བགྱི། མིག་གི་རྣམ་པར་ཤེས་པ་ལ་བསླབ་པར་བགྱི། རྣ་བའི་རྣམ་པར་ཤེས་པ་ལ་བསླབ་པར་ བགྱི༑ སྣའི་རྣམ་པར་ཤེས་པ་ལ་བསླབ་པར་བགྱི། ལྕེའི་རྣམ་པར་ཤེས་པ་ལ་བསླབ་པར་བགྱི། ལུས་ཀྱི་རྣམ་པར་ཤེས་པ་ལ་བསླབ་པར་བགྱི། ཡིད་ཀྱི་རྣམ་པར་ཤེས་པ་ལ་བསླབ་པར་བགྱི་ མིག་གི་འདུས་ཏེ་རེག་པ་ལ་བསླབ་པར་བགྱི། རྣ་བའི་འདུས་ཏེ་རེག་པ་ལ་བསླབ་པར་བགྱི། སྣའི་འདུས་ཏེ་རེག་པ་ལ་བསླབ་པར་བགྱི། ལྕེའི་འདུས་ཏེ་རེག་པ་ལ་བསླབ་པར་བགྱི། ལུས་ ཀྱི་འདུས་ཏེ་རེག་པ་ལ་བསླབ་པར་བགྱི། ཡིད་ཀྱི་འདུས་ཏེ་རེག་པ་ལ་བསླབ་པར་བགྱི། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་བསླབ་པར་བགྱི། རྣ་བའི་འདུས་ཏེ་རེག་པའི་ [101B] སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་བསླབ་པར་བགྱི། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་བསླབ་པར་བགྱི། ལུས་ཀྱི་འདུས་ཏེ་རེག་ པའི་རྐྱེན་གྱིས་ཚོར་བ་ལ་བསླབ་པར་བགྱི། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་བསླབ་པར་བགྱི། སའི་ཁམས་ལ་བསླབ་པར་བགྱི། ཆུའི་ཁམས་ལ་བསླབ་པར་བགྱི། མེའི་ ཁམས་ལ་བསླབ་པར་བགྱི། རླུང་གི་ཁམས་ལ་བསླབ་པར་བགྱི། ནམ་མཁའི་ཁམས་ལ་བསླབ་པར་བགྱི། རྣམ་པར་ཤེས་པའི་ཁམས་ལ་བསླབ་པར་བགྱི། མ་རིག་པ་ལ་བསླབ་པར་བགྱི་ འདུ་བྱེད་ལ་བསླབ་པར་བགྱི། རྣམ་པར་ཤེས་པ་ལ་བསླབ་པར་བགྱི་མིང་དང་གཟུགས་ལ་བསླབ་པར་བགྱི། སྐྱེ་མཆེད་དྲུག་ལ་བསླབ་པར་བགྱི། རེག་པ་ལ་བསླབ་པར་བགྱི། ཚོར་བ་ལ་ བསླབ་པར་བགྱི། སྲེད་པ་ལ་བསླབ་པར་བགྱི། ལེན་པ་ལ་བསླབ་པར་བགྱི། སྲིད་པ་ལ་བསླབ་པར་བགྱི། སྐྱེ་བ་ལ་བསླབ་པར་བགྱི། རྒ་ཤི་ལ་བསླབ་པར་བགྱི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་ པ་ལ་བསླབ་པར་བགྱི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱི། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱི་ བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱི། ནང་སྟོང་པ་ཉིད་ལ་བསླབ་པར་བགྱི། ཕྱི་སྟོང་པ་ཉིད་ལ་བསླབ་པར་བགྱི་ [102A]༄༅། །ཕྱི་ནང་སྟོང་པ་ཉིད་ལ་བསླབ་པར་བགྱི། སྟོང་པ་ཉིད་སྟོང་པ་ཉིད་ལ་བསླབ་པར་བགྱི། ཆེན་པོ་སྟོང་པ་ཉིད་ལ་བསླབ་པར་བགྱི། དོན་དམ་པ་སྟོང་པ་ཉིད་ལ་བསླབ་ པར་བགྱི། འདུས་བྱས་སྟོང་པ་ཉིད་ལ་བསླབ་པར་བགྱི། འདུས་མ་བྱས་སྟོང་པ་ཉིད་ལ་བསླབ་པར་བགྱི། མཐའ་ལས་འདས་པ་སྟོང་པ་ཉིད་ལ་བསླབ་པར་བགྱི། ཐོག་མ་དང་ཐ་མ་མེད་ པ་སྟོང་པ་ཉིད་ལ་བསླབ་པར་བགྱི། དོར་བ་མེད་པ་སྟོང་པ་ཉིད་ལ་བསླབ་པར་བགྱི། རང་བཞིན་སྟོང་པ་ཉིད་ལ་བསླབ་པར་བགྱི་ཆོས་ཐམས་ཅད་སྟོང་པ་ཉིད་ལ་བསླབ་པར་བགྱི། རང་ གི་མཚན་ཉིད་སྟོང་པ་ཉིད་ལ་བསླབ་པར་བགྱི། མི་དམིགས་པ་སྟོང་པ་ཉིད་ལ་བསླབ་པར་བགྱི། དངོས་པོ་མེད་པ་སྟོང་པ་ཉིད་ལ་བསླབ་པར་བགྱི། ངོ་བོ་ཉིད་སྟོང་པ་ཉིད་ལ་བསླབ་པར་བགྱི་ དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་བསླབ་པར་བགྱི་དྲན་པ་ཉེ་བར་གཞག་པ་རྣམས་ལ་བསླབ་པར་བགྱི། ཡང་དག་པར་སྤོང་བ་རྣམས་ལ་བསླབ་པར་བགྱི། རྫུ་འཕྲུལ་གྱི་རྐང་ པ་རྣམས་ལ་བསླབ་པར་བགྱི། དབང་པོ་རྣམས་ལ་བསླབ་པར་བགྱི་སྟོབས་རྣམས་ལ་བསླབ་པར་བགྱི། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་བསླབ་པར་བགྱི། འཕགས་པའི་ལམ་ཡན་ ལག་བརྒྱད་པ་ལ་བསླབ་པར་བགྱི། འཕགས་པའི་བདེན་པ་རྣམས་ལ་བསླབ་པར་བགྱི། བསམ་གཏན་རྣམས་ལ་བསླབ་པར་བགྱི། ཚད་མེད་པ་རྣམས་ལ་བསླབ་པར་བགྱི། གཟུགས་མེད་ [102B] རྣམ་པར་ཐར་པ་བརྒྱད་ལ་བསླབ་པར་བགྱི། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་བསླབ་པར་བགྱི། རྣམ་པར་ ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ལ་བསླབ་པར་བགྱི། མངོན་པར་ཤེས་པ་རྣམས་ལ་བསླབ་པར་བགྱི། ཏིང་ངེ་འཛིན་རྣམས་ལ་བསླབ་པར་བགྱི། གཟུངས་ ཀྱི་སྒོ་རྣམས་ལ་བསླབ་པར་བགྱི། དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་བསླབ་པར་བགྱི། མི་འཇིགས་པ་རྣམས་ལ་བསླབ་པར་བགྱི། སོ་སོ་ཡང་དག་པར་རིག་པ་རྣམས་ལ་བསླབ་ པར་བགྱི། བྱམས་པ་ཆེན་པོ་ལ་བསླབ་པར་བགྱི། སྙིང་རྗེ་ཆེན་པོ་ལ་བསླབ་པར་བགྱི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་བསླབ་པར་བགྱི། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བསླབ་ པར་བགྱི། ལན་གཅིག་ཕྱིར་འོང་བའི་འབྲས་བུ་ལ་བསླབ་པར་བགྱི་ཕྱིར་མི་འོང་བའི་འབྲས་བུ་ལ་བསླབ་པར་བགྱི། དགྲ་བཅོམ་པ་ཉིད་ལ་བསླབ་པར་བགྱི། རང་བྱང་ཆུབ་ལ་བསླབ་པར་ བགྱི། ལམ་གྱི་རྣམ་པར་ཤེས་པ་ཉིད་ལ་བསླབ་པར་བགྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བསླབ་པར་བགྱི་ན། བཅོམ་ལྡན་འདས་དེའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ཕྱིན་ཅི་ལོག་ལ་སྤྱོད་པའམ། མི་སྤྲོ་བ་སྤྲོས་པར་བགྱིད་པར་མི་འགྱུར་ལགས་གྲང།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། །བམ་པོ་ཉིས་བརྒྱ་གྱ་ [103A]༄༅། །བཞི་པ། །བཅོམ་ལྡན་འདས། དེ་ཅིའི་སླད་དུ་ཞེ་ན། ཆོས་ཀྱི་དབྱིངས་ལ་ནི། རྣམ་པར་རྟོག་པ་དེ་དག་མ་མཆིས་ཏེ། གཟུགས་ཀྱང་ཆོས་ཀྱི་དབྱིངས་མ་ལགས་ གཟུགས་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། གཟུགས་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་གཟུགས་སོ་།ཚོར་བའང་ཆོས་ཀྱི་དབྱིངས་མ་ལགས། ཚོར་ བ་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ཚོར་བ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཚོར་བའོ། །འདུ་ཤེས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། འདུ་ཤེས་ ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། འདུ་ཤེས་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་འདུ་ཤེས་སོ་།འདུ་བྱེད་ཀྱང་ཆོས་ཀྱི་དབྱིངས་མ་ལགས། འདུ་བྱེད་ ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། འདུ་བྱེད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་འདུ་བྱེད་དོ་།རྣམ་པར་ཤེས་པའང་ཆོས་ཀྱི་དབྱིངས་མ་ལགས། རྣམ་ པར་ཤེས་པ་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། རྣམ་པར་ཤེས་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རྣམ་པར་ཤེས་པའོ། །མིག་ཀྱང་ཆོས་ཀྱི་དབྱིངས་ མ་ལགས། མིག་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། མིག་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་མིག་གོ་རྣ་བའང་ཆོས་ཀྱི་དབྱིངས་མ་ལགས། རྣ་ [103B] རྣ་བ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རྣ་བའོ་།སྣའང་ཆོས་ཀྱི་དབྱིངས་མ་ལགས། སྣ་ལས་གུད་ནའང་ཆོས་ཀྱི་དབྱིངས་ མ་མཆིས་ཏེ། སྣ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་སྣའོ། །ལྕེའང་ཆོས་ཀྱི་དབྱིངས་མ་ལགས། ལྕེ་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ལྕེ་ཉིད་ཀྱང་ཆོས་ཀྱི་ དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ལྕེའོ། །ལུས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། ལུས་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ལུས་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ ཉིད་ཀྱང་ལུས་སོ། །ཡིད་ཀྱང་ཆོས་ཀྱི་དབྱིངས་མ་ལགས། ཡིད་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ཡིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཡིད་དོ། །གཟུགས་ ཀྱང་ཆོས་ཀྱི་དབྱིངས་མ་ལགས། གཟུགས་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། གཟུགས་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་གཟུགས་སོ། །སྒྲའང་ཆོས་ཀྱི་ དབྱིངས་མ་ལགས། སྒྲ་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། སྒྲ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་སྒྲའོ། །དྲི་ལ་ཆོས་ཀྱི་དབྱིངས་མ་ལགས། དྲི་ལས་གུད་ ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། དྲི་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་དྲིའོ། །རོའང་ཆོས་ཀྱི་དབྱིངས་མ་ལགས། རོ་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ [104A]༄༅། །ཏེ༑ རོ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རོའོ། །རེག་ཀྱང་ཆོས་ཀྱི་དབྱིངས་མ་ལགས། རེག་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། རེག་ཉིད་ ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རེག་གོ་།ཆོས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། ཆོས་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ཆོས་ཉིད་ཀྱང་ཆོས་ཀྱི་དབྱིངས་ སོ༑ ༑ཆོས་ཀྱི་དབྱིངས་ཉིད་ཀྱང་ཆོས་སོ། །མིག་གི་རྣམ་པར་ཤེས་པའང་ཆོས་ཀྱི་དབྱིངས་མ་ལགས། མིག་གི་རྣམ་པར་ཤེས་པ་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། མིག་གི་རྣམ་ པར་ཤེས་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་མིག་གི་རྣམ་པར་ཤེས་པའོ། །རྣ་བའི་རྣམ་པར་ཤེས་པའང་ཆོས་ཀྱི་དབྱིངས་མ་ལགས། རྣ་བའི་རྣམ་པར་ཤེས་པ་ ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། རྣ་བའི་རྣམ་པར་ཤེས་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རྣ་བའི་རྣམ་པར་ཤེས་པའོ། །སྣའི་རྣམ་པར་ཤེས་ པའང་ཆོས་ཀྱི་དབྱིངས་མ་ལགས། སྣའི་རྣམ་པར་ཤེས་པ་ལས་གུང་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། སྣའི་རྣམ་པར་ཤེས་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ སྣའི་རྣམ་པར་ཤེས་པའོ། །ལྕེའི་རྣམ་པར་ཤེས་པའང་ཆོས་ཀྱི་དབྱིངས་མ་ལགས། ལྕེའི་རྣམ་པར་ཤེས་པ་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ལྕེའི་རྣམ་པར་ཤེས་པ་ [104B] །ཆོས་ཀྱི་དབྱིངས་ཉིད་ཀྱང་ལྕེའི་རྣམ་པར་ཤེས་པའོ། །ལུས་ཀྱི་རྣམ་པར་ཤེས་པའང་ཆོས་ཀྱི་དབྱིངས་མ་ལགས། ལུས་ཀྱི་རྣམ་པར་ཤེས་པ་ལས་གུད་ནའང་ ཆོས་ཀྱི་དབྱིངས་མ་མཆིས་ཏེ། ལུས་ཀྱི་རྣམ་པར་ཤེས་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ལུས་ཀྱི་རྣམ་པར་ཤེས་པའོ། །ཡིད་ཀྱི་རྣམ་པར་ཤེས་པའང་ཆོས་ཀྱི་ དབྱིངས་མ་ལགས། ཡིད་ཀྱི་རྣམ་པར་ཤེས་པ་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཡིད་ཀྱི་ རྣམ་པར་ཤེས་པའོ། །མིག་གི་འདུས་ཏེ་རེག་པའང་ཆོས་ཀྱི་དབྱིངས་མ་ལགས། མིག་གི་འདུས་ཏེ་རེག་པ་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། མིག་གི་འདུས་ཏེ་རེག་པ་ཉིད་ཀྱང་ ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་མིག་གི་འདུས་ཏེ་རེག་པའོ། །རྣ་བའི་འདུས་ཏེ་རེག་པའང་ཆོས་ཀྱི་དབྱིངས་མ་ལགས་རྣ་བའི་འདུས་ཏེ་རེག་པ་ལས་གུད་ནའང་ཆོས་ཀྱི་དབྱིངས་ མ་མཆིས་ཏེ། རྣ་བའི་འདུས་ཏེ་རེག་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རྣ་བའི་འདུས་ཏེ་རེག་པའོ་།སྣའི་འདུས་ཏེ་རེག་པའང་ཆོས་ཀྱི་དབྱིངས་མ་ལགས། སྣའི་འདུས་ ཏེ་རེག་པ་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། སྣའི་འདུས་ཏེ་རེག་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་སྣའི་འདུས་ཏེ་རེག་པའོ། །ལྕེའི་འདུས་ཏེ་རེག་པའང་ [105A]༄༅། །ཆོས་ཀྱི་དབྱིངས་མ་ལགས། ལྕེའི་འདུས་ཏེ་རེག་པ་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ལྕེའི་འདུས་ཏེ་རེག་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ ཉིད་ཀྱང་ལྕེའི་འདུས་ཏེ་རེག་པའོ། །ལུས་ཀྱི་འདུས་ཏེ་རེག་པའང་ཆོས་ཀྱི་དབྱིངས་མ་ལགས། ལུས་ཀྱི་འདུས་ཏེ་རེག་པ་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ལུས་ཀྱི་འདུས་ཏེ་རེག་ པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ལུས་ཀྱི་འདུས་ཏེ་རེག་པའོ། །ཡིད་ཀྱི་འདུས་ཏེ་རེག་པའང་ཆོས་ཀྱི་དབྱིངས་མ་ལགས། ཡིད་ཀྱི་འདུས་ཏེ་རེག་པ་ལས་གུད་ ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ཡིད་ཀྱི་འདུས་ཏེ་རེག་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཡིད་ཀྱི་འདུས་ཏེ་རེག་པའོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ ཚོར་བའང་ཆོས་ཀྱི་དབྱིངས་མ་ལགས། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཉིད་ ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའང་ཆོས་ཀྱི་དབྱིངས་མ་ལགས། རྣ་བའི་ འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རྣ་ [105B] །སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའང་ཆོས་ཀྱི་དབྱིངས་མ་ལགས། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལས་གུད་ནའང་ཆོས་ཀྱི་དབྱིངས་ མ་མཆིས་ཏེ། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ གྱིས་ཚོར་བའང་ཆོས་ཀྱི་དབྱིངས་མ་ལགས། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ་ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཉིད་ ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའང་ཆོས་ཀྱི་དབྱིངས་མ་ལགས། ལུས་ ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ ཀྱང་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའང་ཆོས་ཀྱི་དབྱིངས་མ་ལགས་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལས་ གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་ [106A]༄༅། །བའོ༑ ༑སའི་ཁམས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། སའི་ཁམས་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། སའི་ཁམས་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། ། ཆོས་ཀྱི་དབྱིངས་ཉིད་ཀྱང་སའི་ཁམས་སོ། །ཆུའི་ཁམས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། ཆུའི་ཁམས་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ཆུའི་ཁམས་ཉིད་ཀྱང་ཆོས་ཀྱི་ དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཆུའི་ཁམས་སོ། །མེའི་ཁམས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། མེའི་ཁམས་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། མེའི་ཁམས་ཉིད་ ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་མེའི་ཁམས་སོ། །རླུང་གི་ཁམས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། རླུང་གི་ཁམས་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ་ རླུང་གི་ཁམས་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རླུང་གི་ཁམས་སོ། །ནམ་མཁའི་ཁམས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། ནམ་མཁའི་ཁམས་ལས་སྐྱེད་ནའང་ ཆོས་ཀྱི་དབྱིངས་མ་མཆིས་ཏེ། ནམ་མཁའི་ཁམས་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ནམ་མཁའི་ཁམས་སོ་།རྣམ་པར་ཤེས་པའི་ཁམས་ཀྱང་ཆོས་ཀྱི་དབྱིངས་མ་ ལགས༑ རྣམ་པར་ཤེས་པའི་ཁམས་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། རྣམ་པར་ཤེས་པའི་ཁམས་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རྣམ་པར་ [106B] །མ་རིག་པའང་ཆོས་ཀྱི་དབྱིངས་མ་ལགས། མ་རིག་པ་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། མ་རིག་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ ཉིད་ཀྱང་མ་རིག་པའོ། །འདུ་བྱེད་ཀྱང་ཆོས་ཀྱི་དབྱིངས་མ་ལགས་འདུ་བྱེད་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། འདུ་བྱེད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ ཀྱང་འདུ་བྱེད་དོ། །རྣམ་པར་ཤེས་པའང་ཆོས་ཀྱི་དབྱིངས་མ་ལགས། རྣམ་པར་ཤེས་པ་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། རྣམ་པར་ཤེས་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ ཀྱི་དབྱིངས་ཉིད་ཀྱང་རྣམ་པར་ཤེས་པའོ། །མིང་དང་གཟུགས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། མིང་དང་གཟུགས་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། མིང་དང་གཟུགས་ཉིད་ ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་མིང་དང་གཟུགས་སོ། །སྐྱེ་མཆེད་དྲུག་ཀྱང་ཆོས་ཀྱི་དབྱིངས་མ་ལགས། སྐྱེ་མཆེད་དྲུག་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། སྐྱེ་ མཆེད་དྲུག་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་སྐྱེ་མཆེད་དྲུག་གོ་རེག་པའང་ཆོས་ཀྱི་དབྱིངས་མ་ལགས་རེག་པ་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། རེག་ པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རེག་པའོ། །ཚོར་བའང་ཆོས་ཀྱི་དབྱིངས་མ་ལགས། ཚོར་བ་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ཚོར་བ་ཉིད་ཀྱང་ [107A]༄༅། །ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཚོར་བའོ། །སྲེད་པའང་ཆོས་ཀྱི་དབྱིངས་མ་ལགས། སྲེད་པ་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། སྲེད་ པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་སྲེད་པའོ། །ལེན་པའང་ཆོས་ཀྱི་དབྱིངས་མ་ལགས། ལེན་པ་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ལེན་པ་ཉིད་ ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ལེན་པའོ་།སྲིད་པའང་ཆོས་ཀྱི་དབྱིངས་མ་ལགས། སྲིད་པ་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། སྲིད་པ་ཉིད་ཀྱང་ཆོས་ ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་སྲིད་པའོ། །སྐྱེ་བའང་ཆོས་ཀྱི་དབྱིངས་མ་ལགས། སྐྱེ་བ་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། སྐྱེ་བ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། ། ཆོས་ཀྱི་དབྱིངས་ཉིད་ཀྱང་སྐྱེ་བའོ། །རྒ་ཤིའང་ཆོས་ཀྱི་དབྱིངས་མ་ལགས། རྒ་ཤི་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། རྒ་ཤི་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ ཀྱང་རྒ་ཤིའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའང་ཆོས་ཀྱི་དབྱིངས་མ་ལགས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའང་ཆོས་ཀྱི་དབྱིངས་མ་ལགས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ [107B] ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བཟོད་པའི་ ཕ་རོལ་ཏུ་ཕྱིན་པའང་ཆོས་ཀྱི་དབྱིངས་མ་ལགས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ ཀྱི་དབྱིངས་ཉིད་ཀྱང་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའང་ཆོས་ཀྱི་དབྱིངས་མ་ལགས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་ མཆིས་ཏེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའང་ཆོས་ ཀྱི་དབྱིངས་མ་ལགས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ ཉིད་ཀྱང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའང་ཆོས་ཀྱི་དབྱིངས་མ་ལགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ ཏེ༑ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ནང་སྟོང་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་མ་ལགས། ནང་སྟོང་པ་ [108A]༄༅། །ཉིད་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ནང་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ནང་སྟོང་པ་ཉིད་དོ། །ཕྱི་སྟོང་པ་ཉིད་ ཀྱང་ཆོས་ཀྱི་དབྱིངས་མ་ལགས། ཕྱི་སྟོང་པ་ཉིད་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ཕྱི་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཕྱི་སྟོང་པ་ཉིད་དོ། ། ཕྱི་ནང་སྟོང་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་མ་ལགས། ཕྱི་ནང་སྟོང་པ་ཉིད་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ཕྱི་ནང་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ ཉིད་ཀྱང་ཕྱི་ནང་སྟོང་པ་ཉིད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་མ་ལགས། སྟོང་པ་ཉིད་སྟོང་པ་ཉིད་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། སྟོང་པ་ཉིད་སྟོང་པ་ཉིད་ ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་དོ། །ཆེན་པོ་སྟོང་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་མ་ལགས། ཆེན་པོ་སྟོང་པ་ཉིད་ལས་གུད་ནའང་ཆོས་ཀྱི་ དབྱིངས་མ་མཆིས་ཏེ། ཆེན་པོ་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཆེན་པོ་སྟོང་པ་ཉིད་དོ། །དོན་དམ་པ་སྟོང་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་མ་ལགས། དོན་ དམ་པ་སྟོང་པ་ཉིད་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ་དོན་དམ་པ་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་དོན་དམ་པ་སྟོང་པ་ཉིད་དོ། །འདུས་བྱས་ [108B] འདུས་བྱས་སྟོང་པ་ཉིད་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། འདུས་བྱས་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ ཉིད་ཀྱང་འདུས་བྱས་སྟོང་པ་ཉིད་དོ། །འདུས་མ་བྱས་སྟོང་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་མ་ལགས། འདུས་མ་བྱས་སྟོང་པ་ཉིད་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། འདུས་མ་བྱས་སྟོང་པ་ ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་འདུས་མ་བྱས་སྟོང་པ་ཉིད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་མ་ལགས། མཐའ་ལས་འདས་པ་སྟོང་པ་ཉིད་ ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། མཐའ་ལས་འདས་པ་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་མཐའ་ལས་འདས་པ་སྟོང་པ་ཉིད་དོ། །ཐོག་མ་དང་ ཐ་མ་མེད་པ་སྟོང་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་མ་ལགས། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཉིད་ཀྱང་ཆོས་ ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དོ། །དོར་བ་མེད་པ་སྟོང་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་མ་ལགས། དོར་བ་མེད་པ་སྟོང་པ་ཉིད་ལས་གུད་ནའང་ ཆོས་ཀྱི་དབྱིངས་མ་མཆིས་ཏེ། དོར་བ་མེད་པ་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་དོར་བ་མེད་པ་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་ [109A]༄༅། །མ་ལགས། རང་བཞིན་སྟོང་པ་ཉིད་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། རང་བཞིན་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རང་ བཞིན་སྟོང་པ་ཉིད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་མ་ལགས། ཆོས་ཐམས་ཅད་སྟོང་པ་ཉིད་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ཆོས་ཐམས་ཅད་ སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་མ་ལགས། རང་གི་མཚན་ ཉིད་སྟོང་པ་ཉིད་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ་རང་གི་མཚན་ཉིད་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ་།ཆོས་ཀྱི་དབྱིངས་ཉིད་ཀྱང་རང་གི་མཚན་ཉིད་སྟོང་པ་ཉིད་དོ། ། མི་དམིགས་པ་སྟོང་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་མ་ལགས། མི་དམིགས་པ་སྟོང་པ་ཉིད་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། མི་དམིགས་པ་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་ སོ༑ ༑ཆོས་ཀྱི་དབྱིངས་ཉིད་ཀྱང་མི་དམིགས་པ་སྟོང་པ་ཉིད་དོ་།དངོས་པོ་མེད་པ་སྟོང་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་མ་ལགས་དངོས་པོ་མེད་པ་སྟོང་པ་ཉིད་ལས་གུད་ནའང་ཆོས་ཀྱི་དབྱིངས་ མ་མཆིས་ཏེ། དངོས་པོ་མེད་པ་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་དངོས་པོ་མེད་པ་སྟོང་པ་ཉིད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་མ་ལགས་ [109B]མ་མཆིས་ཏེ། ངོ་བོ་ཉིད་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ངོ་བོ་ཉིད་སྟོང་པ་ཉིད་དོ། །དངོས་པོ་མེད་པའི་ངོ་ བོ་ཉིད་སྟོང་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་མ་ལགས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཉིད་ཀྱང་ ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། དྲན་པ་ཉེ་བར་གཞག་པ་རྣམས་ ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། དྲན་པ་ཉེ་བར་གཞག་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་དྲན་པ་ཉེ་བར་གཞག་པ་རྣམས་སོ། །ཡང་དག་པར་སྤོང་བ་ རྣམས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། ཡང་དག་པར་སྤོང་བ་རྣམས་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ཡང་དག་པར་སྤོང་བ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ ཀྱང་ཡང་དག་པར་སྤོང་བ་རྣམས་སོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། རྫུ་འཕྲུལ་གྱི་རྐང་པ་རྣམས་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། རྫུ་འཕྲུལ་ གྱི་རྐང་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རྫུ་འཕྲུལ་གྱི་རྐང་པ་རྣམས་སོ། །དབང་པོ་རྣམས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། དབང་པོ་རྣམས་ལས་གུད་ནའང་ཆོས་ཀྱི་དབྱིངས་ [110A]༄༅། །མ་མཆིས་ཏེ། དབང་པོ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ་།ཆོས་ཀྱི་དབྱིངས་ཉིད་ཀྱང་དབང་པོ་རྣམས་སོ། །སྟོབས་རྣམས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། སྟོབས་རྣམས་ ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། སྟོབས་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་སྟོབས་རྣམས་སོ་།བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་ཆོས་ཀྱི་དབྱིངས་མ་ ལགས༑ བྱང་ཆུབ་ཀྱི་ཡན་ལག་རྣམས་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། བྱང་ཆུབ་ཀྱི་ཡན་ལག་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་བྱང་ཆུབ་ཀྱི་ཡན་ ལག་རྣམས་སོ། །ལམ་ཡང་ཆོས་ཀྱི་དབྱིངས་མ་ལགས། ལམ་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ལམ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ལམ་མོ། ། འཕགས་པའི་བདེན་པ་རྣམས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། འཕགས་པའི་བདེན་པ་རྣམས་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ་འཕགས་པའི་བདེན་པ་ཉིད་ཀྱང་ཆོས་ ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་འཕགས་པའི་བདེན་པ་རྣམས་སོ། །བསམ་གཏན་རྣམས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། བསམ་གཏན་རྣམས་ལས་གུད་ནའང་ཆོས་ ཀྱི་དབྱིངས་མ་མཆིས་ཏེ། བསམ་གཏན་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་བསམ་གཏན་རྣམས་སོ། །ཚད་མེད་པ་རྣམས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། ཚད་ [110B]ཚད་མེད་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཚད་མེད་པ་རྣམས་སོ། །གཟུགས་མེད་པའི་སྙོམས་པར་ འཇུག་པ་རྣམས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། གཟུགས་མེད་པའི་སྙོམས་པར་འཇུག་པ་ ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སོ། །རྣམ་པར་ཐར་པ་རྣམས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། རྣམ་ པར་ཐར་པ་རྣམས་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ་རྣམ་པར་ཐར་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རྣམ་པར་ཐར་ པ་རྣམས་སོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་ མཆིས་ཏེ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སོ། །རྣམ་པར་ཐར་ པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའང་ཆོས་ཀྱི་དབྱིངས་མ་ལགས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ལས་གུད་ནའང་ [111A]༄༅། །ཆོས་ཀྱི་དབྱིངས་མ་མཆིས་ཏེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ ཉིད་ཀྱང་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའོ། །མངོན་པར་ཤེས་པ་རྣམས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། མངོན་པར་ཤེས་པ་རྣམས་ ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། མངོན་པར་ཤེས་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་མངོན་པར་ཤེས་པ་རྣམས་སོ། །ཏིང་ངེ་འཛིན་རྣམས་ཀྱང་ ཆོས་ཀྱི་དབྱིངས་མ་ལགས། ཏིང་ངེ་འཛིན་རྣམས་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ཏིང་ངེ་འཛིན་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཏིང་ངེ་ འཛིན་རྣམས་སོ། །གཟུངས་ཀྱི་སྒོ་རྣམས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། གཟུངས་ཀྱི་སྒོ་རྣམས་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། གཟུངས་ཀྱི་སྒོ་ཉིད་ཀྱང་ཆོས་ཀྱི་ དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་གཟུངས་ཀྱི་སྒོ་རྣམས་སོ་།དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱང་ཆོས་ཀྱི་དབྱིངས་མ་ལགས་དེ་བཞིན་གཤེགས་པའི་སྟོབས་ རྣམས་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། དེ་བཞིན་གཤེགས་པའི་སྟོབས་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་དེ་བཞིན་གཤེགས་པའི་སྟོབས་ [111B] །མི་འཇིགས་པ་རྣམས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། མི་འཇིགས་པ་རྣམས་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། མི་འཇིགས་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ ཀྱི་དབྱིངས་ཉིད་ཀྱང་མི་འཇིགས་པ་རྣམས་སོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། སོ་སོ་ཡང་དག་པར་རིག་པ་རྣམས་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་ མཆིས་ཏེ། སོ་སོ་ཡང་དག་པར་རིག་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་སོ་སོ་ཡང་དག་པར་རིག་པ་རྣམས་སོ། །བྱམས་པ་ཆེན་པོའང་ཆོས་ཀྱི་དབྱིངས་མ་ལགས་ བྱམས་པ་ཆེན་པོ་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ་བྱམས་པ་ཆེན་པོ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་བྱམས་པ་ཆེན་པོའོ། །སྙིང་རྗེ་ཆེན་པོའང་ཆོས་ཀྱི་ དབྱིངས་མ་ལགས། སྙིང་རྗེ་ཆེན་པོ་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། སྙིང་རྗེ་ཆེན་པོ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་སྙིང་རྗེ་ཆེན་པོའོ་།སངས་ རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་ཆོས་ཀྱི་དབྱིངས་མ་ལགས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་ པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སོ། །རྒྱུན་དུ་ཞུགས་པའི་འབྲས་བུའང་ཆོས་ཀྱི་དབྱིངས་མ་ལགས། རྒྱུན་དུ་ཞུགས་ [112A]༄༅། །པའི་འབྲས་བུ་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། རྒྱུན་དུ་ཞུགས་པའི་འབྲས་བུ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ་།ཆོས་ཀྱི་དབྱིངས་ཉིད་ཀྱང་རྒྱུན་དུ་ ཞུགས་པའི་འབྲས་བུའོ། །ལན་གཅིག་ཕྱིར་འོང་བའི་འབྲས་བུའང་ཆོས་ཀྱི་དབྱིངས་མ་ལགས། ལན་གཅིག་ཕྱིར་འོང་བའི་འབྲས་བུ་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ་ ལན་གཅིག་ཕྱིར་འོང་བའི་འབྲས་བུ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ་།ཆོས་ཀྱི་དབྱིངས་ཉིད་ཀྱང་ལན་ཅིག་ཕྱིར་འོང་བའི་འབྲས་བུའོ་།ཕྱིར་མི་འོང་བའི་འབྲས་བུ་འང་ཆོས་ཀྱི་དབྱིངས་ མ་ལགས། ཕྱིར་མི་འོང་བའི་འབྲས་བུ་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། ཕྱིར་མི་འོང་བའི་འབྲས་བུ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཕྱིར་མི་ འོང་བའི་འབྲས་བུའོ། །དགྲ་བཅོམ་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་མ་ལགས། དགྲ་བཅོམ་པ་ཉིད་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། དགྲ་བཅོམ་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་ སོ༑ ༑ཆོས་ཀྱི་དབྱིངས་ཉིད་ཀྱང་དགྲ་བཅོམ་པ་ཉིད་དོ། །རང་བྱང་ཆུབ་ཉིད་ཀྱང་ཆོས་ཀྱི་དབྱིངས་མ་ལགས། རང་བྱང་ཆུབ་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། རང་བྱང་ཆུབ་ ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རང་བྱང་ཆུབ་བོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་མ་ལགས། ལམ་གྱི་རྣམ་པ་ཤེས་པ་ཉིད་ལས་གུད་ནའང་ [112B] ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ལམ་གྱི་རྣམ་པ་ཤེས་པ་ཉིད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཆོས་ ཀྱི་དབྱིངས་མ་ལགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་གུད་ནའང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་སྐད་དུ་སྨྲས་པ་དེ་བཞིན་ནོ། །གཟུགས་ཉིད་ཀྱང་ ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་གཟུགས་སོ། །ཚོར་བ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཚོར་བའོ། །འདུ་ཤེས་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། ། ཆོས་ཀྱི་དབྱིངས་ཉིད་ཀྱང་འདུ་ཤེས་སོ། །འདུ་བྱེད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་འདུ་བྱེད་དོ་།རྣམ་པར་ཤེས་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་ དབྱིངས་ཉིད་ཀྱང་རྣམ་པར་ཤེས་པའོ། །མིག་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་མིག་གོ་རྣ་བ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རྣ་བའོ། ། སྣ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་སྣའོ། །ལྕེ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ལྕེའོ། །ལུས་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་ [113A]༄༅། །དབྱིངས་ཉིད་ཀྱང་ལུས་སོ། །ཡིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཡིད་དོ། །གཟུགས་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ ཉིད་ཀྱང་གཟུགས་སོ། །སྒྲ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་སྒྲའོ། །དྲི་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་དྲིའོ། །རོ་ཉིད་ཀྱང་ཆོས་ཀྱི་ དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རོའོ། །རེག་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རེག་གོ་ཆོས་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ ཆོས་སོ༑ ༑མིག་གི་རྣམ་པར་ཤེས་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ་།ཆོས་ཀྱི་དབྱིངས་ཉིད་ཀྱང་མིག་གི་རྣམ་པར་ཤེས་པའོ། །རྣ་བའི་རྣམ་པར་ཤེས་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་ སོ༑ ༑ཆོས་ཀྱི་དབྱིངས་ཉིད་ཀྱང་རྣ་བའི་རྣམ་པར་ཤེས་པའོ་།སྣའི་རྣམ་པར་ཤེས་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་སྣའི་རྣམ་པར་ཤེས་པའོ། །ལྕེའི་རྣམ་ པར་ཤེས་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ལྕེའི་རྣམ་པར་ཤེས་པའོ། །ལུས་ཀྱི་རྣམ་པར་ཤེས་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ ལུས་ཀྱི་རྣམ་པར་ཤེས་པའོ། །ཡིད་ཀྱི་རྣམ་པར་ཤེས་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཡིད་ཀྱི་རྣམ་པར་ཤེས་པའོ། །མིག་གི་འདུས་ཏེ་རེག་པ་ཉིད་ཀྱང་ [113B] །ཆོས་ཀྱི་དབྱིངས་ཉིད་ཀྱང་མིག་གི་འདུས་ཏེ་རེག་པའོ། །རྣ་བའི་འདུས་ཏེ་རེག་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རྣ་བའི་འདུས་ཏེ་རེག་པའོ། ། སྣའི་འདུས་ཏེ་རེག་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་སྣའི་འདུས་ཏེ་རེག་པའོ། །ལྕེའི་འདུས་ཏེ་རེག་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ལྕེའི་ འདུས་ཏེ་རེག་པའོ། །ལུས་ཀྱི་འདུས་ཏེ་རེག་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ལུས་ཀྱི་འདུས་ཏེ་རེག་པའོ། །ཡིད་ཀྱི་འདུས་ཏེ་རེག་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། ། ཆོས་ཀྱི་དབྱིངས་ཉིད་ཀྱང་ཡིད་ཀྱི་འདུས་ཏེ་རེག་པའོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་མིག་གི་འདུས་ཏེ་རེག་པའི་ རྐྱེན་གྱིས་ཚོར་བའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའོ། །སྣའི་འདུས་ ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ་།ཆོས་ཀྱི་དབྱིངས་ཉིད་ཀྱང་སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཉིད་ཀྱང་ཆོས་ཀྱི་ དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ལྕེའི་འདུས་ཏེ་རེག་བའི་རྐྱེན་གྱིས་ཚོར་བའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ [114A]༄༅། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཡིད་ཀྱི་ འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའོ། །སའི་ཁམས་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་སའི་ཁམས་སོ་།ཆུའི་ཁམས་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་ དབྱིངས་ཉིད་ཀྱང་ཆུའི་ཁམས་སོ། །མེའི་ཁམས་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་མེའི་ཁམས་སོ་།རླུང་གི་ཁམས་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་ དབྱིངས་ཉིད་ཀྱང་རླུང་གི་ཁམས་སོ། །ནམ་མཁའི་ཁམས་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ནམ་མཁའི་ཁམས་སོ། །རྣམ་པར་ཤེས་པའི་ཁམས་ཉིད་ཀྱང་ཆོས་ ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རྣམ་པར་ཤེས་པའི་ཁམས་སོ། །མ་རིག་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་མ་རིག་པའོ། །འདུ་བྱེད་ཉིད་ཀྱང་ཆོས་ ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་འདུ་བྱེད་དོ། །རྣམ་པར་ཤེས་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རྣམ་པར་ཤེས་པའོ། །མིང་དང་གཟུགས་ཉིད་ ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་མིང་དང་གཟུགས་སོ། །སྐྱེ་མཆེད་དྲུག་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་སྐྱེ་མཆེད་དྲུག་གོ་རེག་པ་ཉིད་ [114B] །ཆོས་ཀྱི་དབྱིངས་ཉིད་ཀྱང་རེག་པའོ། །ཚོར་བ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཚོར་བའོ། །སྲེད་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ་།ཆོས་ཀྱི་ དབྱིངས་ཉིད་ཀྱང་སྲེད་པའོ། །ལེན་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ལེན་པའོ། །སྲིད་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་སྲིད་པའོ་།སྐྱེ་བ་ ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་སྐྱེ་བའོ། །རྒ་ཤི་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རྒ་ཤིའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཆོས་ཀྱི་ དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ ཕྱིན་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཆོས་ཀྱི་ དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་བསམ་གཏན་ གྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ནང་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་ [115A]༄༅། །དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ནང་སྟོང་པ་ཉིད་དོ། །ཕྱི་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ་།ཆོས་ཀྱི་དབྱིངས་ཉིད་ཀྱང་ཕྱི་སྟོང་པ་ཉིད་དོ། །ཕྱི་ ནང་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཕྱི་ནང་སྟོང་པ་ཉིད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་སྟོང་པ་ ཉིད་སྟོང་པ་ཉིད་དོ། །ཆེན་པོ་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཆེན་པོ་སྟོང་པ་ཉིད་དོ། །དོན་དམ་པ་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ་།ཆོས་ཀྱི་ དབྱིངས་ཉིད་ཀྱང་དོན་དམ་པ་སྟོང་པ་ཉིད་དོ། །འདུས་བྱས་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་འདུས་བྱས་སྟོང་པ་ཉིད་དོ། །འདུས་མ་བྱས་སྟོང་པ་ཉིད་ ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་འདུས་མ་བྱས་སྟོང་པ་ཉིད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་མཐའ་ ལས་འདས་པ་སྟོང་པ་ཉིད་དོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དོ། །དོར་བ་མེད་པ་སྟོང་ པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་དོར་བ་མེད་པ་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རང་ [115B] །ཆོས་ཐམས་ཅད་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཉིད་ཀྱང་ཆོས་ ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རང་གི་མཚན་ཉིད་སྟོང་པ་ཉིད་དོ། །མི་དམིགས་པ་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་མི་དམིགས་པ་སྟོང་པ་ཉིད་དོ། ། དངོས་པོ་མེད་པ་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ་།ཆོས་ཀྱི་དབྱིངས་ཉིད་ཀྱང་དངོས་པོ་མེད་པ་སྟོང་པ་ཉིད་དོ་།ངོ་བོ་ཉིད་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ ཀྱང་ངོ་བོ་ཉིད་སྟོང་པ་ཉིད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །དྲན་པ་ཉེ་བར་གཞག་ པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་དྲན་པ་ཉེ་བར་གཞག་པ་རྣམས་སོ། །ཡང་དག་པར་སྤོང་བ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཡང་དག་པར་ སྤོང་བ་རྣམས་སོ། །རྫུ་འཕྲུལ་གྱི་རྐང་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རྫུ་འཕྲུལ་གྱི་རྐང་པ་རྣམས་སོ། །དབང་པོ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ ཉིད་ཀྱང་དབང་པོ་རྣམས་སོ། །སྟོབས་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་སྟོབས་རྣམས་སོ། །བྱང་ཆུབ་ཀྱི་ཡན་ལག་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ [116A]༄༅། །ཉིད་ཀྱང་བྱང་ཆུབ་ཀྱི་ཡན་ལག་རྣམས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་འཕགས་པའི་ལམ་ ཡན་ལག་བརྒྱད་པའོ། །འཕགས་བའི་བདེན་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་འཕགས་པའི་བདེན་པ་རྣམས་སོ། །བསམ་གཏན་ཉིད་ཀྱང་ཆོས་ཀྱི་དབྱིངས་ སོ༑ ༑ཆོས་ཀྱི་དབྱིངས་ཉིད་ཀྱང་བསམ་གཏན་རྣམས་སོ། །ཆད་[*TSAD?]མེད་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཚད་མེད་པ་རྣམས་སོ། །གཟུགས་མེད་པའི་སྙོམས་པར་ འཇུག་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སོ། །རྣམ་པར་ཐར་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ ཉིད་ཀྱང་རྣམ་པར་ཐར་པ་རྣམས་སོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་མཐར་གྱིས་གནས་པའི་སྙོམས་པར་འཇུག་ པ་རྣམས་སོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ དང། མཚན་མ་མེད་པ་དང། སྨོན་པ་མེད་པའོ། །མངོན་པར་ཤེས་པ་ཉིད་ཀྱང་ཆོས་ཀྱི་དབྱངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་མངོན་པར་ཤེས་པ་རྣམས་སོ། །ཏིང་ངེ་འཛིན་ཉིད་ཀྱང་ [116B] །ཆོས་ཀྱི་དབྱིངས་ཉིད་ཀྱང་ཏིང་ངེ་འཛིན་རྣམས་སོ། །གཟུངས་ཀྱི་སྒོ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ་།ཆོས་ཀྱི་དབྱིངས་ཉིད་ཀྱང་གཟུངས་ཀྱི་སྒོ་རྣམས་སོ། །དེ་བཞིན་གཤེགས་ པའི་སྟོབས་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་དེ་བཞིན་གཤེགས་པའི་སྟོབས་རྣམས་སོ། །མི་འཇིགས་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ མི་འཇིགས་པ་རྣམས་སོ། །སོ་སོ་ཡང་དག་པར་རིག་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་སོ་སོ་ཡང་དག་པར་རིག་པ་རྣམས་སོ། །བྱམས་པ་ཆེན་པོ་ཉིད་ཀྱང་ཆོས་ཀྱི་ དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་བྱམས་པ་ཆེན་པོའོ་།སྙིང་རྗེ་ཆེན་པོ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་སྙིང་རྗེ་ཆེན་པོའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ རྒྱུན་དུ་ཞུགས་པའི་འབྲས་བུའོ། །ལན་གཅིག་ཕྱིར་འོང་བའི་འབྲས་བུ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ལན་གཅིག་ཕྱིར་འོང་བའི་འབྲས་བུའོ། །ཕྱིར་མི་འོང་བའི་འབྲས་ བུ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཕྱིར་མི་འོང་བའི་འབྲས་བུའོ། །དགྲ་བཅོམ་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་དགྲ་བཅོམ་པ་ཉིད་དོ་།རང་ [117A]༄༅། །བྱང་ཆུབ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རང་བྱང་ཆུབ་བོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ ཀྱང་ལམ་གྱི་རྣམ་པ་ཤེས་པ་ཉིད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །རབ་འབྱོར་ གལ་ཏེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཆོས་ཀྱི་དབྱིངས་ལ་མ་གཏོགས་པའི་ཆོས་འགའ་ཞིག་མཐོང་ན་ནི། བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་པར་ཡང་མི་འགྱུར་ཏེ། ཆོས་ཐམས་ཅད་ནི། ཆོས་ཀྱི་དབྱིངས་ཡིན་པས། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཤེས་ནས་ཆོས་ཐམས་ཅད་མིང་མེད་པ་ལ་མིང་གི་བརྡས་ཆོས་སྟོན་ཏེ། འདི་ནི། གཟུགས་ ཞེས་བྱའོ། །འདི་ནི། ཚོར་བ་ཞེས་བྱའོ། །འདི་ནི། འདུ་ཤེས་ཞེས་བྱའོ། །འདི་ནི། འདུ་བྱེད་ཅེས་བྱའོ། །འདི་ནི། རྣམ་པར་ཤེས་པ་ཞེས་བྱའོ། །འདི་ནི། མིག་ཅེས་བྱའོ། །འདི་ནི་ རྣ་བ་ཞེས་བྱའོ། །འདི་ནི། སྣ་ཞེས་བྱའོ། །འདི་ནི། ལྕེ་ཞེས་བྱའོ། །འདི་ནི། ལུས་ཞེས་བྱའོ། །འདི་ནི། ཡིད་ཅེས་བྱའོ། །འདི་ནི་གཟུགས་ཞེས་བྱའོ། །འདི་ནི། སྒྲ་ཞེས་བྱའོ། ། [117B] དྲི་ཞེས་བྱའོ། །འདི་ནི། རོ་ཞེས་བྱའོ། །འདི་ནི་རེག་ཅེས་བྱའོ། །འདི་ནི། ཆོས་ཞེས་བྱའོ། །འདི་ནི། མིག་གི་རྣམ་པར་ཤེས་པ་ཞེས་བྱའོ། །འདི་ནི། རྣ་བའི་རྣམ་པར་ཤེས་པ་ཞེས་ བྱའོ༑ ༑འདི་ནི། སྣའི་རྣམ་པར་ཤེས་པ་ཞེས་བྱའོ། །འདི་ནི། ལྕེའི་རྣམ་པར་ཤེས་པ་ཞེས་བྱའོ། །འདི་ནི། ལུས་ཀྱི་རྣམ་པར་ཤེས་པ་ཞེས་བྱའོ། །འདི་ནི། ཡིད་ཀྱི་རྣམ་པར་ཤེས་པ་ཞེས་ བྱའོ༑ ༑འདི་ནི། མིག་གི་འདུས་ཏེ་རེག་པ་ཞེས་བྱའོ། །འདི་ནི། རྣ་བའི་འདུས་ཏེ་རེག་པ་ཞེས་བྱའོ། །འདི་ནི། སྣའི་འདུས་ཏེ་རེག་པ་ཞེས་བྱའོ། །འདི་ནི། ལྕེའི་འདུས་ཏེ་རེག་པ་ཞེས་བྱའོ། ། འདི་ནི། ལུས་ཀྱི་འདུས་ཏེ་རེག་པ་ཞེས་བྱའོ། །འདི་ནི། ཡིད་ཀྱི་འདུས་ཏེ་རེག་པ་ཞེས་བྱའོ། །འདི་ནི། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཞེས་བྱའོ། །འདི་ནི། རྣ་བའི་འདུས་ཏེ་རེག་ པའི་རྐྱེན་གྱིས་ཚོར་བ་ཞེས་བྱའོ། །འདི་ནི། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཞེས་བྱའོ། །འདི་ནི། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཞེས་བྱའོ། །འདི་ནི། ལུས་ཀྱི་འདུས་ཏེ་ རེག་པའི་རྐྱེན་གྱིས་ཚོར་བ་ཞེས་བྱའོ། །འདི་ནི། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཞེས་བྱའོ། །འདི་ནི། སའི་ཁམས་ཞེས་བྱའོ། །འདི་ནི། ཆུའི་ཁམས་ཞེས་བྱའོ། །འདི་ནི། མེའི་ ཁམས་ཞེས་བྱའོ། །འདི་ནི། རླུང་གི་ཁམས་ཞེས་བྱའོ། །འདི་ནི་ནམ་མཁའི་ཁམས་ཞེས་བྱའོ། །འདི་ནི། རྣམ་པར་ཤེས་པའི་ཁམས་ཞེས་བྱའོ། །འདི་ནི། མ་རིག་པ་ཞེས་བྱའོ། །འདི་ [118A]༄༅། །ནི༑ འདུ་བྱེད་ཅེས་བྱའོ། །འདི་ནི། རྣམ་པར་ཤེས་པ་ཞེས་བྱའོ། །འདི་ནི། མིང་དང་གཟུགས་ཞེས་བྱའོ། །འདི་ནི། སྐྱེ་མཆེད་དྲུག་ཅེས་བྱའོ། །འདི་ནི། རེག་པ་ཞེས་ བྱའོ། །འདི་ནི། ཚོར་བ་ཞེས་བྱའོ། །འདི་ནི། སྲེད་པ་ཞེས་བྱའོ་།འདི་ནི། ལེན་པ་ཞེས་བྱའོ། །འདི་ནི། སྲིད་པ་ཞེས་བྱའོ། །འདི་ནི་སྐྱེ་བ་ཞེས་བྱའོ། །འདི་ནི། རྒ་ཤི་ཞེས་བྱའོ། །འདི་ནི་ སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །འདི་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །འདི་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །འདི་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ ཞེས་བྱའོ། །འདི་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །འདི་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །འདི་ནི། ནང་སྟོང་པ་ཉིད་ཅེས་བྱའོ། །འདི་ནི། ཕྱི་སྟོང་པ་ཉིད་ ཅེས་བྱའོ། །འདི་ནི། ཕྱི་ནང་སྟོང་པ་ཉིད་ཅེས་བྱའོ། །འདི་ནི་སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱའོ། །འདི་ནི། ཆེན་པོ་སྟོང་པ་ཉིད་ཅེས་བྱའོ། །འདི་ནི། དོན་དམ་པ་སྟོང་པ་ཉིད་ཅེས་བྱའོ། །འདི་ ནི། འདུས་བྱས་སྟོང་པ་ཉིད་ཅེས་བྱའོ། །འདི་ནི། འདུས་མ་བྱས་སྟོང་པ་ཉིད་ཅེས་བྱའོ། །འདི་ནི། མཐའ་ལས་འདས་པ་སྟོང་པ་ཉིད་ཅེས་བྱའོ། །འདི་ནི། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ ཅེས་བྱའོ། །འདི་ནི། དོར་བ་མེད་པ་སྟོང་པ་ཉིད་ཅེས་བྱའོ། །འདི་ནི། རང་བཞིན་སྟོང་པ་ཉིད་ཅེས་བྱའོ། །འདི་ནི། ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བྱའོ། །འདི་ནི། རང་གི་མཚན་ཉིད་ [118B] །འདི་ནི། མི་དམིགས་པ་སྟོང་པ་ཉིད་ཅེས་བྱའོ། །འདི་ནི། དངོས་པོ་མེད་པ་སྟོང་པ་ཉིད་ཅེས་བྱའོ། །འདི་ནི། ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱའོ། །འདི་ནི། དངོས་པོ་མེད་ པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱའོ། །འདི་དག་ནི། དྲན་པ་ཉེ་བར་གཞག་པ་རྣམས་ཞེས་བྱའོ། །འདི་དག་ནི། ཡང་དག་པར་སྤོང་བ་རྣམས་ཞེས་བྱའོ། །འདི་དག་ནི། རྫུ་འཕྲུལ་གྱི་རྐང་པ་རྣམས་ ཞེས་བྱའོ། །འདི་དག་ནི། དབང་པོ་རྣམས་ཞེས་བྱའོ། །འདི་དག་ནི་སྟོབས་རྣམས་ཞེས་བྱའོ། །འདི་དག་ནི། བྱང་ཆུབ་ཀྱི་ཡན་ལག་རྣམས་ཞེས་བྱའོ། །འདི་དག་ནི། འཕགས་པའི་ལམ་ ཡན་ལག་བརྒྱད་པ་ཞེས་བྱའོ། །འདི་དག་ནི། འཕགས་པའི་བདེན་པ་རྣམས་ཞེས་བྱའོ། །འདི་དག་ནི། བསམ་གཏན་རྣམས་ཞེས་བྱའོ། །འདི་དག་ནི། ཚད་མེད་པ་རྣམས་ཞེས་བྱའོ། །འདི་ དག་ནི༑ གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཞེས་བྱའོ། །འདི་དག་ནི། རྣམ་པར་ཐར་པ་བརྒྱད་ཅེས་བྱའོ། །འདི་དག་ནི། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་ དགུ་ཞེས་བྱའོ། །འདི་དག་ནི། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ཞེས་བྱའོ། །འདི་དག་ནི། མངོན་པར་ཤེས་པ་རྣམས་ཞེས་བྱའོ། །འདི་དག་ ནི༑ ཏིང་ངེ་འཛིན་རྣམས་ཞེས་བྱའོ། །འདི་དག་ནི། གཟུངས་ཀྱི་སྒོ་རྣམས་ཞེས་བྱའོ། །འདི་དག་ནི། དེ་བཞིན་གཤེགས་པའི་སྟོབས་རྣམས་ཞེས་བྱའོ། །འདི་དག་ནི། མི་འཇིགས་པ་རྣམས་ [119A]༄༅། །ཞེས་བྱའོ། །འདི་དག་ནི། སོ་སོ་ཡང་དག་པར་རིག་པ་རྣམས་ཞེས་བྱའོ། །འདི་ནི། བྱམས་པ་ཆེན་པོ་ཞེས་བྱའོ། །འདི་ནི་སྙིང་རྗེ་ཆེན་པོ་ཞེས་བྱའོ། །འདི་དག་ ནི༑ སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཞེས་བྱའོ། །འདི་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ཞེས་བྱའོ། །འདི་ནི། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཞེས་བྱའོ། །འདི་ནི། ཕྱིར་མི་ འོང་བའི་འབྲས་བུ་ཞེས་བྱའོ། །འདི་ནི། དགྲ་བཅོམ་པ་ཉིད་ཅེས་བྱའོ། །འདི་ནི། རང་བྱང་ཆུབ་ཅེས་བྱའོ། །འདི་ནི། ལམ་གྱི་རྣམ་པ་ཤེས་པ་ཉིད་ཅེས་བྱའོ། །འདི་ནི། བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱའོ། །ཞེས་སྟོན་ཏོ། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་མཁན་པོའམ། སྒྱུ་མ་བྱེད་པའི་མཆན་བུ་མཁས་པ་ཞིག་གིས་རྫས་ཀྱི་རྣམ་པ་ གྱིན་ཞིག་ལ་བརྟེན་ཏེ་གཟུགས་ཀྱི་བྱེ་བྲག་སྣ་ཚོགས་འདི་ལྟ་སྟེ་གླང་པོའི་གཟུགས་སམ། རྟའི་གཟུགས་སམ། བ་ལང་གི་གཟུགས་སམ། རྔ་མོ་དང། ལུག་གི་གཟུགས་སམ། སྐྱེས་ པ་དང། བུད་མེད་དང། ཁྱེའུ་དང། བུ་མོའི་གཟུགས་སམ། སྐྱེད་མོས་ཚལ་དང། གཞལ་མེད་ཁང་དང། དཀའ་ཐུབ་ཀྱི་ནགས་ཚལ་དང་ཀུན་དགའ་ར་བ་མདངས་དགའ་བའམ་ རྫིང་བུ་མདངས་དགའ་བའམ། ནགས་ཚལ་མདངས་དགའ་བ་དག་སྤྲུལ་ཅིང། དེ་དག་ཏུ་སྟན་དང། འཁོར་གྱི་སྟན་དང། གཞི་རྣམ་པ་སྣ་ཚོགས་བཏིང་སྟེ། མེ་ཏོག་དང། ཕྲེང་བ་ [119B] སྤོས་དང། བྱུག་པ་དང། ཁ་ཟས་དང། སྤྱན་གཟིགས་ཞིམ་པོ་དག་བསྟན་ཏམ། གླུ་དང་སིལ་སྙན་གྱིས་སྐྱེ་བོ་དགའ་བར་བྱས་སམ། སྦྱིན་པ་ཡོངས་སུ་བཏང་བའམ། ཚུལ་ཁྲིམས་ བསྲུང་བའམ། བཟོད་པ་བསྒྲུབས་པའམ། བརྩོན་འགྲུས་བརྩམས་པའམ་ཏིང་ངེ་འཛིན་གྱིས་རྣམ་པར་བརྩེ་བའམ། ཤེས་རབ་བསྒོམས་པའམ་རྣམ་པ་དེ་ལྟ་བུ་དག་གིས་སྐྱེ་བོ་ དགའ་བར་བྱས་ཏེ། རྒྱལ་རིགས་ཆེ་ཞིང་མཐོ་བའི་རིགས་བསྟན་ཏམ་བྲམ་ཟེ་ཆེ་ཞིང་མཐོ་བའི་རིགས་བསྟན་ཏམ། ཁྱིམ་བདག་ཆེ་ཞིང་མཐོ་བའི་རིགས་བསྟན་ཏམ། རི་རབ་བསྟན་ ཏམ༑ རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་བསྟན་ཏམ། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་བསྟན་ཏམ། མཚེ་མའི་ལྷ་རྣམས་བསྟན་ཏམ། དགའ་ལྡན་གྱི་ལྷ་རྣམས་བསྟན་ཏམ། འཕྲུལ་ དགའི་ལྷ་རྣམས་བསྟན་ཏམ། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་བསྟན་ཏམ། ཚངས་རིས་ཀྱི་ལྷ་རྣམས་བསྟན་ཏམ། ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་བསྟན་ཏམ། ཚངས་པ་ཀུན་ འཁོར་གྱི་ལྷ་རྣམས་བསྟན་ཏམ། ཚངས་ཆེན་གྱི་ལྷ་རྣམས་བསྟན་ཏམ། སྣང་བའི་ལྷ་རྣམས་བསྟན་ཏམ། ཆུང་སྣང་གི་ལྷ་རྣམས་བསྟན་ཏམ། ཚད་མེད་སྣང་བའི་ལྷ་རྣམས་བསྟན་ཏམ་ ཀུན་སྣང་དང་བའི་ལྷ་རྣམས་བསྟན་ཏམ། དགེ་བའི་ལྷ་རྣམས་བསྟན་ཏམ། ཆུང་དགེའི་ལྷ་རྣམས་བསྟན་ཏམ། ཚད་མེད་དགེ་བའི་ལྷ་རྣམས་བསྟན་ཏམ། དགེ་རྒྱས་ཀྱི་ལྷ་རྣམས་བསྟན་ [120A]༄༅། །ཏམ། ཆེ་བའི་ལྷ་རྣམས་བསྟན་ཏམ། ཆུང་ཆེའི་ལྷ་རྣམས་བསྟན་ཏམ། ཚད་མེད་ཆེ་བའི་ལྷ་རྣམས་བསྟན་ཏམ། འབྲས་བུ་ཆེ་བའི་ལྷ་རྣམས་བསྟན་ཏམ། མི་ཆེ་བའི་ ལྷ་རྣམས་བསྟན་ཏམ། མི་གདུང་བའི་ལྷ་རྣམས་བསྟན་ཏམ། ཤིན་ཏུ་མཐོང་བའི་ལྷ་རྣམས་བསྟན་ཏམ། གྱ་ནོམ་སྣང་བའི་ལྷ་རྣམས་བསྟན་ཏམ། འོག་མིན་གྱི་ལྷ་རྣམས་བསྟན་ཏམ་ ནམ་མཁའི་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་བསྟན་ཏམ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་བསྟན་ཏམ། ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་བསྟན་ཏམ། འདུ་ ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷ་རྣམས་བསྟན་ཏམ་རྒྱུན་དུ་ཞུགས་པ་དང། ལན་གཅིག་ཕྱིར་འོང་བ་དང། ཕྱིར་མི་འོང་བ་དང། དགྲ་བཅོམ་པ་དང། རང་སངས་རྒྱས་ མང་པ་བསྟན་ཏམ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་སྤྱོད་པ་དང། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང། ནང་སྟོང་པ་ཉིད་ལ་སྤྱོད་པ་དང། ཕྱི་སྟོང་པ་ཉིད་ལ་སྤྱོད་པ་དང། ཕྱི་ནང་སྟོང་པ་ཉིད་ལ་སྤྱོད་པ་དང། སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་ [120B] དོན་དམ་པ་སྟོང་པ་ཉིད་ལ་སྤྱོད་པ་དང། འདུས་བྱས་སྟོང་པ་ཉིད་ལ་སྤྱོད་པ་དང་འདུས་མ་བྱས་སྟོང་པ་ཉིད་ལ་སྤྱོད་པ་དང། མཐའ་ལས་འདས་པ་སྟོང་པ་ ཉིད་ལ་སྤྱོད་པ་དང། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང། དོར་བ་མེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང་རང་བཞིན་སྟོང་པ་ཉིད་ལ་སྤྱོད་པ་དང། ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱོད་ པ་དང། རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང། མི་དམིགས་པ་སྟོང་པ་ཉིད་ལ་སྤྱོད་པ་དང། དངོས་པོ་མེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང། ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང། དངོས་ པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང། དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱོད་པ་དང། ཡང་དག་པར་སྤོང་བ་རྣམས་ལ་སྤྱོད་པ་དང། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་སྤྱོད་པ་དང་ དབང་པོ་རྣམས་ལ་སྤྱོད་པ་དང། སྟོབས་རྣམས་ལ་སྤྱོད་པ་དང་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སྤྱོད་པ་དང། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད་པ་དང། འཕགས་པའི་བདེན་ པ་རྣམས་དང། བསམ་གཏན་དང། རྣམ་པར་ཐར་པ་དང། ཏིང་ངེ་འཛིན་དང། སྙོམས་པར་འཇུག་པ་ལ་སྤྱོད་པ་དང། ས་དང་པོ་ཡོངས་སུ་རྫོགས་པར་བྱེད་པ་དང། ས་གཉིས་པ་ཡོངས་སུ་ རྫོགས་པར་བྱེད་པ་དང། ས་གསུམ་པ་ཡོངས་སུ་རྫོགས་པར་བྱེད་པ་དང། ས་བཞི་པ་ཡོངས་སུ་རྫོགས་པར་བྱེད་པ་དང། ས་ལྔ་པ་ཡོངས་སུ་རྫོགས་པར་བྱེད་པ་དང། ས་དྲུག་པ་ཡོངས་སུ་ [121A]༄༅། །རྫོགས་པར་བྱེད་པ་དང། ས་བདུན་པ་ཡོངས་སུ་རྫོགས་པར་བྱེད་པ་དང། ས་བརྒྱད་པ་ཡོངས་སུ་རྫོགས་པར་བྱེད་པ་དང། ས་དགུ་པ་ཡོངས་སུ་རྫོགས་པར་བྱེད་པ་དང་ ས་བཅུ་པ་ཡོངས་སུ་རྫོགས་པར་བྱེད་པ་དང། བྱང་ཆུབ་སེམས་དཔའ་སྐྱོན་མེད་པར་འཇུག་པ་དང། མངོན་པར་ཤེས་པ་མངོན་པར་བསྒྲུབ་པ་དང། མངོན་པར་ཤེས་པ་དེ་དག་གིས་ རྣམ་པར་བརྩེ་ཞིང་འཇིག་རྟེན་གྱི་ཁམས་རྣམས་སྣང་བར་བྱེད་པ་དང། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་དང། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པ་དང། ཡན་ལག་ དང་ཉིང་ལགས་ཡོངས་སུ་གཏོང་བ་དང། སྤྱད་པར་དཀའ་བའི་སྤྱད་པ་སྤྱོད་པ་དང། དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོངས་སུ་བསྒྲུབ་པ་དང། མི་འཇིགས་པ་རྣམས་ཡོངས་སུ་བསྒྲུབ་ པ་དང། སོ་སོ་ཡང་དག་པར་རིག་པ་རྣམས་ཡོངས་སུ་བསྒྲུབ་པ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོངས་སུ་བསྒྲུབ་པ་དང་བྱམས་པ་ཆེན་པོ་མངོན་པར་བསྒྲུབ་པ་དང། སྙིང་རྗེ་ ཆེན་པོ་མངོན་པར་བསྒྲུབ་པ་དེ་དགྲ་བསྟན་ཏམ། སངས་རྒྱས་ཀྱི་སྐུ་ཡན་ལག་དང་ཉིང་ལག་ཐམས་ཅད་ཡོངས་སུ་རྫོགས་པར་བསྟན་ན། དེ་ལ་སེམས་ཅན་བྱིས་པའི་ངང་ཚུལ་ཅན་དག་འདི་ སྙམ་དུ་སེམས་ཏེ། ཀྱེ་མ་མི་འདིས་ལེགས་པར་བསླབས་པ་ངོ་མཚར་ཆེའི། རེ་མཛེས་དག་བྱེད། དེ་ལྟར་སྐྱེ་བ་དགའ་བར་བྱེད་ཅིང་གཟུགས་ཀྱི་བྱེ་བྲག་སྣ་ཚོགས་འདི་ལྟ་སྟེ། གླང་པོའི་ [121B] རྟའི་གཟུགས་དང། བལ་ལང་གི་གཟུགས་དང། རྔ་མོ་དང། ལུག་གི་གཟུགས་དང། སྐྱེས་པ་དང། བུད་མེད་དང། ཁྱེའུ་དང། བུ་མོའི་གཟུགས་སྟོན་པ་དང། སྐྱེད་མོས་ཚལ་ དང། གཞལ་མེད་ཁང་དང། དཀའ་ཐུབ་ཀྱི་ནགས་ཚལ་དང། ཀུན་དགའི་རེ་བ་མདངས་དགའ་བ་སྟོན་པ་དང། རྫིང་བུ་མདངས་དགའ་བ་སྟོན་པ་དང། ནགས་ཚལ་མདངས་དགའ་བ་སྟོན་པ་ དང། དེ་དག་ཏུ་སྟན་དང། འཁོར་གྱི་སྟན་དང། གཞི་རྣམ་པ་སྣ་ཚོགས་བཏིང་སྟེ། མེ་ཏོག་དང། ཕྲེང་བ་དང། སྤོས་དང། བྱུག་པ་དང། ཁ་ཟས་དང། སྤྱན་གཟིགས་མང་པོ་དེ་ལྟ་བུ་སྟོན་པ་ དང། གླུ་དང་སིལ་སྙན་གྱིས་སྐྱེ་བོ་དགའ་བར་བྱེད་ཅིང་སྦྱིན་པ་ཡོངས་སུ་གཏོང་བ་དང། ཚུལ་ཁྲིམས་བསྲུང་བ་དང། བཟོད་པ་བསྒྲུབ་པ་དང། བརྩོན་འགྲུས་བརྩམ་པ་དང། ཏིང་ངེ་འཛིན་གྱིས་རྣམ་ པར་བརྩེ་བ་དང། ཤེས་རབ་བསྒོམ་པ་དང། རྣམ་པ་འདི་དག་གིས་སྐྱེ་བོ་དགའ་བར་བྱེད་ཅིང། རྒྱལ་རིགས་ཆེ་ཞིང་མཐོ་བའི་རིགས་སྟོན་པ་དང། བྲམ་ཟེ་ཆེ་ཞིང་མཐོ་བའི་རིགས་སྟོན་པ་དང་ ཁྱིམ་བདག་ཆེ་ཞིང་མཐོ་བའི་རིགས་སྟོན་པ་དང། རི་རབ་སྟོན་པ་དང། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་སྟོན་པ་དང། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་སྟོན་པ་དང། མཚེ་མའི་ལྷ་རྣམས་ སྟོན་པ་དང། དགའ་ལྡན་གྱི་ལྷ་རྣམས་སྟོན་པ་དང། འཕྲུལ་དགའི་ལྷ་རྣམས་སྟོན་པ་དང། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་སྟོན་པ་དང། ཚངས་རིས་ཀྱི་ལྷ་རྣམས་སྟོན་པ་དང་ [122A]༄༅། །ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་སྟོན་པ་དང། ཚངས་པ་ཀུན་འཁོར་གྱི་ལྷ་རྣམས་སྟོན་པ་དང། ཚངས་ཆེན་གྱི་ལྷ་རྣམས་སྟོན་པ་དང། སྣང་བའི་ལྷ་རྣམས་སྟོན་པ་དང་ ཆུང་སྣང་གི་ལྷ་རྣམས་སྟོན་པ་དང། ཚད་མེད་སྣང་བའི་ལྷ་རྣམས་སྟོན་པ་དང། ཀུན་སྣང་དང་བའི་ལྷ་རྣམས་སྟོན་པ་དང་དགེ་བའི་ལྷ་རྣམས་སྟོན་པ་དང། ཆུང་དགེའི་ལྷ་རྣམས་སྟོན་ པ་དང། ཚད་མེད་དགེ་བའི་ལྷ་རྣམས་སྟོན་པ་དང། དགེ་རྒྱས་ཀྱི་ལྷ་རྣམས་སྟོན་པ་དང། ཆེ་བའི་ལྷ་རྣམས་སྟོན་པ་དང། ཆུང་ཆེའི་ལྷ་རྣམས་སྟོན་པ་དང། ཚད་མེད་ཆེ་བའི་ལྷ་རྣམས་སྟོན་ པ་དང། འབྲས་བུ་ཆེ་བའི་ལྷ་རྣམས་སྟོན་པ་དང། མི་ཆེ་བའི་ལྷ་རྣམས་སྟོན་པ་དང། མི་གདུང་བའི་ལྷ་རྣམས་སྟོན་པ་དང་ཤིན་ཏུ་མཐོང་བའི་ལྷ་རྣམས་སྟོན་པ་དང། གྱ་ནོམ་ སྣང་བའི་ལྷ་རྣམས་སྟོན་པ་དང། འོག་མིན་གྱི་ལྷ་རྣམས་སྟོན་པ་དང། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་སྟོན་པ་དང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ སྟོན་པ་དང། ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་སྟོན་པ་དང། འདུ་ཤས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷ་གཟུགས་མེད་པ་རྣམས་སྟོན་པ་དང། རྒྱུན་དུ་ཞུགས་ པ་རྣམས་སྟོན་པ་དང། ལན་གཅིག་ཕྱིར་འོང་བ་རྣམས་སྟོན་པ་དང་ཕྱིར་མི་འོང་བ་དང། དགྲ་བཅོམ་པ་དང། རང་སངས་རྒྱས་མང་པོ་རྣམས་སྟོན་ཅིང། བྱང་ཆུབ་སེམས་དཔའ་སེམས་ [122B]སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང། བཟོད་པའི་ཕ་རོལ་ཏུ་ཕྱིན་ པ་ལ་སྤྱོད་པ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང། ནང་སྟོང་པ་ཉིད་ལ་ སྤྱོད་པ་དང། ཕྱི་སྟོང་པ་ཉིད་ལ་སྤྱོད་པ་དང། ཕྱི་ནང་སྟོང་པ་ཉིད་ལ་སྤྱོད་པ་དང། སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང། ཆེན་པོ་སྟོང་པ་ཉིད་ལ་སྤྱོད་པ་དང། དོན་དམ་པ་སྟོང་པ་ཉིད་ལ་སྤྱོད་ པ་དང། འདུས་བྱས་སྟོང་པ་ཉིད་ལ་སྤྱོད་པ་དང། འདུས་མ་བྱས་སྟོང་པ་ཉིད་ལ་སྤྱོད་པ་དང། མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྤྱོད་པ་དང། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་སྤྱོད་ པ་དང། དོར་བ་མེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང། རང་བཞིན་སྟོང་པ་ཉིད་ལ་སྤྱོད་པ་དང། ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱོད་པ་དང། རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་མི་ དམིགས་པ་སྟོང་པ་ཉིད་ལ་སྤྱོད་པ་དང། དངོས་པོ་མེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང། ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང། དྲན་པ་ཉེ་ བར་གཞག་པ་རྣམས་ལ་སྤྱོད་པ་དང། ཡང་དག་པར་སྤོང་བ་རྣམས་ལ་སྤྱོད་པ་དང། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་སྤྱོད་པ་དང། དབང་པོ་རྣམས་ལ་སྤྱོད་པ་དང། སྟོབས་རྣམས་ལ་སྤྱོད་པ་ [123A]༄༅། །དང། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སྤྱོད་པ་དང་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད་པ་དང། འཕགས་པའི་བདེན་པ་རྣམས་ལ་སྤྱོད་པ་དང། བསམ་ གཏན་དང། རྣམ་པར་ཐར་པ་དང། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་པ་དང། ས་དང་པོ་ཡོངས་སུ་རྫོགས་པར་བྱེད་པ་དང། ས་གཉིས་པ་ཡོངས་སུ་རྫོགས་པར་བྱེད་ པ་དང། ས་གསུམ་པ་ཡོངས་སུ་རྫོགས་པར་བྱེད་པ་དང། ས་བཞི་པ་ཡོངས་སུ་རྫོགས་པར་བྱེད་པ་དང། ས་ལྔ་པ་ཡོངས་སུ་རྫོགས་པར་བྱེད་པ་དང། ས་དྲུག་པ་ཡོངས་སུ་རྫོགས་པར་བྱེད་ པ་དང། ས་བདུན་པ་ཡོངས་སུ་རྫོགས་པར་བྱེད་པ་དང། ས་བརྒྱད་པ་ཡོངས་སུ་རྫོགས་པར་བྱེད་པ་དང། ས་དགུ་པ་ཡོངས་སུ་རྫོགས་པར་བྱེད་པ་དང། ས་བཅུ་པ་ཡོངས་སུ་རྫོགས་པར་བྱེད་ པ་དང། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་པ་དང། མངོན་པར་ཤེས་པ་རྣམས་མངོན་པར་བསྒྲུབ་པ་དང། མངོན་པར་ཤེས་པ་དེ་དག་གིས་རྣམ་པར་རྩེ་བ་དང། འཇིག་རྟེན་གྱི་ ཁམས་རྣམས་སྣང་བར་བྱེད་པ་དང། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་དང། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པ་དང། ཡན་ལག་དང་ཉིད་ལག་ཡོངས་སུ་གཏོང་ བ་དང། དཀའ་པའི་སྤྱད་པ་སྤྱོད་པ་དང། དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོངས་སུ་སྒྲུབ་པ་དང། མི་འཇིགས་པ་རྣམས་ཡོངས་སུ་སྒྲུབ་པ་དང། སོ་སོ་ཡང་དག་པར་རིག་པ་ [123B] སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོངས་སུ་སྒྲུབ་པ་དང། བྱམས་པ་ཆེན་པོ་མངོན་པར་སྒྲུབ་པ་དང། སྙིང་རྗེ་ཆེན་པོ་མངོན་པར་སྒྲུབ་པ་དེ་དག་ཀྱང་སྟོན་ཅིང་ སངས་རྒྱས་ཀྱི་སྐུའི་ཡན་ལག་དང། ཉིད་ལག་ཐམས་ཅད་ཡོངས་སུ་རྫོགས་པར་སྟོན་པ་ནི། ངོ་མཚར་ཆེའོ། །ཞེས་ངོ་མཚར་ཆེར་འཛིན་དོ། །དེ་ལ་སྐྱེས་བུ་མཁས་ཤིང་གསལ་ལ་ཡིད་རྣོ་བ་ དང་ལྡན་པ། དཔྱོད་པ་དང་དམ་པ་དང་ལྡན་པ་རྣམས་ནི། འདི་སྙམ་སྟེ། འདི་ལ་ཆོས་གང་ཡང་དམིགས་སུ་མེད་ན། མི་འདི་དེ་ལྟར་མེད་པའི་ཆོས་ཀྱིས་སྐྱེ་བོ་མང་པོ་འདི་དག་དགའ་བར་བྱེད་པ་ ནི༑ ངོ་མཚར་རྨད་དུ་བྱུང་བའི་ཆོས་སོ། །སྙམ་སྟེ། སེམས་ཅན་འདི་དག་ནི། དངོས་པོ་མེད་པ་ལ་དངོས་པོར་འདུ་ཤེས་པའོ། །ཞེས་བྱ་བར་དེ་དག་གི་ཤེས་པ་འབྱུང་ངོ། །རབ་འབྱོར། དེ་ བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཆོས་ཀྱི་དབྱིངས་སུ་མ་གཏོགས་པའི་ཆོས་གང་ཡང་མི་མཐོང་སྟེ། ཐབས་མཁས་ པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ཀྱང་སེམས་ཅན་དུ་མི་དམིགས། སེམས་ཅན་དུ་གདགས་པའང་མི་དམིགས་ཏེ། བདག་ཀྱང་སྦྱིན་པ་གཏོང་བ་ཡིན། གཞན་ཡང་སྦྱིན་པ་ལ་ ཡང་དག་པར་སྐུལ་བ་ཡིན། སྦྱིན་པའི་ལེགས་པ་བརྗོད་པ་ཡིན། སེམས་ཅན་གཞན་གང་སྦྱིན་པ་གཏོང་བ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ [124A]༄༅། །ཀྱང་ཚུལ་ཁྲིམས་སྲུང་བ་ཡིན། གཞན་ཡང་ཚུལ་ཁྲིམས་ལ་ཡང་དག་པར་སྐུལ་བ་ཡིན། ཚུལ་ཁྲིམས་ཀྱི་ལེགས་པར་བརྗོད་པ་ཡིན། སེམས་ཅན་གཞན་གང་ཚུལ་ ཁྲིམས་སྲུང་བ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་བཟོད་པ་བསྒོམ་པ་ཡིན། གཞན་ཡང་བཟོད་པ་ལ་ཡང་དག་པར་སྐུལ་བ་ཡིན། བཟོད་པའི་ ལེགས་པ་བརྗོད་པ་ཡིན། སེམས་ཅན་གཞན་གང་བཟོད་པ་བསྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་བརྩོན་འགྲུས་རྩོམ་པ་ཡིན། གཞན་ ཡང་བརྩོན་འགྲུས་ལ་ཡང་དག་པར་སྐུལ་བ་ཡིན། བརྩོན་འགྲུས་ཀྱི་ལེགས་པ་བརྗོད་པ་ཡིན། སེམས་ཅན་གཞན་གང་བརྩོན་འགྲུས་རྩོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་ པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་ཡིན། གཞན་ཡང་ཏིང་ངེ་འཛིན་ལ་ཡང་དག་པར་སྐུལ་བ་ཡིན། ཏིང་ངེ་འཛིན་གྱི་ལེགས་པ་བརྗོད་པ་ ཡིན། སེམས་ཅན་གཞན་གང་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་ཤེས་རབ་བསྒོམ་པ་ཡིན། གཞན་ ཡང་ཤེས་རབ་ལ་ཡང་དག་པར་སྐུལ་བ་ཡིན། ཤེས་རབ་ཀྱི་ལེགས་པ་བརྗོད་པ་ཡིན། སེམས་ཅན་གཞན་གང་ཤེས་རབ་སྒོམ་པ་དེ་དག་གིས་ལེགས་པ་བརྗོད་ཅིང་མཐུན་པས་དགའ་ [124B] བདག་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་འཛིན་པ་ཡིན། གཞན་ཡང་དགེ་བ་བཅུའི་ལས་ཀྱི་ལམ་ལ་ཡང་དག་པར་སྐུལ་བ་ཡིན། དགེ་བ་བཅུའི་ལས་ཀྱི་ལམ་གྱི་ ལེགས་པ་བརྗོད་པ་ཡིན། སེམས་ཅན་གཞན་གང་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་འཛིན་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་ཡན་ ལག་བརྒྱད་དང་ལྡན་པའི་གསོ་སྦྱིན་ལ་ཉེ་བར་གནས་པ་ཡིན། གཞན་ཡང་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱིན་ལ་ཡང་དག་པར་སྐུལ་བ་ཡིན། ཡན་ལག་བརྒྱད་དང་ལྡན་པའི་གསོ་ སྦྱིན་གྱི་ལེགས་པ་བརྗོད་པ་ཡིན། སེམས་ཅན་གཞན་གང་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱིན་ལ་ཉེ་བར་གནས་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན་ བདག་ཀྱང་བསླབ་པའི་གནས་ལྔ་ཡང་དག་པར་འཛིན་པ་ཡིན། གཞན་ཡང་བསླབ་པའི་གནས་ལྔ་ལ་ཡང་དག་པར་སྐུལ་བ་ཡིན། བསླབ་པའི་གནས་ལྔའི་ལེགས་པ་བརྗོད་པ་ཡིན། སེམས་ ཅན་གཞན་གང་བསླབ་པའི་གནས་ལྔ་ཡང་དག་པར་འཛིན་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པ་ ཡིན༑ གཞན་ཡང་བསམ་གཏན་དང་པོ་ལ་ཡང་དག་པར་སྐུལ་བ་ཡིན་བསམ་གཏན་དང་པོའི་ལེགས་པ་བརྗོད་པ་ཡིན། སེམས་ཅན་གཞན་གང་བསམ་གཏན་དང་པོ་ལ་སྙོམས་པར་ [125A]༄༅། །འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་པ་ཡིན། གཞན་ཡང་ བསམ་གཏན་གཉིས་པ་ལ་ཡང་དག་པར་སྐུལ་བ་ཡིན། བསམ་གཏན་གཉིས་པའི་ལེགས་པ་བརྗོད་པ་ཡིན། སེམས་ཅན་གཞན་གང་བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་ པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན་བདག་ཀྱང་བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་པ་ཡིན། གཞན་ཡང་བསམ་གཏན་གསུམ་པ་ལ་ ཡང་དག་པར་སྐུལ་བ་ཡིན། བསམ་གཏན་གསུམ་པའི་ལེགས་པ་བརྗོད་པ་ཡིན། སེམས་ཅན་གཞན་གང་བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་ བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པ་ཡིན། གཞན་ཡང་བསམ་གཏན་བཞི་པ་ལ་ཡང་དག་པར་སྐུལ་བ་ཡིན་ བསམ་གཏན་བཞི་པའི་ལེགས་པ་བརྗོད་པ་ཡིན། སེམས་ཅན་གཞན་གང་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་ སྤྱོད་པ་ཡིན། བདག་ཀྱང་བྱམས་པ་ལ་སྙོམས་པར་འཇུག་པ་ཡིན་གཞན་ཡང་བྱམས་པ་ལ་ཡང་དག་པར་སྐུལ་བ་ཡིན། བྱམས་པའི་ལེགས་པ་བརྗོད་པ་ཡིན། སེམས་ཅན་ [125B]བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་སྙིང་རྗེ་ལ་སྙོམས་པར་འཇུག་པ་ཡིན། གཞན་ཡང་སྙིང་རྗེ་ལ་ ཡང་དག་པར་སྐུལ་བ་ཡིན། སྙིང་རྗེའི་ལེགས་པ་བརྗོད་པ་ཡིན། སེམས་ཅན་གཞན་གང་སྙིང་རྗེ་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན་ བདག་ཀྱང་དགའ་བ་ལ་སྙོམས་པར་འཇུག་པ་ཡིན། གཞན་ཡང་དགའ་བ་ལ་ཡང་དག་པར་སྐུལ་བ་ཡིན། དགའ་བའི་ལེགས་པ་བརྗོད་པ་ཡིན། སེམས་ཅན་གཞན་གང་དགའ་བ་ལ་ སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་བཏང་སྙོམས་ལ་སྙོམས་པར་འཇུག་པ་ཡིན། གཞན་ཡང་བཏང་སྙོམས་ལ་ཡང་ དག་པར་སྐུལ་བ་ཡིན། བཏང་སྙོམས་ཀྱི་ལེགས་པ་བརྗོད་པ་ཡིན། སེམས་ཅན་གཞན་གང་བཏང་སྙོམས་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་ སྤྱོད་པ་ཡིན། བདག་ཀྱང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་ཡིན། གཞན་ཡང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཡང་དག་པར་སྐུལ་བ་ཡིན། ནམ་ མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལེགས་པ་བརྗོད་པ་ཡིན། སེམས་ཅན་གཞན་གང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་ [126A]༄༅། །པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་ཡིན། གཞན་ཡང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཡང་ དག་པར་སྐུལ་བ་ཡིན། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལེགས་པ་བརྗོད་པ་ཡིན། སེམས་ཅན་གཞན་གང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་ པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་ཅུང་ཟད་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་ཡིན། གཞན་ཡང་ཅུང་ཟད་མེད་པའི་སྐྱེ་མཆེད་ལ་ཡང་དག་ པར་སྐུལ་བ་ཡིན། ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་ལེགས་པ་བརྗོད་པ་ཡིན། སེམས་ཅན་གཞན་གང་ཅུང་ཟད་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་ཡིན། གཞན་ཡང་འདུ་ཤེས་མེད་འདུ་ཤེས་མེད་མིན་ སྐྱེ་མཆེད་ལ་ཡང་དག་པར་སྐུལ་བ་ཡིན། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལེགས་པ་བརྗོད་པ་ཡིན། སེམས་ཅན་གཞན་གང་འདུ་ཤེས་མེད་འདུ་ཤེས་མེད་མིན་ སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་དྲན་པ་ཉེ་བར་གཞག་པ་རྣམས་བསྒོམ་པ་ཡིན། གཞན་ཡང་ [126B]དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ལེགས་པ་བརྗོད་པ་ཡིན། སེམས་ཅན་གཞན་གང་དྲན་པ་ཉེ་བར་གཞག་པ་རྣམས་སྒོམ་ པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན་བདག་ཀྱང་ཡང་དག་པར་སྤོང་བ་རྣམས་སྒོམ་པ་ཡིན། གཞན་ཡང་ཡང་དག་པར་སྤོང་བ་རྣམས་ལ་ཡང་དག་པར་ སྐུལ་བ་ཡིན། ཡང་དག་པར་སྤོང་བ་རྣམས་ཀྱི་ལེགས་པ་བརྗོད་པ་ཡིན། སེམས་ཅན་གཞན་གང་ཡང་དག་པར་སྤོང་བ་རྣམས་བསྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་ སྤྱོད་པ་ཡིན། བདག་ཀྱང་རྫུ་འཕྲུལ་གྱི་རྐང་པ་རྣམས་བསྒོམ་པ་ཡིན། གཞན་ཡང་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་ཡང་དག་པར་སྐུལ་བ་ཡིན། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་ལེགས་པ་བརྗོད་ པ་ཡིན། སེམས་ཅན་གཞན་གང་རྫུ་འཕྲུལ་གྱི་རྐང་པ་རྣམས་བསྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན་བདག་ཀྱང་དབང་པོ་རྣམས་བསྒོམ་པ་ཡིན། གཞན་ ཡང་དབང་པོ་རྣམས་ལ་ཡང་དག་པར་སྐུལ་བ་ཡིན། དབང་པོ་རྣམས་ཀྱི་ལེགས་པ་བརྗོད་པ་ཡིན། སེམས་ཅན་གཞན་གང་དབང་པོ་རྣམས་བསྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་ པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་སྟོབས་རྣམས་བསྒོམ་པ་ཡིན་གཞན་ཡང་སྟོབས་རྣམས་ལ་ཡང་དག་པར་སྐུལ་བ་ཡིན། སྟོབས་རྣམས་ཀྱི་ལེགས་པ་བརྗོད་པ་ཡིན། སེམས་ [127A]༄༅། །ཅན་གཞན་གང་སྟོབས་རྣམས་བསྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་བྱང་ཆུབ་ཀྱི་ཡན་ལག་རྣམས་སྒོམ་པ་ ཡིན༑ གཞན་ཡང་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་ཡང་དག་པར་སྐུལ་བ་ཡིན། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་ལེགས་པ་བརྗོད་པ་ཡིན་སེམས་ཅན་གཞན་གང་བྱང་ཆུབ་ཀྱི་ ཡན་ལག་རྣམས་སྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པ་ཡིན། གཞན་ཡང་ འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་ཡང་དག་པར་སྐུལ་བ་ཡིན་འཕགས་པའི་ལམ་ཡན་ལག་བརྒྱད་པའི་ལེགས་པ་བརྗོད་པ་ཡིན། སེམས་ཅན་གཞན་གང་འཕགས་པའི་ ལམ་ཡན་ལག་བརྒྱད་པ་སྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་རྣམ་པར་ཐར་པའི་སྒོ་གསུམ་སྒོམ་པ་ཡིན། གཞན་ཡང་རྣམ་ པར་ཐར་པའི་སྒོ་གསུམ་ལ་ཡང་དག་པར་སྐུལ་བ་ཡིན། རྣམ་པར་ཐར་པའི་སྒོ་གསུམ་གྱི་ལེགས་པ་བརྗོད་པ་ཡིན། སེམས་ཅན་གཞན་གང་རྣམ་པར་ཐར་པའི་སྒོ་གསུམ་པོ་དེ་དག་ གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་རྣམ་པར་ཐར་པ་བརྒྱད་བསྒོམ་པ་ཡིན། གཞན་ཡང་རྣམ་པར་ཐར་པ་བརྒྱད་ལ་ཡང་དག་པར་སྐུལ་བ་ཡིན་ [127B] སེམས་ཅན་གཞན་གང་རྣམ་པར་ཐར་པ་བརྒྱད་སྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་ མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་བསྒོམ་པ་ཡིན། གཞན་ཡང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་ཡང་དག་པར་སྐུལ་བ་ཡིན། མཐར་གྱིས་གནས་པའི་སྙོམས་ པར་འཇུག་པ་དགུའི་ལེགས་པ་བརྗོད་པ་ཡིན། སེམས་ཅན་གཞན་གང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་བསྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན་ བདག་ཀྱང་མངོན་པར་ཤེས་པ་ལྔ་བསྒོམ་པ་ཡིན། གཞན་ཡང་མངོན་པར་ཤེས་པ་ལྔ་ལ་ཡང་དག་པར་སྐུལ་བ་ཡིན། མངོན་པར་ཤེས་པ་ལྔའི་ལེགས་པ་བརྗོད་པ་ཡིན། སེམས་ཅན་གཞན་ གང་མངོན་པར་ཤེས་པ་ལྔ་བསྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་ཏིང་ངེ་འཛིན་རྣམས་ལ་སྙོམས་པར་འཇུག་པ་ཡིན། གཞན་ཡང་ ཏིང་ངེ་འཛིན་རྣམས་ལ་སྙོམས་པར་འཇུག་པ་ལ་ཡང་དག་པར་སྐུལ་བ་ཡིན། ཏིང་ངེ་འཛིན་རྣམས་ལ་སྙོམས་པར་འཇུག་པའི་ལེགས་པ་བརྗོད་པ་ཡིན། སེམས་ཅན་གཞན་གང་ཏིང་ངེ་ འཛིན་རྣམས་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་གཟུངས་ཀྱི་སྒོ་རྣམས་བསྒོམ་པ་ཡིན། གཞན་ཡང་གཟུངས་ཀྱི་སྒོ་ [128A]༄༅། །རྣམས་ལ་ཡང་དག་པར་སྐུལ་བ་ཡིན། གཟུངས་ཀྱི་སྒོ་རྣམས་ཀྱི་ལེགས་པ་བརྗོད་པ་ཡིན། སེམས་ཅན་གཞན་གང་གཟུངས་ཀྱི་སྒོ་རྣམས་བསྒོམ་པ་དེ་དག་གི་ ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་དེ་བཞིན་གཤེགས་པའི་སྟོབས་བཅུ་བསྒོམ་པ་ཡིན། གཞན་ཡང་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་ཡང་ དག་པར་སྐུལ་བ་ཡིན། དེ་བཞིན་གཤེགས་པའི་སྟོབས་བཅུའི་ལེགས་པ་བརྗོད་པ་ཡིན། སེམས་ཅན་གཞན་གང་དེ་བཞིན་གཤེགས་པའི་སྟོབས་བཅུ་བསྒོམ་པ་དེ་དག་གི་ལེགས་པ་ བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་མི་འཇིགས་པ་བཞི་བསྒོམ་པ་ཡིན། གཞན་ཡང་མི་འཇིགས་པ་བཞི་ལ་ཡང་དག་པར་སྐུལ་བ་ཡིན། མི་འཇིགས་པ་ བཞིའི་ལེགས་པ་བརྗོད་པ་ཡིན། སེམས་ཅན་གཞན་གང་མི་འཇིགས་པ་བཞི་བསྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་སོ་སོ་ཡང་དག་ པར་རིག་པ་བཞི་བསྒོམ་པ་ཡིན། གཞན་ཡང་སོ་སོ་ཡང་དག་པར་རིག་པ་བཞི་ལ་ཡང་དག་པར་སྐུལ་བ་ཡིན། སོ་སོ་ཡང་དག་པར་རིག་པ་བཞིའི་ལེགས་པ་བརྗོད་པ་ཡིན། སེམས་ཅན་ གཞན་གང་སོ་སོ་ཡང་དག་པར་རིག་པ་བཞི་བསྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་བྱམས་པ་ཆེན་པོ་བསྒོམ་པ་ཡིན། གཞན་ཡང་ [128B] བྱམས་པ་ཆེན་པོའི་ལེགས་པ་བརྗོད་པ་ཡིན། སེམས་ཅན་གཞན་གང་བྱམས་པ་ཆེན་པོ་བསྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་ དགའ་བར་སྤྱོད་པ་ཡིན། བདག་ཀྱང་སྙིང་རྗེ་ཆེན་པོ་བསྒོམ་པ་ཡིན། གཞན་ཡང་སྙིང་རྗེ་ཆེན་པོ་ལ་ཡང་དག་པར་སྐུལ་བ་ཡིན་སྙིང་རྗེ་ཆེན་པོའི་ལེགས་པ་བརྗོད་པ་ཡིན། སེམས་ཅན་གཞན་ གང་སྙིང་རྗེ་ཆེན་པོ་བསྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བསྒོམ་པ་ཡིན། གཞན་ཡང་སངས་རྒྱས་ཀྱི་ ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཡང་དག་པར་སྐུལ་བ་ཡིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་ལེགས་པ་བརྗོད་པ་ཡིན་སེམས་ཅན་གཞན་གང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ བཅོ་བརྒྱད་བསྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་སྒྲུབ་པ་ཡིན། གཞན་ཡང་མི་ཆེན་པོའི་མཚན་ སུམ་ཅུ་རྩ་གཉིས་ལ་ཡང་དག་པར་སྐུལ་བ་ཡིན། མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱི་ལེགས་པ་བརྗོད་པ་ཡིན། སེམས་ཅན་གཞན་གང་མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ སྒྲུབ་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན། བདག་ཀྱང་དཔེ་བྱད་བཟང་པོ་བརྒྱད་ཅུ་སྒྲུབ་པ་ཡིན། གཞན་ཡང་དཔེ་བྱད་བཟང་པོ་བརྒྱད་ཅུ་ལ་ཡང་དག་པར་ [129A]༄༅། །སྐུལ་བ་ཡིན། དཔེ་བྱད་བཟང་པོ་བརྒྱད་ཅུའི་ལེགས་པ་བརྗོད་པ་ཡིན། སེམས་ཅན་གཞན་གང་དཔེ་བྱད་བཟང་པོ་བརྒྱད་ཅུ་སྒྲུབ་པ་དེ་དག་གི་ལེགས་པ་བརྗོད་ཅིང་ མཐུན་པས་དགའ་བར་སྤྱོད་པ་ཡིན། རབ་འབྱོར། གལ་ཏེ་ཆོས་ཀྱི་དབྱིངས་སྔོན་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན་མ་ཡིན་ནམ། བར་དུའང་དེ་བཞིན་མ་ཡིན་དུ་ཟིན་ན་ནི། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མཁས་པས་སེམས་ཅན་རྣམས་ལ་ཆོས་ཀྱི་དབྱིངས་སྟོན་པར་མི་འགྱུར། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པར་མི་ འགྱུར། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པར་མི་འགྱུར་ཏེ། རབ་འབྱོར། ཆོས་ཀྱི་དབྱིངས་དེ་སྔོན་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན་བར་དུའང་དེ་བཞིན་བས་ན་དེའི་ཕྱིར་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མཁས་པས་སེམས་ཅན་རྣམས་ལ་ཆོས་ཀྱི་དབྱིངས་སྟོན་ཏོ། །སེམས་ཅན་རྣམས་ཀྱི་དོན་དུ་ བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དོ། །སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ བརྒྱ་པ་ལས། མཉམ་པ་ཉིད་དུ་བསྟན་པའི་ལེའུ་དྲུག་ཅུ་རྩ་བཞི་བའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་།བམ་པོ་ཉིས་བརྒྱ་ [129B] །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དེ་ལྟར་གལ་ཏེ་སེམས་ཅན་ཡང་ཤིན་ཏུ་དམིགས་སུ་མ་མཆིས་ལ་ སེམས་ཅན་དུ་དམིགས་པའང་མ་མཆིས་ན། སུའི་དོན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས། དེ་སྐད་ཅེས་གསོལ་པ་དང། བཅོམ་ ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པ་ནི་ཡང་དག་པའི་མཐའ་ཚད་མར་བྱས་ཤིང་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་སྟེ། རབ་འབྱོར། གལ་ཏེ་ཡང་དག་པའི་མཐའ་ཡང་གཞན་ལ། སེམས་ཅན་གྱི་མཐའ་ཡང་གཞན་ཞིག་མ་ཡིན་ན་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པར་མི་འགྱུར་ཏེ་རབ་འབྱོར། ཡང་དག་པའི་མཐའ་ཡང་གཞན་མ་ཡིན། སེམས་ཅན་གྱི་མཐའ་ཡང་གཞན་མ་ཡིན་པས། དེའི་ཕྱིར་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོའང་སེམས་ཅན་རྣམས་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ཡང་དག་པའི་མཐའ་རྣམ་པར་འཁྲུག་པ་མེད་པར་སེམས་ཅན་རྣམས་ཡང་དག་པའི་མཐའ་ལ་འགོད་དོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ཡང་དག་པའི་མཐའ་ཡང་ [130A]༄༅། །གཞན་མ་ལགས། སེམས་ཅན་གྱི་མཐའ་ཡང་གཞན་མ་ལགས་ན། ཡང་དག་པའི་མཐའ་ཡང་དག་པའི་མཐའ་ལ་གནས་པར་འགྱུར་རམ། བཅོམ་ལྡན་འདས། གལ་ ཏེ་ཡང་དག་པའི་མཐའ་ཡང་དག་པའི་མཐའ་ལ་གནས་པར་འགྱུར་ན་ནི་དེས་རང་བཞིན་ལ་རང་བཞིན་གནས་པར་འགྱུར་ཏེ། བཅོམ་ལྡན་འདས། རང་བཞིན་ལ་ནི་རང་བཞིན་གནས་ པ་མ་མཆིས་ན། བཅོམ་ལྡན་འདས། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་སེམས་ཅན་རྣམས་ཡང་དག་པའི་མཐའ་ལ་འགོད་ པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། ཡང་དག་པའི་མཐའ་ལ་ཡང་དག་པའི་མཐའ་གནས་པར་འགྱུར་བའང་མེད། རང་བཞིན་ལ་རང་བཞིན་གནས་པར་ འགྱུར་བའང་མེད་ན། འོན་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མཁས་པས་སེམས་ཅན་གྱི་མཐའ་ཡང་དག་པའི་མཐའ་ ལ་འགོད་དེ། ཡང་དག་པའི་མཐའ་རྣམ་པར་འཁྲུགས་པར་མི་བྱེད་དོ་།དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་གྱི་མཐའ་ཡང་གཞན་མ་ཡིན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ཏེ་ དེ་ལྟར་ན། སེམས་ཅན་གྱི་མཐའ་དང། ཡང་དག་པའི་མཐའ་དེ་ལ་གཉིས་སུ་མེད་དེ། གཉིས་སུ་བྱར་མེད་དོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ [130B]ཐབས་མཁས་པ་དང་ལྡན་པས་སེམས་ཅན་རྣམས་ཡང་དག་པའི་མཐའ་ལ་འགོད་ཀྱང་ཡང་དག་པའི་མཐའ་རྣམ་པར་འཁྲུག་པར་མི་ བགྱིད་པ་དེ་ལྟ་བུའི་ཐབས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་སྤྱོད་པའི་ཚེ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སེམས་ཅན་རྣམས་སྦྱིན་པ་ལ་རབ་ཏུ་འགོད་དོ། །སྦྱིན་པ་ལ་རབ་ཏུ་བཀོད་ནས་སྦྱིན་པ་དེའི་ཐོག་མའི་མཐའ་དང། ཐ་མའི་མཐའ་དང་ དབུས་སྟོན་ཏེ། ཇི་ལྟར་སྦྱིན་པ་དེའི་ཐོག་མའི་མཐའ་ཡང་སྟོང་ཐ་མིའོ་མཐའ་ཡང་སྟོང། དབུས་ཀྱང་སྟོང་པ་དེ་ལྟར་སྦྱིན་པའི་འབྲས་བུའང་སྟོང། སྦྱིན་བདག་ཀྱང་སྟོང། ལེན་པའང་སྟོང་ པར་སྟོན་ཅིང། རིགས་ཀྱི་བུ། དེ་ལྟར་ཡང་དག་པའི་མཐའ་ལ་དོན་དེ་དག་མེད་ཀྱི། སྦྱིན་པའང་གཞན་ལ། སྦྱིན་པའི་འབྲས་བུའང་གཞན་ནོ། །སྙམ་དུ་མ་སེམས་ཤིག་སྦྱིན་བདག་ཀྱང་གཞན་ལ། ལེན་ པའང་གཞན་ནོ། །སྙམ་དུ་མ་སེམས་ཤིག་རིགས་ཀྱི་བུ། ཁྱོད་ན་མ་སྦྱིན་པའང་གཞན་ལ། སྦྱིན་པའི་འབྲས་བུའང་གཞན་ནོ། །སྙམ་དུ་མི་སེམས། སྦྱིན་བདག་ཀྱང་གཞན་ལ། ལེན་པའང་ གཞན་ནོ། །སྙམ་དུ་མི་སེམས་པ་དེའི་ཚེ་ཁྱོད་ཀྱི་སྦྱིན་པ་འདི་བདུད་རྩི་དང། བདུད་རྩིའི་འབྲས་བུ་དང། མཐར་བདུད་རྩིར་འགྱུར་ཏེ། སྦྱིན་པ་འདི་གཟུགས་ཡོངས་སུ་མ་འཛིན་ཅིག་ཚོར་ [131A]༄༅། །བ་དང། འདུ་ཤེས་དང། འདུ་བྱེད་དང། རྣམ་པར་ཤེས་པ་ཡོངས་སུ་མ་འཛིན་ཅིག་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཁྱོད་ཀྱི་སྦྱིན་པ་འདི་ནི། སྦྱིན་པས་སྟོང་ངོ། ། དེའི་འབྲས་བུའང་འབྲས་བུས་སྟོང་ངོ། །སྦྱིན་བདག་ཀྱང་སྦྱིན་བདག་གིས་སྟོང་ངོ། །ལེན་པའང་ལེན་པས་སྟོང་སྟེ། སྟོང་པ་ཉིད་ལ་ནི། སྦྱིན་པ་མི་དམིགས། སྦྱིན་པའི་འབྲས་བུ་དང་ སྦྱིན་བདག་དང། ལེན་པ་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་དེ་དག་ནི། ངོ་བོ་ཉིད་ཀྱིས་ཤིན་ཏུ་སྟོང་ངོ། །ཞེས་བརྗོད་དོ། །གཞན་ཡང་རབ་འབྱོར། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མཁས་པས་སེམས་ཅན་རྣམས་ཚུལ་ཁྲིམས་ལ་བགོད་དེ་ཚུར་རིགས་ཀྱི་བུ། སྲོག་གཅོད་པ་སྤོངས་ལ་ སྲོག་གཅོད་པ་ལས་ཕྱིར་ལྡོག་པར་གྱིས་ཤིག་མ་བྱིན་པར་ལེན་པ་སྤོངས་ལ། མ་བྱིན་པར་ལེན་པ་ལས་ཕྱིར་ལྡོག་པར་གྱིས་ཤིག་འདོད་པས་ལོག་པར་གཡེམ་པ་སྤོངས་ལ། འདོད་ པས་ལོག་པར་གཡེམ་པ་ལས་ཕྱིན་ལྡོག་བར་གྱིས་ཤིག་བརྫུན་དུ་སྨྲ་བ་སྤོངས་ལ། བརྫུན་དུ་སྨྲ་བ་ལས་ཕྱིར་ལྡོག་པར་གྱིས་ཤིག་།ཕྲ་མ་སྤོངས་ལ། ཕྲ་མ་ལས་ཕྱིར་ལྡོག་པར་གྱིས་ ཤིག་ཞེ་གཅོད་པའི་ཚིག་སྤོངས་ལ། ཞེ་གཅོད་པའི་ཚིག་ལས་ཕྱིར་ལྡོག་པར་གྱིས་ཤིག། ཚིག་འཁྱལ་པ་སྤོངས་ལ། ཚིག་འཁྱལ་པ་ལས་ཕྱིར་ལྡོག་པར་གྱིས་ཤིག་ཆགས་སེམས་ [131B] ཆགས་སེམས་ལས་ཕྱིར་ལྡོག་པར་གྱིས་ཤིག་གནོད་སེམས་སྤོངས་ལ། གནོད་སེམས་ལས་ཕྱིར་ལྡོག་པར་གྱིས་ཤིག་ལོག་པར་ལྟ་བ་སྤོངས་ལ་ལོག་པར་ལྟ་པ་ལས་ཕྱིར་ ལྡོག་པར་གྱིས་ཤིག་རིགས་ཀྱི་བུ། ཆོས་འདི་དག་ལ་ཇི་ལྟར་ཡོངས་སུ་བརྟགས་པ་དེ་ལྟ་བུའི་རང་བཞིན་གང་ཡང་མེད་ཀྱི། རིགས་ཀྱི་བུ་སེམས་དང་གང་གི་སྲོག་གཅོད་པར་བྱ་བའི་སྲོག་ཆགས་དང། སྲོག་ གཅོད་པར་བཏགས་པ་དང། གང་གིས་སྲོག་གཅད་པར་བྱ་བ་དེ་ལྟ་བུའི་ཆོས་ཀྱང་གང་ཞིག་ཡིན། གང་མ་བྱིན་པར་བླང་བ་དང། མ་བྱིན་པར་ལེན་པར་བཏགས་པ་དང། གང་གིས་བླང་བ་དེ་ལྟ་བུའི་ ཆོས་ཀྱང་གང་ཞིག་ཡིན། གང་འདོད་པས་ལོག་པར་གཡེམ་པ་དང་འདོད་པས་ལོག་པར་གཡམ་པར་བཏགས་པ་དང། གང་གིས་འདོད་པས་ལོག་པར་གཡེམ་པར་བྱ་བ་དེ་ལྟ་བུའི་ཆོས་ ཀྱང་གང་ཞིག་ཡིན། གང་བརྫུན་དུ་སྨྲ་བ་དང། བརྫུན་དུ་སྨྲ་བར་བཏགས་པ་དང། གང་གིས་བརྫུན་དུ་སྨྲ་བར་བྱ་བ་དེ་ལྟ་བུའི་ཆོས་ཀྱང་གང་ཞིག་ཡིན། གང་ཕྲ་མ་སྨྲ་བ་དང། ཕྲ་མ་སྨྲ་བར་ བཏགས་པ་དང། གང་གིས་ཕྲ་མར་སྨྲ་བ་དེ་ལྟ་བུའི་ཆོས་ཀྱང་གང་ཞིག་ཡིན། གང་ཞེ་གཅོད་པའི་ཚིག་སྨྲ་བ་དང། ཞེ་གཅོད་བར་བཏགས་པ་དང། གང་གིས་ཞེ་གཅོད་པའི་ཚིག་ཏུ་སྨྲ་བ་དེ་ ལྟ་བུའི་ཆོས་ཀྱང་གང་ཞིག་ཡིན། གང་ཚིག་འཁྱལ་པ་སྨྲ་བ་དང། ཚིག་འཁྱལ་པར་བཏགས་པ་དང། གང་གིས་ཚིག་འཁྱལ་པར་སྨྲ་བ་དེ་ལྟ་བུའི་ཆོས་ཀྱང་གང་ཞིག་ཡིན། གང་ཆགས་ [132A]༄༅། །སེམས་བསྐྱེད་པ་དང། ཆགས་སེམས་སུ་བཏགས་པ་དང། གང་གིས་ཆགས་སེམས་བསྐྱེད་པ་དེ་ལྟ་བུའི་ཆོས་ཀྱང་གང་ཞིག་ཡིན་གང་གནོད་སེམས་བསྐྱེད་པ་ དང། གནོད་སེམས་སུ་བཏགས་པ་དང། གང་གིས་གནོད་སེམས་སུ་བྱ་བ་དེ་ལྟ་བུའི་ཆོས་ཀྱང་གང་ཞིག་ཡིན། གང་ལོག་པར་ལྟ་བ་དང། ལོག་པར་ལྟ་བར་བཏགས་པ་དང། གང་གིས་ ལོག་པར་ལྟ་བ་མཐོང་བ་དེ་ལྟ་བུའི་ཆོས་ཀྱང་གང་ཞིག་ཡིན་ཞེས་སྟོན་ཅིང། ཚུལ་ཁྲིམས་ལ་འགོད་དེ། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པ་དེ་ ལྟ་བུ་དང་ལྡན་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །དེས་དེ་ལ་སྦྱིན་པ་དང། ཚུལ་ཁྲིམས་ཀྱི་འབྲས་བུ་བསྟན་ཏེ། སྦྱིན་ པའི་འབྲས་བུ་དང། ཚུལ་ཁྲིམས་ཀྱི་འབྲས་བུ་དེའང་ངོ་བོ་ཉིད་ཀྱིས་སྟོང་པར་བསྟན་པས། རིགས་ཀྱི་བུ་དེས་སྦྱིན་པ་དང། ཚུལ་ཁྲིམས་ཀྱི་འབྲས་བུ་ངོ་བོ་ཉིད་ཀྱིས་སྟོང་པར་རིག་ནས་ དེ་ལ་མངོན་པར་ཞེན་པ་མི་བྱེད་དོ། །མངོན་པར་ཞེན་པ་མེད་པས་འཁྲུག་པར་མི་འགྱུར་ཞིང་ཤེས་རབ་སྐྱེད་དོ། །ཤེས་རབ་དེས་ཀྱང་བག་ལ་ཉལ་བ་དང། ཀུན་ནས་ལྡང་བ་ཐམས་ ཅད་བཅད་ནས་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་སྟེ། དེའང་འཇིག་རྟེན་གྱི་ཐ་སྙད་དུ་ཡིན་གྱི། དོན་དམ་པར་ནི། མ་ཡིན་ནོ། །དེ་ [132B] སྟོང་པ་ཉིད་ལ་གང་ཡོངས་སུ་མྱ་ངན་ལས་འདའ་བའམ། ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་དེ་ལྟ་བུའི་ཆོས་གང་ཡང་མི་དམིགས་ཏེ། དེའི་མྱ་ངན་ལས་འདས་པ་ ཞེས་བྱ་བ་ནི། འདི་ལྟ་སྟེ། མཐའ་ལས་འདས་པ་སྟོང་པ་ཉིད་དོ་།རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ ཚེ་སེམས་ཅན་ཕན་ཚུན་གནོད་པར་སེམས་ཤིང། འཁྲུགས་པར་གྱུར་པ་དང་ལྡན་པ་དག་མཐོང་ན། འདི་སྐད་དུ་འདེམས་ཤིང་སྟོན་ཏེ། རིགས་ཀྱི་བུ། བཟོད་པས་སྒྲུབས་ཤིག་བཟོད་ པ་སྒོམས་ཤིག་དེས་པ་དང། སེམས་ཞི་བ་དང། ནང་དུ་སེམས་པའི་དང་ཚུལ་ཅན་དུ་གྱིས་ཤིག་གང་གནོད་པར་བྱེད་པ་དང། གང་གིས་གནོད་པར་བྱ་བ་དང། གང་ལ་གནོད་པར་ བྱ་བའི་ཆོས་དེ་དག་ནི། ཐམས་ཅད་ཀྱང་རང་བཞིན་གྱིས་སྟོང་པ་ཡིན་གྱི། རིགས་ཀྱི་བུ། གནོད་པར་བྱེད་པ་ནི། སུ་ཡོད། གནོད་པར་ནི་སུ་ལ་བྱ། ཅིས་ནི། གནོད་པར་བྱ་སེམས་དང་ ཆོས་དེ་དག་ཐམས་ཅད་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་ཉིད་གང་ཡིན་པ་དེ་ནི། ནམ་ཡང་མི་སྟོང་པར་མི་འགྱུར་ཏེ། དེ་ནི། དེ་བཞིན་གཤེགས་པ་རྣམས་ཀྱིས་མ་ མཛད་དོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མ་བྱས་སོ། །རང་སངས་རྒྱས་རྣམས་ཀྱིས་མ་བྱས་སོ། །ཉན་ཐོས་རྣམས་ཀྱིས་མ་བྱས་སོ། །ལྷ་རྣམས་ཀྱིས་མ་བྱས་སོ། །ཀླུ་རྣམས་ཀྱིས་ [133A]༄༅། །མ་བྱས་སོ། །གནོད་སྦྱིན་རྣམས་ཀྱིས་མ་བྱས་སོ། །དྲི་ཟ་རྣམས་ཀྱིས་མ་བྱས་སོ། །ལྷ་མ་ཡིན་རྣམས་ཀྱིས་མ་བྱས་སོ། །ནམ་མཁའ་ལྡིང་རྣམས་ཀྱིས་མ་བྱས་སོ། ། མིའམ་ཅི་རྣམས་ཀྱིས་མ་བྱས་སོ། །ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མ་བྱས་སོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱིས་མ་བྱས་སོ་།སུམ་ཅུ་རྩ་གསུམ་དང། མཚེ་མ་དང། དགའ་ ལྡན་དང། འཕྲུལ་དགའ་དང། གཞན་འཕྲུལ་དབང་བྱེད་དང། ཚང་[*TSANGS]པ་དང། ཀུན་སྣང་དང་བ་དང། དགེ་རྒྱས་དང། གནས་གཙང་མ་དང། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང། རྣམ་ཤེས་མཐའ་ ཡས་སྐྱེ་མཆེད་དང། ཅུང་ཟད་མེད་པའི་སྐྱེ་མཆེད་དང། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱིས་མ་བྱས་ཏེ། དེ་ནི། རྟག་པར་ཡང་རང་བཞིན་གྱིས་སྟོང་པའོ། ། རང་བཞིན་གྱིས་སྟོང་པ་ནི། སུ་ལའང་གནོད་པར་མི་བྱེད་དོ། །ཞེས་ནས་རབ་འབྱོར། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ སེམས་ཅན་རྣམས་ཐབས་མཁས་པས་རང་བཞིན་སྟོང་པ་ཉིད་དང་རྒྱུ་དང་འབྲས་བུ་ལ་སྦྱོར་ཏེ། རང་བཞིན་སྟོང་པ་ཉིད་ལ་བཀོད་ཅིང། རིམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་ཡང་དག་པར་སྟོན་ཏོ། །ཡང་དག་པར་སྐུལ་ལོ། །ཡང་དག་པར་གཟང་བསྟོད་དོ། །ཡང་དག་པར་དགའ་བར་བྱེད་དོ། །གཞོག་གོ་།འདུལ་ལོ། རབ་ཏུ་འགོད་དོ། །དེའང་ [133B] དོན་དམ་པར་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་སྟོང་པ་ཉིད་ལ་གང་ཐོབ་པར་བྱེད་པ་དང། གང་གིས་ཐོབ་པར་བྱ་བ་དང། གང་ཐོབ་པར་བྱ་བ་གང་ཡང་ མེད་དོ། །རབ་འབྱོར། འདི་ནི། ཡང་དག་པའི་མཐའ་སྟོང་པ་ཉིད་དེ་དེ་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་རྣམས་ཀྱི་དོན་དུ་གང་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལ་སྤྱོད་དེ། དེ་ལ་སེམས་ཅན་དུ་དམིགས་པ་མེད་དོ། །སེམས་ཅན་དུ་གདགས་པར་དམིགས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ནི། སེམས་ཅན་གྱིས་དབེན་ པའོ༑ ༑རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མཁས་པས་སེམས་ཅན་ལེ་ལོ་ཅན་བརྩོན་འགྲུས་ཆུང་བ་ དག་མཐོང་ན། འདི་ལྟར་ལུས་དང་སེམས་ཀྱི་བརྩོན་འགྲུས་ལ་ཡང་དག་པར་སྐུལ་ཏེ། རིགས་ཀྱི་བུ་དག་རང་བཞིན་གྱིས་སྟོང་པ་ཉིད་ལ་ནི། ཆོས་གང་ཡང་ཞུམ་ཞིང་ལེ་ལོར་འགྱུར་ བའམ། གང་ལ་ཞུམ་ཞིང་ལེ་ལོར་འགྱུར་བའམ། གང་གིས་ཞུམ་ཞིང་ལེ་ལོར་འགྱུར་བའམ། གང་ཞུམ་ཞིང་ལེ་ལོར་འགྱུར་བའི་ཆོས་གང་ཡང་མེད་དེ། ཆོས་དེ་དག་ནི། ཐམས་ཅད་ ཀྱང་རང་བཞིན་གྱིས་སྟོང་པ་ཉིད་ལས་མི་འདའ་བ་ཡིན་གྱི། ལུས་དང། སེམས་ཀྱི་བརྩོན་འགྲུས་བསྐྱེད་ལ། ལེ་ལོ་བོར་ཏེ་དགེ་བའི་ཆོས་སྦྱིན་པའམ། ཚུལ་ཁྲིམས་སམ། བཟོད་པའམ་ [134A]༄༅། །བརྩོན་འགྲུས་སམ། བསམ་གཏན་ནམ། ཤེས་རབ་བམ། ནང་སྟོང་པ་ཉིད་དམ། ཕྱི་སྟོང་པ་ཉིད་དམ། ཕྱི་ནང་སྟོང་པ་ཉིད་དམ། སྟོང་པ་ཉིད་སྟོང་པ་ཉིད་དམ་ ཆེན་པོ་སྟོང་པ་ཉིད་དམ། དོན་དམ་པ་སྟོང་པ་ཉིད་དམ། འདུས་བྱས་སྟོང་པ་ཉིད་དམ། འདུས་མ་བྱས་སྟོང་པ་ཉིད་དམ། མཐའ་ལས་འདས་པ་སྟོང་པ་ཉིད་དམ། ཐོག་མ་དང་ཐ་མ་མེད་པ་ སྟོང་པ་ཉིད་དམ། དོར་བ་མེད་པ་སྟོང་པ་ཉིད་དམ། རང་བཞིན་སྟོང་པ་ཉིད་དམ། ཆོས་ཐམས་ཅད་སྟོང་པ་ཉིད་དམ། རང་གི་མཚན་ཉིད་སྟོང་པ་ཉིད་དམ། མི་དམིགས་པ་སྟོང་པ་ཉིད་ དམ། དངོས་པོ་མེད་པ་སྟོང་པ་ཉིད་དམ། ངོ་བོ་ཉིད་སྟོང་པ་ཉིད་དམ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམ། དྲན་པ་ཉེ་བར་གཞག་པ་རྣམས་སམ། ཡང་དག་པར་སྤོང་བ་རྣམས་ སམ༑ རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། དབང་པོ་རྣམས་སམ་སྟོབས་རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པའམ། འཕགས་ པའི་བདེན་པ་རྣམས་སམ། བསམ་གཏན་རྣམས་སམ། ཚད་མེད་པ་རྣམས་སམ། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་སམ། མཐར་གྱིས་ གནས་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའམ་མངོན་པར་ཤེས་པ་རྣམས་སམ། ཏིང་ངེ་འཛིན་ [134B] གཟུངས་ཀྱི་སྒོ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། མི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། བྱམས་པ་ཆེན་པོའམ། སྙིང་རྗེ་ ཆེན་པོའམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དག་ལ་བརྩོན་པར་གྱིས་ཤིག་རིགས་ཀྱི་བུ་དག་སྟོང་པ་ཉིད་ཀྱིས་ཆོས་དེ་དག་ཐམས་ཅད་སྒྲིབ་པ་མེད་པར་རྟོགས་ཤིག་སྒྲིབ་པ་མེད་པའི་ ཆོས་ལ་ཞུམ་པར་འགྱུར་བ་གང་ཡང་མེད་དོ། །ཞེས་རབ་འབྱོར། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མཁས་པས་ སེམས་ཅན་རྣམས་ལ་རང་བཞིན་སྟོང་པ་ཉིད་ཡང་དག་པར་སྟོན་ཏོ་།ཡང་དག་པར་སྐུལ་ལོ། །ཡང་དག་པར་གཟེང་བསྟོད་དོ། །ཡང་དག་པར་དགའ་བར་བྱེད་དོ། །གཞོག་གོ་འདུལ་ ལོ་རབ་ཏུ་འགོད་དོ། །ཅི་ནས་ཀྱང་གཉིས་ལ་མི་གནས་པ་དེ་ལྟར་རབ་ཏུ་འགོད་དོ། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་སྟོང་པ་ཉིད་ནི་གཉིས་སུ་མེད་དེ། གཉིས་སུ་བྱར་མེད་དོ། །གཉིས་སུ་ བྱར་མེད་པའི་ཆོས་ནི། གང་ལའང་གནས་པ་མེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མཁས་ པས་སེམས་ཅན་རྣམས་རང་བཞིན་སྟོང་པ་ཉིད་ཀྱི་བརྩོན་འགྲུས་ལ་འདེམས་ཤིང་རྗེས་སུ་སྟོན་ཏེ། ཚུར་རིགས་ཀྱི་བུ། སྦྱིན་པའམ། ཚུལ་ཁྲིམས་སམ། བཟོད་པའམ། བརྩོན་འགྲུས་ [135A]༄༅། །སམ༑ བསམ་གཏན་ནམ། ཤེས་རབ་བམ། ནང་སྟོང་པ་ཉིད་དམ། ཕྱི་སྟོང་པ་ཉིད་དམ། ཕྱི་ནང་སྟོང་པ་ཉིད་དམ། སྟོང་པ་ཉིད་སྟོང་པ་ཉིད་དམ། ཆེན་པོ་སྟོང་པ་ཉིད་ དམ༑ དོན་དམ་པ་སྟོང་པ་ཉིད་དམ། འདུས་བྱས་སྟོང་པ་ཉིད་དམ་འདུས་མ་བྱས་སྟོང་པ་ཉིད་དམ། མཐའ་ལས་འདས་པ་སྟོང་པ་ཉིད་དམ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དམ་ ངོར་བ་མེད་པ་སྟོང་པ་ཉིད་དམ། རང་བཞིན་སྟོང་པ་ཉིད་དམ་ཆོས་ཐམས་ཅད་སྟོང་པ་ཉིད་དམ། རང་གི་མཚན་ཉིད་སྟོང་པ་ཉིད་དམ། མི་དམིགས་པ་སྟོང་པ་ཉིད་དམ། དངོས་པོ་མེད་པ་ སྟོང་པ་ཉིད་དམ། ངོ་བོ་ཉིད་སྟོང་པ་ཉིད་དམ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམ། དྲན་པ་ཉེ་བར་གཞག་པ་རྣམས་སམ། ཡང་དག་པར་སྤོང་བ་རྣམས་སམ། རྫུ་འཕྲུལ་གྱི་རྐང་ པ་རྣམས་སམ། དབང་པོ་རྣམས་སམ། སྟོབས་རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པའམ། འཕགས་པའི་བདེན་པ་རྣམས་སམ་ བསམ་གཏན་རྣམས་སམ། ཚད་མེད་པ་རྣམས་སམ། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་སམ། མཐར་གྱིས་གནས་པའི་སྙོམས་པར་ འཇུག་པ་རྣམས་སམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང། སྨོན་པ་མེད་པའམ། མངོན་པར་ཤེས་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ། གཟུངས་ [135B] དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། མི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། བྱམས་པ་ཆེན་པོའམ། སྙིང་རྗེ་ཆེན་པོའམ། སངས་རྒྱས་ ཀྱི་ཆོས་མ་འདྲེས་པ་དག་ལ་བརྩོན་འགྲུས་རྩོམས་ལ། ཆོས་དེ་དག་གཉིས་པར་ཡང་ཡིད་ལ་མ་བྱེད་ཅིག་མི་གཉིས་པར་ཡང་ཡིད་ལ་མ་བྱེད་ཅིག་དེ་ཅིའི་ཕྱིར་ཞེ་ན། ཆོས་དེ་དག་ནི། རང་ བཞིན་གྱིས་སྟོང་སྟེ། རང་བཞིན་གྱིས་སྟོང་པ་ཉིད་ནི། གཉིས་པར་ཡིད་ལ་བྱ་བ་མ་ཡིན། མི་གཉིས་པར་ཡང་ཡིད་ལ་བྱ་བ་མ་ཡིན་ནོ་།རབ་འབྱོར། དེ་ལྟར་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་པས་སེམས་ཅན་རྣམས་རང་བཞིན་སྟོང་པ་ཉིད་ལ་ཡོངས་སུ་སྨིན་པར་བྱེད་དེ། ཡོངས་སུ་སྨིན་པར་བྱས་ ནས་རིམ་གྱིས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་འགོད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་འགོད་དོ། །ཕྱིར་མི་འོང་བའི་འབྲས་བུ་ལ་འགོད་དོ། །དགྲ་བཅོམ་པ་ཉིད་ལ་འགོད་དོ། །རང་ བྱང་ཆུབ་ལ་འགོད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་འགོད་དོ་།བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འགོད་དོ་།རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མཁས་པས་སེམས་ཅན་སེམས་གཡེང་བ་རྣམས་ལ་འདི་སྐད་དུ་འདེམས་ཤིང་རྗེས་སུ་སྟོན་ཏེ། ཚུར་རིགས་ཀྱི་བུ། ཏིང་ [136A]༄༅། །ངེ་འཛིན་སྒོམས་ཤིག་གཡེང་བའི་འདུ་ཤེས་སམ། ཏིང་ངེ་འཛིན་གྱི་འདུ་ཤེས་སུ་མ་བྱེད་ཅིག་དེ་ཅིའི་ཕྱིར་ཞེ་ན། ཆོས་དེ་དག་ནི། རང་བཞིན་གྱིས་སྟོང་པ་སྟེ་ རང་བཞིན་སྟོང་པ་ཉིད་ལ་ནི། གང་གཡེང་བའམ། རྩེ་གཅིག་ཏུ་འགྱུར་བའི་ཆོས་གང་ཡང་དམིགས་སུ་མེད་དོ། །ཁྱོད་ཀྱིས་ཏིང་ངེ་འཛིན་དེ་ལ་གནས་ཏེ་རང་བཞིན་སྟོང་པ་ཉིད་ལ་སྤྱད་ ན༑ ལུས་དང་ངག་དང་ཡིད་ཀྱིས་དགེ་བའི་ཆོས་གང་ཅི་བྱེད་ཀྱང་རུང་སྟེ། སྦྱིན་པ་གཏོང་ངམ། ཚུལ་ཁྲིམས་སྲུང་ངམ། བཟོད་པ་སྒྲུབ་པའམ། བརྩོན་འགྲུས་རྩོམ་པའམ། ཏིང་ངེ་འཛིན་ བསྐྱེད་དམ། ཤེས་རབ་བསྒོམ་མམ། ནང་སྟོང་པ་ཉིད་ལ་སྤྱོད་དམ་ཕྱི་སྟོང་པ་ཉིད་ལ་སྤྱོད་དམ། ཕྱི་ནང་སྟོང་པ་ཉིད་ལ་སྤྱོད་དམ། སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱོད་དམ། ཆེན་པོ་སྟོང་པ་ ཉིད་ལ་སྤྱོད་དམ། དོན་དམ་པ་སྟོང་པ་ཉིད་ལ་སྤྱོད་དམ། འདུས་བྱས་སྟོང་པ་ཉིད་ལ་སྤྱོད་དམ། འདུས་མ་བྱས་སྟོང་པ་ཉིད་ལ་སྤྱོད་དམ། མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྤྱོད་དམ་ ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་སྤྱོད་དམ། དོར་བ་མེད་པ་སྟོང་པ་ཉིད་ལ་སྤྱོད་དམ། རང་བཞིན་སྟོང་པ་ཉིད་ལ་སྤྱོད་དམ། ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱོད་དམ། རང་གི་ མཚན་ཉིད་སྟོང་པ་ཉིད་ལ་སྤྱོད་དམ། མི་དམིགས་པ་སྟོང་པ་ཉིད་ལ་སྤྱོད་དམ། དངོས་པོ་མེད་པ་སྟོང་པ་ཉིད་ལ་སྤྱོད་དམ། ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་དམ། དངོས་པོ་མེད་པའི་ངོ་བོ་ [136B] དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱོད་དམ། ཡང་དག་པར་སྤོང་བ་རྣམས་ལ་སྤྱོད་དམ་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་སྤྱོད་དམ། དབང་པོ་རྣམས་ལ་སྤྱོད་ དམ༑ སྟོབས་རྣམས་ལ་སྤྱོད་དམ། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སྤྱོད་དམ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད་དམ། འཕགས་པའི་བདེན་པ་རྣམས་ལ་སྤྱོད་དམ། བསམ་ གཏན་རྣམས་ལ་སྤྱོད་དམ། ཚད་མེད་པ་རྣམས་ལ་སྤྱོད་དམ། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་དམ། རྣམ་པར་ཐར་པ་བརྒྱད་ལ་སྤྱོད་དམ། མཐར་གྱིས་གནས་པའི་ སྙོམས་པར་འཇུག་པ་དགུ་ལ་སྤྱོད་དམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ལ་སྤྱོད་དམ་མངོན་པར་ཤེས་པ་རྣམས་ལ་སྤྱོད་དམ། ཏིང་ངེ་འཛིན་ རྣམས་ལ་སྤྱོད་དམ། གཟུངས་ཀྱི་སྒོ་རྣམས་ལ་སྤྱོད་དམ། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སྤྱོད་དམ། མི་འཇིགས་པ་བཞི་ལ་སྤྱོད་དམ། སོ་སོ་ཡང་དག་པར་རིག་པ་བཞི་ལ་སྤྱོད་ དམ༑ བྱམས་པ་ཆེན་པོ་ལ་སྤྱོད་དམ། སྙིང་རྗེ་ཆེན་པོ་ལ་སྤྱོད་དམ། དགའ་བ་ཆེན་པོ་ལ་སྤྱོད་དམ། བཏང་སྙོམས་ཆེན་པོ་ལ་སྤྱོད་དམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ སྤྱོད་དམ། མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལ་སྤྱོད་དམ། དཔེ་བྱད་བཟང་པོ་བརྒྱད་ཅུ་ལ་སྤྱོད་དམ། ཉན་ཐོས་ཀྱི་ལམ་ལ་སྤྱོད་དམ། རང་སངས་རྒྱས་ཀྱི་ལམ་ལ་སྤྱོད་དམ། བྱང་ [137A]༄༅། །ཆུབ་སེམས་དཔའི་ལམ་ལ་སྤྱོད་དམ། སངས་རྒྱས་ཀྱི་ལམ་ལ་སྤྱོད་དམ། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སྤྱོད་དམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ སྤྱོད་དམ། ཕྱིར་མི་འོང་བའི་འབྲས་བུ་ལ་སྤྱོད་དམ། དགྲ་བཅོམ་པ་ཉིད་ལ་སྤྱོད་དམ། རང་བྱང་ཆུབ་ལ་སྤྱོད་དམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་དམ། སེམས་ཅན་ཡོངས་ སུ་སྨིན་པར་བྱ་བ་ལ་སྤྱོད་དམ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་ལ་སྤྱོད་ཀྱང་རུང་སྟེ། དགེ་བའི་ཆོས་དེ་དག་ལ་སྒྲོན་ཆུང་དུས་འགྲུབ་པར་འགྱུར་རོ། །ཞེས་འདོམས་ཤིང་རྗེས་ སུ་སྟོན་ཏེ། རབ་འབྱོར། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མཁས་པས་སེམས་ཅན་རྣམས་ཀྱི་དོན་བྱེད་དེ། སེམས་ དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་ནས་བར་འགའ་ཡང་ལས་མི་བྱེད་པར་མི་འགྱུར་གྱི། དགེ་བ་ཐམས་ཅད་ཚོལ་ཞིང་སེམས་ཅན་རྣམས་ཀྱི་དོན་བྱེད་དེ། སངས་རྒྱས་བཅོམ་ལྡན་ འདས་རྣམས་ལ་རྟག་ཏུ་རྒྱུན་མི་ཆད་པར་བསྙེན་བཀུར་བྱེད་ཅིང་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་སྟེ་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་ཐོས་པ་ དེའང་བླ་ན་མེད་པ་ཡང་དགེ་བར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་མ་རྒྱས་ཀྱི་བར་དུ་ཚེ་རབས་རྗེས་ཀྱང་ནམ་དུའང་རྣམ་པར་ཆུད་མི་ཟ་སྟེ། རྟག་ཏུ་རྒྱུན་མི་ཆད་པར་གཟུངས་ [137B] ལུས་ཀྱི་དབང་པོའམ། ངག་གི་དབང་པོའམ། ཡིད་ཀྱི་དབང་པོ་མི་ཉམས་པ་ཡིན། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་རྟག་ཏུ་རྒྱུན་ མི་ཆད་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཤིན་ཏུ་བསྒོམས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཤིན་ཏུ་བསྒོམས་པ་དེས་ལམ་ཐམས་ཅད་ཤིན་ཏུ་བསྒོམས་པར་འགྱུར་ཏེ། ཉན་ཐོས་ཀྱི་ ལམ་མམ། རང་སངས་རྒྱས་ཀྱི་ལམ་མམ། བྱང་ཆུབ་སེམས་དཔའི་ལམ་མམ། སངས་རྒྱས་ཀྱི་ལམ་ཤིན་ཏུ་བསྒོམ་པར་འགྱུར། མངོན་པར་ཤེས་པ་གང་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ལ་རྣམ་པར་ཆུད་མི་ཟ་བའི་ཚུལ་གྱིས་ཕན་པར་འགྱུར་བ་དེ་དག་ཀྱང་ཤིན་ཏུ་བསྒོམས་པར་འགྱུར་ཏེ། རྣམ་པར་སྨིན་པ་ལས་བྱུང་བའི་མངོན་པར་ཤེས་པ་དེ་དག་ལ་གནས་ ཤིང་སེམས་ཅན་རྣམས་ཀྱི་དོན་བྱེད་ན། འགྲོ་བ་ལྔའི་འཁོར་བར་འཁོར་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ཀྱང་ཡོངས་སུ་མི་ཉམས་སོ། །རབ་འབྱོར། དེ་ལྟར་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་རང་བཞིན་སྟོང་པ་ཉིད་ལ་གནས་ཤིང་ཐབས་མཁས་པས་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །རབ་འབྱོར་ གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་རང་བཞིན་སྟོང་པ་ཉིད་ལ་གནས་ཤིང་སེམས་ཅན་ཤེས་རབ་འཆལ་པ་ཅན་བློ་ [138A]༄༅། །ཆུང་བ་རྣམས་མཐོང་ན། འདི་སྐད་དུ་འདེམས་ཤིང་རྗེས་སུ་སྟོན་ཏེ། ཚུར་རིགས་ཀྱི་བུ། ལུས་དང། ངག་གམ། ཡིད་ཀྱི་ལས་གང་ཅི་བྱེད་ཀྱང་རུང་སྟེ། དེ་ཐམས་ ཅད་རང་བཞིན་སྟོང་པ་ཉིད་དུ་རྟོགས་ཤིག་དང། ཁྱོད་ཀྱི་ལས་ཐམས་ཅད་བདུད་རྩིའི་འབྲས་བུར་འགྱུར་ཏེ། མཐར་བདུད་རྩིར་འགྱུར་རོ། །རང་བཞིན་སྟོང་པ་ཉིད་ལ་ནི། གང་འཇིག་ པར་འགྱུར་བའམ། ཡོངས་སུ་ཉམས་པར་འགྱུར་བ་དེ་ལྟ་བུའི་ཆོས་གང་ཡང་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་སྟོང་པ་ཉིད་ནི། ཡོངས་སུ་ཉམས་པར་མི་འགྱུར་ རང་བཞིན་སྟོང་པ་ཉིད་ལས་ཡོངས་སུ་ཉམས་པའི་ཆོས་ཀྱང་གང་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རང་བཞིན་གྱིས་སྟོང་པ་ཉིད་ནི། དངོས་པོ་ཡོད་པའང་མ་ཡིན། དངོས་ པོ་མེད་པའང་མ་ཡིན། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ལ་ཅི་ཞིག་ཡོངས་སུ་ཉམས་པར་འགྱུར་ཞེས་རབ་འབྱོར། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མཁས་པས་སེམས་ཅན་རྣམས་ལ་འདོམས་ཤིང་རྗེས་སུ་སྟོན་པར་བྱེད་དེ། །རང་བཞིན་གྱིས་སྟོན་པ་ཉིད་ལ་འཇུད་པར་བྱེད་དོ། །དེ་ལྟར་འདོམས་ཤིང་རྗེས་སུ་སྟོན་པ་དང། རང་ བཞིན་གྱིས་སྟོན་པ་ཉིད་ལ་འཛུད་པའི་ཚེ་ནམ་ཡང་རྗེས་སུ་མ་བསྒྲུབས་པ་མ་ཡིན། དེ་ནི། བདག་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ཤིང་གནས་པ་ཡིན། །གཞན་ཡང་དགེ་བ་བཅུའི་ལས་ཀྱི་ལམ་ལ་ཡང་ [138B] བདག་ཀྱང་བསླབ་པའི་གནས་ལྔ་ཡང་དག་པར་བླངས་ཤིང་གནས་པ་ཡིན། གཞན་ཡང་བསླབ་པའི་གནས་ལྔ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་ཡན་ལག་བརྒྱད་ དང་ལྡན་པའི་གསོ་སྦྱིན་ལ་ཉེ་བར་གནས་པར་ཡང་དག་པར་བླངས་ཤིང་གནས་པ་ཡིན། གཞན་ཡང་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱིན་ལ་ཉེ་བར་གནས་པར་ཡང་དག་པར་སྐུལ་ བ་ཡིན། བདག་ཀྱང་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པ་ཡིན་གཞན་ཡང་བསམ་གཏན་དང་པོ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་བསམ་གཏན་གཉིས་པ་ལ་ སྙོམས་པར་འཇུག་པ་ཡིན། གཞན་ཡང་བསམ་གཏན་གཉིས་པ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་པ་ཡིན། གཞན་ཡང་བསམ་ གཏན་གསུམ་པ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པ་ཡིན། གཞན་ཡང་བསམ་གཏན་བཞི་པ་ལ་ཡང་དག་པར་སྐུལ་བ་ཡིན་ བདག་ཀྱང་རྟག་ཏུ་རྒྱུན་མི་ཆད་པར་བྱམས་པ་ལ་གནས་པ་ཡིན་གཞན་ཡང་རྟག་ཏུ་རྒྱུན་མི་ཆད་པར་བྱམས་པ་སྒོམ་པ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་རྟག་ཏུ་རྒྱུན་ མི་འཆད་པར་སྙིང་རྗེ་ལ་གནས་པ་ཡིན། གཞན་ཡང་རྟག་ཏུ་རྒྱུན་མི་ཆད་པར་སྙིང་རྗེ་བསྒོམ་པ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་རྟག་ཏུ་རྒྱུན་མི་ཆད་པར་དགའ་བ་ལ་ [139A]༄༅། །གནས་པ་ཡིན། གཞན་ཡང་རྟག་ཏུ་རྒྱུན་མི་ཆད་པར་དགའ་བ་སྒོམ་པ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་རྟག་ཏུ་རྒྱུན་མི་ཆད་པར་བཏང་སྙོམས་ ལ་གནས་པ་ཡིན། གཞན་ཡང་རྟག་ཏུ་རྒྱུན་མི་ཆད་པར་བཏང་སྙོམས་སྒོམ་པ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་ པ་ལ་སྙོམས་པར་འཇུག་པ་ཡིན། གཞན་ཡང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ ཀྱི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པ་ཡིན། གཞན་ཡང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་ཅུང་ཟད་ མེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པ་ཡིན། གཞན་ཡང་ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་ འདུ་ཤེས་མེད་འདུ་ཤེས་མེད་མེན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པ་ཡིན། གཞན་ཡང་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་ འཇུག་པ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན། གཞན་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ [139B]གཞན་ཡང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ གནས་པ་ཡིན། གཞན་ཡང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན། གཞན་ཡང་བརྩོན་འགྲུས་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན། གཞན་ཡང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་ སྐུལ་བ་ཡིན། བདག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན། གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་ནང་སྟོང་པ་ཉིད་སྒོམ་ པ་ཡིན། གཞན་ཡང་ནང་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་ཕྱི་སྟོང་པ་ཉིད་སྒོམ་པ་ཡིན། གཞན་ཡང་ཕྱི་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་ཕྱི་ནང་ སྟོང་པ་ཉིད་སྒོམ་པ་ཡིན། གཞན་ཡང་ཕྱི་ནང་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་སྒོམ་པ་ཡིན། གཞན་ཡང་སྟོང་པ་ཉིད་སྟོང་པ་ཉིད་ལ་ཡང་ དག་པར་སྐུལ་བ་ཡིན། བདག་ཀྱང་ཆེན་པོ་སྟོང་པ་ཉིད་སྒོམ་པ་ཡིན། གཞན་ཡང་ཆེན་པོ་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་དོན་དམ་པ་སྟོང་པ་ཉིད་སྒོམ་པ་ཡིན་ [140A]༄༅། །གཞན་ཡང་དོན་དམ་པ་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་འདུས་བྱས་སྟོང་པ་ཉིད་སྒོམ་པ་ཡིན་གཞན་ཡང་འདུས་བྱས་སྟོང་པ་ཉིད་ ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་འདུས་མ་བྱས་སྟོང་པ་ཉིད་སྒོམ་པ་ཡིན། གཞན་ཡང་འདུས་མ་བྱས་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་མཐའ་ལས་ འདས་པ་སྟོང་པ་ཉིད་སྒོམ་པ་ཡིན། གཞན་ཡང་མཐའ་ལས་འདས་པ་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་སྒོམ་པ་ཡིན། གཞན་ ཡང་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་དོར་བ་མེད་པ་སྟོང་པ་ཉིད་སྒོམ་པ་ཡིན་གཞན་ཡང་དོར་བ་མེད་པ་སྟོང་པ་ཉིད་ལ་ཡང་དག་པར་ སྐུལ་བ་ཡིན། བདག་ཀྱང་རང་བཞིན་སྟོང་པ་ཉིད་སྒོམ་པ་ཡིན་གཞན་ཡང་རང་བཞིན་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བ་ཡིན་བདག་ཀྱང་ཆོས་ཐམས་ཅད་སྟོང་པ་ཉིད་སྒོམ་པ་ ཡིན༑ གཞན་ཡང་ཆོས་ཐམས་ཅད་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་རང་གི་མཚན་ཉིད་སྟོང་པ་ཉིད་སྒོམ་པ་ཡིན་གཞན་ཡང་རང་གི་མཚན་ཉིད་སྟོང་པ་ཉིད་ལ་ ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་མི་དམིགས་པ་སྟོང་པ་ཉིད་སྒོམ་པ་ཡིན། གཞན་ཡང་མི་དམིགས་པ་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་དངོས་པོ་མེད་ [140B] གཞན་ཡང་དངོས་པོ་མེད་པ་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་ངོ་བོ་ཉིད་སྟོང་པ་ཉིད་སྒོམ་པ་ཡིན། གཞན་ཡང་ངོ་བོ་ཉིད་སྟོང་པ་ཉིད་ ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྒོམ་པ་ཡིན། གཞན་ཡང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བ་ཡིན་ བདག་ཀྱང་དྲན་པ་ཉེ་བར་གཞག་པ་རྣམས་སྒོམ་པ་ཡིན། གཞན་ཡང་དྲན་པ་ཉེ་བར་གཞག་པ་རྣམས་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་ཡང་དག་པར་སྤོང་བ་རྣམས་སྒོམ་པ་ ཡིན༑ གཞན་ཡང་ཡང་དག་པར་སྤོང་བ་རྣམས་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་རྫུ་འཕྲུལ་གྱི་རྐང་པ་རྣམས་སྒོམ་པ་ཡིན་གཞན་ཡང་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་ཡང་ དག་པར་སྐུལ་བ་ཡིན། བདག་ཀྱང་དབང་པོ་རྣམས་སྒོམ་པ་ཡིན། གཞན་ཡང་དབང་པོ་རྣམས་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་སྟོབས་རྣམས་སྒོམ་པ་ཡིན། གཞན་ཡང་ སྟོབས་རྣམས་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་བྱང་ཆུབ་ཀྱི་ཡན་ལག་རྣམས་སྒོམ་པ་ཡིན། གཞན་ཡང་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་ཡང་དག་པར་སྐུལ་བ་ཡིན། བདག་ ཀྱང་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་པ་ཡིན། གཞན་ཡང་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་ཡང་དག་པར་སྐུལ་བ་ཡིན་བདག་ཀྱང་རྣམ་པར་ཐར་པའི་སྒོ་གསུམ་ [141A]༄༅། །ལ་སློབ་པ་ཡིན། གཞན་ཡང་རྣམ་པར་ཐར་པའི་སྒོ་གསུམ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་འཕགས་པའི་བདེན་པ་རྣམས་སྒོམ་པ་ཡིན། གཞན་ ཡང་འཕགས་བའི་བདེན་པ་རྣམས་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་རྣམ་པར་ཐར་པ་བརྒྱད་ལ་སློབ་པ་ཡིན། གཞན་ཡང་རྣམ་པར་ཐར་པ་བརྒྱད་ལ་ཡང་དག་པར་སྐུལ་ བ་ཡིན། བདག་ཀྱང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སློབ་པ་ཡིན། གཞན་ཡང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་ཡང་དག་པར་སྐུལ་བ་ཡིན་ བདག་ཀྱང་མངོན་པར་ཤེས་པ་རྣམས་ལ་སློབ་པ་ཡིན། གཞན་ཡང་མངོན་པར་ཤེས་པ་རྣམས་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་ཏིང་ངེ་འཛིན་རྣམས་ལ་སློབ་པ་ཡིན། གཞན་ ཡང་ཏིང་ངེ་འཛིན་རྣམས་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་གཟུངས་ཀྱི་སྒོ་རྣམས་ལ་སློབ་པ་ཡིན། གཞན་ཡང་གཟུངས་ཀྱི་སྒོ་རྣམས་ལ་ཡང་དག་པར་སྐུལ་བ་ཡིན། བདག་ ཀྱང་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སློབ་པ་ཡིན། གཞན་ཡང་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་མི་འཇིགས་པ་བཞི་ལ་སློབ་ པ་ཡིན། གཞན་ཡང་མི་འཇིགས་པ་བཞི་ལ་ཡང་དག་པར་སྐུལ་བ་ཡིན་བདག་ཀྱང་སོ་སོ་ཡང་དག་པར་རིག་པ་བཞི་ལ་སློབ་པ་ཡིན། གཞན་ཡང་སོ་སོ་ཡང་དག་པར་རིག་པ་བཞི་ལ་ [141B] བདག་ཀྱང་བྱམས་པ་ཆེན་པོ་ལ་སློབ་པ་ཡིན། གཞན་ཡང་བྱམས་པ་ཆེན་པོ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་སྙིང་རྗེ་ཆེན་པོ་ལ་སློབ་པ་ཡིན། གཞན་ ཡང་སྙིང་རྗེ་ཆེན་པོ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སློབ་པ་ཡིན། གཞན་ཡང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལ་སློབ་པ་ཡིན། གཞན་ཡང་མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལ་ཡང་དག་པར་སྐུལ་བ་ཡིན། བདག་ ཀྱང་དཔེ་བྱད་བཟང་པོ་བརྒྱད་ཅུ་ལ་སློབ་པ་ཡིན། གཞན་ཡང་དཔེ་བྱད་བཟང་པོ་བརྒྱད་ཅུ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་རྒྱུན་དུ་ཞུགས་པའི་འབྲས་བུའི་ཤེས་པ་སྐྱེད་ཅིང་ དེ་ལའང་མི་གནས་པ་ཡིན། གཞན་ཡང་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་འགོད་པ་ཡིན། བདག་ཀྱང་ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ཤེས་པ་སྐྱེད་ཅིང་དེ་ལའང་མི་གནས་པ་ཡིན་ གཞན་ཡན་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་འགོད་པ་ཡིན། བདག་ཀྱང་ཕྱིར་མི་འོང་བའི་འབྲས་བུའི་ཤེས་པ་སྐྱེད་ཅིང་དེ་ལའང་མི་གནས་པ་ཡིན། གཞན་ཡང་ཕྱིར་མི་འོང་བའི་ འབྲས་བུ་ལ་འགོད་པ་ཡིན། བདག་ཀྱང་དགྲ་བཅོམ་པའི་འབྲས་བུའི་ཤེས་པ་སྐྱེད་ཅིང་དེ་ལའང་མི་གནས་པ་ཡིན། གཞན་ཡང་དགྲ་བཅོམ་པ་ཉིད་ལ་འགོད་པ་ཡིན། བདག་ཀྱང་རང་བྱང་ [142A]༄༅། །ཆུབ་ཀྱི་ཤེས་པ་སྐྱེད་ཅིང་དེ་ལའང་མི་གནས་པ་ཡིན་གཞན་ཡང་རང་བྱང་ཆུབ་ལ་འགོད་པ་ཡིན། བདག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ཀྱི་ལམ་སྐྱེད་པ་ཡིན། གཞན་ཡང་ལམ་དེ་ལ་འདེམས་ཤིང་རྗེས་སུ་སྟོན་པ་དང། གཞོག་ཅིང་འདུལ་བ་དང་འགོད་པ་ཡིན་ཏེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་རང་བཞིན་སྟོང་པ་ཉིད་ལ་གནས་ཤིང་སེམས་ཅན་རྣམས་ཀྱི་དོན་བྱེད་པའི་ ཚེ་ནམ་ཡང་ལས་མེད་པར་གནས་པ་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས། གལ་ཏེ་དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ལགས་ན། རང་བཞིན་སྟོང་པ་ཉིད་ལ་ ནི༑ སེམས་ཅན་ཡང་མི་དམིགས། ཆོས་ཀྱང་མི་དམིགས། ཆོས་མ་ལགས་པའང་མི་དམིགས་ན། བཅོམ་ལྡན་འདས། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་ཀྱི་དོན་དུ་ཡང་དག་པར་འཇུག་པ་ལགས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་སྐད་དུ་སྨྲས་པ་ བཞིན་ནོ། །ཆོས་ཐམས་ཅད་ནི། རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་སྟོང་པ་ཉིད་ལ་ནི། སེམས་ཅན་མི་དམིགས་སོ། །ཆོས་མི་དམིགས་སོ། །ཆོས་མ་ཡིན་པ་མི་དམིགས་སོ། ། [142B] གལ་ཏེ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་རང་བཞིན་སྟོང་པ་ཉིད་ལ་གནས་པར་མི་འགྱུར་ཏེ། བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་ཆོས་རྣམས་རང་བཞིན་གྱིས་སྟོང་པར་མི་སྟོན་ཏོ། །རང་བཞིན་གྱིས་སྟོང་པའི་ཆོས་དེ་དག་ཀྱང་གང་ ཞེ་ན༑ རབ་འབྱོར། གཟུགས་ནི། རང་བཞིན་གྱིས་སྟོང་ངོ། །ཚོར་བ་ནི། རང་བཞིན་གྱིས་སྟོང་ངོ། །འདུ་ཤེས་ནི། རང་བཞིན་གྱིས་སྟོང་ངོ། །འདུ་བྱེད་ནི། རང་བཞིན་གྱིས་སྟོང་ངོ། །རྣམ་པར་ ཤེས་པ་ནི། རང་བཞིན་གྱིས་སྟོང་ངོ། །རབ་འབྱོར། མིག་ནི། རང་བཞིན་གྱིས་སྟོང་ངོ། །རྣ་བ་ནི། རང་བཞིན་གྱིས་སྟོང་ངོ། །སྣ་ནི། རང་བཞིན་གྱིས་སྟོང་ངོ། །ལྕེ་ནི། རང་བཞིན་གྱིས་སྟོང་ ངོ༑ ༑ལུས་ནི། རང་བཞིན་གྱིས་སྟོང་ངོ། །ཡིད་ནི། རང་བཞིན་གྱིས་སྟོང་ངོ། །རབ་འབྱོར། གཟུགས་ནི། རང་བཞིན་གྱིས་སྟོང་ངོ། །སྒྲ་ནི། རང་བཞིན་གྱིས་སྟོང་ངོ། །དྲི་ནི། རང་བཞིན་གྱིས་ སྟོང་ངོ། །རོ་ནི། རང་བཞིན་གྱིས་སྟོང་ངོ། །རེག་ནི། རང་བཞིན་གྱིས་སྟོང་ངོ། །ཆོས་ནི། རང་བཞིན་གྱིས་སྟོང་ངོ། །རབ་འབྱོར་མིག་གི་རྣམ་པར་ཤེས་པ་ནི། རང་བཞིན་གྱིས་སྟོང་ངོ། །རྣ་ བའི་རྣམ་པར་ཤེས་པ་ནི། རང་བཞིན་གྱིས་སྟོང་ངོ། །སྣའི་རྣམ་པར་ཤེས་པ་ནི། རང་བཞིན་གྱིས་སྟོང་ངོ། །ལྕེའི་རྣམ་པར་ཤེས་པ་ནི། རང་བཞིན་གྱིས་སྟོང་ངོ། །ལུས་ཀྱི་རྣམ་པར་ཤེས་ [143A]༄༅། །པ་ནི༑ རང་བཞིན་གྱིས་སྟོང་ངོ། །ཡིད་ཀྱི་རྣམ་པར་ཤེས་པ་ནི། རང་བཞིན་གྱིས་སྟོང་ངོ། །རབ་འབྱོར། མིག་གི་འདུས་ཏེ་རེག་པ་ནི། རང་བཞིན་གྱིས་སྟོང་ངོ། ། རྣ་བའི་འདུས་ཏེ་རེག་པ་ནི། རང་བཞིན་གྱིས་སྟོང་ངོ། །སྣའི་འདུས་ཏེ་རེག་པ་ནི། རང་བཞིན་གྱིས་སྟོང་ངོ། །ལྕེའི་འདུས་ཏེ་རེག་པ་ནི། རང་བཞིན་གྱིས་སྟོང་ངོ། །ལུས་ཀྱི་འདུས་ ཏེ་རེག་པ་ནི། རང་བཞིན་གྱིས་སྟོང་ངོ། །ཡིད་ཀྱི་འདུས་ཏེ་རེག་པ་ནི། རང་བཞིན་གྱིས་སྟོང་ངོ། །རབ་འབྱོར། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ནི། རང་བཞིན་གྱིས་སྟོང་ ངོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ནི། རང་བཞིན་གྱིས་སྟོང་ངོ། །སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ནི་རང་བཞིན་གྱིས་སྟོང་ངོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ གྱིས་ཚོར་བ་ནི། རང་བཞིན་གྱིས་སྟོང་ངོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ནི། རང་བཞིན་གྱིས་སྟོང་ངོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ནི། རང་བཞིན་གྱིས་ སྟོང་ངོ། །རབ་འབྱོར། སའི་ཁམས་ནི། རང་བཞིན་གྱིས་སྟོང་ངོ་།ཆུའི་ཁམས་ནི། རང་བཞིན་གྱིས་སྟོང་ངོ། །མེའི་ཁམས་ནི། རང་བཞིན་གྱིས་སྟོང་ངོ། །རླུང་གི་ཁམས་ནི། རང་ བཞིན་གྱིས་སྟོང་ངོ། །ནམ་མཁའི་ཁམས་ནི། རང་བཞིན་གྱིས་སྟོང་ངོ། །རྣམ་པར་ཤེས་པའི་ཁམས་ནི། རང་བཞིན་གྱིས་སྟོང་ངོ་།རབ་འབྱོར། མ་རིག་པ་ནི། རང་བཞིན་གྱིས་ [143B] །འདུ་བྱེད་ནི་རང་བཞིན་གྱིས་སྟོང་ངོ། །རྣམ་པར་ཤེས་པ་ནི། རང་བཞིན་གྱིས་སྟོང་ངོ། །མིང་དང་གཟུགས་ནི་རང་བཞིན་གྱིས་སྟོང་ངོ། །སྐྱེ་མཆེད་དྲུག་ནི། རང་བཞིན་གྱིས་སྟོང་ ངོ། །རེག་པ་ནི། རང་བཞིན་གྱིས་སྟོང་ངོ། །ཚོར་བ་ནི། རང་བཞིན་གྱིས་སྟོང་ངོ། །སྲེད་པ་ནི། རང་བཞིན་གྱིས་སྟོང་ངོ་།ལེན་པ་ནི། རང་བཞིན་གྱིས་སྟོང་ངོ། །སྲིད་པ་ནི། རང་བཞིན་གྱིས་ སྟོང་ངོ། །སྐྱེ་བ་ནི། རང་བཞིན་གྱིས་སྟོང་ངོ། །རྒ་ཤི་ནི་རང་བཞིན་གྱིས་སྟོང་ངོ། །རབ་འབྱོར། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི། རང་བཞིན་གྱིས་སྟོང་ངོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ ནི༑ རང་བཞིན་གྱིས་སྟོང་ངོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་རང་བཞིན་གྱིས་སྟོང་ངོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། རང་བཞིན་གྱིས་སྟོང་ངོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ ནི༑ རང་བཞིན་གྱིས་སྟོང་ངོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། རང་བཞིན་གྱིས་སྟོང་ངོ། །རབ་འབྱོར། ནང་སྟོང་པ་ཉིད་ནི་རང་བཞིན་གྱིས་སྟོང་ངོ། །ཕྱི་སྟོང་པ་ཉིད་ནི། རང་བཞིན་གྱིས་ སྟོང་ངོ། །ཕྱི་ནང་སྟོང་པ་ཉིད་ནི། རང་བཞིན་གྱིས་སྟོང་ངོ། །སྟོང་པ་ཉིད་སྟོང་པ་ཉིད་ནི། རང་བཞིན་གྱིས་སྟོང་ངོ་།ཆེན་པོ་སྟོང་པ་ཉིད་ནི། རང་བཞིན་གྱིས་སྟོང་ངོ། །དོན་དམ་པ་སྟོང་པ་ ཉིད་ནི། རང་བཞིན་གྱིས་སྟོང་ངོ། །འདུས་བྱས་སྟོང་པ་ཉིད་ནི་རང་བཞིན་གྱིས་སྟོང་ངོ། །འདུས་མ་བྱས་སྟོང་པ་ཉིད་ནི། རང་བཞིན་གྱིས་སྟོང་ངོ། །མཐའ་ལས་འདས་པ་སྟོང་པ་ཉིད་ནི། རང་ [144A]༄༅། །བཞིན་གྱིས་སྟོང་ངོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ནི། རང་བཞིན་གྱིས་སྟོང་ངོ། །དོར་བ་མེད་པ་སྟོང་པ་ཉིད་ནི། རང་བཞིན་གྱིས་སྟོང་ངོ། །རང་བཞིན་སྟོང་ པ་ཉིད་ནི། རང་བཞིན་གྱིས་སྟོང་ངོ། །ཆོས་ཐམས་ཅད་སྟོང་པ་ཉིད་ནི། རང་བཞིན་གྱིས་སྟོང་ངོ། །རང་གི་མཚན་ཉིད་སྟོང་པ་ཉིད་ནི། རང་བཞིན་གྱིས་སྟོང་ངོ། །མི་དམིགས་པ་སྟོང་པ་ ཉིད་ནི། རང་བཞིན་གྱིས་སྟོང་ངོ། །དངོས་པོ་མེད་པ་སྟོང་པ་ཉིད་ནི། རང་བཞིན་གྱིས་སྟོང་ངོ། །ངོ་བོ་ཉིད་སྟོང་པ་ཉིད་ནི། རང་བཞིན་གྱིས་སྟོང་ངོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་ པ་ཉིད་ནི། རང་བཞིན་གྱིས་སྟོང་ངོ། །རབ་འབྱོར། དྲན་པ་ཉེ་བར་གཞག་པ་རྣམས་ནི། རང་བཞིན་གྱིས་སྟོང་ངོ། །ཡང་དག་པར་སྤོང་བ་རྣམས་ནི། རང་བཞིན་གྱིས་སྟོང་ངོ། །རྫུ་ འཕྲུལ་གྱི་རྐང་པ་རྣམས་ནི། རང་བཞིན་གྱིས་སྟོང་ངོ། །དབང་པོ་རྣམས་ནི། རང་བཞིན་གྱིས་སྟོང་ངོ། །སྟོབས་རྣམས་ནི། རང་བཞིན་གྱིས་སྟོང་ངོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ ནི༑ རང་བཞིན་གྱིས་སྟོང་ངོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི། རང་བཞིན་གྱིས་སྟོང་ངོ། །འཕགས་པའི་བདེན་པ་རྣམས་ནི་རང་བཞིན་གྱིས་སྟོང་ངོ། །བསམ་གཏན་ རྣམས་ནི། རང་བཞིན་གྱིས་སྟོང་ངོ། །ཚད་མེད་པ་རྣམས་ནི། རང་བཞིན་གྱིས་སྟོང་ངོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ནི། རང་བཞིན་གྱིས་སྟོང་ངོ། །རྣམ་པར་ [144B] རང་བཞིན་གྱིས་སྟོང་ངོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ནི། རང་བཞིན་གྱིས་སྟོང་ངོ་།རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་ པ་དང། སྨོན་པ་མེད་པ་ནི། རང་བཞིན་གྱིས་སྟོང་ངོ། །མངོན་པར་ཤེས་པ་རྣམས་ནི། རང་བཞིན་གྱིས་སྟོང་ངོ། །ཏིང་ངེ་འཛིན་རྣམས་ནི། རང་བཞིན་གྱིས་སྟོང་ངོ། །གཟུངས་ཀྱི་སྒོ་རྣམས་ ནི༑ རང་བཞིན་གྱིས་སྟོང་ངོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ནི། རང་བཞིན་གྱིས་སྟོང་ངོ། །མི་འཇིགས་པ་རྣམས་ནི། རང་བཞིན་གྱིས་སྟོང་ངོ། །སོ་སོ་ཡང་དག་པར་རིག་པ་རྣམས་ ནི༑ རང་བཞིན་གྱིས་སྟོང་ངོ། །བྱམས་པ་ཆེན་པོ་ནི། རང་བཞིན་གྱིས་སྟོང་ངོ། །སྙིང་རྗེ་ཆེན་པོ་ནི། རང་བཞིན་གྱིས་སྟོང་ངོ། །དགའ་བ་ཆེན་པོ་ནི། རང་བཞིན་གྱིས་སྟོང་ངོ། །བཏང་སྙོམས་ཆེན་ པོ་ནི། རང་བཞིན་གྱིས་སྟོང་ངོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི། རང་བཞིན་གྱིས་སྟོང་ངོ། །མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ནི། རང་བཞིན་གྱིས་སྟོང་ངོ། །དཔེ་བྱད་བཟང་པོ་ བརྒྱད་ཅུ་ནི། རང་བཞིན་གྱིས་སྟོང་ངོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ནི། རང་བཞིན་གྱིས་སྟོང་ངོ། །ལན་གཅིག་ཕྱིར་འོང་བའི་འབྲས་བུ་ནི། རང་བཞིན་གྱིས་སྟོང་ངོ། །ཕྱིར་མི་འོང་བའི་ འབྲས་བུ་ནི། རང་བཞིན་གྱིས་སྟོང་ངོ། །དགྲ་བཅོམ་པ་ཉིད་ནི་རང་བཞིན་གྱིས་སྟོང་ངོ། །རང་བྱང་ཆུབ་ནི། རང་བཞིན་གྱིས་སྟོང་ངོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི། རང་བཞིན་གྱིས་ [145A]༄༅། །སྟོང་ངོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི། རང་བཞིན་གྱིས་སྟོང་ངོ། །དེ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ སྤྱོད་པའི་ཚེ་ཕུང་པོ་ལྔ་ནི། རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཆོས་སྟོན་ཏོ། །སྐྱེ་མཆེད་བཅུ་གཉིས་ནི་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཆོས་སྟོན་ཏོ། །ཁམས་བཅོ་བརྒྱད་ ནི༑ རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཆོས་སྟོན་ཏོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ནི། རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཆོས་སྟོན་ཏོ། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ནི་ རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཆོས་སྟོན་ཏོ། །སྟོང་པ་ཉིད་ཐམས་ཅད་ནི། རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཆོས་སྟོན་ཏོ། །དྲན་པ་ཉེ་བར་གཞག་པ་བཞི་ནི། རང་བཞིན་གྱིས་ སྟོང་ངོ། །ཞེས་བྱ་བར་ཆོས་སྟོན་ཏོ། །ཡང་དག་པར་སྤོང་བ་བཞི་ནི། རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཆོས་སྟོན་ཏོ་།རྫུ་འཕྲུལ་གྱི་རྐང་པ་བཞི་ནི། རང་བཞིན་གྱིས་སྟོང་ངོ་།ཞེས་ བྱ་བར་ཆོས་སྟོན་ཏོ། །དབང་པོ་ལྔ་ནི། རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཆོས་སྟོན་ཏོ། །སྟོབས་ལྔ་ནི། རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཆོས་སྟོན་ཏོ། །བྱང་ཆུབ་ཀྱི་ཡན་ ལག་བདུན་ནི། རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཆོས་སྟོན་ཏོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི། རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཆོས་སྟོན་ཏོ། །འཕགས་ [145B] རིང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཆོས་སྟོན་ཏོ། །བསམ་གཏན་བཞི་ནི། རང་བཞིན་གྱིས་སྟོང་ངོ་།ཞེས་བྱ་བར་ཆོས་སྟོན་ཏོ། །ཚད་མེད་པ་བཞི་ནི། རང་བཞིན་ གྱིས་སྟོང་ངོ། །ཞེས་བྱ་བར་ཆོས་སྟོན་ཏོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ནི། རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཆོས་སྟོན་ཏོ། །རྣམ་པར་ཐར་པ་བརྒྱད་ནི། རང་བཞིན་ གྱིས་སྟོང་ངོ། །ཞེས་བྱ་བར་ཆོས་སྟོན་ཏོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི། རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཆོས་སྟོན་ཏོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ནི། རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཆོས་སྟོན་ཏོ། །མངོན་པར་ཤེས་པ་ལྔ་ནི། རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཆོས་སྟོན་ཏོ། ། ཏིང་ངེ་འཛིན་ཐམས་ཅད་ནི། རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཆོས་སྟོན་ཏོ། །གཟུངས་ཀྱི་སྒོ་ཐམས་ཅད་ནི། རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཆོས་སྟོན་ཏོ། །དེ་བཞིན་ གཤེགས་པའི་སྟོབས་བཅུ་ནི། རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཆོས་སྟོན་ཏོ། །མི་འཇིགས་པ་བཞི་ནི། རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཆོས་སྟོན་ཏོ། །སོ་སོ་ཡང་དག་ པར་རིག་པ་བཞི་ནི། རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཆོས་སྟོན་ཏོ། །བྱམས་པ་ཆེན་པོ་ནི། རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཆོས་སྟོན་ཏོ། །སྙིང་རྗེ་ཆེན་པོ་ནི། རང་བཞིན་ [146A]༄༅། །གྱིས་སྟོང་ངོ། །ཞེས་བྱ་བར་ཆོས་སྟོན་ཏོ། །དགའ་བ་ཆེན་པོ་ནི། རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཆོས་སྟོན་ཏོ། །བཏང་སྙོམས་ཆེན་པོ་ནི། རང་བཞིན་གྱིས་ སྟོང་ངོ། །ཞེས་བྱ་བར་ཆོས་སྟོན་ཏོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི། རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཆོས་སྟོན་ཏོ། །མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ནི་ རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཆོས་སྟོན་ཏོ། །དཔེ་བྱད་བཟང་པོ་བརྒྱད་ཅུ་ནི། རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཆོས་སྟོན་ཏོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ནི། རང་ བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཆོས་སྟོན་ཏོ། །ལན་གཅིག་ཕྱིར་འོང་བའི་འབྲས་བུ་ནི། རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཆོས་སྟོན་ཏོ། །ཕྱིར་མི་འོང་བའི་འབྲས་བུ་ནི་ རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཆོས་སྟོན་ཏོ། །དགྲ་བཅོམ་པ་ཉིད་ནི། རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཆོས་སྟོན་ཏོ། །རང་བྱང་ཆུབ་ནི། རང་བཞིན་གྱིས་སྟོང་ངོ། ། ཞེས་བྱ་བར་ཆོས་སྟོན་ཏོ། ལམ་གྱི་རྣམ་པ་ཤེས་པ་ཉིད་ནི། རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཆོས་སྟོན་ཏོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི། རང་བཞིན་གྱིས་སྟོང་ངོ། ། ཞེས་བྱ་བར་ཆོས་སྟོན་ཏོ། །བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་སྤོང་བ་ནི། རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཆོས་སྟོན་ཏོ། །རབ་འབྱོར། གལ་ཏེ་ནང་སྟོང་པ་ཉིད་རང་ [146B] བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ངོ་།ཞེས་བྱ་བར་ཆོས་བསྟན་པར་མི་འགྱུར་རོ། །གལ་ཏེ་ཕྱི་ སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཆོས་བསྟན་བར་མི་འགྱུར་རོ། ། གལ་ཏེ་ཕྱི་ནང་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཆོས་བསྟན་ པར་མི་འགྱུར་རོ། །གལ་ཏེ་སྟོང་པ་ཉིད་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ངོ། །ཞེས་ བྱ་བར་ཆོས་བསྟན་པར་མི་འགྱུར་རོ། །གལ་ཏེ་ཆེན་པོ་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཆོས་ཐམས་ཅད་རང་བཞིན་གྱིས་ སྟོང་ངོ། །ཞེས་བྱ་བར་ཆོས་བསྟན་པར་མི་འགྱུར་རོ། །གལ་ཏེ་དོན་དམ་པ་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཆོས་ཐམས་ ཅད་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཆོས་བསྟན་པར་མི་འགྱུར་རོ། །གལ་ཏེ་འདུས་བྱས་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ [147A]༄༅། །ཆེན་པོས་ཀྱང་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཆོས་བསྟན་པར་མི་འགྱུར་རོ། །གལ་ཏེ་འདུས་མ་བྱས་སྟོང་པ་ཉིད་རང་བཞིན་གྱིས་སྟོང་ པ་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཆོས་བསྟན་པར་མི་འགྱུར་རོ། །གལ་ཏེ་མཐའ་ལས་ འདས་པ་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་མ་ཡིན་ན་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཆོས་བསྟན་ པར་མི་འགྱུར་རོ། །གལ་ཏེ་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཆོས་ཐམས་ཅད་རང་ བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཆོས་བསྟན་པར་མི་འགྱུར་རོ་།གལ་ཏེ་དོར་བ་མེད་པ་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོས་ཀྱང་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཆོས་བསྟན་པར་མི་འགྱུར་རོ། །གལ་ཏེ་རང་བཞིན་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་མ་ཡིན་ན་ནི། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཆོས་བསྟན་པར་མི་འགྱུར་རོ། །གལ་ཏེ་ཆོས་ཐམས་ཅད་སྟོང་པ་ཉིད་རང་བཞིན་ [147B] བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཆོས་བསྟན་པར་མི་འགྱུར་རོ། །གལ་ཏེ་རང་གི་ མཚན་ཉིད་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་མ་ཡིན་ན་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཆོས་བསྟན་པར་ མི་འགྱུར་རོ། །གལ་ཏེ་མི་དམིགས་པ་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ངོ། །ཞེས་ བྱ་བར་ཆོས་བསྟན་པར་མི་འགྱུར་རོ། །གལ་ཏེ་དངོས་པོ་མེད་པ་སྟོང་པ་ཉིད་རང་བཞིན་གྱིས་སྟོང་བ་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཆོས་ཐམས་ཅད་རང་ བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཆོས་བསྟན་པར་མི་འགྱུར་རོ་།གལ་ཏེ་ངོ་བོ་ཉིད་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ ཀྱང་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཆོས་བསྟན་པར་མི་འགྱུར་རོ། །གལ་ཏེ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་མ་ཡིན་ན་ནི། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཆོས་བསྟན་པར་མི་འགྱུར་རོ། །དེའི་ཕྱིར་རང་བཞིན་གྱིས་སྟོང་པ་ཉིད་ཀྱང་བཤིག་ [148A]༄༅། །པར་འགྱུར་ན། རང་བཞིན་སྟོང་པ་ཉིད་ནི། འཇིག་པར་མི་འགྱུར། རྟག་པ་མ་ཡིན་ཏེ། ཕྱིས་མེད་པར་འགྲོ་བའང་མ་ཡིན་ནོ་།དེ་ཅིའི་ཕྱིར་ཞེ་ན། དེ་ནི། ཡུལ་ན་ མི་གནས། ཕྱོགས་ན་མི་གནས་པ་སྟེ། དེ་ནི། གང་ནས་ཀྱང་འོང་བ་མ་ཡིན། གང་དུ་འགྲོ་བའང་མ་ཡིན་ཏེ། དེ་ནི། ཆོས་གནས་པ་ཉིད་དོ། །དེ་ལ་ནི། ཆོས་གང་ཡང་འཕེལ་བ་དམིགས་ པའམ། འགྲིབ་པ་དམིགས་པའམ། འགོག་པ་དམིགས་པའམ། སྐྱེ་བ་དམིགས་པའམ། འབྱུང་བ་དམིགས་པའམ། འགག་པ་དམིགས་པའམ། ཀུན་ནས་ཉོན་མོངས་པ་དམིགས་ པའམ། རྣམ་པར་བྱང་བ་དམིགས་པ་མེད་དོ། དེ་ནི། ཆོས་རྣམས་ཀྱི་རང་བཞིན་ཏེ། དེ་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་འཇུག་སྟེ། ཆོས་གང་ཡང་འཇུག་པའམ། མི་འཇུག་པར་མཐོང་བ་མེད་དོ། །ཆོས་ཐམས་ཅད་ནི། འཇུག་པ་མེད་ཅིང་གནས་པ་མེད་ པ་སྟེ། དེ་ནི། ཆོས་རྣམས་ཀྱི་ཆོས་གནས་པའོ། །དེ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཆོས་ཐམས་ཅད་རང་ བཞིན་གྱིས་སྟོང་པར་མཐོང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་གོ་དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་འདིས་སྒྲིབ་པའི་ཆོས་གང་ཡང་ཡང་ [148B] ཆོས་ཐམས་ཅད་ནི། སྒྲིབ་པ་མེད་པར་ཡང་དག་པར་རྗེས་སུ་མཐོང་ངོ། །དེ་ནི། འདི་ལྟར་རང་བཞིན་སྟོང་པ་ཉིད་ལ་བདག་མི་དམིགས། བདག་ཏུ་གདགས་ པའང་མི་དམིགས། སེམས་ཅན་མི་དམིགས། སེམས་ཅན་དུ་གདགས་པའང་མི་དམིགས། སྲོག་མི་དམིགས། སྲོག་ཏུ་གདགས་པའང་མི་དམིགས། འགྲོ་བའང་མི་དམིགས། འགྲོ་བར་ གདགས་པའང་མི་དམིགས། གསོ་བའང་མི་དམིགས། གསོ་བར་གདགས་པའང་མི་དམིགས། སྐྱེས་བུའང་མི་དམིགས། སྐྱེས་བུར་གདགས་པའང་མི་དམིགས་གང་ཟག་ཀྱང་མི་ དམིགས། གང་ཟག་ཏུ་གདགས་པའང་མི་དམིགས། ཤེད་ཅན་ཡང་མི་དམིགས་ཤེད་ཅན་དུ་གདགས་པའང་མི་དམིགས། ཤེད་བདག་ཀྱང་མི་དམིགས། ཤེད་བདག་ཏུ་གདགས་ པའང་མི་དམིགས། བྱེད་པ་པོའང་མི་དམིགས། བྱེད་པ་པོར་གདགས་པའང་མི་དམིགས། ཚོར་བ་པོའང་མི་དམིགས། ཚོར་བ་པོར་གདགས་པའང་མི་དམིགས། ཚོར་བར་བྱེད་པའང་ མི་དམིགས། ཚོར་བར་བྱེད་པར་གདགས་པའང་མི་དམིགས། སློང་བར་ཡང་མི་དམིགས། སློང་བར་གདགས་པའང་མི་དམིགས། ཀུན་ནས་སློང་པའང་མི་དམིགས། ཀུན་ནས་སློང་བར་ གདགས་པའང་མི་དམིགས། ཤེས་པ་པོའང་མི་དམིགས། ཤེས་པ་པོར་གདགས་པའང་མི་དམིགས། མཐོང་བ་པོའང་མི་དམིགས། མཐོང་བ་པོར་གདགས་པའང་མི་དམིགས། གཟུགས་ [149A]༄༅། །ཀྱང་མི་དམིགས། གཟུགས་སུ་གདགས་པའང་མི་དམིགས། ཚོར་བའང་མི་དམིགས། ཚོར་བར་གདགས་པའང་མི་དམིགས། འདུ་ཤེས་ཀྱང་མི་དམིགས་ འདུ་ཤེས་སུ་གདགས་པའང་མི་དམིགས། འདུ་བྱེད་ཀྱང་མི་དམིགས། འདུ་བྱེད་དུ་གདགས་པའང་མི་དམིགས། རྣམ་པར་ཤེས་པའང་མི་དམིགས་རྣམ་པར་ཤེས་པར་གདགས་ པའང་མི་དམིགས། མིག་ཀྱང་མི་དམིགས། མིག་ཏུ་གདགས་པའང་མི་དམིགས། རྣ་བའང་མི་དམིགས། རྣ་བར་གདགས་པའང་མི་དམིགས་སྣའང་མི་དམིགས། སྣར་གདགས་ པའང་མི་དམིགས། ལྕེའང་མི་དམིགས། ལྕེར་གདགས་པའང་མི་དམིགས་ལུས་ཀྱང་མི་དམིགས། ལུས་སུ་གདགས་པའང་མི་དམིགས། ཡིད་ཀྱང་མི་དམིགས། ཡིད་དུ་གདགས་ པའང་མི་དམིགས། གཟུགས་ཀྱང་མི་དམིགས། གཟུགས་སུ་གདགས་པའང་མི་དམིགས། སྒྲའང་མི་དམིགས། སྒྲར་གདགས་པའང་མི་དམིགས། དྲིའང་མི་དམིགས། དྲིར་ གདགས་པའང་མི་དམིགས། རོའང་མི་དམིགས། རོར་གདགས་པའང་མི་དམིགས། རེག་ཀྱང་མི་དམིགས། རེག་ཏུ་གདགས་པའང་མི་དམིགས། ཆོས་ཀྱང་མི་དམིགས། ཆོས་ སུ་གདགས་པའང་མི་དམིགས། མིག་གི་རྣམ་པར་ཤེས་པའང་མི་དམིགས་མིག་གི་རྣམ་པར་ཤེས་པར་གདགས་པའང་མི་དམིགས། རྣ་བའི་རྣམ་པར་ཤེས་པའང་མི་དམིགས་ [149B] སྣའི་རྣམ་པར་ཤེས་པའང་མི་དམིགས། སྣའི་རྣམ་པར་ཤེས་པར་གདགས་པའང་མི་དམིགས། ལྕེའི་རྣམ་པར་ཤེས་པའང་མི་དམིགས་ ལྕེའི་རྣམ་པར་ཤེས་པར་གདགས་པའང་མི་དམིགས། ལུས་ཀྱི་རྣམ་པར་ཤེས་པའང་མི་དམིགས། ལུས་ཀྱི་རྣམ་པར་ཤེས་པར་གདགས་པའང་མི་དམིགས། ཡིད་ཀྱི་རྣམ་པར་ཤེས་པའང་ མི་དམིགས། ཡིད་ཀྱི་རྣམ་པར་ཤེས་པར་གདགས་པའང་མི་དམིགས། མིག་གི་འདུས་ཏེ་རེག་པའང་མི་དམིགས། མིག་གི་འདུས་ཏེ་རེག་པར་གདགས་པའང་མི་དམིགས། རྣ་བའི་ འདུས་ཏེ་རེག་པའང་མི་དམིགས། རྣ་བའི་འདུས་ཏེ་རེག་པར་གདགས་པའང་མི་དམིགས། སྣའི་འདུས་ཏེ་རེག་པའང་མི་དམིགས། སྣའི་འདུས་ཏེ་རེག་པར་གདགས་པའང་མི་དམིགས་ ལྕེའི་འདུས་ཏེ་རེག་པའང་མི་དམིགས། ལྕེའི་འདུས་ཏེ་རེག་པར་གདགས་པའང་མི་དམིགས། ལུས་ཀྱི་འདུས་ཏེ་རེག་པའང་མི་དམིགས། ལུས་ཀྱི་འདུས་ཏེ་རེག་པར་གདགས་པའང་ མི་དམིགས། ཡིད་ཀྱི་འདུས་ཏེ་རེག་པའང་མི་དམིགས། ཡིད་ཀྱི་འདུས་ཏེ་རེག་པར་གདགས་པའང་མི་དམིགས། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའང་མི་དམིགས། མིག་གི་ འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བར་གདགས་པའང་མི་དམིགས། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའང་མི་དམིགས། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བར་གདགས་ [150A]༄༅། །པའང་མི་དམིགས། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའང་མི་དམིགས། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བར་གདགས་པའང་མི་དམིགས། ལྕེའི་འདུས་ ཏེ་རེག་པའི་རྐྱེན་གྱིས་ཚོར་བའང་མི་དམིགས། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བར་གདགས་པའང་མི་དམིགས། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའང་མི་དམིགས་ ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བར་གདགས་པའང་མི་དམིགས། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའང་མི་དམིགས་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་ བར་གདགས་པའང་མི་དམིགས། སའི་ཁམས་ཀྱང་མི་དམིགས། སའི་ཁམས་སུ་གདགས་པའང་མི་དམིགས། ཆུའི་ཁམས་ཀྱང་མི་དམིགས། ཆུའི་ཁམས་སུ་གདགས་པའང་མི་ དམིགས། མེའི་ཁམས་ཀྱང་མི་དམིགས། མེའི་ཁམས་སུ་གདགས་པའང་མི་དམིགས། རླུང་གི་ཁམས་ཀྱང་མི་དམིགས། རླུང་གི་ཁམས་སུ་གདགས་པའང་མི་དམིགས། ནམ་ མཁའི་ཁམས་ཀྱང་མི་དམིགས། ནམ་མཁའི་ཁམས་སུ་གདགས་པའང་མི་དམིགས། རྣམ་པར་ཤེས་པའི་ཁམས་ཀྱང་མི་དམིགས། རྣམ་པར་ཤེས་པའི་ཁམས་སུ་གདགས་པའང་ མི་དམིགས། མ་རིག་པའང་མི་དམིགས། མ་རིག་པར་གདགས་པའང་མི་དམིགས། འདུ་བྱེད་ཀྱང་མི་དམིགས། འདུ་བྱེད་དུ་གདགས་པའང་མི་དམིགས། རྣམ་པར་ཤེས་ [150B] རྣམ་པར་ཤེས་པར་གདགས་པའང་མི་དམིགས་མིང་དང་གཟུགས་ཀྱང་མི་དམིགས། མིང་དང་གཟུགས་སུ་གདགས་པའང་མི་དམིགས་ སྐྱེ་མཆེད་དྲུག་ཀྱང་མི་དམིགས། སྐྱེ་མཆེད་དྲུག་ཏུ་གདགས་པའང་མི་དམིགས། རེག་པའང་མི་དམིགས། རེག་པར་གདགས་པའང་མི་དམིགས་ཚོར་བའང་མི་དམིགས། ཚོར་བར་ གདགས་པའང་མི་དམིགས། སྲེད་པའང་མི་དམིགས། སྲེད་པར་གདགས་པའང་མི་དམིགས། ལེན་པའང་མི་དམིགས། ལེན་པར་གདགས་པའང་མི་དམིགས། སྲིད་པའང་མི་དམིགས་ སྲིད་པར་གདགས་པའང་མི་དམིགས། སྐྱེ་བའང་མི་དམིགས། སྐྱེ་བར་གདགས་པའང་མི་དམིགས། རྒ་ཤིའང་མི་དམིགས། རྒ་ཤིར་གདགས་པའང་མི་དམིགས། སྦྱིན་པའི་ཕ་རོལ་ ཏུ་ཕྱིན་པའང་མི་དམིགས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་གདགས་པའང་མི་དམིགས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའང་མི་དམིགས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པར་ གདགས་པའང་མི་དམིགས། བཟོད་པའི་ཕ་རོལ་ཏུ་ཕྱིན་པའང་མི་དམིགས། བཟོད་པའི་ཕ་རོལ་ཏུ་ཕྱིན་པར་གདགས་པའང་མི་དམིགས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའང་མི་ དམིགས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པར་གདགས་པའང་མི་དམིགས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའང་མི་དམིགས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པར་གདགས་ [151A]༄༅། །པའང་མི་དམིགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའང་མི་དམིགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གདགས་པའང་མི་དམིགས། ནང་སྟོང་པ་ཉིད་ཀྱང་མི་ དམིགས། ནང་སྟོང་པ་ཉིད་དུ་གདགས་པའང་མི་དམིགས། ཕྱི་སྟོང་པ་ཉིད་ཀྱང་མི་དམིགས། ཕྱི་སྟོང་པ་ཉིད་དུ་གདགས་པའང་མི་དམིགས་ཕྱི་ནང་སྟོང་པ་ཉིད་ཀྱང་མི་དམིགས་ ཕྱི་ནང་སྟོང་པ་ཉིད་དུ་གདགས་པའང་མི་དམིགས། སྟོང་པ་ཉིད་སྟོང་པ་ཉིད་ཀྱང་མི་དམིགས། སྟོང་པ་ཉིད་སྟོང་པ་ཉིད་དུ་གདགས་པའང་མི་དམིགས། ཆེན་པོ་སྟོང་པ་ཉིད་ཀྱང་མི་ དམིགས༑ ཆེན་པོ་སྟོང་པ་ཉིད་དུ་གདགས་པའང་མི་དམིགས། དོན་དམ་པ་སྟོང་པ་ཉིད་ཀྱང་མི་དམིགས། དོན་དམ་པ་སྟོང་པ་ཉིད་དུ་གདགས་པའང་མི་དམིགས། འདུས་བྱས་སྟོང་ པ་ཉིད་ཀྱང་མི་དམིགས། འདུས་བྱས་སྟོང་པ་ཉིད་དུ་གདགས་པའང་མི་དམིགས། འདུས་མ་བྱས་སྟོང་པ་ཉིད་ཀྱང་མི་དམིགས། འདུས་མ་བྱས་སྟོང་པ་ཉིད་དུ་གདགས་པའང་མི་དམིགས་ མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་མི་དམིགས། མཐའ་ལས་འདས་པ་སྟོང་པ་ཉིད་དུ་གདགས་པའང་མི་དམིགས། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱང་མི་དམིགས། ཐོག་ མ་དང་ཐ་མ་མེད་པ་སྟོང་པ་ཉིད་དུ་གདགས་པའང་མི་དམིགས། དོར་བ་མེད་པ་སྟོང་པ་ཉིད་ཀྱང་མི་དམིགས། དོར་བ་མེད་པ་སྟོང་པ་ཉིད་དུ་གདགས་པའང་མི་དམིགས། རང་བཞིན་ [151B] རང་བཞིན་སྟོང་པ་ཉིད་དུ་གདགས་པའང་མི་དམིགས། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་མི་དམིགས། ཆོས་ཐམས་ཅད་སྟོང་པ་ཉིད་དུ་གདགས་པའང་མི་ དམིགས། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་མི་དམིགས། རང་གི་མཚན་ཉིད་སྟོང་པ་ཉིད་དུ་གདགས་པའང་མི་དམིགས། མི་དམིགས་པ་སྟོང་པ་ཉིད་ཀྱང་མི་དམིགས། མི་དམིགས་པ་ སྟོང་པ་ཉིད་དུ་གདགས་པའང་མི་དམིགས། དངོས་པོ་མེད་པ་སྟོང་པ་ཉིད་ཀྱང་མི་དམིགས། དངོས་པོ་མེད་པ་སྟོང་པ་ཉིད་དུ་གདགས་པའང་མི་དམིགས། ངོ་བོ་ཉིད་སྟོང་པ་ཉིད་ཀྱང་མི་ དམིགས། ངོ་བོ་ཉིད་སྟོང་པ་ཉིད་དུ་གདགས་པའང་མི་དམིགས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་མི་དམིགས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དུ་གདགས་པའང་མི་ དམིགས། དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་མི་དམིགས། དྲན་པ་ཉེ་བར་གཞག་པར་གདགས་པའང་མི་དམིགས། ཡང་དག་པར་སྤོང་བ་རྣམས་ཀྱང་མི་དམིགས། ཡང་དག་པར་ སྤོང་བར་གདགས་པའང་མི་དམིགས། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་མི་དམིགས། རྫུ་འཕྲུལ་གྱི་རྐང་པར་གདགས་པའང་མི་དམིགས་དབང་པོ་རྣམས་ཀྱང་མི་དམིགས། དབང་པོར་ གདགས་པའང་མི་དམིགས། སྟོབས་རྣམས་ཀྱང་མི་དམིགས། སྟོབས་སུ་གདགས་པའང་མི་དམིགས། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་མི་དམིགས་བྱང་ཆུབ་ཀྱི་ཡན་ལག་ཏུ་གདགས་ [152A]༄༅། །པའང་མི་དམིགས། འཕགས་པའི་ལམ་ཡན་ལག་བརྒྱད་པའང་མི་དམིགས། འཕགས་པའི་ལམ་ཡན་ལག་བརྒྱད་པར་གདགས་པའང་མི་དམིགས། འཕགས་པའི་ བདེན་པ་རྣམས་ཀྱང་མི་དམིགས། འཕགས་པའི་བདེན་པར་གདགས་པའང་མི་དམིགས། བསམ་གཏན་རྣམས་ཀྱང་མི་དམིགས། བསམ་གཏན་དུ་གདགས་པའང་མི་དམིགས། ཚད་ མེད་པ་རྣམས་ཀྱང་མི་དམིགས། ཚད་མེད་པར་གདགས་པའང་མི་དམིགས་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱང་མི་དམིགས། གཟུགས་མེད་པའི་སྙོམས་པར་ འཇུག་པར་གདགས་པའང་མི་དམིགས། རྣམ་པར་ཐར་པ་རྣམས་ཀྱང་མི་དམིགས། རྣམ་པར་ཐར་པར་གདགས་པའང་མི་དམིགས། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་ རྣམས་ཀྱང་མི་དམིགས། མཐར་གྱིས་གནས་པའི་སྙོམས་པར་འཇུག་པར་གདགས་པའང་མི་དམིགས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང། སྨོན་པ་མེད་ པའང་མི་དམིགས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པར་གདགས་པའང་མི་དམིགས། མངོན་པར་ཤེས་པ་རྣམས་ཀྱང་མི་དམིགས། མངོན་ པར་ཤེས་པར་གདགས་པའང་མི་དམིགས། ཏིང་ངེ་འཛིན་རྣམས་ཀྱང་མི་དམིགས། ཏིང་ངེ་འཛིན་དུ་གདགས་པའང་མི་དམིགས། གཟུངས་ཀྱི་སྒོ་རྣམས་ཀྱང་མི་དམིགས། གཟུངས་ཀྱི་ [152B] དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱང་མི་དམིགས། དེ་བཞིན་གཤེགས་པའི་སྟོབས་སུ་གདགས་པའང་མི་དམིགས། མི་འཇིགས་པ་རྣམས་ཀྱང་ མི་དམིགས། མི་འཇིགས་པར་གདགས་པའང་མི་དམིགས། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱང་མི་དམིགས། སོ་སོ་ཡང་དག་པར་རིག་པར་གདགས་པའང་མི་དམིགས། བྱམས་པ་ཆེན་ པོའང་མི་དམིགས། བྱམས་པ་ཆེན་པོར་གདགས་པའང་མི་དམིགས། སྙིང་རྗེ་ཆེན་པོའང་མི་དམིགས། སྙིང་རྗེ་ཆེན་པོར་གདགས་པའང་མི་དམིགས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་ བརྒྱད་ཀྱང་མི་དམིགས། སངས་རྒྱས་ཀྱི་ཆོས་མ་འདས་པ་བཅོ་བརྒྱད་དུ་གདགས་པའང་མི་དམིགས། རྒྱུན་དུ་ཞུགས་པའི་འབྲས་བུའང་མི་དམིགས། རྒྱུན་དུ་ཞུགས་པའི་འབྲས་བུར་གདགས་ པའང་མི་དམིགས། ལན་གཅིག་ཕྱིར་འོང་བའི་འབྲས་བུའང་མི་དམིགས་ལན་གཅིག་ཕྱིར་འོང་བའི་འབྲས་བུར་གདགས་པའང་མི་དམིགས། ཕྱིར་མི་འོང་བའི་འབྲས་བུའང་མི་དམིགས་ ཕྱིར་མི་འོང་བའི་འབྲས་བུར་གདགས་པའང་མི་དམིགས། དགྲ་བཅོམ་པ་ཉིད་ཀྱང་མི་དམིགས། དགྲ་བཅོམ་པ་ཉིད་དུ་གདགས་པའང་མི་དམིགས་རང་བྱང་ཆུབ་ཀྱང་མི་དམིགས་ རང་བྱང་ཆུབ་ཏུ་གདགས་པའང་མི་དམིགས། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱང་མི་དམིགས། ལམ་གྱི་རྣམ་པ་ཤེས་པ་ཉིད་དུ་གདགས་པའང་མི་དམིགས། རྣམ་པ་ཐམས་ཅད་མཁྱེན་ [153A]༄༅། །པ་ཉིད་ཀྱང་མི་དམིགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གདགས་པའང་མི་དམིགས་སོ། །མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱང་མི་དམིགས། མི་ཆེན་ པོའི་མཚན་སུམ་ཅུ་རྩ་གཉིས་སུ་གདགས་པའང་མི་དམིགས། དཔེ་བྱད་བཟང་པོ་བརྒྱད་ཅུའང་མི་དམིགས། དཔེ་བྱད་བཟང་པོ་བརྒྱད་ཅུར་གདགས་པའང་མི་དམིགས་ན། བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཐེ་ཚོམ་ཟ་བར་འགྱུར་བ་ལྟ་ག་ལས་འོང། རབ་འབྱོར། འདི་ལྟ་སྟེ། དཔེར་ན། དེ་བཞིན་གཤེགས་པས་སྤྲུལ་པའི་དགེ་སློང་ངམ་ དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་ལ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མར་རྒྱུན་དུ་ཆོས་བསྟན་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྤྲུལ་པ་དེ་དག་ལ་ རྒྱུན་དུ་ཞུགས་པའི་འབྲས་བུ་རྗེས་སུ་ཐོབ་པར་འགྱུར་བའི་སྐལ་བ་ལྟ་ཡོད་དམ། ལན་གཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུའམ། དགྲ་བཅོམ་པ་ཉིད་དམ་ རང་བྱང་ཆུབ་བམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་བའི་སྐལ་བ་ཡོད་དམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་ཏེ། དེ་ཅིའི་སླད་དུ་ ཞེ་ན༑ འདི་ལྟར་དེ་དག་ལ་དངོས་པོ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་ཆོས་ཐམས་ཅད་ལ་དངོས་པོ་མེད་ན་ [153B]རྒྱུན་དུ་ཞུགས་པའི་འབྲས་བུའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུའམ། དགྲ་ བཅོམ་པ་ཉིད་དམ། རང་བྱང་ཆུབ་བམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དགོད་པར་བྱ་སྟེ། གཞན་དུ་ན་ཕྱིན་ཅི་ལོག་གིས་ཡོངས་སུ་འཁྲིས་པའི་སྐྱེ་དགུ་དག་ཕྱིན་ཅི་ལོག་ མེད་པ་ལ་གཞོག་གོ་འདུལ་ལོ། །རབ་ཏུ་འགོད་དོ། །ཕྱིན་ཅི་ལོག་གང་ཡིན་པ་དེའང་རྟོག་པའི་རྒྱུ་ལས་བྱུང་བའི་ཕྱིར། ཕྱིན་ཅི་ལོག་མ་ཡིན་པ་སྟེ། རྣམ་པར་རྟོག་པ་མེད་པ་ནི། ཕྱིན་ཅི་ ལོག་མ་ཡིན་པའོ། །གང་ལ་ཕྱིན་ཅི་ལོག་མེད་པ་དེ་ལ་བདག་མེད་དོ་།སེམས་ཅན་མེད་དོ། །སྲོག་མེད་དོ། །འགྲོ་བ་མེད་དོ། །གསོ་བ་མེད་དོ་།སྐྱེས་བུ་མེད་དོ། །གང་ཟག་མེད་དོ། །ཤེད་ ཅན་མེད་དོ། །ཤེད་བདག་མེད་དོ། །བྱེད་པ་པོ་མེད་དོ། །ཚོར་བ་པོ་མེད་དོ། །ཤེས་པ་པོ་མེད་དོ། །མཐོང་བ་པོ་མེད་དོ། །དེ་ལ་གཟུགས་མེད་དོ། །ཚོར་བ་མེད་དོ། །འདུ་ཤེས་མེད་དོ། །འདུ་ བྱེད་མེད་དོ། །རྣམ་པར་ཤེས་པ་མེད་དོ། །དེ་ལ་མིག་མེད་དོ། །རྣ་བ་མེད་དོ། །སྣ་མེད་དོ། །ལྕེ་མེད་དོ། །ལུས་མེད་དོ། །ཡིད་མེད་དོ། །དེ་ལ་གཟུགས་མེད་དོ། །སྒྲ་མེད་དོ། །དྲི་མེད་དོ། །རོ་ མེད་དོ༑ ༑རེག་མེད་དོ། །ཆོས་མེད་དོ། །དེ་ལ་མིག་གི་རྣམ་པར་ཤེས་པ་མེད་དོ། །རྣ་བའི་རྣམ་པར་ཤེས་པ་མེད་དོ། །སྣའི་རྣམ་པར་ཤེས་པ་མེད་དོ། །ལྕེའི་རྣམ་པར་ཤེས་པ་མེད་དོ། ། [154A]༄༅། །ལུས་ཀྱི་རྣམ་པར་ཤེས་པ་མེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་མེད་དོ། །དེ་ལ་མིག་གི་འདུས་ཏེ་རེག་པ་མེད་དོ། །རྣ་བའི་འདུས་ཏེ་རེག་པ་མེད་དོ། །སྣའི་འདུས་ཏེ་ རེག་པ་མེད་དོ། །ལྕེའི་འདུས་ཏེ་རེག་པ་མེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་མེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་མེད་དོ། །དེ་ལ་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མེད་དོ། །རྣ་ བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མེད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མེད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་ རྐྱེན་གྱིས་ཚོར་བ་མེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མེད་དོ། །དེ་ལ་སའི་ཁམས་མེད་དོ། །ཆུའི་ཁམས་མེད་དོ་།མེའི་ཁམས་མེད་དོ། །རླུང་གི་ཁམས་མེད་དོ། ། ནམ་མཁའི་ཁམས་མེད་དོ། །རྣམ་པར་ཤེས་པའི་ཁམས་མེད་དོ། །དེ་ལ་མ་རིག་པ་མེད་དོ། །འདུ་བྱེད་མེད་དོ། །རྣམ་པར་ཤེས་པ་མེད་དོ་།མིང་དང་གཟུགས་མེད་དོ། །སྐྱེ་མཆེད་དྲུག་ མེད་དོ། །རིག་པ་མེད་དོ། །ཚོར་བ་མེད་དོ། །སྲེད་པ་མེད་དོ། །ལེན་པ་མེད་དོ། །སྲིད་པ་མེད་དོ། །སྐྱེ་བ་མེད་དོ། །རྒ་ཤི་མེད་དོ། །དེ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མེད་དོ། །ཚུལ་ཁྲིམས་ ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ [154B] །དེ་ལ་ནང་སྟོང་པ་ཉིད་མེད་དོ། །ཕྱི་སྟོང་པ་ཉིད་མེད་དོ། །ཕྱི་ནང་སྟོང་པ་ཉིད་མེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་མེད་དོ། །ཆེན་པོ་སྟོང་པ་ཉིད་མེད་དོ། །དོན་དམ་པ་སྟོང་པ་ ཉིད་མེད་དོ། །འདུས་བྱས་སྟོང་པ་ཉིད་མེད་དོ། །འདུས་མ་བྱས་སྟོང་པ་ཉིད་མེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་མེད་དོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་མེད་དོ། །དོར་བ་ མེད་པ་སྟོང་པ་ཉིད་མེད་དོ། །རང་བཞིན་སྟོང་པ་ཉིད་མེད་དོ་།ཆོས་ཐམས་ཅད་སྟོང་པ་ཉིད་མེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་མེད་དོ། །མི་དམིགས་པ་སྟོང་པ་ཉིད་མེད་དོ། །དངོས་པོ་ མེད་པ་སྟོང་པ་ཉིད་མེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་མེད་དོ་།དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མེད་དོ། །དེ་ལ་དྲན་པ་ཉེ་བར་གཞག་པ་རྣམས་མེད་དོ། །ཡང་དག་པར་སྤོང་བ་རྣམས་ མེད་དོ༑ ༑རྫུ་འཕྲུལ་གྱི་རྐང་པ་རྣམས་མེད་དོ། །དབང་པོ་རྣམས་མེད་དོ། །སྟོབས་རྣམས་མེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་མེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་མེད་དོ། ། དེ་ལ་འཕགས་པའི་བདེན་པ་རྣམས་མེད་དོ། །བསམ་གཏན་རྣམས་མེད་དོ་།ཚད་མེད་པ་རྣམས་མེད་དོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་མེད་དོ། །དེ་ལ་རྣམ་པར་ཐར་ པ་རྣམས་མེད་དོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་མེད་དོ། །མངོན་པར་ [155A]༄༅། །ཤེས་པ་རྣམས་མེད་དོ། །ཏིང་ངེ་འཛིན་རྣམས་མེད་དོ་།གཟུངས་ཀྱི་སྒོ་རྣམས་མེད་དོ། །དེ་ལ་དེ་བཞིན་གཤེགས་པའི་སྟོབས་རྣམས་མེད་དོ། །མི་འཇིགས་པ་རྣམས་ མེད་དོ༑ ༑སོ་སོ་ཡང་དག་པར་རིག་པ་རྣམས་མེད་དོ། །བྱམས་པ་ཆེན་པོ་མེད་དོ། །སྙིང་རྗེ་ཆེན་པོ་མེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་མེད་དོ། །དེ་ལ་རྒྱུན་དུ་ཞུགས་ པའི་འབྲས་བུ་མེད་དོ། །ལན་གཅིག་ཕྱིར་འོང་བའི་འབྲས་བུ་མེད་དོ་།ཕྱིར་མི་འོང་བའི་འབྲས་བུ་མེད་དོ། །དགྲ་བཅོམ་པ་ཉིད་མེད་དོ་།རང་བྱང་ཆུབ་མེད་དོ། །ཐམས་ཅད་ཤེས་པ་ ཉིད་མེད་དོ། །དེ་ལ་ལམ་གྱི་རྣམ་པ་ཤེས་པ་ཉིད་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མེད་དོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་བ། །བམ་པོ་ཉིས་བརྒྱ་ གྱ་དྲུག་པ། །གང་ལ་གཟུགས་མེད་པ་དང། ཚོར་བ་མེད་པ་དང། འདུ་ཤེས་མེད་པ་དང། འདུ་བྱེད་མེད་པ་དང། རྣམ་པར་ཤེས་པ་མེད་པ་དང། གང་ལ་མིག་མེད་པ་དང། རྣ་བ་མེད་པ་ དང། སྣ་མེད་པ་དང། ལྕེ་མེད་པ་དང། ལུས་མེད་པ་དང། ཡིད་མེད་པ་དང། གང་ལ་གཟུགས་མེད་པ་དང། སྒྲ་མེད་པ་དང། དྲི་མེད་པ་དང། རོ་མེད་པ་དང། རེག་མེད་པ་དང། ཆོས་མེད་ པ་དང། གང་ལ་མིག་གི་རྣམ་པར་ཤེས་པ་མེད་པ་དང། རྣ་བའི་རྣམ་པར་ཤེས་པ་མེད་པ་དང། སྣའི་རྣམ་པར་ཤེས་པ་མེད་པ་དང་ལྕེའི་རྣམ་པར་ཤེས་པ་མེད་པ་དང། ལུས་ཀྱི་རྣམ་ [155B] ཡིད་ཀྱི་རྣམ་པར་ཤེས་པ་མེད་པ་དང། གང་ལ་མིག་གི་འདུས་ཏེ་རེག་པ་མེད་པ་དང། རྣ་བའི་འདུས་ཏེ་རེག་པ་མེད་པ་དང། སྣའི་འདུས་ཏེ་རེག་པ་མེད་པ་དང། ལྕེའི་ འདུས་ཏེ་རེག་པ་མེད་པ་དང། ལུས་ཀྱི་འདུས་ཏེ་རེག་པ་མེད་པ་དང་ཡིད་ཀྱི་འདུས་ཏེ་རེག་པ་མེད་པ་དང། གང་ལ་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མེད་པ་དང། རྣ་བའི་འདུས་ ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མེད་པ་དང། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མེད་པ་དང། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མེད་པ་དང། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ ཚོར་བ་མེད་པ་དང། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མེད་པ་དང། གང་ལ་སའི་ཁམས་མེད་པ་དང། ཆུའི་ཁམས་མེད་པ་དང། མེའི་ཁམས་མེད་པ་དང། རླུང་གི་ཁམས་མེད་པ་ དང། ནམ་མཁའི་ཁམས་མེད་པ་དང། རྣམ་པར་ཤེས་པའི་ཁམས་མེད་པ་དང། གང་ལ་མ་རིག་པ་མེད་པ་དང། འདུ་བྱེད་མེད་པ་དང་རྣམ་པར་ཤེས་པ་མེད་པ་དང། མིང་དང་གཟུགས་ མེད་པ་དང། སྐྱེ་མཆེད་དྲུག་མེད་པ་དང། རེག་པ་མེད་པ་དང་ཚོར་བ་མེད་པ་དང། སྲེད་པ་མེད་པ་དང། ལེན་པ་མེད་པ་དང་སྲིད་པ་མེད་པ་དང། སྐྱེ་བ་མེད་པ་དང། རྒ་ཤི་མེད་པ་དང་གང་ ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མེད་པ་དང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་པ་དང། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མེད་པ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་པ་དང་བསམ་ [156A]༄༅། །གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མེད་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་པ་དང། གང་ལ་ནང་སྟོང་པ་ཉིད་མེད་པ་དང། ཕྱི་སྟོང་པ་ཉིད་མེད་པ་དང། ཕྱི་ནང་སྟོང་ པ་ཉིད་མེད་པ་དང། སྟོང་པ་ཉིད་སྟོང་པ་ཉིད་མེད་པ་དང་ཆེན་པོ་སྟོང་པ་ཉིད་མེད་པ་དང། དོན་དམ་པ་སྟོང་པ་ཉིད་མེད་པ་དང། འདུས་བྱས་སྟོང་པ་ཉིད་མེད་པ་དང། འདུས་མ་བྱས་སྟོང་ པ་ཉིད་མེད་པ་དང། མཐའ་ལས་འདས་པ་སྟོང་པ་ཉིད་མེད་པ་དང་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་མེད་པ་དང། དོར་བ་མེད་པ་སྟོང་པ་ཉིད་མེད་པ་དང། རང་བཞིན་སྟོང་པ་ཉིད་ མེད་པ་དང། ཆོས་ཐམས་ཅད་སྟོང་པ་ཉིད་མེད་པ་དང། རང་གི་མཚན་ཉིད་སྟོང་པ་ཉིད་མེད་པ་དང། མི་དམིགས་པ་སྟོང་པ་ཉིད་མེད་པ་དང། དངོས་པོ་མེད་པ་སྟོང་པ་ཉིད་མེད་པ་དང་ ངོ་བོ་ཉིད་སྟོང་པ་ཉིད་མེད་པ་དང། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མེད་པ་དང། གང་ལ་དྲན་པ་ཉེ་བར་གཞག་པ་རྣམས་མེད་པ་དང། ཡང་དག་པར་སྤོང་བ་རྣམས་མེད་པ་ དང། རྫུ་འཕྲུལ་གྱི་རྐང་པ་རྣམས་མེད་པ་དང། དབང་པོ་རྣམས་མེད་པ་དང། སྟོབས་རྣམས་མེད་པ་དང། བྱང་ཆུབ་ཀྱི་ཡན་ལག་རྣམས་མེད་པ་དང། འཕགས་པའི་ལམ་ཡན་ལག་ བརྒྱད་པ་མེད་པ་དང། གང་ལ་འཕགས་པའི་བདེན་པ་རྣམས་མེད་པ་དང། བསམ་གཏན་རྣམས་མེད་པ་དང། ཚད་མེད་པ་རྣམས་མེད་པ་དང་གཟུགས་མེད་པའི་སྙོམས་པར་ [156B] གང་ལ་རྣམ་པར་ཐར་པ་རྣམས་མེད་པ་དང། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མེད་པ་དང། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་ མ་མེད་པ་དང། སྨོན་པ་མེད་པ་མེད་པ་དང། མངོན་པར་ཤེས་པ་རྣམས་མེད་པ་དང། ཏིང་ངེ་འཛིན་རྣམས་མེད་པ་དང། གཟུངས་ཀྱི་སྒོ་རྣམས་མེད་པ་དང། གང་ལ་དེ་བཞིན་གཤེགས་ པའི་སྟོབས་རྣམས་མེད་པ་དང། མི་འཇིགས་པ་རྣམས་མེད་པ་དང། སོ་སོ་ཡང་དག་པར་རིག་པ་རྣམས་མེད་པ་དང། བྱམས་པ་ཆེན་པོ་མེད་པ་དང། སྙིང་རྗེ་ཆེན་པོ་མེད་པ་དང། སངས་རྒྱས་ ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་མེད་པ་དང། གང་ལ་རྒྱུན་དུ་ཞུགས་པའི་འབྲས་བུ་མེད་པ་དང། ལན་གཅིག་ཕྱིར་འོང་བའི་འབྲས་བུ་མེད་པ་དང། ཕྱིར་མི་འོང་བའི་འབྲས་བུ་མེད་པ་དང་ དགྲ་བཅོམ་པ་ཉིད་མེད་པ་དང། རང་བྱང་ཆུབ་མེད་པ་དང། གང་ལ་ཐམས་ཅད་ཤེས་པ་ཉིད་མེད་པ་དང། ལམ་གྱི་རྣམ་པ་ཤེས་པ་ཉིད་མེད་པ་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་མེད་པ་དེ་ནི། རང་བཞིན་སྟོང་པ་ཉིད་དེ། དེ་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་སྤྱོད་ཅིང་སེམས་ཅན་ཕྱིན་ཅི་ལོག་ཏུ་གྱུར་པ་རྣམས་སེམས་ཅན་གྱི་འདུ་ཤེས་ལས་འགྲེལ་ཏེ། གཟུགས་ཀྱི་འདུ་ཤེས་ལས་འགྲེལ་ཏེ། །གཟུགས་མེད་པའི་འདུ་ཤེས་ལས་ [157A]༄༅། །འགྲེལ་ཏོ། །ཟག་པ་དང་བཅས་པའི་ཆོས་ཐམས་ཅད་ཀྱི་བར་ལས་འགྲེལ་ཏོ། །གང་ཟག་པ་མེད་པའི་ཆོས་འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་དང། ཡང་དག་ པར་སྤོང་བ་བཞི་དང། རྫུ་འཕྲུལ་གྱི་རྐང་པ་བཞི་དང། དབང་པོ་ལྔ་དང། སྟོབས་ལྔ་དང། བྱང་ཆུབ་ཀྱི་ཡན་ལག་བདུན་དང་འཕགས་པའི་ལམ་ཡན་ལག་བརྒྱད་པ་དང། རྣམ་པར་ ཐར་བའི་སྒོ་གསུམ་དང། འཕགས་པའི་བདེན་པ་བཞི་དང། རྣམ་པར་ཐར་པ་བརྒྱད་དང། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང། ཏིང་ངེ་འཛིན་ཐམས་ཅད་དང་ གཟུངས་ཀྱི་སྒོ་ཐམས་ཅད་དང། དེ་བཞིན་གཤེགས་པའི་སྟོབས་བཅུ་དང། མི་འཇིགས་པ་བཞི་དང། སོ་སོ་ཡང་དག་པར་རིག་པ་བཞི་དང་བྱམས་པ་ཆེན་པོ་དང། སྙིང་རྗེ་ཆེན་པོ་དང་ སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་པོ་དེ་དག་ཀྱང་དེ་ལ་དོན་དམ་པའི་རྣམ་པ་གང་ཡིན་པ་དེ་ལྟ་བུ་མ་ཡིན་ཏེ། འདི་ལྟར་འདུས་མ་བྱས་པ་དང། མ་སྐྱེས་པ་དང། དངོས་པོ་མེད་ པ་དང། འབྱུང་བ་མེད་པ་འདི་ནི། རང་བཞིན་སྟོང་པ་ཉིད་དོ་།དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་སྟེ། དེ་ལ་བདག་མེད་དོ། །སེམས་ཅན་མེད་དོ། །སྲོག་མེད་དོ། ། སྐྱེ་བ་པོ་མེད་དོ། །གསོ་བ་བོ་མེད་དོ། །སྐྱེས་བུ་མེད་དོ། །གང་ཟག་མེད་དོ། །ཤེད་ཅན་མེད་དོ། །ཤེད་བདག་མེད་དོ། །བྱེད་པ་པོ་མེད་དོ་།ཚོར་བ་པོ་མེད་དོ། །ཤེས་པ་པོ་མེད་དོ། ། [157B] །གཟུགས་མེད་དོ། །ཚོར་བ་མེད་དོ། །འདུ་ཤེས་མེད་དོ། །འདུ་བྱེད་མེད་དོ། །རྣམ་པར་ཤེས་པ་མེད་དོ། །མིག་མེད་དོ། །རྣ་བ་མེད་དོ། །སྣ་མེད་དོ། །ལྕེ་མེད་དོ། །ལུས་མེད་ དོ། །ཡིད་མེད་དོ། །གཟུགས་མེད་དོ། །སྒྲ་མེད་དོ། །དྲི་མེད་དོ། །རོ་མེད་དོ། །རེག་མེད་དོ། །ཆོས་མེད་དོ། །མིག་གི་རྣམ་པར་ཤེས་པ་མེད་དོ། །རྣ་བའི་རྣམ་པར་ཤེས་པ་མེད་དོ། །སྣའི་རྣམ་ པར་ཤེས་པ་མེད་དོ། །ལྕེའི་རྣམ་པར་ཤེས་པ་མེད་དོ། །ལུས་ཀྱི་རྣམ་པར་ཤེས་པ་མེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་མེད་དོ། །མིག་གི་འདུས་ཏེ་རེག་པ་མེད་དོ། །རྣ་བའི་འདུས་ཏེ་རེག་པ་ མེད་དོ༑ ༑སྣའི་འདུས་ཏེ་རེག་པ་མེད་དོ། །ལྕེའི་འདུས་ཏེ་རེག་པ་མེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་མེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་མེད་དོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་ བ་མེད་དོ། །རྣ་བའི་འདུས་ཏེ་རེག་བའི་རྐྱེན་གྱིས་ཚོར་བ་མེད་དོ་།སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མེད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མེད་དོ། །ལུས་ཀྱི་འདུས་ཏེ་རེག་ པའི་རྐྱེན་གྱིས་ཚོར་བ་མེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མེད་དོ། །སའི་ཁམས་མེད་དོ། །ཆུའི་ཁམས་མེད་དོ་།མེའི་ཁམས་མེད་དོ། །རླུང་གི་ཁམས་མེད་དོ། །ནམ་མཁའི་ ཁམས་མེད་དོ། །རྣམ་པར་ཤེས་པའི་ཁམས་མེད་དོ། །མ་རིག་པ་མེད་དོ། །འདུ་བྱེད་མེད་དོ། །རྣམ་པར་ཤེས་པ་མེད་དོ། །མིང་དང་གཟུགས་མེད་དོ། །སྐྱེ་མཆེད་དྲུག་མེད་དོ། །རེག་པ་མེད་ [158A]༄༅། །དོ༑ ༑ཚོར་བ་མེད་དོ། །སྲེད་པ་མེད་དོ། །ལེན་པ་མེད་དོ་།སྲིད་པ་མེད་དོ། །སྐྱེ་བ་མེད་དོ། །རྒ་ཤི་མེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མེད་དོ། །ཚུལ་ཁྲིམས་ཀྱི་ཕ་ རོལ་ཏུ་ཕྱིན་པ་མེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མེད་དོ་།བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་མེད་དེ། །ནང་སྟོང་པ་ཉིད་མེད་དོ། །ཕྱི་སྟོང་པ་ཉིད་མེད་དོ། །ཕྱི་ནང་སྟོང་པ་ཉིད་མེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་མེད་དོ། །ཆེན་པོ་སྟོང་པ་ཉིད་མེད་དོ། །དོན་དམ་པ་སྟོང་པ་ཉིད་མེད་དོ། ། འདུས་བྱས་སྟོང་པ་ཉིད་མེད་དོ། །འདུས་མ་བྱས་སྟོང་པ་ཉིད་མེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་མེད་དོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་མེད་དོ། །དོར་བ་མེད་པ་སྟོང་པ་ཉིད་ མེད་དོ། །རང་བཞིན་སྟོང་པ་ཉིད་མེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་མེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་མེད་དོ། །མི་དམིགས་པ་སྟོང་པ་ཉིད་མེད་དོ། །དངོས་པོ་མེད་པ་སྟོང་པ་ ཉིད་མེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་མེད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་མེད་དོ། །ཡང་དག་པར་སྤོང་བ་རྣམས་མེད་དོ། །རྫུ་འཕྲུལ་ གྱི་རྐང་པ་རྣམས་མེད་དོ། །དབང་པོ་རྣམས་མེད་དོ། །སྟོབས་རྣམས་མེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་མེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་མེད་དོ། །འཕགས་ [158B] །བསམ་གཏན་རྣམས་མེད་དོ། །ཚད་མེད་པ་རྣམས་མེད་དོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་མེད་དོ། །རྣམ་པར་ཐར་པ་བརྒྱད་མེད་དོ། །མཐར་ གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་མེད་དོ། །མངོན་པར་ཤེས་པ་རྣམས་མེད་དོ། །ཏིང་ ངེ་འཛིན་རྣམས་མེད་དོ། །གཟུངས་ཀྱི་སྒོ་རྣམས་མེད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་མེད་དོ། །མི་འཇིགས་པ་རྣམས་མེད་དོ། །སོ་སོ་ཡང་དག་པར་རིག་པ་བཞི་མེད་དོ། ། བྱམས་པ་ཆེན་པོ་མེད་དོ། །སྙིང་རྗེ་ཆེན་པོ་མེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་མེད་དོ། །མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་མེད་དོ། །དཔེ་བྱད་བཟང་པོ་བརྒྱད་ཅུ་ མེད་དོ། །རྒྱུན་དུ་ཞུགས་པའི་འབྲས་བུ་མེད་དོ། །ལན་གཅིག་ཕྱིར་འོང་བའི་འབྲས་བུ་མེད་དོ། །ཕྱིར་མི་འོང་བའི་འབྲས་བུ་མེད་དོ་།དགྲ་བཅོམ་པ་ཉིད་མེད་དོ། །རང་བྱང་ཆུབ་མེད་དོ། །ལམ་ གྱི་རྣམ་པ་ཤེས་པ་ཉིད་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། གཞན་དུ་ན། རང་བཞིན་སྟོང་པ་ཉིད་ཡོངས་སུ་ཤེས་པ་ལས་ ལམ་གྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཇུག་པ་མེད་དེ། རང་བཞིན་སྟོང་པ་ཉིད་དེའང་སྔ་ནས་ཀྱང་རང་བཞིན་གྱིས་སྟོང་པ་ཉིད། ཕྱིན་ཆད་ཀྱང་རང་བཞིན་ [159A]༄༅། །གྱིས་སྟོང་པ་ཉིད། བར་དུའང་རང་བཞིན་གྱིས་སྟོང་པ་ཉིད་དེ། དེ་ནམ་ཡང་རང་བཞིན་གྱིས་མི་སྟོང་པ་མ་ཡིན་ནོ། །དེ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོའང་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སེམས་ཅན་དུ་འདུ་ཤེས་པའི་སེམས་ཅན་རྣམས་ཀྱི་སེམས་ཅན་གྱི་འདུ་ཤེས་ཡོངས་སུ་དགྲོལ་བའི་ཕྱིར་ལམ་ གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱོད་དོ། །དེ་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱོད་པའི་ཚེ་འདི་ལྟ་སྟེ། ཉན་ཐོས་ཀྱི་ལམ་དང། རང་སངས་རྒྱས་ཀྱི་ལམ་དང། བྱང་ཆུབ་སེམས་དཔའི་ལམ་དང། ལམ་ ཐམས་ཅད་ལ་སྤྱོད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལམ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས། སངས་རྒྱས་ཀྱི་ཞིང་ ཡོངས་སུ་དག་པར་བྱས་ནས་ཚེའི་འདུ་བྱེད་བྱིན་གྱིས་བརླབས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་འདི་ལྟ་སྟེ། སངས་རྒྱས་ཀྱི་ཚུལ་རང་བཞིན་སྟོང་པ་ཉིད་ཀྱི་རྒྱུན་མི་གཅོད་དོ། །དེ་ནི། སངས་རྒྱས་བཅོམ་ལྡན་ འདས་རྣམས་ཀྱི་སངས་རྒྱས་ཀྱི་ཚུལ་ཏེ། འདས་པའི་དུས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བྱུང་བ་དེ་དག་གི་སངས་རྒྱས་ཀྱི་ཚུལ་ཡང་འདི་ལྟ་སྟེ། རང་བཞིན་སྟོང་པ་ [159B] ༑མ་འོངས་པའི་དུས་ན་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་འབྱུང་བར་འགྱུར་བ་དེ་དག་གི་སངས་རྒྱས་ཀྱི་ཚུལ་ཡང་འདི་ལྟ་སྟེ། རང་བཞིན་སྟོང་པ་ཉིད་དོ། །ད་ལྟར་ཕྱོགས་ བཅུའི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དེ་དག་གི་སངས་རྒྱས་ཀྱི་ཚུལ་ཡང་འདི་ལྟ་སྟེ། རང་བཞིན་སྟོང་པ་ཉིད་དོ། རང་བཞིན་ སྟོང་པ་ཉིད་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་མ་གཏོགས་པར་གཞན་ལས་འཇིག་རྟེན་དུ་འབྱུང་བར་མི་འགྱུར་རོ། །དེ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རང་ བཞིན་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱ་སྟེ་དེ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ཡོངས་སུ་ཉམས་པར་མི་ འགྱུར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རང་བཞིན་སྟོང་པ་ཉིད་ཀྱི་ཆོས་ཐམས་ཅད་ལ་སྤྱོད་ཅིང་གཟུགས་ ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །ཚོར་བའང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །འདུ་ཤེས་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། ། འདུ་བྱེད་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །རྣམ་པར་ཤེས་པའང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །མིག་ཀྱང་གཞན་ནོ། །རང་བཞིན་སྟོང་ [160A]༄༅། །པ་ཉིད་ཀྱང་གཞན་ནོ། །རྣ་བའང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །སྣའང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །ལྕེའང་གཞན་ ནོ༑ ༑རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །ལུས་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །ཡིད་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །གཟུགས་ ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ་།སྒྲའང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ་།དྲིའང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ་།རོའང་ གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །རེག་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །ཆོས་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །མིག་ གི་རྣམ་པར་ཤེས་པའང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །རྣ་བའི་རྣམ་པར་ཤེས་པའང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །སྣའི་རྣམ་པར་ཤེས་པའང་ གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །ལྕེའི་རྣམ་པར་ཤེས་པའང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །ལུས་ཀྱི་རྣམ་པར་ཤེས་པའང་གཞན་ནོ། །རང་ བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །ཡིད་ཀྱི་རྣམ་པར་ཤེས་པའང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །མིག་གི་འདུས་ཏེ་རེག་པའང་གཞན་ནོ། །རང་བཞིན་སྟོང་པ་ [160B] །རྣ་བའི་འདུས་ཏེ་རེག་པའང་གཞན་ནོ་།རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །སྣའི་འདུས་ཏེ་རེག་པའང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། ། ལྕེའི་འདུས་ཏེ་རེག་པའང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །ལུས་ཀྱི་འདུས་ཏེ་རེག་པའང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །ཡིད་ཀྱི་འདུས་ཏེ་རེག་ པའང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །རྣ་བའི་འདུས་ཏེ་རེག་ པའི་རྐྱེན་གྱིས་ཚོར་བའང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །ལྕེའི་ འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་ གཞན་ནོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །སའི་ཁམས་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ ནོ༑ ༑ཆུའི་ཁམས་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །མེའི་ཁམས་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །རླུང་གི་ཁམས་ཀྱང་གཞན་ནོ། །རང་ [161A]༄༅། །བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །ནམ་མཁའི་ཁམས་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །རྣམ་པར་ཤེས་པའི་ཁམས་ཀྱང་གཞན་ནོ། ། རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །མ་རིག་པའང་གཞན་ནོ་།རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །འདུ་བྱེད་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །རྣམ་ པར་ཤེས་པའང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །མིང་དང་གཟུགས་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །སྐྱེ་མཆེད་དྲུག་ཀྱང་གཞན་ནོ། ། རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །རེག་པའང་གཞན་ནོ་།རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །ཚོར་བའང་གཞན་ནོ་།རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །སྲེད་ པའང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །ལེན་པའང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །སྲིད་པའང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་ གཞན་ནོ། །སྐྱེ་བའང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །རྒ་ཤིའང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའང་ གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའང་ [161B] །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའང་ གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །ནང་སྟོང་པ་ཉིད་ཀྱང་གཞན་ནོ། །རང་བཞིན་ སྟོང་པ་ཉིད་ཀྱང་གཞན་ནོ། །ཕྱི་སྟོང་པ་ཉིད་ཀྱང་གཞན་ནོ་།རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །ཕྱི་ནང་སྟོང་པ་ཉིད་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ་།སྟོང་པ་ཉིད་ སྟོང་པ་ཉིད་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །ཆེན་པོ་སྟོང་པ་ཉིད་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །དོན་དམ་པ་སྟོང་པ་ཉིད་ཀྱང་གཞན་ནོ། །རང་ བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །འདུས་བྱས་སྟོང་པ་ཉིད་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །འདུས་མ་བྱས་སྟོང་པ་ཉིད་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ ནོ༑ ༑མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ ནོ༑ ༑དོར་བ་མེད་པ་སྟོང་པ་ཉིད་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །ཆོས་ཐམས་ཅད་ [162A]༄༅། །སྟོང་པ་ཉིད་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་གཞན་ནོ་།རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །མི་དམིགས་ པ་སྟོང་པ་ཉིད་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །དངོས་པོ་མེད་པ་སྟོང་པ་ཉིད་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །ངོ་བོ་ཉིད་སྟོང་པ་ཉིད་ ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །དྲན་པ་ཉེ་བར་གཞག་པ་ རྣམས་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ་།ཡང་དག་པར་སྤོང་བ་རྣམས་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་ གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །དབང་པོ་རྣམས་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ་།སྟོབས་རྣམས་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ ཀྱང་གཞན་ནོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་གཞན་ནོ་།རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའང་གཞན་ནོ། །རང་བཞིན་སྟོང་ པ་ཉིད་ཀྱང་གཞན་ནོ། །འཕགས་པའི་བདེན་པ་རྣམས་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །བསམ་གཏན་རྣམས་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ [162B] །ཚད་མེད་པ་རྣམས་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་ གཞན་ནོ། །རྣམ་པར་ཐར་པ་བརྒྱད་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དྒུའང་གཞན་ནོ། །རང་བཞིན་སྟོང་པ་ ཉིད་ཀྱང་གཞན་ནོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང། སྨོན་པ་མེད་པའང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །མངོན་པར་ཤེས་པ་རྣམས་ ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །ཏིང་ངེ་འཛིན་རྣམས་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །གཟུངས་ཀྱི་སྒོ་རྣམས་ཀྱང་གཞན་ནོ། །རང་བཞིན་ སྟོང་པ་ཉིད་ཀྱང་གཞན་ནོ། །དེ་བཞིན་གཤེགས་པའི་སྟོབས་བྕུའང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །མི་འཇིགས་པ་བྮིའང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ ཀྱང་གཞན་ནོ། །སོ་སོ་ཡང་དག་པར་རིག་པ་བྮིའང་གཞན་ནོ་།རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །བྱམས་པ་ཆེན་པོའང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། ། སྙིང་རྗེ་ཆེན་པོའང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །རྒྱུན་དུ་ [163A]༄༅། །ཞུགས་པའི་འབྲས་བུའང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུའང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་ གཞན་ནོ། །ཕྱིར་མི་འོང་བའི་འབྲས་བུའང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །དགྲ་བཅོམ་པ་ཉིད་ཀྱང་གཞན་ནོ་།རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །རང་ བྱང་ཆུབ་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ་།ཞེས་བགྱི་བར་རང་བཞིན་སྟོང་པ་ཉིད་རྣམ་པར་འཁྲུགས་པར་མི་བགྱིད་ཀྱི། གཟུགས་ཉིད་ཀྱང་རང་བཞིན་སྟོང་པ་ ཉིད་དོ༑ ༑རང་བཞིན་སྟོང་པ་ཉིད་ཀྱང་གཟུགས་སོ། །ཚོར་བ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་ཚོར་བའོ། །འདུ་ཤེས་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་ དོ༑ ༑རང་བཞིན་སྟོང་པ་ཉིད་ཀྱང་འདུ་ཤེས་སོ། །འདུ་བྱེད་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་འདུ་བྱེད་དོ། །རྣམ་པར་ཤེས་པ་ཉིད་ཀྱང་རང་བཞིན་སྟོང་ པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པའོ་།མིག་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་མིག་གོ་རྣ་བ་ཉིད་ཀྱང་རང་བཞིན་སྟོང་པ་ [163B] ༑རང་བཞིན་སྟོང་པ་ཉིད་ཀྱང་རྣ་བའོ། །སྣ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་སྣའོ། །ལྕེ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་ ལྕེའོ༑ ༑ལུས་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་ལུས་སོ། །ཡིད་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་ཡིད་དོ། །གཟུགས་ཉིད་ཀྱང་རང་ བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་གཟུགས་སོ་།སྒྲ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་སྒྲའོ། །དྲི་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་ སྟོང་པ་ཉིད་ཀྱང་དྲིའོ། །རོ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་རོའོ། །རེག་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་རེག་གོ་ཆོས་ཉིད་ ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་ཆོས་སོ། །མིག་གི་རྣམ་པར་ཤེས་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་མིག་གི་རྣམ་པར་ཤེས་ པའོ༑ ༑རྣ་བའི་རྣམ་པར་ཤེས་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་རྣ་བའི་རྣམ་པར་ཤེས་པའོ། །སྣའི་རྣམ་པར་ཤེས་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། ། རང་བཞིན་སྟོང་པ་ཉིད་ཀྱང་སྣའི་རྣམ་པར་ཤེས་པའོ། །ལྕེའི་རྣམ་པར་ཤེས་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་ལྕེའི་རྣམ་པར་ཤེས་པའོ། །ལུས་ཀྱི་རྣམ་ [164A]༄༅། །པར་ཤེས་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ་།རང་བཞིན་སྟོང་པ་ཉིད་ཀྱང་ལུས་ཀྱི་རྣམ་པར་ཤེས་པའོ། །ཡིད་ཀྱི་རྣམ་པར་ཤེས་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། ། རང་བཞིན་སྟོང་པ་ཉིད་ཀྱང་ཡིད་ཀྱི་རྣམ་པར་ཤེས་པའོ། །མིག་གི་འདུས་ཏེ་རེག་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་མིག་གི་འདུས་ཏེ་རེག་པའོ། །རྣ་བའི་ འདུས་ཏེ་རེག་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་རྣ་བའི་འདུས་ཏེ་རེག་པའོ། །སྣའི་འདུས་ཏེ་རེག་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་ པ་ཉིད་ཀྱང་སྣའི་འདུས་ཏེ་རེག་པའོ། །ལྕེའི་འདུས་ཏེ་རེག་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་ལྕེའི་འདུས་ཏེ་རེག་པའོ། །ལུས་ཀྱི་འདུས་ཏེ་རེག་པ་ཉིད་ ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་ལུས་ཀྱི་འདུས་ཏེ་རེག་པའོ། །ཡིད་ཀྱི་འདུས་ཏེ་རེག་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་ ཡིད་ཀྱི་འདུས་ཏེ་རེག་པའོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ ཚོར་བའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའོ། །སྣའི་འདུས་ [164B]པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཉིད་ཀྱང་རང་བཞིན་སྟོང་ པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་ སྟོང་པ་ཉིད་ཀྱང་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའོ། །སའི་ཁམས་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་སའི་ཁམས་སོ། །ཆུའི་ཁམས་ཉིད་ཀྱང་ རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་ཆུའི་ཁམས་སོ། །མེའི་ཁམས་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་མེའི་ཁམས་སོ། །རླུང་གི་ ཁམས་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་རླུང་གི་ཁམས་སོ། །ནམ་མཁའི་ཁམས་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་ ནམ་མཁའི་ཁམས་སོ། །རྣམ་པར་ཤེས་པའི་ཁམས་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པའི་ཁམས་སོ། །མ་རིག་པ་ཉིད་ཀྱང་རང་བཞིན་ [165A]༄༅། །སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་མ་རིག་པའོ། །འདུ་བྱེད་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་འདུ་བྱེད་དོ། །རྣམ་ པར་ཤེས་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པའོ། །མིང་དང་གཟུགས་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ ཀྱང་མིང་དང་གཟུགས་སོ། །སྐྱེ་མཆེད་དྲུག་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་སྐྱེ་མཆེད་དྲུག་གོ་རེག་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་ བཞིན་སྟོང་པ་ཉིད་ཀྱང་རེག་པའོ། །ཚོར་བ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་ཚོར་བའོ། །སྲེད་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་ སྟོང་པ་ཉིད་ཀྱང་སྲེད་པའོ། །ལེན་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་ལེན་པའོ། །སྲིད་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ ཀྱང་སྲིད་པའོ། །སྐྱེ་བ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ་།རང་བཞིན་སྟོང་པ་ཉིད་ཀྱང་སྐྱེ་བའོ། །རྒ་ཤི་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་རྒ་ཤིའོ། ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་རང་ [165B] །རང་བཞིན་སྟོང་པ་ཉིད་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་ བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བསམ་ གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་རང་བཞིན་སྟོང་ པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ནང་སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་ནང་སྟོང་པ་ཉིད་དོ། །ཕྱི་སྟོང་པ་ཉིད་ ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་ཕྱི་སྟོང་པ་ཉིད་དོ། །ཕྱི་ནང་སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་ཕྱི་ནང་སྟོང་པ་ཉིད་དོ། ། སྟོང་པ་ཉིད་སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ་།རང་བཞིན་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་དོ་།ཆེན་པོ་སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ ཉིད་ཀྱང་ཆེན་པོ་སྟོང་པ་ཉིད་དོ། །དོན་དམ་པ་སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་དོན་དམ་པ་སྟོང་པ་ཉིད་དོ། །འདུས་བྱས་སྟོང་པ་ཉིད་ཀྱང་རང་བཞིན་ [166A]༄༅། །སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་འདུས་བྱས་སྟོང་པ་ཉིད་དོ། །འདུས་མ་བྱས་སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་ འདུས་མ་བྱས་སྟོང་པ་ཉིད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་མཐའ་ལས་འདས་པ་སྟོང་པ་ཉིད་དོ། །ཐོག་མ་དང་ཐ་མ་མེད་ པ་སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དོ་།དོར་བ་མེད་པ་སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ་།རང་བཞིན་ སྟོང་པ་ཉིད་ཀྱང་དོར་བ་མེད་པ་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །ཆོས་ཐམས་ཅད་སྟོང་ པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ ཉིད་ཀྱང་རང་གི་མཚན་ཉིད་སྟོང་པ་ཉིད་དོ། །མི་དམིགས་པ་སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་མི་དམིགས་པ་སྟོང་པ་ཉིད་དོ། །དངོས་པོ་མེད་ [*PA?]སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། རང་བཞིན་སྟོང་པ་ཉིད་ཀྱང་དངོས་པོ་མེད་པ་སྟོང་པ་ཉིད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ [166B] །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །དྲན་པ་ཉེ་བར་ གཞག་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་དྲན་པ་ཉེ་བར་གཞག་པ་རྣམས་སོ། །ཡང་དག་པར་སྤོང་བ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་ པ་ཉིད་ཀྱང་ཡང་དག་པར་སྤོང་བ་རྣམས་སོ། །རྫུ་འཕྲུལ་གྱི་རྐང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་རྫུ་འཕྲུལ་གྱི་རྐང་པ་རྣམས་སོ། །དབང་པོ་ཉིད་ཀྱང་རང་ བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་དབང་པོ་རྣམས་སོ། །སྟོབས་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་སྟོབས་རྣམས་སོ། །བྱང་ཆུབ་ཀྱི་ཡན་ལག་ ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་བྱང་ཆུབ་ཀྱི་ཡན་ལག་རྣམས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་ བཞིན་སྟོང་པ་ཉིད་ཀྱང་འཕགས་པའི་ལམ་ཡན་ལག་བརྒྱད་པའོ་།འཕགས་པའི་བདེན་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ་།རང་བཞིན་སྟོང་པ་ཉིད་ཀྱང་འཕགས་པའི་བདེན་པ་རྣམས་ སོ༑ ༑བསམ་གཏན་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་བསམ་གཏན་རྣམས་སོ། །ཚད་མེད་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་ [167A]༄༅། །ཚད་མེད་པ་རྣམས་སོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་གཟུགས་མེད་པའི་སྙོམས་པར་ འཇུག་པ་རྣམས་སོ། །རྣམ་པར་ཐར་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་རྣམ་པར་ཐར་པ་རྣམས་སོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་ ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་ པ་དང། སྨོན་པ་མེད་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ་།རང་བཞིན་སྟོང་པ་ཉིད་ཀྱང་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའོ། །མངོན་པར་ ཤེས་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་མངོན་པར་ཤེས་པ་རྣམས་སོ། །ཏིང་ངེ་འཛིན་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་ཏིང་ ངེ་འཛིན་རྣམས་སོ། །གཟུངས་ཀྱི་སྒོ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་གཟུངས་ཀྱི་སྒོ་རྣམས་སོ། །དེ་བཞིན་གཤེགས་པའི་སྟོབས་ཉིད་ཀྱང་རང་བཞིན་ སྟོང་བ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་དེ་བཞིན་གཤེགས་པའི་སྟོབས་རྣམས་སོ། །མི་འཇིགས་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་མི་འཇིགས་པ་ [167B] །སོ་སོ་ཡང་དག་པར་རིག་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་སོ་སོ་ཡང་དག་པར་རིག་པ་རྣམས་སོ། །བྱམས་པ་ཆེན་པོ་ཉིད་ཀྱང་རང་བཞིན་སྟོང་ པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་བྱམས་པ་ཆེན་པོའོ་།སྙིང་རྗེ་ཆེན་པོ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་སྙིང་རྗེ་ཆེན་པོའོ། །སངས་རྒྱས་ཀྱི་ཆོས་མ་ འདྲེས་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སོ་།རྒྱུན་དུ་ཞུགས་པའི་འབྲས་བུ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་ བཞིན་སྟོང་པ་ཉིད་ཀྱང་རྒྱུན་དུ་ཞུགས་པའི་འབྲས་བུའོ། །ལན་གཅིག་ཕྱིར་འོང་བའི་འབྲས་བུ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་ལན་ཅིག་ཕྱིར་འོང་བའི་ འབྲས་བུའོ། །ཕྱིར་མི་འོང་བའི་འབྲས་བུ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་ཕྱིར་མི་འོང་བའི་འབྲས་བུའོ། །དགྲ་བཅོམ་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། ། རང་བཞིན་སྟོང་པ་ཉིད་ཀྱང་དགྲ་བཅོམ་པ་ཉིད་དོ། །རང་བྱང་ཆུབ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་རང་བྱང་ཆུབ་བོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱང་རང་བཞིན་ སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་ལམ་གྱི་རྣམ་པ་ཤེས་པ་ཉིད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་རྣམ་པ་ཐམས་ [168A]༄༅། །ཅད་མཁྱེན་པ་ཉིད་དོ། །ཞེས་བགྱི་བར་སྤྱོད་པ་ངོ་མཚར་ཆེའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་སྐད་ དུ་སྨྲས་པ་བཞིན་ཏེ། རབ་འབྱོར། གལ་ཏེ་གཟུགས་ཀྱང་གཞན་ལ་རང་བཞིན་སྟོང་པ་ཉིད་ཀྱང་གཞན། ཚོར་བའང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། འདུ་ཤེས་ཀྱང་ གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། འདུ་བྱེད་ཀྱང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། རྣམ་པར་ཤེས་པའང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན་ མིག་ཀྱང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། རྣ་བའང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། སྣའང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། ལྕེའང་གཞན་ ལ༑ རང་བཞིན་སྟོང་པ་ཉིད་ཀྱང་གཞན། ལུས་ཀྱང་གཞན་ལ་རང་བཞིན་སྟོང་པ་ཉིད་ཀྱང་གཞན། ཡིད་ཀྱང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། གཟུགས་ཀྱང་གཞན་ལ། རང་ བཞིན་སྟོང་པ་ཉིད་ཀྱང་གཞན། སྒྲའང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། དྲིའང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། རོའང་གཞན་ལ། རང་བཞིན་སྟོང་པ་ཉིད་ ཀྱང་གཞན། རེག་ཀྱང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། ཆོས་ཀྱང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན་མིག་གི་རྣམ་པར་ཤེས་པའང་གཞན་ལ། རང་བཞིན་ [168B] རྣ་བའི་རྣམ་པར་ཤེས་པའང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། སྣའི་རྣམ་པར་ཤེས་པའང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། ལྕེའི་ རྣམ་པར་ཤེས་པའང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། ལུས་ཀྱི་རྣམ་པར་ཤེས་པའང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། ཡིད་ཀྱི་རྣམ་པར་ཤེས་པའང་གཞན་ ལ༑ རང་བཞིན་སྟོང་པ་ཉིད་ཀྱང་གཞན། མིག་གི་འདུས་ཏེ་རེག་པའང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། རྣ་བའི་འདུས་ཏེ་རེག་པའང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་ གཞན༑ སྣའི་འདུས་ཏེ་རེག་པའང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། ལྕེའི་འདུས་ཏེ་རེག་པའང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། ལུས་ཀྱི་འདུས་ཏེ་རེག་ པའང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། ཡིད་ཀྱི་འདུས་ཏེ་རེག་པའང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའང་ གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་ བའང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། ལུས་ཀྱི་འདུས་ཏེ་རེག་པའི་ [169A]༄༅། །རྐྱེན་གྱིས་ཚོར་བའང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན་ སའི་ཁམས་ཀྱང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན་ཆུའི་ཁམས་ཀྱང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན་མེའི་ཁམས་ཀྱང་གཞན་ལ། རང་བཞིན་སྟོང་ པ་ཉིད་ཀྱང་གཞན། རླུང་གི་ཁམས་ཀྱང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། ནམ་མཁའི་ཁམས་ཀྱང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། རྣམ་པར་ཤེས་པའི་ ཁམས་ཀྱང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། མ་རིག་པའང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། འདུ་བྱེད་ཀྱང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་ གཞན༑ རྣམ་པར་ཤེས་པའང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། མིང་དང་གཟུགས་ཀྱང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། སྐྱེ་མཆེད་དྲུག་ཀྱང་གཞན་ ལ༑ རང་བཞིན་སྟོང་པ་ཉིད་ཀྱང་གཞན། རེག་པའང་གཞན་ལ་རང་བཞིན་སྟོང་པ་ཉིད་ཀྱང་གཞན། ཚོར་བའང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། སྲེད་པའང་གཞན་ ལ༑ རང་བཞིན་སྟོང་པ་ཉིད་ཀྱང་གཞན། ལེན་པའང་གཞན་ལ་རང་བཞིན་སྟོང་པ་ཉིད་ཀྱང་གཞན། སྲིད་པའང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། སྐྱེ་བའང་གཞན་ [169B] རང་བཞིན་སྟོང་པ་ཉིད་ཀྱང་གཞན། རྒ་ཤིའང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། ཚུལ་ ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། བཟོད་པའི་ཕ་རོལ་ཏུ་ཕྱིན་པའང་གཞན་ལ་རང་བཞིན་སྟོང་པ་ཉིད་ཀྱང་གཞན། བརྩོན་འགྲུས་ཀྱི་ཕ་ རོལ་ཏུ་ཕྱིན་པའང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའང་ གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། ནང་སྟོང་པ་ཉིད་ཀྱང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། ཕྱི་སྟོང་པ་ཉིད་ཀྱང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན་ ཕྱི་ནང་སྟོང་པ་ཉིད་ཀྱང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། སྟོང་པ་ཉིད་སྟོང་པ་ཉིད་ཀྱང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། ཆེན་པོ་སྟོང་པ་ཉིད་ཀྱང་གཞན་ལ་ རང་བཞིན་སྟོང་པ་ཉིད་ཀྱང་གཞན། དོན་དམ་པ་སྟོང་པ་ཉིད་ཀྱང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། འདུས་བྱས་སྟོང་པ་ཉིད་ཀྱང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན་ འདུས་མ་བྱས་སྟོང་པ་ཉིད་ཀྱང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་གཞན་ལ་རང་བཞིན་སྟོང་པ་ཉིད་ཀྱང་གཞན། ཐོག་མ་དང་ཐ་མ་ [170A]༄༅། །མེད་པ་སྟོང་པ་ཉིད་ཀྱང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། དོར་བ་མེད་པ་སྟོང་པ་ཉིད་ཀྱང་གཞན་ལ་རང་བཞིན་སྟོང་པ་ཉིད་ཀྱང་གཞན། རང་བཞིན་ སྟོང་པ་ཉིད་ཀྱང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་ གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། མི་དམིགས་པ་སྟོང་པ་ཉིད་ཀྱང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན་དངོས་པོ་མེད་པ་སྟོང་པ་ཉིད་ཀྱང་གཞན་ལ། རང་བཞིན་ སྟོང་པ་ཉིད་ཀྱང་གཞན། ངོ་བོ་ཉིད་སྟོང་པ་ཉིད་ཀྱང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་ གཞན༑ དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། ཡང་དག་པར་སྤོང་བ་རྣམས་ཀྱང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། རྫུ་ འཕྲུལ་གྱི་རྐང་པ་རྣམས་ཀྱང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། དབང་པོ་རྣམས་ཀྱང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། སྟོབས་རྣམས་ཀྱང་གཞན་ལ། རང་ བཞིན་སྟོང་པ་ཉིད་ཀྱང་གཞན། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། འཕགས་པའི་ལམ་ཡན་ལག་བརྒྱད་པའང་གཞན་ལ། རང་ [170B] འཕགས་པའི་བདེན་པ་རྣམས་ཀྱང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། བསམ་གཏན་རྣམས་ཀྱང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན་ ཚད་མེད་པ་རྣམས་ཀྱང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱང་གཞན་ལ་རང་བཞིན་སྟོང་པ་ཉིད་ཀྱང་གཞན། རྣམ་པར་ ཐར་པ་བརྒྱད་ཀྱང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དྒུའང་གཞན་ལ་རང་བཞིན་སྟོང་པ་ཉིད་ཀྱང་གཞན། རྣམ་པར་ཐར་ པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། མངོན་པར་ཤེས་པ་རྣམས་ཀྱང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་ གཞན༑ ཏིང་ངེ་འཛིན་རྣམས་ཀྱང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། གཟུངས་ཀྱི་སྒོ་རྣམས་ཀྱང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། དེ་བཞིན་གཤེགས་པའི་སྟོབས་ རྣམས་ཀྱང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། མི་འཇིགས་པ་རྣམས་ཀྱང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱང་གཞན་ ལ༑ རང་བཞིན་སྟོང་པ་ཉིད་ཀྱང་གཞན། བྱམས་པ་ཆེན་པོའང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། སྙིང་རྗེ་ཆེན་པོའང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན་ [171A]༄༅། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། རྒྱུན་དུ་ཞུགས་པའི་འབྲས་བུའང་གཞན་ལ། རང་བཞིན་སྟོང་ པ་ཉིད་ཀྱང་གཞན། ལན་གཅིག་ཕྱིར་འོང་བའི་འབྲས་བུའང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། ཕྱིར་མི་འོང་བའི་འབྲས་བུའང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་ གཞན༑ དགྲ་བཅོམ་པ་ཉིད་ཀྱང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། རང་བྱང་ཆུབ་ཀྱང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། ལམ་གྱི་རྣམ་པ་ཤེས་པ་ཉིད་ ཀྱང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན་ཡིན་ཏེ། གལ་ཏེ་གཟུགས་རང་བཞིན་ གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར་ གང་གི་ཕྱིར་གཟུགས་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་ཚོར་བ་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་ [171B]པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་ཚོར་བ་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚོར་བ་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་ པར་འཚང་རྒྱའོ། །གལ་ཏེ་འདུ་ཤེས་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་ པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་འདུ་ཤེས་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདུ་ཤེས་རང་བཞིན་གྱིས་སྟོང་ ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་འདུ་བྱེད་རང་བཞིན་གྱིས་སྟོང་པ་ཞིག་མ་ ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་འདུ་ བྱེད་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདུ་བྱེད་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་ [172A]༄༅། །དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་རྣམ་པར་ཤེས་པ་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་རྣམ་པར་ཤེས་པ་རང་བཞིན་གྱིས་སྟོང་ པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་ཤེས་པ་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་མིག་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་མིག་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་མིག་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་རྣ་བ་རང་ བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ་ [172B] གང་གི་ཕྱིར་རྣ་བ་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣ་བ་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་སྣ་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་སྣ་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་སྣ་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་ ལྕེ་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་ འབྱོར༑ གང་གི་ཕྱིར་ལྕེ་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྕེ་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་ལུས་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་ [173A]༄༅། །མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་ལུས་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ལུས་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་ འཚང་རྒྱའོ། །གལ་ཏེ་ཡིད་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་ རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་ཡིད་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིད་རང་བཞིན་གྱིས་སྟོང་ངོ། །ཞེས་ བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་།གལ་ཏེ་གཟུགས་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ ནི༑ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་གཟུགས་ རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་ [173B]རྒྱའོ། །གལ་ཏེ་སྒྲ་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་སྒྲ་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་སྒྲ་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་དྲི་རང་བཞིན་ གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར་ གང་གི་ཕྱིར་དྲི་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲི་རང་བཞིན་གྱིས་སྟོང་ངོ་།ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་རོ་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་རོ་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་ཏུ་སེམས་དཔའ་སེམས་དཔའ་ [174A]༄༅། །ཆེན་པོ་རོ་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ ཏེ་རེག་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་ རྒྱ་སྟེ༑ རབ་འབྱོར། གང་གི་ཕྱིར་རེག་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རེག་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་ བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་ཆོས་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་ཆོས་རང་བཞིན་གྱིས་སྟོང་པས་ན་ དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་ པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་མིག་གི་རྣམ་པར་ཤེས་པ་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་ [174B]མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་མིག་གི་རྣམ་པར་ཤེས་པ་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་མིག་གི་རྣམ་པར་ཤེས་པ་རང་བཞིན་གྱིས་སྟོང་ངོ་།ཞེས་བྱ་བར་ཁང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་ རྒྱའོ༑ ༑གལ་ཏེ་རྣ་བའི་རྣམ་པར་ཤེས་པ་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་རྣ་བའི་རྣམ་པར་ཤེས་པ་རང་བཞིན་གྱིས་སྟོང་པས་ན་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣ་བའི་ རྣམ་པར་ཤེས་པ་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་སྣའི་ རྣམ་པར་ཤེས་པ་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་ འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་སྣའི་རྣམ་པར་ཤེས་པ་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྣའི་རྣམ་པར་ཤེས་པ་རང་བཞིན་ [175A]༄༅། །གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་ལྕེའི་ རྣམ་པར་ཤེས་པ་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་ པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་ལྕེའི་རྣམ་པར་ཤེས་པ་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྕེའི་རྣམ་པར་ཤེས་ པ་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་ལུས་ཀྱི་རྣམ་ པར་ཤེས་པ་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་ པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་ལུས་ཀྱི་རྣམ་པར་ཤེས་པ་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་ཀྱི་རྣམ་པར་ ཤེས་པ་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་ཡིད་ [175B]ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་ པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིད་ཀྱི་རྣམ་པར་ཤེས་པ་ རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་མིག་གི་འདུས་ཏེ་རེག་པ་ རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་ འབྱོར༑ གང་གི་ཕྱིར་མིག་གི་འདུས་ཏེ་རེག་པ་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མིག་གི་འདུས་ཏེ་རེག་པ་རང་བཞིན་གྱིས་སྟོང་ངོ། །ཞེས་ བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་།གལ་ཏེ་རྣ་བའི་འདུས་ཏེ་རེག་པ་རང་བཞིན་གྱིས་སྟོང་པ་ ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་ [176A]༄༅། །གི་ཕྱིར་རྣ་བའི་འདུས་ཏེ་རེག་པ་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣ་བའི་འདུས་ཏེ་རེག་པ་རང་བཞིན་གྱིས་ སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཆང་རྒྱའོ། །གལ་ཏེ་སྣའི་འདུས་ཏེ་རེག་པ་རང་བཞིན་ གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར་ གང་གི་ཕྱིར་སྣའི་འདུས་ཏེ་རེག་པ་རང་བཞིན་གྱིས་སྟོང་པས་ན་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྣའི་འདུས་ཏེ་རེག་པ་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་ལྕེའི་འདུས་ཏེ་རེག་པ་རང་བཞིན་གྱིས་སྟོང་པ་ཞིག་མ་ ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་ ལྕེའི་འདུས་ཏེ་རེག་པ་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྕེའི་འདུས་ཏེ་རེག་པ་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་ [176B] བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་བར་འཚང་རྒྱའོ། །གལ་ཏེ་ལུས་ཀྱི་འདུས་ཏེ་རེག་པ་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་ལུས་ཀྱི་འདུས་ཏེ་རེག་པ་རང་ བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་ཀྱི་འདུས་ཏེ་རེག་པ་རང་བཞིན་གྱིས་སྟོང་ངོ་།ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་ཡིད་ཀྱི་འདུས་ཏེ་རེག་པ་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་ཡིད་ཀྱི་འདུས་ཏེ་རེག་པ་རང་བཞིན་གྱིས་སྟོང་ པས་ན༑ དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིད་ཀྱི་འདུས་ཏེ་རེག་པ་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ [177A]༄༅། །ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་མིག་གི་འདུས་ཏེ་རེག་པའི་རྐྱེན་ གྱིས་ཚོར་བ་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་རང་བཞིན་གྱིས་ སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར་ གང་གི་ཕྱིར་རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་ བ་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་སྣའི་འདུས་ཏེ་ རེག་པའི་རྐྱེན་གྱིས་ཚོར་བ་རང་བཞིན་གྱི་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་ [177B] རབ་འབྱོར། གང་གི་ཕྱིར་སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྣའི་ འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་རང་བཞིན་གྱིས་སྟོང་ངོ་།ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་ རྒྱའོ༑ ༑གལ་ཏེ་ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་ པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་རང་བཞིན་གྱིས་སྟོང་པས་ [178A]༄༅། །ན༑ དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་ བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་རང་བཞིན་གྱིས་སྟོང་པ་ཞིག་ མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་ ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་རང་ བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་སའི་ཁམས་རང་ བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ་ རབ་འབྱོར། གང་གི་ཕྱིར་སའི་ཁམས་རང་བཞིན་གྱིས་སྟོང་པས་ན་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་ཁམས་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ [178B]རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་།གལ་ཏེ་ཆུའི་ཁམས་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་ཆུའི་ཁམས་རང་བཞིན་ གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆུའི་ཁམས་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་མེའི་ཁམས་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་མེའི་ཁམས་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་མེའི་ཁམས་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ ཏེ་རླུང་གི་ཁམས་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་ [179A]༄༅། །པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་རླུང་གི་ཁམས་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རླུང་གི་ཁམས་ རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་ནམ་མཁའི་ ཁམས་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་ པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་ནམ་མཁའི་ཁམས་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་ཁམས་ རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་རྣམ་པར་ ཤེས་པའི་ཁམས་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་ པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་རྣམ་པར་ཤེས་པའི་ཁམས་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་ཤེས་པའི་ [179B] །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་མ་རིག་པ་ རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ་ རབ་འབྱོར། གང་གི་ཕྱིར་མ་རིག་པ་རང་བཞིན་གྱིས་སྟོང་པས་ན་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་རིག་པ་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་ པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་འདུ་བྱེད་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་འདུ་བྱེད་རང་བཞིན་གྱིས་སྟོང་ པས་ན༑ དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདུ་བྱེད་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་རྣམ་པར་ཤེས་པ་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ [180A]༄༅། །ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་རྣམ་པར་ཤེས་པ་རང་བཞིན་གྱིས་སྟོང་པས་ན། དེའི་ ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་ཤེས་པ་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་མིང་དང་གཟུགས་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་མིང་དང་གཟུགས་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་མིང་དང་གཟུགས་རང་བཞིན་གྱིས་སྟོང་ངོ་།ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་ འཚང་རྒྱའོ། །གལ་ཏེ་སྐྱེ་མཆེད་དྲུག་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་སྐྱེ་མཆེད་དྲུག་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེ་ [180B] །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་རེག་པ་རང་ བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་ འབྱོར། གང་གི་ཕྱིར་རེག་པ་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རེག་པ་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་ཚོར་བ་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་ཚོར་བ་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཚོར་བ་རང་བཞིན་གྱིས་སྟོང་ངོ་།ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་ འཚང་རྒྱའོ། །གལ་ཏེ་སྲེད་པ་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་ [181A]༄༅། །རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་སྲེད་པ་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྲེད་པ་རང་བཞིན་ གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་ལེན་པ་རང་བཞིན་གྱིས་སྟོང་པ་ ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ ཕྱིར་ལེན་པ་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལེན་པ་རང་བཞིན་གྱིས་སྟོང་ངོ་།ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་སྲིད་པ་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་སྲིད་པ་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་སྲིད་པ་རང་བཞིན་གྱིས་སྟོང་ངོ་།ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་ [181B] །གལ་ཏེ་སྐྱེ་བ་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་ པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་སྐྱེ་བ་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེ་བ་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་ པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་རྒ་ཤི་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་རྒ་ཤི་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒ་ཤི་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་ པར་འཚང་རྒྱའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། །བམ་པོ་ཉིས་བརྒྱ་གྱ་བདུན་པ། །གལ་ཏེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་གྱིས་སྟོང་པ་ཞིག་མ་ ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་སྦྱིན་པའི་ [182A]༄༅། །ཕ་རོལ་ཏུ་ཕྱིན་པ་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་གྱིས་སྟོང་པ་ཞིག་ མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་ ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་གྱིས་སྟོང་པས་ན་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་གྱིས་སྟོང་ངོ། །ཞེས་ བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་།གལ་ཏེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་གྱིས་སྟོང་པ་ ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་ གི་ཕྱིར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་གྱིས་སྟོང་ངོ། །ཞེས་ [182B]པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་།གལ་ཏེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་གྱིས་སྟོང་བ་ཞིག་ མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་ དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་བསམ་གཏན་གྱི་ ཕ་རོལ་ཏུ་ཕྱིན་པ་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་ པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ [183A]༄༅། །ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་ནང་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ ནི༑ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་ནང་སྟོང་ པ་ཉིད་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནང་སྟོང་པ་ཉིད་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་ཕྱི་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་ཕྱི་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པས་ [183B] དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱི་སྟོང་པ་ཉིད་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་ཕྱི་ནང་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་ཕྱི་ནང་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ཕྱི་ནང་སྟོང་པ་ཉིད་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་སྟོང་པ་ ཉིད་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་ མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་སྟོང་པ་ཉིད་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་པ་ཉིད་སྟོང་པ་ཉིད་རང་བཞིན་གྱིས་སྟོང་ ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་ཆེན་པོ་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་ཞིག་ [184A]༄༅། །མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་ གི་ཕྱིར་ཆེན་པོ་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆེན་པོ་སྟོང་པ་ཉིད་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་དོན་དམ་པ་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་དོན་དམ་པ་སྟོང་པ་ཉིད་རང་བཞིན་ གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་དམ་པ་སྟོང་པ་ཉིད་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་འདུས་བྱས་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་འདུས་བྱས་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པས་ [184B] དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདུས་བྱས་སྟོང་པ་ཉིད་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་འདུས་མ་བྱས་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་འདུས་མ་བྱས་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་འདུས་མ་བྱས་སྟོང་པ་ཉིད་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུང་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་ པར་འཚང་རྒྱའོ། །གལ་ཏེ་མཐའ་ལས་འདས་པ་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་མཐའ་ལས་འདས་པ་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་མཐའ་ལས་འདས་པ་སྟོང་པ་ཉིད་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་ [185A]༄༅། །པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་རང་བཞིན་གྱིས་ སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་དོར་བ་མེད་པ་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་དོར་བ་མེད་པ་སྟོང་པ་ཉིད་རང་བཞིན་ གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོར་བ་མེད་པ་སྟོང་པ་ཉིད་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་ དག་པར་རྫོགས་བའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་རང་བཞིན་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་ [185B]བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་རང་བཞིན་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པས་ ན༑ དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་བཞིན་སྟོང་པ་ཉིད་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་ཆོས་ཐམས་ཅད་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་ཆོས་ཐམས་ཅད་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་སྟོང་པ་ཉིད་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་རང་གི་མཚན་ཉིད་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་རང་གི་མཚན་ཉིད་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པས་ན། དེའི་ [186A]༄༅། །ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་གི་མཚན་ཉིད་སྟོང་པ་ཉིད་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་མི་དམིགས་པ་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་མི་དམིགས་པ་སྟོང་པ་ཉིད་རང་ བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་དམིགས་པ་སྟོང་པ་ཉིད་རང་བཞིན་གྱིས་སྟོང་ངོ་།ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་དངོས་པོ་མེད་པ་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་དངོས་པོ་མེད་པ་སྟོང་པ་ཉིད་ རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དངོས་པོ་མེད་པ་སྟོང་པ་ཉིད་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་ [186B]པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་ངོ་བོ་ཉིད་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་ངོ་བོ་ཉིད་སྟོང་པ་ཉིད་རང་བཞིན་གྱིས་སྟོང་ པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ངོ་བོ་ཉིད་སྟོང་པ་ཉིད་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རང་བཞིན་ གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་དྲན་པ་ཉེ་བར་གཞག་པ་རྣམས་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ [187A]༄༅། །ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚངས་མི་རྒྱ་སྟེ། རབ་འབྱོར། གང་ གི་ཕྱིར་དྲན་པ་ཉེ་བར་གཞག་པ་རྣམས་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲན་པ་ཉེ་བར་གཞག་པ་རྣམས་རང་བཞིན་གྱིས་སྟོང་ ངོ༑ ༑ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་ཡང་དག་པར་སྤོང་བ་རྣམས་རང་བཞིན་ གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་ འབྱོར༑ གང་གི་ཕྱིར་ཡང་དག་པར་སྤོང་བ་རྣམས་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་དག་པར་སྤོང་བ་རྣམས་རང་བཞིན་ གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་རྫུ་འཕྲུལ་གྱིས་རྐང་པ་ རྣམས་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་ [187B] རབ་འབྱོར། གང་གི་ཕྱིར་རྫུ་འཕྲུལ་གྱི་རྐང་པ་རྣམས་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྫུ་འཕྲུལ་གྱི་རྐང་པ་རྣམས་ རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་དབང་པོ་རྣམས་རང་ བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་ འབྱོར༑ གང་གི་ཕྱིར་དབང་པོ་རྣམས་རང་བཞིན་གྱིས་སྟོང་པས་ན་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབང་པོ་རྣམས་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་ དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་སྟོབས་རྣམས་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་སྟོབས་རྣམས་རང་བཞིན་ གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོབས་རྣམས་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་ [188A]༄༅། །རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་བྱང་ཆུབ་ཀྱི་ཡན་ལག་རྣམས་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་བྱང་ཆུབ་ཀྱི་ཡན་ལག་ རྣམས་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ཡན་ལག་རྣམས་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་འཕགས་པའི་ལམ་ཡན་ལག་བརྒྱད་པ་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ ནི༑ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་འཕགས་ པའི་ལམ་ཡན་ལག་བརྒྱད་པ་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པའི་ལམ་ཡན་ལག་བརྒྱད་པ་རང་བཞིན་གྱིས་སྟོང་ངོ། ། ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་།གལ་ཏེ་འཕགས་པའི་བདེན་པ་རྣམས་རང་བཞིན་ [188B] བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར་ གང་གི་ཕྱིར་འཕགས་པའི་བདེན་པ་རྣམས་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པའི་བདེན་པ་རྣམས་རང་བཞིན་གྱིས་སྟོང་ངོ། ། ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་།གལ་ཏེ་བསམ་གཏན་རྣམས་རང་བཞིན་གྱིས་སྟོང་པ་ཞིག་མ་ ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་བསམ་གཏན་ རྣམས་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་རྣམས་རང་བཞིན་གྱིས་སྟོང་ངོ་།ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་ཚད་མེད་པ་རྣམས་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་ཚད་མེད་པ་རྣམས་རང་བཞིན་གྱིས་སྟོང་པས་ན་ [189A]༄༅། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་པ་རྣམས་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་གཟུགས་མེད་ པའི་སྙོམས་པར་འཇུག་པ་རྣམས་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་རང་བཞིན་ གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། གལ་ཏེ་རྣམ་པར་ཐར་པ་ བརྒྱད་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་ པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་རྣམ་པར་ཐར་པ་རྣམས་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་ཐར་པ་ [189B] །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་མཐར་གྱིས་ གནས་པའི་སྙོམས་པར་འཇུག་པ་དགུ་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་ པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་ པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ དང། མཚན་མ་མེད་པ་དང། སྨོན་པ་མེད་པ་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་ [190A]༄༅། །པ་དང། སྨོན་པ་མེད་པ་རང་བཞིན་གྱིས་སྟོང་ངོ་།ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་ འཚང་རྒྱའོ། །གལ་ཏེ་མངོན་པར་ཤེས་པ་རྣམས་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་མངོན་པར་ཤེས་པ་རྣམས་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་མངོན་པར་ཤེས་པ་རྣམས་རང་བཞིན་གྱིས་སྟོང་ངོ་།ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་ འཚང་རྒྱའོ། །གལ་ཏེ་ཏིང་ངེ་འཛིན་རྣམས་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་ཏིང་ངེ་འཛིན་རྣམས་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ཏིང་ངེ་འཛིན་རྣམས་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། ། [190B]མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་ པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་གཟུངས་ཀྱི་སྒོ་རྣམས་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུངས་ཀྱི་སྒོ་རྣམས་རང་བཞིན་ གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་དེ་བཞིན་གཤེགས་པའི་སྟོབས་རྣམས་ རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ་ རབ་འབྱོར། གང་གི་ཕྱིར་དེ་བཞིན་གཤེགས་པའི་སྟོབས་རྣམས་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་སྟོབས་ རྣམས་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་མི་འཇིགས་ པ་རྣམས་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་ [191A]༄༅། །མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་མི་འཇིགས་པ་རྣམས་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཇིགས་ པ་རྣམས་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ ཏེ་སོ་སོ་ཡང་དག་པར་རིག་པ་རྣམས་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་སོ་སོ་ཡང་དག་པར་རིག་པ་རྣམས་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་སོ་སོ་ཡང་དག་པར་རིག་པ་རྣམས་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་ པར་འཚང་རྒྱའོ། །གལ་ཏེ་བྱམས་པ་ཆེན་པོ་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་བྱམས་པ་ཆེན་པོ་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ [191B] །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་།གལ་ཏེ་སྙིང་ རྗེ་ཆེན་པོ་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་ མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་སྙིང་རྗེ་ཆེན་པོ་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་ བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་།གལ་ཏེ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རང་བཞིན་ གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར་ གང་གི་ཕྱིར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་རྒྱུན་དུ་ཞུགས་པའི་འབྲས་ [192A]༄༅། །བུ་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་ རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་རྒྱུན་དུ་ཞུགས་པའི་འབྲས་བུ་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱུན་དུ་ཞུགས་ པའི་འབྲས་བུ་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་ལན་ གཅིག་ཕྱིར་མི་འོང་བའི་འབྲས་བུ་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་ པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་ལན་ཅིག་ཕྱིར་འོང་བའི་འབྲས་བུ་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ལན་གཅིག་ཕྱིར་འོང་བའི་འབྲས་བུ་རང་བཞིན་གྱིས་སྟོང་ངོ་།ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་ འཚང་རྒྱའོ། །གལ་ཏེ་ཕྱིར་མི་འོང་བའི་འབྲས་བུ་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་ [192B]རབ་འབྱོར། གང་གི་ཕྱིར་ཕྱིར་མི་འོང་བའི་འབྲས་བུ་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ཕྱིར་མི་འོང་བའི་འབྲས་བུ་རང་བཞིན་གྱིས་སྟོང་ངོ་།ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། ། གལ་ཏེ་དགྲ་བཅོམ་པ་ཉིད་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་ པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་དགྲ་བཅོམ་པ་ཉིད་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགྲ་བཅོམ་པ་ཉིད་རང་བཞིན་གྱིས་སྟོང་ ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་རང་བྱང་ཆུབ་རང་བཞིན་གྱིས་སྟོང་པ་ཞིག་མ་ ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་རང་བྱང་ ཆུབ་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་བྱང་ཆུབ་རང་བཞིན་གྱིས་སྟོང་ངོ་།ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང། བླ་ན་མེད་པ་ [193A]༄༅། །ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་ལམ་གྱི་རྣམ་པ་ཤེས་པ་ཉིད་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་ལམ་གྱི་རྣམ་པ་ཤེས་པ་ཉིད་རང་ བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལམ་གྱི་རྣམ་པ་ཤེས་པ་ཉིད་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང། བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར། གལ་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། གང་གི་ཕྱིར་རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ ཆུད་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར། གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ [193B] བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར་ གང་གི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་པར་བྱེད་དེ་རང་བཞིན་གྱིས་སྟོང་པ་ཉིད་ལ་ནི། ཆོས་གང་ཡང་རྣམ་པར་འཇིག་པར་ འགྱུར་བའམ། རྟག་ཏུ་གནས་པའམ། འགྲོ་བ་མེད་དེ། གཞན་དུ་ན། ལྷ་དང་བཅས་པའི་འཇིག་རྟེན་དང། བདུད་དང་ཚངས་པར་བཅས་པའི་འཇིག་རྟེན་རྣམས་འདི་ནི། གཟུགས་སོ། །བདག་གི་གཟུགས་ སོ༑ ༑བདག་ནི། གཟུགས་དང་ལྡན་ནོ། །འདི་ནི། ཚོར་བའོ། །བདག་གི་ཚོར་བའོ། །བདག་ནི། ཚོར་བ་དང་ལྡན་ནོ། །འདི་ནི། འདུ་ཤེས་སོ་།བདག་གི་འདུ་ཤེས་སོ། །བདག་ནི། འདུ་ཤེས་དང་ལྡན་ ནོ༑ ༑འདི་ནི། འདུ་བྱེད་དོ། །བདག་གི་འདུ་བྱེད་དོ། །བདག་ནི། འདུ་བྱེད་དང་ལྡན་ནོ། །འདི་ནི། རྣམ་པར་ཤེས་པའོ། །བདག་གི་རྣམ་པར་ཤེས་པའོ། །བདག་ནི། རྣམ་པར་ཤེས་པ་དང་ལྡན་པའོ། ། སྙམ་དུ་རྨོངས་ཤིང། དེ་དག་གཟུགས་ལ་མངོན་པར་ཞེ་ན། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་དང། རྣམ་པར་ཤེས་པ་ལ་མངོན་པར་ཞེན་ཏོ། །བདག་ཏུ་བྱ་བ་དང། བདག་གིར་བྱ་བར་སྤྱོད་ [194A]༄༅། །དོ༑ ༑བདག་ཏུ་བྱ་བ་དང། བདག་གིར་བྱ་བ་ལ་མངོན་པར་ཞེན་ནས་ཕྱི་ནང་གི་དངོས་པོ་ལ་མངོན་པར་ཞེན་ཅིང་ཆགས་སོ་།དེ་ལྟར་མངོན་པར་ཞེན་ཅིང་ཆགས་ནས་སྐྱེ་བའི་ སྐྱེ་མཆེད་དག་ཏུ་གཟུགས་དང། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་དང། རྣམ་པར་ཤེས་པ་ཉེ་བར་ལེན་ཏེ། སྐྱེ་བ་དང། རྒ་བ་དང། ན་བ་དང། འཆི་བ་དང། མྱ་ངན་དང། སྨྲེ་སྔགས་འདོན་ པ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། འགྲོ་བ་ལྔའི་འཁོར་བ་ནས་ཡོངས་སུ་མི་འགྲོལ་ལོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རང་བཞིན་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྤྱོད་ཅིང། གཟུགས་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །ཚོར་བ་སྟོང་པའམ། འོན་ ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །འདུ་ཤེས་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །འདུ་བྱེད་སྟོང་པའམ། འོན་ཏམ་མི་ སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །རྣམ་པར་ཤེས་པ་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །མིག་སྟོང་པའམ། འོན་ཏམ་མི་ སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །རྣ་བ་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །སྣ་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་ [194B] །ལྕེ་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །ལུས་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་ པར་མི་བྱེད་དོ། །ཡིད་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །གཟུགས་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། ། སྒྲ་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །དྲི་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །རོ་སྟོང་པའམ། འོན་ཏམ་ མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །རེག་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །ཆོས་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་ བར་རྣམ་པར་འཁྲུག་པར་མི་བྱེད་དོ། །མིག་གི་རྣམ་པར་ཤེས་པ་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །རྣ་བའི་རྣམ་པར་ཤེས་པ་སྟོང་པའམ་ འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ་།སྣའི་རྣམ་པར་ཤེས་པ་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །ལྕེའི་རྣམ་པར་ ཤེས་པ་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །ལུས་ཀྱི་རྣམ་པར་ཤེས་པ་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་ [195A]༄༅། །མི་བྱེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །མིག་གི་འདུས་ཏེ་རེག་པ་སྟོང་པའམ། འོན་ ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །རྣ་བའི་འདུས་ཏེ་རེག་པ་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །སྣའི་འདུས་ཏེ་རེག་ པ་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །ལྕེའི་འདུས་ཏེ་རེག་པ་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །ལུས་ ཀྱི་འདུས་ཏེ་རེག་པ་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་ པར་མི་བྱེད་དོ། །མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ ཚོར་བ་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་ པར་འཁྲུག་པར་མི་བྱེད་དོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་ [195B] འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་ འཁྲུག་པར་མི་བྱེད་དོ། །སའི་ཁམས་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །ཆུའི་ཁམས་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་ བྱེད་དོ༑ ༑མེའི་ཁམས་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །རླུང་གི་ཁམས་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། ། ནམ་མཁའི་ཁམས་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །རྣམ་པར་ཤེས་པའི་ཁམས་སྟོང་པའམ་འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་ བྱེད་དོ༑ ༑མ་རིག་པ་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །འདུ་བྱེད་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །རྣམ་ པར་ཤེས་པ་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །མིང་དང་གཟུགས་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །སྐྱེ་ མཆེད་དྲུག་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །རེག་པ་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །ཚོར་བ་སྟོང་ [196A]༄༅། །པའམ༑ འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །སྲེད་པ་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། ། ལེན་པ་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །སྲིད་པ་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །སྐྱེ་བ་སྟོང་ པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །རྒ་ཤི་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་ དོ༑ ༑བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པའམ། འོན་ཏམ་མི་སྟོང་ཞེས་ བྱ་པར་རྣམ་པར་འཁྲུག་པར་མི་བྱེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །ནང་སྟོང་པ་ཉིད་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །ཕྱི་སྟོང་ [196B] འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །ཕྱི་ནང་སྟོང་པ་ཉིད་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །སྟོང་ པ་ཉིད་སྟོང་པ་ཉིད་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །ཆེན་པོ་སྟོང་པ་ཉིད་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་ བྱེད་དོ༑ ༑དོན་དམ་པ་སྟོང་པ་ཉིད་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །འདུས་བྱས་སྟོང་པ་ཉིད་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་ འཁྲུག་པར་མི་བྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་སྟོང་པའམ་འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ་།མཐའ་ལས་འདས་པ་སྟོང་པ་ཉིད་སྟོང་པའམ། འོན་ཏམ་མི་ སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །དོར་བ་མེད་པ་སྟོང་པ་ ཉིད་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །ཆོས་ ཐམས་ཅད་སྟོང་པ་ཉིད་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་ [197A]༄༅། །འཁྲུག་པར་མི་བྱེད་དོ། །མི་དམིགས་པ་སྟོང་པ་ཉིད་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །དངོས་པོ་མེད་པ་སྟོང་པ་ཉིད་སྟོང་ པའམ༑ འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །དངོས་པོ་ མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་ པར་འཁྲུག་པར་མི་བྱེད་དོ། །ཡང་དག་པར་སྤོང་བ་རྣམས་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་སྟོང་པའམ། འོན་ཏམ་མི་ སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །དབང་པོ་རྣམས་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །སྟོབས་རྣམས་སྟོང་པའམ། འོན་ཏམ་མི་ སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །འཕགས་པའི་ལམ་ཡན་ལག་ བརྒྱད་པ་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །འཕགས་པའི་བདེན་པ་རྣམས་སྟོང་པའམ་འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་ [197B] །བསམ་གཏན་རྣམས་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །ཚད་མེད་པ་རྣམས་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་ འཁྲུག་པར་མི་བྱེད་དོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །རྣམ་པར་ཐར་པ་རྣམས་སྟོང་པའམ་ འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ་།མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་ བྱེད་དོ༑ ༑རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །མངོན་པར་ཤེས་པ་རྣམས་ སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །ཏིང་ངེ་འཛིན་རྣམས་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །གཟུངས་ ཀྱི་སྒོ་རྣམས་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དེ། །དེ་བཞིན་གཤེགས་པའི་སྟོབས་རྣམས་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་ འཁྲུག་པར་མི་བྱེད་དོ། །མི་འཇིགས་པ་རྣམས་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་སྟོང་པའམ། འོན་ཏམ་ [198A]༄༅། །མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ་།བྱམས་པ་ཆེན་པོ་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །སྙིང་རྗེ་ཆེན་ པོ་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྟོང་པའམ་འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་ པར་མི་བྱེད་དོ། །རྒྱུན་དུ་ཞུགས་པའི་འབྲས་བུ་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །ལན་གཅིག་ཕྱིར་འོང་བའི་འབྲས་བུ་སྟོང་པའམ། འོན་ ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །ཕྱིར་མི་འོང་བའི་འབྲས་བུ་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །དགྲ་བཅོམ་པ་ཉིད་ སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བྱང་ཆུབ་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་སྟོང་པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་སྟོང་པ་ཉིད་ནི། འདི་ནི། གཟུགས་སོ། ། འདི་ནི། གཟུགས་ཀྱི་སྟོང་པ་ཉིད་དོ་ཞེས་གཟུགས་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་ནི། ཚོར་བའོ། །འདི་ནི། ཚོར་བའི་སྟོང་པ་ཉིད་དོ་ཞེས་ཚོར་བ་རྣམ་ [198B] །རང་བཞིན་སྟོང་པ་ཉིད་ནི་འདི་ནི། འདུ་ཤེས་སོ། །འདི་ནི། འདུ་ཤེས་ཀྱི་སྟོང་པ་ཉིད་དོ་ཞེས་འདུ་ཤེས་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་ འདི་ནི། འདུ་བྱེད་དོ། །འདི་ནི། འདུ་བྱེད་ཀྱི་སྟོང་པ་ཉིད་དོ་ཞེས་འདུ་བྱེད་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་ནི། རྣམ་པར་ཤེས་པའོ། །འདི་ནི། རྣམ་པར་ཤེས་པའི་ སྟོང་པ་ཉིད་དོ་ཞེས་རྣམ་པར་ཤེས་པ་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་ནི། མིག་གོ་འདི་ནི་མིག་གི་སྟོང་པ་ཉིད་དོ་ཞེས་མིག་རྣམ་པར་འཁྲུག་པར་མི་བྱེད་དོ། ། རང་བཞིན་སྟོང་པ་ཉིད་ནི། འདི་ནི། རྣ་བའོ། །འདི་ནི། རྣ་བའི་སྟོང་པ་ཉིད་དོ་ཞེས་རྣ་བ་རྣམ་པར་འཁྲུག་པར་མི་བྱེད་དོ་།རང་བཞིན་སྟོང་པ་ཉིད་ནི། འདི་ནི། སྣའོ། །འདི་ནི། སྣའི་སྟོང་པ་ཉིད་དོ་ ཞེས་བྱ་སྣ་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་ནི། ལྕེའོ། །འདི་ནི། ལྕེའི་སྟོང་པ་ཉིད་དོ་ཞེས་ལྕེ་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་ནི་ ལུས་སོ། །འདི་ནི། ལུས་ཀྱི་སྟོང་པ་ཉིད་དོ་ཞེས་ལུས་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་ནི། ཡིད་དོ། །འདི་ནི། ཡིད་ཀྱི་སྟོང་པ་ཉིད་དོ་ཞེས་ཡིད་རྣམ་པར་འཁྲུག་པར་ མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་ནི། གཟུགས་སོ། །འདི་ནི། གཟུགས་ཀྱི་སྟོང་པ་ཉིད་དོ་ཞེས་གཟུགས་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་ནི། སྒྲའོ། ། [199A]༄༅། །འདི་ནི། སྒྲའི་སྟོང་པ་ཉིད་དོ་ཞེས་སྒྲ་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་ནི་དྲིའོ། །འདི་ནི། དྲིའི་སྟོང་པ་ཉིད་དོ་ཞེས་དྲི་རྣམ་པར་འཁྲུག་ པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་ནི། རོའོ། །འདི་ནི། རོའི་སྟོང་པ་ཉིད་དོ་ཞེས་རོ་རྣམ་པར་འཁྲུག་པར་མི་བྱེད་དོ་།རང་བཞིན་སྟོང་པ་ཉིད་ནི། འདི་ནི། རེག་གོ་འདི་ནི། རེག་ གི་སྟོང་པ་ཉིད་དོ་ཞེས་རེག་རྣམ་པར་འཁྲུག་པར་མི་བྱེད་དོ་།རང་བཞིན་སྟོང་པ་ཉིད་ནི། འདི་ནི། ཆོས་སོ། །འདི་ནི། ཆོས་ཀྱི་སྟོང་པ་ཉིད་དོ་ཞེས་ཆོས་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་ བཞིན་སྟོང་པ་ཉིད་ནི། འདི་ནི། མིག་གི་རྣམ་པར་ཤེས་པའོ། །འདི་ནི། མིག་གི་རྣམ་པར་ཤེས་པའི་སྟོང་པ་ཉིད་དོ་ཞེས་མིག་གི་རྣམ་པར་ཤེས་པ་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་ བཞིན་སྟོང་པ་ཉིད་ནི། འདི་ནི། རྣ་བའི་རྣམ་པར་ཤེས་པའོ། །འདི་ནི། རྣ་བའི་རྣམ་པར་ཤེས་པའི་སྟོང་པ་ཉིད་དོ་ཞེས་རྣ་བའི་རྣམ་པར་ཤེས་པ་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་ སྟོང་པ་ཉིད་ནི། འདི་ནི། སྣའི་རྣམ་པར་ཤེས་པའོ། །འདི་ནི་སྣའི་རྣམ་པར་ཤེས་པའི་སྟོང་པ་ཉིད་དོ་ཞེས་སྣའི་རྣམ་པར་ཤེས་པ་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ ཉིད་ནི། འདི་ནི། ལྕེའི་རྣམ་པར་ཤེས་པའོ། །འདི་ནི། ལྕེའི་རྣམ་པར་ཤེས་པའི་སྟོང་པ་ཉིད་དོ་ཞེས་ལྕེའི་རྣམ་པར་ཤེས་པ་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ [199B] འདི་ནི། ལུས་ཀྱི་རྣམ་པར་ཤེས་པའོ། །འདི་ནི། ལུས་ཀྱི་རྣམ་པར་ཤེས་པའི་སྟོང་པ་ཉིད་དོ་ཞེས་ལུས་ཀྱི་རྣམ་པར་ཤེས་པ་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་ ནི༑ ཡིད་ཀྱི་རྣམ་པར་ཤེས་པའོ། །འདི་ནི། ཡིད་ཀྱི་རྣམ་པར་ཤེས་པའི་སྟོང་པ་ཉིད་དོ་ཞེས་ཡིད་ཀྱི་རྣམ་པར་ཤེས་པ་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་ནི། མིག་ གི་འདུས་ཏེ་རེག་པའོ། །འདི་ནི། མིག་གི་འདུས་ཏེ་རེག་པའི་སྟོང་པ་ཉིད་དོ་ཞེས་མིག་གི་འདུས་ཏེ་རེག་པ་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་ནི། རྣ་བའི་འདུས་ ཏེ་རེག་པའོ། །འདི་ནི། རྣ་བའི་འདུས་ཏེ་རེག་པའི་སྟོང་པ་ཉིད་དོ་ཞེས་རྣ་བའི་འདུས་ཏེ་རེག་པ་རྣམ་པར་འཁྲུག་པར་མི་བྱེད་དོ་།རང་བཞིན་སྟོང་པ་ཉིད་ནི། འདི་ནི། སྣའི་འདུས་ཏེ་རེག་ པའོ༑ ༑འདི་ནི། སྣའི་འདུས་ཏེ་རེག་པའི་སྟོང་པ་ཉིད་དོ་ཞེས་སྣའི་འདུས་ཏེ་རེག་པ་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་ནི། ལྕེའི་འདུས་ཏེ་རེག་པའོ། འདི་ནི་ ལྕེའི་འདུས་ཏེ་རེག་པའི་སྟོང་པ་ཉིད་དོ་ཞེས་ལྕེའི་འདུས་ཏེ་རེག་པ་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་ནི། ལུས་ཀྱི་འདུས་ཏེ་རེག་པའོ། །འདི་ནི། ལུས་ཀྱི་ འདུས་ཏེ་རེག་པའི་སྟོང་པ་ཉིད་དོ་ཞེས་ལུས་ཀྱི་འདུས་ཏེ་རེག་པ་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་ནི། ཡིད་ཀྱི་འདུས་ཏེ་རེག་པའོ། །འདི་ནི། ཡིད་ཀྱི་འདུས་ཏེ་ [200A]༄༅། །རེག་པའི་སྟོང་པ་ཉིད་དོ་ཞེས་ཡིད་ཀྱི་འདུས་ཏེ་རེག་པ་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་ནི། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་ བའོ༑ ༑འདི་ནི། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་སྟོང་པ་ཉིད་དོ་ཞེས་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ ཉིད་ནི། འདི་ནི། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའོ། །འདི་ནི། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་སྟོང་པ་ཉིད་དོ་ཞེས་རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་ བ་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའོ། །འདི་ནི་སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་སྟོང་པ་ ཉིད་དོ་ཞེས་སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་ནི་ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའོ། །འདི་ ནི༑ ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་སྟོང་པ་ཉིད་དོ་ཞེས་ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་ ནི༑ ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའོ། །འདི་ནི། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་སྟོང་པ་ཉིད་དོ་ཞེས་ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ [200B] །རང་བཞིན་སྟོང་པ་ཉིད་ནི། འདི་ནི། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའོ། །འདི་ནི། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་སྟོང་པ་ཉིད་དོ་ཞེས་ ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་ནི། སའི་ཁམས་སོ་།འདི་ནི། སའི་ཁམས་ཀྱི་སྟོང་པ་ཉིད་དོ་ཞེས་སའི་ཁམས་རྣམ་པར་ འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་ནི་ཆུའི་ཁམས་སོ། །འདི་ནི། ཆུའི་ཁམས་ཀྱི་སྟོང་པ་ཉིད་དོ་ཞེས་ཆུའི་ཁམས་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ ཉིད་ནི༑ འདི་ནི། མེའི་ཁམས་སོ། །འདི་ནི། མེའི་ཁམས་ཀྱི་སྟོང་པ་ཉིད་དོ་ཞེས་མེའི་ཁམས་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་ནི། རླུང་གི་ཁམས་སོ། །འདི་ ནི༑ རླུང་གི་ཁམས་ཀྱི་སྟོང་པ་ཉིད་དོ་ཞེས་རླུང་གི་ཁམས་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་ནི་ནམ་མཁའི་ཁམས་སོ། །འདི་ནི། ནམ་མཁའི་ཁམས་ཀྱི་སྟོང་ པ་ཉིད་དོ་ཞེས་ནམ་མཁའི་ཁམས་རྣམ་པར་འཁྲུག་པར་མི་བྱེད་དོ་།རང་བཞིན་སྟོང་པ་ཉིད་ནི། འདི་ནི། རྣམ་པར་ཤེས་པའི་ཁམས་སོ། །འདི་ནི། རྣམ་པར་ཤེས་པའི་ཁམས་ཀྱི་སྟོང་པ་ ཉིད་དོ་ཞེས་རྣམ་པར་ཤེས་པའི་ཁམས་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་ནི། མ་རིག་པའོ། །འདི་ནི་མ་རིག་པའི་སྟོང་པ་ཉིད་དོ་ཞེས་མ་རིག་པ་རྣམ་པར་ [201A]༄༅། །འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི། འདུ་བྱེད་དོ། །འདི་ནི། འདུ་བྱེད་ཀྱི་སྟོང་པ་ཉིད་དོ་ཞེས་འདུ་བྱེད་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་ འདི་ནི༑ རྣམ་པར་ཤེས་པའོ། །འདི་ནི། རྣམ་པར་ཤེས་པའི་སྟོང་པ་ཉིད་དོ་ཞེས་རྣམ་པར་ཤེས་པ་རྣམ་པར་འཁྲུག་པར་མི་བྱེད་དོ་།རང་བཞིན་སྟོང་པ་ཉིད་ནི། འདི་ནི། མིང་དང་གཟུགས་སོ། །འདི་ནི་ མིང་དང་གཟུགས་ཀྱི་སྟོང་པ་ཉིད་དོ་ཞེས་མིང་དང་གཟུགས་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་ནི་སྐྱེ་མཆེད་དྲུག་གོ་འདི་ནི། སྐྱེ་མཆེད་དྲུག་གི་སྟོང་པ་ ཉིད་དོ་ཞེས་སྐྱེ་མཆེད་དྲུག་རྣམ་པར་འཁྲུག་པར་མི་བྱེད་དོ་།རང་བཞིན་སྟོང་པ་ཉིད་ནི། འདི་ནི། རེག་པའོ། །འདི་ནི། རེག་པའི་སྟོང་པ་ཉིད་དོ་ཞེས་རེག་པ་རྣམ་པར་འཁྲུག་པར་མི་བྱེད་དོ། ། རང་བཞིན་སྟོང་པ་ཉིད་ནི། འདི་ནི། ཚོར་བའོ། །འདི་ནི། ཚོར་བའི་སྟོང་པ་ཉིད་དོ་ཞེས་ཚོར་བ་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་ནི། སྲེད་པའོ། །འདི་ནི་སྲེད་ པའི་སྟོང་པ་ཉིད་དོ་ཞེས་སྲེད་པ་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་ནི། ལེན་པའོ། །འདི་ནི། ལེན་པའི་སྟོང་པ་ཉིད་དོ་ཞེས་ལེན་པ་རྣམ་པར་འཁྲུག་པར་མི་བྱེད་དོ། ། རང་བཞིན་སྟོང་པ་ཉིད་ནི། འདི་ནི། སྲིད་པའོ། །འདི་ནི། སྲིད་པའི་སྟོང་པ་ཉིད་དོ་ཞེས་སྲིད་པ་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་ནི། སྐྱེ་བའོ། །འདི་ནི་སྐྱེ་བའི་ [201B]དོ། །རང་བཞིན་སྟོང་པ་ཉིད་ནི། འདི་ནི། རྒ་ཤིའོ། །འདི་ནི། རྒ་ཤིའི་སྟོང་པ་ཉིད་དོ་ཞེས་རྒ་ཤི་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་ བཞིན་སྟོང་པ་ཉིད་ནི། འདི་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ་།འདི་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་དོ་ཞེས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཁྲུག་པར་མི་བྱེད་དོ་།རང་ བཞིན་སྟོང་པ་ཉིད་ནི། འདི་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་དོ་ཞེས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཁྲུག་ པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་དོ་ཞེས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཁྲུག་ པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་དོ་ཞེས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ ཕྱིན་པ་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་དོ་ཞེས་བསམ་ གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཁྲུག་པར་མི་བྱེད་དོ་།རང་བཞིན་སྟོང་པ་ཉིད་ནི། འདི་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ [202A]༄༅། །སྟོང་པ་ཉིད་དོ་ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་ནི། ནང་སྟོང་པ་ཉིད་དོ། །འདི་ནི། ནང་སྟོང་པ་ ཉིད་ཀྱི་སྟོང་པ་ཉིད་དོ་ཞེས་ནང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་ནི། ཕྱི་སྟོང་པ་ཉིད་དོ། །འདི་ནི། ཕྱི་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་དོ་ཞེས་ ཕྱི་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་ནི། ཕྱི་ནང་སྟོང་པ་ཉིད་དོ། །འདི་ནི་ཕྱི་ནང་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་དོ་ཞེས་ཕྱི་ནང་སྟོང་པ་ཉིད་རྣམ་ པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་ནི་སྟོང་པ་ཉིད་སྟོང་པ་ཉིད་དོ། །འདི་ནི། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་དོ་ཞེས་སྟོང་པ་ཉིད་སྟོང་པ་ཉིད་རྣམ་པར་ འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་ནི། ཆེན་པོ་སྟོང་པ་ཉིད་དོ། །འདི་ནི། ཆེན་པོ་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་དོ་ཞེས་ཆེན་པོ་སྟོང་པ་ཉིད་རྣམ་པར་འཁྲུག་པར་ མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་ནི། དོན་དམ་པ་སྟོང་པ་ཉིད་དོ། །འདི་ནི། དོན་དམ་པ་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་དོ་ཞེས་དོན་དམ་པ་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་ བྱེད་དོ༑ ༑རང་བཞིན་སྟོང་པ་ཉིད་ནི། འདི་ནི། འདུས་བྱས་སྟོང་པ་ཉིད་དོ། །འདི་ནི། འདུས་བྱས་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་དོ་ཞེས་འདུས་བྱས་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་ [202B] །རང་བཞིན་སྟོང་པ་ཉིད་ནི། འདི་ནི། འདུས་མ་བྱས་སྟོང་པ་ཉིད་དོ། །འདི་ནི། འདུས་མ་བྱས་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་དོ་ཞེས་འདུས་མ་བྱས་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད་ དོ༑ ༑རང་བཞིན་སྟོང་པ་ཉིད་ནི། འདི་ནི། མཐའ་ལས་འདས་པ་སྟོང་པ་ཉིད་དོ། །འདི་ནི། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་དོ་ཞེས་མཐའ་ལས་འདས་པ་སྟོང་པ་ཉིད་རྣམ་པར་ འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་ནི། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དོ། །འདི་ནི། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་དོ་ཞེས་ཐོག་མ་དང་ཐ་མ་ མེད་པ་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་ནི། དོར་བ་མེད་པ་སྟོང་པ་ཉིད་དོ། །འདི་ནི། དོར་བ་མེད་པ་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་དོ་ཞེས་དོར་བ་ མེད་པ་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་ནི། རང་བཞིན་སྟོང་པ་ཉིད་དོ། །འདི་ནི་རང་བཞིན་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་དོ་ཞེས་རང་བཞིན་སྟོང་ པ་ཉིད་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་ནི། ཆོས་ཐམས་ཅད་སྟོང་པ་ཉིད་དོ། །འདི་ནི། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་དོ་ཞེས་ཆོས་ཐམས་ཅད་སྟོང་ པ་ཉིད་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་ནི། རང་གི་མཚན་ཉིད་སྟོང་པ་ཉིད་དོ། །འདི་ནི། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་དོ་ཞེས་རང་གི་མཚན་ [203A]༄༅། །ཉིད་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད་དོ་།རང་བཞིན་སྟོང་པ་ཉིད་ནི། འདི་ནི། མི་དམིགས་པ་སྟོང་པ་ཉིད་དོ། །འདི་ནི། མི་དམིགས་པ་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་དོ་ ཞེས་མི་དམིགས་པ་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད་དོ་།རང་བཞིན་སྟོང་པ་ཉིད་ནི། འདི་ནི། དངོས་པོ་མེད་པ་སྟོང་པ་ཉིད་དོ། །འདི་ནི། དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་སྟོང་པ་ ཉིད་དོ་ཞེས་དངོས་པོ་མེད་པ་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་ནི། ངོ་བོ་ཉིད་སྟོང་པ་ཉིད་དོ། །འདི་ནི། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་དོ་ཞེས་ ངོ་བོ་ཉིད་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་ནི། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །འདི་ནི། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ སྟོང་པ་ཉིད་དོ་ཞེས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་དག་ནི། དྲན་པ་ཉེ་བར་གཞག་པ་རྣམས་སོ། །འདི་ནི། དྲན་པ་ ཉེ་བར་གཞག་པ་རྣམས་ཀྱི་སྟོང་པ་ཉིད་དོ་ཞེས་དྲན་པ་ཉེ་བར་གཞག་པ་རྣམས་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་དག་ནི། ཡང་དག་པར་སྤོང་བ་རྣམས་ སོ༑ ༑འདི་ནི། ཡང་དག་པར་སྤོང་བ་རྣམས་ཀྱི་སྟོང་པ་ཉིད་དོ་ཞེས་ཡང་དག་པར་སྤོང་བ་རྣམས་རྣམ་པར་འཁྲུག་པར་མི་བྱེད་དོ་།རང་བཞིན་སྟོང་པ་ཉིད་ནི། འདི་དག་ནི། རྫུ་འཕྲུལ་གྱི་རྐང་པ་ [203B] །འདི་ནི། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་སྟོང་པ་ཉིད་དོ་ཞེས་རྫུ་འཕྲུལ་གྱི་རྐང་པ་རྣམས་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་དག་ནི། དབང་པོ་རྣམས་སོ། །འདི་ ནི༑ དབང་པོ་རྣམས་ཀྱི་སྟོང་པ་ཉིད་དོ་ཞེས་དབང་པོ་རྣམས་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་དག་ནི། སྟོབས་རྣམས་སོ། །འདི་ནི། སྟོབས་རྣམས་ཀྱི་སྟོང་པ་ཉིད་ དོ་ཞེས་སྟོབས་རྣམས་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་དག་ནི། བྱང་ཆུབ་ཀྱི་ཡན་ལག་རྣམས་སོ་།འདི་ནི། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་སྟོང་པ་ཉིད་དོ་ཞེས་ བྱང་ཆུབ་ཀྱི་ཡན་ལག་རྣམས་རྣམ་པར་འཁྲུག་པར་མི་བྱེད་དོ་།རང་བཞིན་སྟོང་པ་ཉིད་ནི། འདི་དག་ནི། འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །འདི་ནི། འཕགས་པའི་ལམ་ཡན་ལག་ བརྒྱད་པའི་སྟོང་པ་ཉིད་དོ་ཞེས་འཕགས་པའི་ལམ་ཡན་ལག་བརྒྱད་པ་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་དག་ནི། འཕགས་པའི་བདེན་པ་རྣམས་སོ། །འདི་ནི་ འཕགས་པའི་བདེན་པ་རྣམས་ཀྱི་སྟོང་པ་ཉིད་དོ་ཞེས་འཕགས་པའི་བདེན་པ་རྣམས་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་དག་ནི། བསམ་གཏན་རྣམས་སོ། ། འདི་ནི༑ བསམ་གཏན་རྣམས་ཀྱི་སྟོང་པ་ཉིད་དོ་ཞེས་བསམ་གཏན་རྣམས་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་དག་ནི། ཚད་མེད་པ་རྣམས་སོ། ། [204A]༄༅། །འདི་ནི༑ ཚད་མེད་པ་རྣམས་ཀྱི་སྟོང་པ་ཉིད་དོ་ཞེས་ཚད་མེད་པ་རྣམས་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་དག་ནི། གཟུགས་མེད་པའི་ སྙོམས་པར་འཇུག་པ་རྣམས་སོ། །འདི་ནི། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་སྟོང་པ་ཉིད་དོ་ཞེས་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་རྣམ་པར་འཁྲུག་པར་ མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་དག་ནི། རྣམ་པར་ཐར་པ་རྣམས་སོ། །འདི་ནི། རྣམ་པར་ཐར་པ་རྣམས་ཀྱི་སྟོང་པ་ཉིད་དོ་ཞེས་རྣམ་པར་ཐར་པ་རྣམས་རྣམ་པར་འཁྲུག་པར་ མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་དག་ནི། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སོ། །འདི་ནི། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ སྟོང་པ་ཉིད་དོ་ཞེས་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་དག་ནི། སྟོང་པ་ཉིད་དང། མཚན་མ་མེད་པ་ དང། སྨོན་པ་མེད་པའོ། །འདི་ནི། སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་སྟོང་པ་ཉིད་དོ་ཞེས་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་རྣམ་པར་ འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་དག་ནི་མངོན་པར་ཤེས་པ་རྣམས་སོ། །འདི་ནི། མངོན་པར་ཤེས་པ་རྣམས་ཀྱི་སྟོང་པ་ཉིད་དོ་ཞེས་མངོན་པར་ཤེས་པ་རྣམས་ [204B] །རང་བཞིན་སྟོང་པ་ཉིད་ནི། འདི་དག་ནི། ཏིང་ངེ་འཛིན་རྣམས་སོ། །འདི་ནི། ཏིང་ངེ་འཛིན་རྣམས་ཀྱི་སྟོང་པ་ཉིད་དོ་ཞེས་ཏིང་ངེ་འཛིན་རྣམས་རྣམ་པར་འཁྲུག་པར་ མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་དག་ནི། གཟུངས་ཀྱི་སྒོ་རྣམས་སོ། །འདི་ནི། གཟུངས་ཀྱི་སྒོ་རྣམས་ཀྱི་སྟོང་པ་ཉིད་དོ་ཞེས་གཟུངས་ཀྱི་སྒོ་རྣམས་རྣམ་པར་འཁྲུག་པར་མི་བྱེད་དོ། ། རང་བཞིན་སྟོང་པ་ཉིད་ནི། འདི་དག་ནི། དེ་བཞིན་གཤེགས་པའི་སྟོབས་བཅུའོ། །འདི་ནི། དེ་བཞིན་གཤེགས་པའི་སྟོབས་བཅུའི་སྟོང་པ་ཉིད་དོ་ཞེས་དེ་བཞིན་གཤེགས་པའི་སྟོབས་རྣམས་ རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་དག་ནི། མི་འཇིགས་པ་རྣམས་སོ། །འདི་ནི། མི་འཇིགས་པ་རྣམས་ཀྱི་སྟོང་པ་ཉིད་དོ་ཞེས་མི་འཇིགས་པ་རྣམས་རྣམ་པར་ འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་དག་ནི་སོ་སོ་ཡང་དག་པར་རིག་པ་རྣམས་སོ། །འདི་ནི། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་སྟོང་པ་ཉིད་དོ་ཞེས་སོ་སོ་ཡང་དག་ པར་རིག་པ་རྣམས་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་ནི། བྱམས་པ་ཆེན་པོའོ། །འདི་ནི། བྱམས་པ་ཆེན་པོའི་སྟོང་པ་ཉིད་དོ་ཞེས་བྱམས་པ་ཆེན་པོ་རྣམ་པར་ འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་ནི་སྙིང་རྗེ་ཆེན་པོའོ། །འདི་ནི། སྙིང་རྗེ་ཆེན་པོའི་སྟོང་པ་ཉིད་དོ་ཞེས་སྙིང་རྗེ་ཆེན་པོ་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་ [205A]༄༅། །སྟོང་པ་ཉིད་ནི། འདི་དག་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སོ། །འདི་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་སྟོང་པ་ཉིད་དོ་ཞེས་སངས་རྒྱས་ཀྱི་ཆོས་མ་ འདྲེས་པ་རྣམས་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་ནི། རྒྱུན་དུ་ཞུགས་པའི་འབྲས་བུའོ། །འདི་ནི་རྒྱུན་དུ་ཞུགས་པའི་འབྲས་བུའི་སྟོང་པ་ཉིད་དོ་ཞེས་ རྒྱུན་དུ་ཞུགས་པའི་འབྲས་བུ་རྣམ་པར་འཁྲུག་པར་མི་བྱེད་དོ་།རང་བཞིན་སྟོང་པ་ཉིད་ནི། འདི་ནི། ལན་གཅིག་ཕྱིར་འོང་བའི་འབྲས་བུའོ། །འདི་ནི། ལན་ཅིག་ཕྱིར་འོང་བའི་འབྲས་ བུའི་སྟོང་པ་ཉིད་དོ་ཞེས་ལན་ཅིག་ཕྱིར་འོང་བའི་འབྲས་བུ་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་ནི་ཕྱིར་མི་འོང་བའི་འབྲས་བུའོ། །འདི་ནི། ཕྱིར་མི་འོང་བའི་ འབྲས་བུའི་སྟོང་པ་ཉིད་དོ་ཞེས་ཕྱིར་མི་འོང་བའི་འབྲས་བུ་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་ནི་དགྲ་བཅོམ་པ་ཉིད་དོ། །འདི་ནི། དགྲ་བཅོམ་པ་ཉིད་ཀྱི་ སྟོང་པ་ཉིད་དོ་ཞེས་དགྲ་བཅོམ་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་ནི། རང་བྱང་ཆུབ་བོ། །འདི་ནི། རང་བྱང་ཆུབ་ཀྱི་སྟོང་པ་ཉིད་དོ་ཞེས་རང་བྱང་ཆུབ་ རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི། འདི་ནི། བྱང་ཆུབ་བོ། །འདི་ནི། བྱང་ཆུབ་ཀྱི་སྟོང་པ་ཉིད་དོ་ཞེས་བྱང་ཆུབ་རྣམ་པར་འཁྲུག་པར་མི་བྱེད་དོ།། །། [205B] །བམ་པོ་ཉིས་བརྒྱ་གྱ་བརྒྱད་པ། །རབ་འབྱོར། འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི། ནམ་མཁའ་རྣམ་པར་འཁྲུག་པར་མི་བྱེད་དོ། །ནང་གི་ནམ་ མཁའ་ནི། ཕྱིའི་ནམ་མཁའ་རྣམ་པར་འཁྲུག་པར་མི་བྱེད་དོ་།ཕྱིའི་ནམ་མཁའ་ནི། ནང་གི་ནམ་མཁའ་རྣམ་པར་འཁྲུག་པར་མི་བྱེད་དོ། །རབ་འབྱོར། དེ་བཞིན་དུ་གཟུགས་ཀྱང་སྟོང་པ་ཉིད་ རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་གཟུགས་རྣམ་པར་འཁྲུག་པར་མི་བྱེད་དོ། །ཚོར་བའང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་ཚོར་བ་རྣམ་པར་འཁྲུག་པར་མི་ བྱེད་དོ། །འདུ་ཤེས་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་འདུ་ཤེས་རྣམ་པར་འཁྲུག་པར་མི་བྱེད་དོ། །འདུ་བྱེད་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད་སྟོང་པ་ ཉིད་ཀྱང་འདུ་བྱེད་རྣམ་པར་འཁྲུག་པར་མི་བྱེད་དོ། །རྣམ་པར་ཤེས་པའང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པ་རྣམ་པར་འཁྲུག་པར་མི་བྱེད་དོ། །མིག་ ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་མིག་རྣམ་པར་འཁྲུག་པར་མི་བྱེད་དོ། །རྣ་བའང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་རྣ་བ་རྣམ་པར་འཁྲུག་ པར་མི་བྱེད་དོ། །སྣའང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་སྣ་རྣམ་པར་འཁྲུག་པར་མི་བྱེད་དོ་།ལྕེའང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་ལྕེ་ [206A]༄༅། །རྣམ་པར་འཁྲུག་པར་མི་བྱེད་དོ། །ལུས་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་ལུས་རྣམ་པར་འཁྲུག་པར་མི་བྱེད་དོ། །ཡིད་ཀྱང་སྟོང་པ་ཉིད་རྣམ་ པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་ཡིད་རྣམ་པར་འཁྲུག་པར་མི་བྱེད་དོ། །གཟུགས་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་གཟུགས་རྣམ་པར་འཁྲུག་པར་ མི་བྱེད་དོ། །སྒྲའང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད་སྟོང་པ་ཉིད་ཀྱང་སྒྲ་རྣམ་པར་འཁྲུག་པར་མི་བྱེད་དོ། །དྲིའང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་ དྲི་རྣམ་པར་འཁྲུག་པར་མི་བྱེད་དོ། །རོའང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་རོ་རྣམ་པར་འཁྲུག་པར་མི་བྱེད་དོ། །རེག་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་ མི་བྱེད། སྟོང་པ་ཉིད་ཀྱང་རེག་རྣམ་པར་འཁྲུག་པར་མི་བྱེད་དོ་།ཆོས་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་ཆོས་རྣམ་པར་འཁྲུག་པར་མི་བྱེད་དོ། །མིག་གི་ རྣམ་པར་ཤེས་པའང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད་སྟོང་པ་ཉིད་ཀྱང་མིག་གི་རྣམ་པར་ཤེས་པ་རྣམ་པར་འཁྲུག་པར་མི་བྱེད་དོ། །རྣ་བའི་རྣམ་པར་ཤེས་པའང་སྟོང་པ་ ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་རྣ་བའི་རྣམ་པར་ཤེས་པ་རྣམ་པར་འཁྲུག་པར་མི་བྱེད་དོ། །སྣའི་རྣམ་པར་ཤེས་པའང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད་ [206B]པར་མི་བྱེད་དོ། །ལྕེའི་རྣམ་པར་ཤེས་པའང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་ལྕེའི་རྣམ་པར་ཤེས་པ་རྣམ་པར་ འཁྲུག་པར་མི་བྱེད་དོ། །ལུས་ཀྱི་རྣམ་པར་ཤེས་པའང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་ལུས་ཀྱི་རྣམ་པར་ཤེས་པ་རྣམ་པར་འཁྲུག་པར་མི་བྱེད་དོ། །ཡིད་ཀྱི་རྣམ་ པར་ཤེས་པའང་སྟོང་པ་ཉིད་རྣམ་པ་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་ཡིད་ཀྱི་རྣམ་པར་ཤེས་པ་རྣམ་པར་ལ་འཁྲུག་པར་མི་བྱེད་དོ། །མིག་གི་འདུས་ཏེ་རེག་པའང་སྟོང་པ་ཉིད་རྣམ་པར་ འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་མིག་གི་འདུས་ཏེ་རེག་པ་རྣམ་པར་འཁྲུག་པར་མི་བྱེད་དོ། །རྣ་བའི་འདུས་ཏེ་རེག་པའང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་རྣ་ བའི་འདུས་ཏེ་རེག་པ་རྣམ་པར་འཁྲུག་པར་མི་བྱེད་དོ། །སྣའི་འདུས་ཏེ་རེག་པའང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་སྣའི་འདུས་ཏེ་རེག་པ་རྣམ་པར་འཁྲུག་པར་མི་ བྱེད་དོ༑ ༑ལྕེའི་འདུས་ཏེ་རེག་པའང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་ལྕེའི་འདུས་ཏེ་རེག་པ་རྣམ་པར་འཁྲུག་པར་མི་བྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པའང་སྟོང་པ་ ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་ལུས་ཀྱི་འདུས་ཏེ་རེག་པ་རྣམ་པར་འཁྲུག་པར་མི་བྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་ [207A]༄༅། །པ་ཉིད་ཀྱང་ཡིད་ཀྱི་འདུས་ཏེ་རེག་པ་རྣམ་པར་འཁྲུག་པར་མི་བྱེད་དོ། །མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་ པ་ཉིད་ཀྱང་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་རྣམ་པར་འཁྲུག་པར་མི་བྱེད་དོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་ བྱེད༑ སྟོང་པ་ཉིད་ཀྱང་རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་རྣམ་པར་འཁྲུག་པར་མི་བྱེད་དོ། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའང་སྟོང་པ་ཉིད་རྣམ་པར་འཁྲུག་ པར་མི་བྱེད། སྟོང་པ་ཉིད་ཀྱང་སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་རྣམ་པར་འཁྲུག་པར་མི་བྱེད་དོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའང་སྟོང་པ་ཉིད་རྣམ་པར་འཁྲུག་ པར་མི་བྱེད། སྟོང་པ་ཉིད་ཀྱང་ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་རྣམ་པར་འཁྲུག་པར་མི་བྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའང་སྟོང་པ་ཉིད་རྣམ་ པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་རྣམ་པར་འཁྲུག་པར་མི་བྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའང་སྟོང་ པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་རྣམ་པར་འཁྲུག་པར་མི་བྱེད་དོ། །སའི་ཁམས་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་ [207B] སྟོང་པ་ཉིད་ཀྱང་སའི་ཁམས་རྣམ་པར་འཁྲུག་པར་མི་བྱེད་དོ། །ཆུའི་ཁམས་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་ཆུའི་ཁམས་རྣམ་པར་འཁྲུག་པར་མི་བྱེད་ དོ༑ ༑མེའི་ཁམས་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད་སྟོང་པ་ཉིད་ཀྱང་མེའི་ཁམས་རྣམ་པར་འཁྲུག་པར་མི་བྱེད་དོ་།རླུང་གི་ཁམས་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད་ སྟོང་པ་ཉིད་ཀྱང་རླུང་གི་ཁམས་རྣམ་པར་འཁྲུག་པར་མི་བྱེད་དོ། །ནམ་མཁའི་ཁམས་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་ནམ་མཁའི་ཁམས་རྣམ་པར་འཁྲུག་ པར་མི་བྱེད་དོ། །རྣམ་པར་ཤེས་པའི་ཁམས་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པའི་ཁམས་རྣམ་པར་འཁྲུག་པར་མི་བྱེད་དོ། །མ་རིག་པའང་སྟོང་ པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་མ་རིག་པ་རྣམ་པར་འཁྲུག་པར་མི་བྱེད་དོ། །འདུ་བྱེད་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་འདུ་བྱེད་ རྣམ་པར་འཁྲུག་པར་མི་བྱེད་དོ། །རྣམ་པར་ཤེས་པའང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པ་རྣམ་པར་འཁྲུག་པར་མི་བྱེད་དོ། །མིང་དང་གཟུགས་ ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་མིང་དང་གཟུགས་རྣམ་པར་འཁྲུག་པར་མི་བྱེད་དོ། །སྐྱེ་མཆེད་དྲུག་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ [208A]༄༅། །ཉིད་ཀྱང་སྐྱེ་མཆེད་དྲུག་རྣམ་པར་འཁྲུག་པར་མི་བྱེད་དོ། །རེག་པའང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་རེག་པ་རྣམ་པར་འཁྲུག་པར་མི་ བྱེད་དོ༑ ༑ཚོར་བའང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད་སྟོང་པ་ཉིད་ཀྱང་ཚོར་བ་རྣམ་པར་འཁྲུག་པར་མི་བྱེད་དོ། །སྲེད་པའང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་ པ་ཉིད་ཀྱང་སྲེད་པ་རྣམ་པར་འཁྲུག་པར་མི་བྱེད་དོ། །ལེན་པའང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་ལེན་པ་རྣམ་པར་འཁྲུག་པར་མི་བྱེད་དོ། །སྲིད་པའང་སྟོང་ པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་སྲིད་པ་རྣམ་པར་འཁྲུག་པར་མི་བྱེད་དོ། །སྐྱ་བའང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་སྐྱེ་བ་རྣམ་པར་ འཁྲུག་པར་མི་བྱེད་དོ། །རྒ་ཤིའང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་རྒོ་ཤི་རྣམ་པར་འཁྲུག་པར་མི་བྱེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའང་སྟོང་པ་ཉིད་ རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཁྲུག་པར་མི་བྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའང་སྟོང་པ་ཉིད་རྣམ་པར་འཁྲུག་པར་ མི་བྱེད༑ སྟོང་པ་ཉིད་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཁྲུག་པར་མི་བྱེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ [208B]བྱེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་བརྩོན་འགྲུས་ཀྱི་ཕ་རོལ་ ཏུ་ཕྱིན་པ་རྣམ་པར་འཁྲུག་པར་མི་བྱེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད་སྟོང་པ་ཉིད་ཀྱང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་ པར་འཁྲུག་པར་མི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཁྲུག་པར་མི་བྱེད་དོ། ། ནང་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་ནང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད་དོ། །ཕྱི་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་ བྱེད༑ སྟོང་པ་ཉིད་ཀྱང་ཕྱི་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད་དོ། །ཕྱི་ནང་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་ཕྱི་ནང་སྟོང་པ་ཉིད་ རྣམ་པར་འཁྲུག་པར་མི་བྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད་དོ་།ཆེན་པོ་ སྟོང་པ་ཉིད་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད་སྟོང་པ་ཉིད་ཀྱང་ཆེན་པོ་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད་དོ། །དོན་དམ་པ་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་ [209A]༄༅། །པར་མི་བྱེད། སྟོང་པ་ཉིད་ཀྱང་དོན་དམ་པ་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད་དོ། །འདུས་བྱས་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད་ སྟོང་པ་ཉིད་ཀྱང་འདུས་བྱས་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་འདུས་མ་བྱས་ སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད་སྟོང་པ་ཉིད་ཀྱང་མཐའ་ལས་འདས་པ་སྟོང་པ་ཉིད་རྣམ་ པར་འཁྲུག་པར་མི་བྱེད་དོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་རྣམ་པར་ འཁྲུག་པར་མི་བྱེད་དོ། །དོར་བ་མེད་པ་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་དོར་བ་མེད་པ་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་ བཞིན་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་སྟོང་ པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་ཆོས་ཐམས་ཅད་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་རྣམ་པར་ [209B] སྟོང་པ་ཉིད་ཀྱང་རང་གི་མཚན་ཉིད་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད་དོ། །མི་དམིགས་པ་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ ཉིད་ཀྱང་མི་དམིགས་པ་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད་དོ། །དངོས་པོ་མེད་པ་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་དངོས་པོ་མེད་པ་སྟོང་པ་ ཉིད་རྣམ་པར་འཁྲུག་པར་མི་བྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་ངོ་བོ་ཉིད་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད་དོ་།དངོས་ པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད་དོ། །དྲན་པ་ཉེ་ བར་གཞག་པ་རྣམས་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་དྲན་པ་ཉེ་བར་གཞག་པ་རྣམས་རྣམ་པར་འཁྲུག་པར་མི་བྱེད་དོ། །ཡང་དག་པར་སྤོང་བ་རྣམས་ཀྱང་ སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་ཡང་དག་པར་སྤོང་བ་རྣམས་རྣམ་པར་འཁྲུག་པར་མི་བྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་ པར་མི་བྱེད། སྟོང་པ་ཉིད་ཀྱང་རྫུ་འཕྲུལ་གྱི་རྐང་པ་རྣམས་རྣམ་པར་འཁྲུག་པར་མི་བྱེད་དོ། །དབང་པོ་རྣམས་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་དབང་ [210A]༄༅། །པོ་རྣམས་རྣམ་པར་འཁྲུག་པར་མི་བྱེད་དོ། །སྟོབས་རྣམས་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་སྟོབས་རྣམས་རྣམ་པར་ འཁྲུག་པར་མི་བྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་བྱང་ཆུབ་ཀྱི་ཡན་ལག་རྣམས་རྣམ་པར་འཁྲུག་པར་མི་ བྱེད་དོ༑ ༑འཕགས་པའི་ལམ་ཡན་ལག་བརྒྱད་པའང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་འཕགས་པའི་ལམ་ཡན་ལག་བརྒྱད་པ་རྣམ་པར་འཁྲུག་པར་ མི་བྱེད་དོ། །འཕགས་པའི་བདེན་པ་རྣམས་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་འཕགས་པའི་བདེན་པ་རྣམས་རྣམ་པར་འཁྲུག་པར་མི་བྱེད་དོ། ། བསམ་གཏན་རྣམས་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད་སྟོང་པ་ཉིད་ཀྱང་བསམ་གཏན་རྣམས་རྣམ་པར་འཁྲུག་པར་མི་བྱེད་དོ། །ཚད་མེད་པ་རྣམས་ཀྱང་སྟོང་པ་ ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་ཚད་མེད་པ་རྣམས་རྣམ་པར་འཁྲུག་པར་མི་བྱེད་དོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱང་སྟོང་པ་ཉིད་རྣམ་ པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་རྣམ་པར་འཁྲུག་པར་མི་བྱེད་དོ། །རྣམ་པར་ཐར་པ་བརྒྱད་ཀྱང་སྟོང་པ་ཉིད་རྣམ་པར་ [210B] སྟོང་པ་ཉིད་ཀྱང་རྣམ་པར་ཐར་པ་བརྒྱད་རྣམ་པར་འཁྲུག་པར་མི་བྱེད་དོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དྒུའང་སྟོང་པ་ཉིད་རྣམ་པར་འཁྲུག་ པར་མི་བྱེད། སྟོང་པ་ཉིད་ཀྱང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་རྣམ་པར་འཁྲུག་པར་མི་བྱེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་ པ་མེད་པའང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་རྣམ་པར་འཁྲུག་པར་མི་བྱེད་དོ་།མངོན་ པར་ཤེས་པ་རྣམས་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་མངོན་པར་ཤེས་པ་རྣམས་རྣམ་པར་འཁྲུག་པར་མི་བྱེད་དོ། །ཏིང་ངེ་འཛིན་རྣམས་ཀྱང་སྟོང་པ་ ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་ཏིང་ངེ་འཛིན་རྣམས་རྣམ་པར་འཁྲུག་པར་མི་བྱེད་དོ། །གཟུངས་ཀྱི་སྒོ་རྣམས་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད་ སྟོང་པ་ཉིད་ཀྱང་གཟུངས་ཀྱི་སྒོ་རྣམས་རྣམ་པར་འཁྲུག་པར་མི་བྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་བྕུའང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ ཀྱང་དེ་བཞིན་གཤེགས་པའི་སྟོབས་བཅུ་རྣམ་པར་འཁྲུག་པར་མི་བྱེད་དོ། །མི་འཇིགས་པ་བྮིའང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་མི་འཇིགས་ [211A]༄༅། །པ་བཞི་རྣམ་པར་འཁྲུག་པར་མི་བྱེད་དོ། །སོ་སོ་ཡང་དག་པར་རིག་པ་བྮིའང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད་སྟོང་པ་ཉིད་ཀྱང་སོ་སོ་ ཡང་དག་པར་རིག་པ་བཞི་རྣམ་པར་འཁྲུག་པར་མི་བྱེད་དོ། །བྱམས་པ་ཆེན་པོའང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་བྱམས་པ་ཆེན་པོ་རྣམ་པར་ འཁྲུག་པར་མི་བྱེད་དོ། །སྙིང་རྗེ་ཆེན་པོའང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་སྙིང་རྗེ་ཆེན་པོ་རྣམ་པར་འཁྲུག་པར་མི་བྱེད་དོ། །སངས་རྒྱས་ཀྱི་ ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམ་པར་འཁྲུག་པར་མི་བྱེད་དོ། ། རྒྱུན་དུ་ཞུགས་པའི་འབྲས་བུའང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་རྒྱུན་དུ་ཞུགས་པའི་འབྲས་བུ་རྣམ་པར་འཁྲུག་པར་མི་བྱེད་དོ། །ལན་གཅིག་ཕྱིར་ འོང་བའི་འབྲས་བུའང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད་སྟོང་པ་ཉིད་ཀྱང་ལན་གཅིག་ཕྱིར་འོང་བའི་འབྲས་བུ་རྣམ་པར་འཁྲུག་པར་མི་བྱེད་དོ། །ཕྱིར་མི་འོང་བའི་འབྲས་ བུའང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་ཕྱིར་མི་འོང་བའི་འབྲས་བུ་རྣམ་པར་འཁྲུག་པར་མི་བྱེད་དོ་།དགྲ་བཅོམ་པ་ཉིད་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་ [211B] སྟོང་པ་ཉིད་ཀྱང་དགྲ་བཅོམ་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད་དོ། །རང་བྱང་ཆུབ་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་རང་བྱང་ཆུབ་རྣམ་པར་ འཁྲུག་པར་མི་བྱེད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་ལམ་གྱི་རྣམ་པ་ཤེས་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད་དོ། ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྣམ་པར་འཁྲུག་ པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ལ་གང་འདི་ལྟར་འདི་ནི། གཟུགས། འདི་ནི། སྟོང་པ་ཉིད་དོ། །འདི་ནི། ཚོར་བ། འདི་ནི། སྟོང་པ་ཉིད་དོ། །འདི་ནི། འདུ་ཤེས། འདི་ནི། སྟོང་པ་ ཉིད་དོ༑ ༑འདི་ནི། འདུ་བྱེད། འདི་ནི། སྟོང་པ་ཉིད་དོ། །འདི་ནི་རྣམ་པར་ཤེས་པ། འདི་ནི། སྟོང་པ་ཉིད་དོ། །འདི་ནི། མིག། འདི་ནི་སྟོང་པ་ཉིད་དོ། །འདི་ནི། རྣ་བ། འདི་ནི། སྟོང་པ་ཉིད་ དོ༑ ༑འདི་ནི། སྣ། འདི་ནི། སྟོང་པ་ཉིད་དོ། །འདི་ནི། ལྕེ། འདི་ནི་སྟོང་པ་ཉིད་དོ། །འདི་ནི། ལུས། འདི་ནི། སྟོང་པ་ཉིད་དོ། །འདི་ནི། ཡིད། འདི་ནི། སྟོང་པ་ཉིད་དོ། །འདི་ནི། གཟུགས། འདི་ནི་ སྟོང་པ་ཉིད་དོ། །འདི་ནི། སྒྲ། འདི་ནི། སྟོང་པ་ཉིད་དོ། །འདི་ནི། དྲི། འདི་ནི། སྟོང་པ་ཉིད་དོ། །འདི་ནི། རོ། འདི་ནི། སྟོང་པ་ཉིད་དོ། །འདི་ནི། རེག་འདི་ནི། སྟོང་པ་ཉིད་དོ། །འདི་ནི། ཆོས་ [212A]༄༅། །འདི་ནི། སྟོང་པ་ཉིད་དོ། །འདི་ནི། མིག་གི་རྣམ་པར་ཤེས་པ། འདི་ནི། སྟོང་པ་ཉིད་དོ། །འདི་ནི། རྣ་བའི་རྣམ་པར་ཤེས་པ་འདི་ནི། སྟོང་པ་ཉིད་དོ། །འདི་ནི། སྣའི་ རྣམ་པར་ཤེས་པ། འདི་ནི། སྟོང་པ་ཉིད་དོ། །འདི་ནི། ལྕེའི་རྣམ་པར་ཤེས་པ། འདི་ནི། སྟོང་པ་ཉིད་དོ། །འདི་ནི། ལུས་ཀྱི་རྣམ་པར་ཤེས་པ། འདི་ནི། སྟོང་པ་ཉིད་དོ། འདི་ནི། ཡིད་ཀྱི་ རྣམ་པར་ཤེས་པ། འདི་ནི། སྟོང་པ་ཉིད་དོ། །འདི་ནི། མིག་གི་འདུས་ཏེ་རེག་པ། འདི་ནི། སྟོང་པ་ཉིད་དོ། །འདི་ནི། རྣ་བའི་འདུས་ཏེ་རེག་པ། འདི་ནི། སྟོང་པ་ཉིད་དོ། །འདི་ནི། སྣའི་འདུས་ཏེ་ རེག་པ༑ འདི་ནི། སྟོང་པ་ཉིད་དོ། །འདི་ནི། ལྕེའི་འདུས་ཏེ་རེག་པ་འདི་ནི། སྟོང་པ་ཉིད་དོ། །འདི་ནི། ལུས་ཀྱི་འདུས་ཏེ་རེག་པ། འདི་ནི། སྟོང་པ་ཉིད་དོ། །འདི་ནི། ཡིད་ཀྱི་འདུས་ཏེ་རེག་པ་ འདི་ནི༑ སྟོང་པ་ཉིད་དོ། །འདི་ནི། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ། འདི་ནི། སྟོང་པ་ཉིད་དོ། །འདི་ནི། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ། འདི་ནི། སྟོང་པ་ཉིད་ དོ༑ ༑འདི་ནི། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ། འདི་ནི་སྟོང་པ་ཉིད་དོ། །འདི་ནི། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ། འདི་ནི། སྟོང་པ་ཉིད་དོ། །འདི་ནི། ལུས་ཀྱི་འདུས་ ཏེ་རེག་པའི་རྐྱེན་གྱིས་ཚོར་བ། འདི་ནི། སྟོང་པ་ཉིད་དོ། །འདི་ནི། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ། འདི་ནི། སྟོང་པ་ཉིད་དོ། །འདི་ནི། སའི་ཁམས། འདི་ནི། སྟོང་པ་ཉིད་ [212B] ༑འདི་ནི། ཆུའི་ཁམས། འདི་ནི། སྟོང་པ་ཉིད་དོ། །འདི་ནི། མེའི་ཁམས། འདི་ནི། སྟོང་པ་ཉིད་དོ། །འདི་ནི། རླུང་གི་ཁམས། འདི་ནི། སྟོང་པ་ཉིད་དོ། །འདི་ནི། ནམ་མཁའི་ཁམས། འདི་ ནི༑ སྟོང་པ་ཉིད་དོ། །འདི་ནི། རྣམ་པར་ཤེས་པའི་ཁམས། འདི་ནི་སྟོང་པ་ཉིད་དོ། །འདི་ནི། མ་རིག་པ། འདི་ནི། སྟོང་པ་ཉིད་དོ་།འདི་ནི། འདུ་བྱེད། འདི་ནི། སྟོང་པ་ཉིད་དོ། །འདི་ནི། རྣམ་ པར་ཤེས་པ། འདི་ནི། སྟོང་པ་ཉིད་དོ། །འདི་ནི། མིང་དང་གཟུགས་འདི་ནི། སྟོང་པ་ཉིད་དོ། །འདི་ནི། སྐྱེ་མཆེད་དྲུག་འདི་ནི། སྟོང་པ་ཉིད་དོ། །འདི་ནི། རེག་པ། འདི་ནི། སྟོང་པ་ཉིད་ དོ༑ ༑འདི་ནི། ཚོར་བ། འདི་ནི། སྟོང་པ་ཉིད་དོ། །འདི་ནི། སྲེད་པ་འདི་ནི། སྟོང་པ་ཉིད་དོ། །འདི་ནི། ལེན་པ། འདི་ནི། སྟོང་པ་ཉིད་དོ། །འདི་ནི། སྲིད་པ། འདི་ནི། སྟོང་པ་ཉིད་དོ། །འདི་ནི། སྐྱེ་བ་ འདི་ནི༑ སྟོང་པ་ཉིད་དོ། །འདི་ནི། རྒ་ཤི། འདི་ནི། སྟོང་པ་ཉིད་དོ། །འདི་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ། འདི་ནི། སྟོང་པ་ཉིད་དོ། །འདི་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ། འདི་ནི་སྟོང་ པ་ཉིད་དོ། །འདི་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པ། འདི་ནི། སྟོང་པ་ཉིད་དོ། །འདི་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ། འདི་ནི། སྟོང་པ་ཉིད་དོ། །འདི་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ འདི་ནི༑ སྟོང་པ་ཉིད་དོ། །འདི་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། འདི་ནི། སྟོང་པ་ཉིད་དོ། །འདི་ནི། ནང་སྟོང་པ་ཉིད། འདི་ནི། སྟོང་པ་ཉིད་དོ། །འདི་ནི། ཕྱི་སྟོང་པ་ཉིད། འདི་ནི། སྟོང་པ་ཉིད་ [213A]༄༅། །དོ༑ ༑འདི་ནི། ཕྱི་ནང་སྟོང་པ་ཉིད། འདི་ནི། སྟོང་པ་ཉིད་དོ། །འདི་ནི། སྟོང་པ་ཉིད་སྟོང་པ་ཉིད། འདི་ནི། སྟོང་པ་ཉིད་དོ། །འདི་ནི། ཆེན་པོ་སྟོང་པ་ཉིད། འདི་ནི། སྟོང་ པ་ཉིད་དོ། །འདི་ནི། དོན་དམ་པ་སྟོང་པ་ཉིད། འདི་ནི། སྟོང་པ་ཉིད་དོ། །འདི་ནི། འདུས་བྱས་སྟོང་པ་ཉིད། འདི་ནི། སྟོང་པ་ཉིད་དོ། །འདི་ནི། འདུས་མ་བྱས་སྟོང་པ་ཉིད། འདི་ནི་ སྟོང་པ་ཉིད་དོ། །འདི་ནི། མཐའ་ལས་འདས་པ་སྟོང་པ་ཉིད། འདི་ནི། སྟོང་པ་ཉིད་དོ། །འདི་ནི། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད། འདི་ནི། སྟོང་པ་ཉིད་དོ། །འདི་ནི། དོར་བ་མེད་པ་ སྟོང་པ་ཉིད། འདི་ནི། སྟོང་པ་ཉིད་དོ། །འདི་ནི། རང་བཞིན་སྟོང་པ་ཉིད། འདི་ནི། སྟོང་པ་ཉིད་དོ། །འདི་ནི། ཆོས་ཐམས་ཅད་སྟོང་པ་ཉིད། འདི་ནི། སྟོང་པ་ཉིད་དོ། །འདི་ནི། རང་གི་ མཚན་ཉིད་སྟོང་པ་ཉིད། འདི་ནི། སྟོང་པ་ཉིད་དོ། །འདི་ནི། མི་དམིགས་པ་སྟོང་པ་ཉིད། འདི་ནི། སྟོང་པ་ཉིད་དོ། །འདི་ནི། དངོས་པོ་མེད་པ་སྟོང་པ་ཉིད། འདི་ནི། སྟོང་པ་ཉིད་དོ། ། འདི་ནི༑ ངོ་བོ་ཉིད་སྟོང་པ་ཉིད། འདི་ནི། སྟོང་པ་ཉིད་དོ། །འདི་ནི། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད། འདི་ནི། སྟོང་པ་ཉིད་དོ། །འདི་དག་ནི། དྲན་པ་ཉེ་བར་གཞག་པ་རྣམས་ འདི་ནི༑ སྟོང་པ་ཉིད་དོ། འདི་དག་ནི། ཡང་དག་པར་སྤོང་བ་རྣམས། འདི་ནི། སྟོང་པ་ཉིད་དོ། །འདི་དག་ནི། རྫུ་འཕྲུལ་གྱི་རྐང་པ་རྣམས། འདི་ནི། སྟོང་པ་ཉིད་དོ། །འདི་དག་ནི་ [213B] འདི་ནི། སྟོང་པ་ཉིད་དོ། །འདི་དག་ནི་སྟོབས་རྣམས། འདི་ནི། སྟོང་པ་ཉིད་དོ། །འདི་དག་ནི། བྱང་ཆུབ་ཀྱི་ཡན་ལག་རྣམས། འདི་ནི། སྟོང་པ་ཉིད་དོ། །འདི་དག་ནི། འཕགས་ པའི་ལམ་ཡན་ལག་བརྒྱད་པ། འདི་ནི། སྟོང་པ་ཉིད་དོ། །འདི་དག་ནི། འཕགས་པའི་བདེན་པ་རྣམས། འདི་ནི། སྟོང་པ་ཉིད་དོ། །འདི་དག་ནི། བསམ་གཏན་རྣམས། འདི་ནི། སྟོང་པ་ཉིད་ དོ༑ ༑འདི་དག་ནི། ཚད་མེད་པ་རྣམས། འདི་ནི། སྟོང་པ་ཉིད་དོ་།འདི་དག་ནི། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས། འདི་ནི་སྟོང་པ་ཉིད་དོ། །འདི་དག་ནི། རྣམ་པར་ཐར་པ་བརྒྱད་ འདི་ནི། སྟོང་པ་ཉིད་དོ། །འདི་དག་ནི། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་འདི་ནི། སྟོང་པ་ཉིད་དོ། །འདི་དག་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་ པ་དང། སྨོན་པ་མེད་པ། འདི་ནི། སྟོང་པ་ཉིད་དོ། །འདི་དག་ནི་མངོན་པར་ཤེས་པ་རྣམས། འདི་ནི། སྟོང་པ་ཉིད་དོ། །འདི་དག་ནི་ཏིང་ངེ་འཛིན་རྣམས། འདི་ནི། སྟོང་པ་ཉིད་དོ། །འདི་དག་ནི་ གཟུངས་ཀྱི་སྒོ་རྣམས། འདི་ནི། སྟོང་པ་ཉིད་དོ། །འདི་དག་ནི། དེ་བཞིན་གཤེགས་པའི་སྟོབས་བཅུ། འདི་ནི། སྟོང་པ་ཉིད་དོ། །འདི་དག་ནི། མི་འཇིགས་པ་བཞི། འདི་ནི། སྟོང་པ་ཉིད་དོ། ། འདི་དག་ནི། སོ་སོ་ཡང་དག་པར་རིག་པ་བཞི། འདི་ནི། སྟོང་པ་ཉིད་དོ། །འདི་ནི། བྱམས་པ་ཆེན་པོ། འདི་ནི། སྟོང་པ་ཉིད་དོ། །འདི་ནི་སྙིང་རྗེ་ཆེན་པོ། འདི་ནི། སྟོང་པ་ཉིད་དོ། །འདི་དག་ [214A]༄༅། །ནི༑ སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད། འདི་ནི། སྟོང་པ་ཉིད་དོ། །འདི་ནི། རྒྱུན་དུ་ཞུགས་པའི་འབྲས་བུ། འདི་ནི། སྟོང་པ་ཉིད་དོ། །འདི་ནི། ལན་གཅིག་ ཕྱིར་འོང་བའི་འབྲས་བུ། འདི་ནི། སྟོང་པ་ཉིད་དོ། །འདི་ནི་ཕྱིར་མི་འོང་བའི་འབྲས་བུ། འདི་ནི། སྟོང་པ་ཉིད་དོ། །འདི་ནི་དགྲ་བཅོམ་པ་ཉིད། འདི་ནི། སྟོང་པ་ཉིད་དོ། །འདི་ནི། རང་བྱང་ ཆུབ༑ འདི་ནི། སྟོང་པ་ཉིད་དོ། །འདི་ནི། ལམ་གྱི་རྣམ་པ་ཤེས་པ་ཉིད། འདི་ནི། སྟོང་པ་ཉིད་དོ། །འདི་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ། འདི་ནི། སྟོང་པ་ཉིད་དོ་ཞེས་ རྣམ་པར་འཁྲུག་པ་དེ་ལྟ་བུའི་རང་བཞིན་མེད་དོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། གལ་ཏེ་ཆོས་ཐམས་ཅད་དབྱེར་མ་མཆིས་ན་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་བདག་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་སྟེ། མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ། །ཞེས་བགྱི་བར་སེམས་ པར་གྱུར། བཅོམ་ལྡན་འདས་བྱང་ཆུབ་ནི། གཉིས་སུ་དབྱེར་མ་མཆིས་པ་སྟེ། གཉིས་སུ་འབྱེད་པས་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་ འཚང་རྒྱ་བར་མི་ནུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་རབ་འབྱོར། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་ནི། གཉིས་སུ་དབྱེར་མེད་པ་སྟེ། གཉིས་ལ་སྤྱོད་པ་ [214B] །རབ་འབྱོར། བྱང་ཆུབ་ནི། གཉིས་སུ་མེད་དེ་གཉིས་སུ་དབྱེར་མེད་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ནི། བྱང་ཆུབ་བོ། །བྱང་ཆུབ་སེམས་ དཔའོ་ཞེས་བྱ་བར་གཉིས་སུ་བྱ་བ་ལ་མི་སྤྱོད་དོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་དེ་ནི། གཟུགས་ལ་མི་སྤྱོད་དོ། །ཚོར་བ་ལ་མི་སྤྱོད་དོ། །འདུ་ཤེས་ལ་མི་སྤྱོད་ དོ༑ ༑འདུ་བྱེད་ལ་མི་སྤྱོད་དོ། །རྣམ་པར་ཤེས་པ་ལ་མི་སྤྱོད་དོ་།མིག་ལ་མི་སྤྱོད་དོ། །རྣ་བ་ལ་མི་སྤྱོད་དོ། །སྣ་ལ་མི་སྤྱོད་དོ་།ལྕེ་ལ་མི་སྤྱོད་དོ། །ལུས་ལ་མི་སྤྱོད་དོ། །ཡིད་ལ་མི་སྤྱོད་ དོ༑ ༑གཟུགས་ལ་མི་སྤྱོད་དོ། །སྒྲ་ལ་མི་སྤྱོད་དོ། །དྲི་ལ་མི་སྤྱོད་དོ། །རོ་ལ་མི་སྤྱོད་དོ། །རེག་ལ་མི་སྤྱོད་དོ། །ཆོས་ལ་མི་སྤྱོད་དོ། །མིག་གི་རྣམ་པར་ཤེས་པ་ལ་མི་སྤྱོད་དོ། །རྣ་བའི་རྣམ་ པར་ཤེས་པ་ལ་མི་སྤྱོད་དོ། །སྣའི་རྣམ་པར་ཤེས་པ་ལ་མི་སྤྱོད་དོ། །ལྕེའི་རྣམ་པར་ཤེས་པ་ལ་མི་སྤྱོད་དོ། །ལུས་ཀྱི་རྣམ་པར་ཤེས་པ་ལ་མི་སྤྱོད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་ལ་མི་སྤྱོད་ དོ༑ ༑མིག་གི་འདུས་ཏེ་རེག་པ་ལ་མི་སྤྱོད་དོ། །རྣ་བའི་འདུས་ཏེ་རེག་པ་ལ་མི་སྤྱོད་དོ། །སྣའི་འདུས་ཏེ་རེག་པ་ལ་མི་སྤྱོད་དོ། །ལྕེའི་འདུས་ཏེ་རེག་པ་ལ་མི་སྤྱོད་དོ། །ལུས་ཀྱི་འདུས་ཏེ་རེག་ པ་ལ་མི་སྤྱོད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ལ་མི་སྤྱོད་དོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་མི་སྤྱོད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་མི་སྤྱོད་དོ། །སྣའི་ [215A]༄༅། །འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་མི་སྤྱོད་དོ་།ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་མི་སྤྱོད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་མི་སྤྱོད་ དོ༑ ༑ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་མི་སྤྱོད་དོ་།སའི་ཁམས་ལ་མི་སྤྱོད་དོ། །ཆུའི་ཁམས་ལ་མི་སྤྱོད་དོ། །མེའི་ཁམས་ལ་མི་སྤྱོད་དོ། །རླུང་གི་ཁམས་ལ་མི་སྤྱོད་དོ། ། ནམ་མཁའི་ཁམས་ལ་མི་སྤྱོད་དོ། །རྣམ་པར་ཤེས་པའི་ཁམས་ལ་མི་སྤྱོད་དོ། །མ་རིག་པ་ལ་མི་སྤྱོད་དོ། །འདུ་བྱེད་ལ་མི་སྤྱོད་དོ་།རྣམ་པར་ཤེས་པ་ལ་མི་སྤྱོད་དོ། །མིང་དང་གཟུགས་ ལ་མི་སྤྱོད་དོ། །སྐྱེ་མཆེད་དྲུག་ལ་མི་སྤྱོད་དོ། །རེག་པ་ལ་མི་སྤྱོད་དོ། །ཚོར་བ་ལ་མི་སྤྱོད་དོ། །སྲེད་པ་ལ་མི་སྤྱོད་དོ། །ལེན་པ་ལ་མི་སྤྱོད་དོ། །སྲིད་པ་ལ་མི་སྤྱོད་དོ། །སྐྱེ་བ་ལ་མི་སྤྱོད་ དོ༑ ༑རྒ་ཤི་ལ་མི་སྤྱོད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ་།བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བརྩོན་འགྲུས་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ནང་སྟོང་པ་ཉིད་ལ་མི་སྤྱོད་དོ། །ཕྱི་སྟོང་པ་ ཉིད་ལ་མི་སྤྱོད་དོ། །ཕྱི་ནང་སྟོང་པ་ཉིད་ལ་མི་སྤྱོད་དོ་།སྟོང་པ་ཉིད་སྟོང་པ་ཉིད་ལ་མི་སྤྱོད་དོ། །ཆེན་པོ་སྟོང་པ་ཉིད་ལ་མི་སྤྱོད་དོ། །དོན་དམ་པ་སྟོང་པ་ཉིད་ལ་མི་སྤྱོད་དོ་།འདུས་ [215B] །འདུས་མ་བྱས་སྟོང་པ་ཉིད་ལ་མི་སྤྱོད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ལ་མི་སྤྱོད་དོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་མི་སྤྱོད་དོ་།དོར་བ་ མེད་པ་སྟོང་པ་ཉིད་ལ་མི་སྤྱོད་དོ། །རང་བཞིན་སྟོང་པ་ཉིད་ལ་མི་སྤྱོད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་མི་སྤྱོད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ལ་མི་སྤྱོད་དོ། །མི་དམིགས་པ་སྟོང་པ་ཉིད་ ལ་མི་སྤྱོད་དོ། །དངོས་པོ་མེད་པ་སྟོང་པ་ཉིད་ལ་མི་སྤྱོད་དོ་།ངོ་བོ་ཉིད་སྟོང་པ་ཉིད་ལ་མི་སྤྱོད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་མི་སྤྱོད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ ལ་མི་སྤྱོད་དོ། །ཡང་དག་པར་སྤོང་བ་རྣམས་ལ་མི་སྤྱོད་དོ་།རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་མི་སྤྱོད་དོ། །དབང་པོ་རྣམས་ལ་མི་སྤྱོད་དོ། །སྟོབས་རྣམས་ལ་མི་སྤྱོད་དོ། །བྱང་ཆུབ་ཀྱི་ ཡན་ལག་རྣམས་ལ་མི་སྤྱོད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་མི་སྤྱོད་དོ། །འཕགས་པའི་བདེན་པ་རྣམས་ལ་མི་སྤྱོད་དོ། །བསམ་གཏན་རྣམས་ལ་མི་སྤྱོད་དོ། །ཚད་ མེད་པ་རྣམས་ལ་མི་སྤྱོད་དོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་མི་སྤྱོད་དོ། །རྣམ་པར་ཐར་པ་བརྒྱད་ལ་མི་སྤྱོད་དོ་།མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ ལ་མི་སྤྱོད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ལ་མི་སྤྱོད་དོ། །མངོན་པར་ཤེས་པ་རྣམས་ལ་མི་སྤྱོད་དོ། །ཏིང་ངེ་འཛིན་རྣམས་ལ་མི་སྤྱོད་དོ། ། [216A]༄༅། །གཟུངས་ཀྱི་སྒོ་རྣམས་ལ་མི་སྤྱོད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་མི་སྤྱོད་དོ། །མི་འཇིགས་པ་བཞི་ལ་མི་སྤྱོད་དོ་།སོ་སོ་ཡང་དག་པར་རིག་པ་བཞི་ལ་མི་ སྤྱོད་དོ། །བྱམས་པ་ཆེན་པོ་ལ་མི་སྤྱོད་དོ། །སྙིང་རྗེ་ཆེན་པོ་ལ་མི་སྤྱོད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་མི་སྤྱོད་དོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ལ་མི་སྤྱོད་དོ། །ལན་ གཅིག་ཕྱིར་འོང་བའི་འབྲས་བུ་ལ་མི་སྤྱོད་དོ། །ཕྱིར་མི་འོང་བའི་འབྲས་བུ་ལ་མི་སྤྱོད་དོ། །དགྲ་བཅོམ་པ་ཉིད་ལ་མི་སྤྱོད་དོ། །རང་བྱང་ཆུབ་ལ་མི་སྤྱོད་དོ། །ལམ་གྱི་རྣམ་པ་ཤེས་པ་ ཉིད་ལ་མི་སྤྱོད་དོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་མི་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ནི་བདག་གམ་བདག་གིར་བྱ་བ་མེད་པ་སྟེ། བདག་གིས་གཟུགས་ ལ་སྤྱོད་པར་བྱའོ་ཞེའམ། བདག་གི་གཟུགས་སོ་ཞེའམ། བདག་གིས་ཚོར་བ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་ཚོར་བའོ་ཞེའམ། བདག་གིས་འདུ་ཤེས་ལ་སྤྱད་པར་བྱའོ་ ཞེའམ། བདག་གི་འདུ་ཤེས་སོ་ཞེའམ། བདག་གིས་འདུ་བྱེད་ལ་སྤྱད་པར་བྱའོ་ཞེའམ། བདག་གི་འདུ་བྱེད་དོ་ཞེའམ། བདག་གིས་རྣམ་པར་ཤེས་པ་ལ་སྤྱད་པར་བྱའོ་ཞེའམ། བདག་ གི་རྣམ་པར་ཤེས་པའོ་ཞེའམ། བདག་གིས་མིག་ལ་སྤྱད་པར་བྱའོ་ཞེའམ། བདག་གི་མིག་གོ་ཞེའམ། བདག་གིས་རྣ་བ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་རྣ་བའོ་ཞེའམ། བདག་ [216B] བདག་གི་སྣའོ་ཞེའམ་བདག་གིས་ལྕེ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་ལྕེའོ་ཞེའམ་བདག་གིས་ལུས་ལ་སྤྱད་པར་བྱའོ་ཞེའམ། བདག་གི་ལུས་སོ་ ཞེའམ༑ བདག་གིས་ཡིད་ལ་སྤྱད་པར་བྱའོ་ཞེའམ། བདག་གི་ཡིད་དོ་ཞེའམ། བདག་གིས་གཟུགས་ལ་སྤྱད་པར་བྱའོ་ཞེའམ། བདག་གི་གཟུགས་སོ་ཞེའམ། བདག་གིས་སྒྲ་ལ་སྤྱད་པར་བྱའོ་ ཞེའམ༑ བདག་གི་སྒྲའོ་ཞེའམ། བདག་གིས་དྲི་ལ་སྤྱད་པར་བྱའོ་ཞེའམ། བདག་གི་དྲིའོ་ཞེའམ། བདག་གིས་རོ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་རོའོ་ཞེའམ། བདག་གིས་རེག་ལ་སྤྱད་ པར་བྱའོ་ཞེའམ། བདག་གི་རེག་གོ་ཞེའམ། བདག་གིས་ཆོས་ལ་སྤྱད་པར་བྱའོ་ཞེའམ། བདག་གིས་ཆོས་སོ་ཞེའམ། བདག་གིས་མིག་གི་རྣམ་པར་ཤེས་པ་ལ་སྤྱད་པར་བྱའོ་ཞེའམ། བདག་ གི་མིག་གི་རྣམ་པར་ཤེས་པའོ་ཞེའམ། བདག་གིས་རྣ་བའི་རྣམ་པར་ཤེས་པ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་རྣ་བའི་རྣམ་པར་ཤེས་པའོ་ཞེའམ། བདག་གིས་སྣའི་རྣམ་པར་ཤེས་ པ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་སྣའི་རྣམ་པར་ཤེས་པའོ་ཞེའམ། བདག་གིས་ལྕེའི་རྣམ་པར་ཤེས་པ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་ལྕེའི་རྣམ་པར་ཤེས་པའོ་ཞེའམ་ བདག་གིས་ལུས་ཀྱི་རྣམ་པར་ཤེས་པ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་ལུས་ཀྱི་རྣམ་པར་ཤེས་པའོ་ཞེའམ། བདག་གིས་ཡིད་ཀྱི་རྣམ་པར་ཤེས་པ་ལ་སྤྱད་པར་བྱའོ་ཞེའམ་ [217A]༄༅། །བདག་གི་ཡིད་ཀྱི་རྣམ་པར་ཤེས་པའོ་ཞེའམ། བདག་གིས་མིག་གི་འདུས་ཏེ་རེག་པ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་མིག་གི་འདུས་ཏེ་རེག་པའོ་ཞེའམ། བདག་ གིས་རྣ་བའི་འདུས་ཏེ་རེག་པ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་རྣ་བའི་འདུས་ཏེ་རེག་པའོ་ཞེའམ། བདག་གིས་སྣའི་འདུས་ཏེ་རེག་པ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་སྣའི་འདུས་ ཏེ་རེག་པའོ་ཞེའམ། བདག་གིས་ལྕེའི་འདུས་ཏེ་རེག་པ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་ལྕེའི་འདུས་ཏེ་རེག་པའོ་ཞེའམ། བདག་གིས་ལུས་ཀྱི་འདུས་ཏེ་རེག་པ་ལ་སྤྱད་པར་བྱའོ་ ཞེའམ༑ བདག་གི་ལུས་ཀྱི་འདུས་ཏེ་རེག་པའོ་ཞེའམ། བདག་གིས་ཡིད་ཀྱི་འདུས་ཏེ་རེག་པ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་ཡིད་ཀྱི་འདུས་ཏེ་རེག་པའོ་ཞེའམ། བདག་གིས་མིག་ གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་སྤྱད་པར་བྱའོ་ཞེའམ་བདག་གི་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའོ་ཞེའམ། བདག་གིས་རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ ཚོར་བ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའོ་ཞེའམ། བདག་གིས་སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་སྤྱད་པར་བྱའོ་ཞེའམ། བདག་ གི་སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའོ་ཞེའམ། བདག་གིས་ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ [217B] བདག་གིས་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའོ་ཞེའམ། བདག་གིས་ཡིད་ཀྱི་ འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་སྤྱད་པར་བྱའོ་ཞེའམ་བདག་གི་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའོ་ཞེའམ་བདག་གིས་སའི་ཁམས་ལ་སྤྱད་པར་བྱའོ་ཞེའམ། བདག་གི་ སའི་ཁམས་སོ་ཞེའམ། བདག་གིས་ཆུའི་ཁམས་ལ་སྤྱད་པར་བྱའོ་ཞེའམ། བདག་གི་ཆུའི་ཁམས་སོ་ཞེའམ། བདག་གིས་མེའི་ཁམས་ལ་སྤྱད་པར་བྱའོ་ཞེའམ། བདག་གི་མེའི་ཁམས་སོ་ ཞེའམ༑ བདག་གིས་རླུང་གི་ཁམས་ལ་སྤྱད་པར་བྱའོ་ཞེའམ། བདག་གི་རླུང་གི་ཁམས་སོ་ཞེའམ། བདག་གིས་ནམ་མཁའི་ཁམས་ལ་སྤྱད་པར་བྱའོ་ཞེའམ། བདག་གི་ནམ་མཁའི་ ཁམས་སོ་ཞེའམ། བདག་གིས་རྣམ་པར་ཤེས་པའི་ཁམས་ལ་སྤྱད་པར་བྱའོ་ཞེའམ། བདག་གི་རྣམ་པར་ཤེས་པའི་ཁམས་སོ་ཞེའམ། བདག་གིས་མ་རིག་པ་ལ་སྤྱད་པར་བྱའོ་ཞེའམ་ བདག་གི་མ་རིག་པའོ་ཞེའམ། བདག་གིས་འདུ་བྱེད་ལ་སྤྱད་པར་བྱའོ་ཞེའམ། བདག་གི་འདུ་བྱེད་དོ་ཞེའམ། བདག་གི་རྣམ་པར་ཤེས་པ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་རྣམ་པར་ཤེས་ པའོ་ཞེའམ། བདག་གིས་མིང་དང་གཟུགས་ལ་སྤྱད་པར་བྱའོ་ཞེའམ་བདག་གི་མིང་དང་གཟུགས་སོ་ཞེའམ། བདག་གིས་སྐྱེ་མཆེད་དྲུག་ལ་སྤྱད་པར་བྱའོ་ཞེའམ། བདག་གི་སྐྱེ་མཆེད་ [218A]༄༅། །དྲུག་གོ་ཞེའམ། བདག་གིས་རེག་པ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་རེག་པའོ་ཞེའམ། བདག་གིས་ཚོར་བ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་ཚོར་བའོ་ཞེའམ་ བདག་གིས་སྲེད་པ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་སྲེད་པའི་ཞེའམ། བདག་གིས་ལེན་པ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་ལེན་པའོ་ཞེའམ། བདག་གིས་སྲིད་པ་ལ་སྤྱད་པར་བྱའོ་ ཞེའམ༑ བདག་གི་སྲིད་པའོ་ཞེའམ། བདག་གིས་སྐྱེ་བ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་སྐྱེ་བའོ་ཞེའམ། བདག་གིས་རྒ་ཤིལ་སྤྱད་པར་བྱའོ་ཞེའམ། བདག་གི་རྒ་ཤིའོ་ཞེའམ། བདག་ གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེའམ་བདག་གི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེའམ། བདག་གིས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེའམ། བདག་ གི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེའམ། བདག་གིས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེའམ། བདག་གིས་ བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེའམ་བདག་གི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེའམ། བདག་གིས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་ བྱའོ་ཞེའམ། བདག་གི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ་ཞེའམ་བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ [218B] བདག་གིས་ནང་སྟོང་པ་ཉིད་ལ་སྤྱད་པར་བྱའོ་ཞེའམ། བདག་གི་ནང་སྟོང་པ་ཉིད་དོ་ཞེའམ། བདག་གིས་ཕྱི་སྟོང་པ་ཉིད་ལ་སྤྱད་པར་བྱའོ་ཞེའམ། བདག་གི་ཕྱིར་སྟོང་པ་ཉིད་དོ་ཞེའམ་ བདག་གིས་ཕྱི་ནང་སྟོང་པ་ཉིད་ལ་སྤྱད་པར་བྱའོ་ཞེའམ། བདག་གི་ཕྱིར་ནང་སྟོང་པ་ཉིད་དོ་ཞེའམ། བདག་གིས་སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱད་པར་བྱའོ་ཞེའམ། བདག་གི་སྟོང་པ་ཉིད་སྟོང་པ་ཉིད་ དོ་ཞེའམ། བདག་གིས་ཆེན་པོ་སྟོང་པ་ཉིད་ལ་སྤྱད་པར་བྱའོ་ཞེའམ། བདག་གི་ཆེན་པོ་སྟོང་པ་ཉིད་དོ་ཞེའམ། བདག་གིས་དོན་དམ་པ་སྟོང་པ་ཉིད་ལ་སྤྱད་པར་བྱའོ་ཞེའམ། བདག་གི་དོན་ དམ་པ་སྟོང་པ་ཉིད་དོ་ཞེའམ། བདག་གིས་འདུས་བྱས་སྟོང་པ་ཉིད་ལ་སྤྱད་པར་བྱའོ་ཞེའམ། བདག་གི་འདུས་བྱས་སྟོང་པ་ཉིད་དོ་ཞེའམ། བདག་གིས་འདུས་མ་བྱས་སྟོང་པ་ ཉིད་ལ་སྤྱད་པར་བྱའོ་ཞེའམ། བདག་གི་འདུས་མ་བྱས་སྟོང་པ་ཉིད་དོ་ཞེའམ། བདག་གིས་མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྤྱད་པར་བྱའོ་ཞེའམ། བདག་གི་མཐའ་ལས་ འདས་པ་སྟོང་པ་ཉིད་དོ་ཞེའམ། བདག་གིས་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་སྤྱད་པར་བྱའོ་ཞེའམ། བདག་གི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དོ་ཞེའམ། བདག་གིས་ དོར་བ་མེད་པ་སྟོང་པ་ཉིད་ལ་སྤྱད་པར་བྱའོ་ཞེའམ། བདག་གི་དོར་བ་མེད་པ་སྟོང་པ་ཉིད་དོ་ཞེའམ། བདག་གིས་རང་བཞིན་སྟོང་པ་ཉིད་ལ་སྤྱད་པར་བྱའོ་ཞེའམ། བདག་གི་རང་ [219A]༄༅། །བཞིན་སྟོང་པ་ཉིད་དེ་ཞེའམ། བདག་གིས་ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱད་པར་བྱའོ་ཞེའམ། བདག་གི་ཆོས་ཐམས་ཅད་སྟོང་པ་ཉིད་དོ་ཞེའམ། བདག་ གིས་རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྤྱད་པར་བྱའོ་ཞེའམ་བདག་གི་རང་གི་མཚན་ཉིད་སྟོང་པ་ཉིད་དོ་ཞེའམ། བདག་གིས་མི་དམིགས་པ་སྟོང་པ་ཉིད་ལ་སྤྱད་པར་བྱའོ་ཞེའམ་ བདག་གི་མི་དམིགས་པ་སྟོང་པ་ཉིད་དོ་ཞེའམ། བདག་གིས་དངོས་པོ་མེད་པ་སྟོང་པ་ཉིད་ལ་སྤྱད་བར་བྱའོ་ཞེའམ། བདག་གི་དངོས་པོ་མེད་པ་སྟོང་པ་ཉིད་དོ་ཞེའམ། བདག་གིས་ངོ་བོ་ ཉིད་སྟོང་པ་ཉིད་ལ་སྤྱད་པར་བྱའོ་ཞེའམ། བདག་གི་ངོ་བོ་ཉིད་སྟོང་པ་ཉིད་དོ་ཞེའམ། བདག་གིས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱད་པར་བྱའོ་ཞེའམ། བདག་གི་དངོས་ པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ་ཞེའམ། བདག་གིས་དྲན་པ་ཉེ་བར་གཞག་པ་བཞི་ལ་སྤྱད་པར་བྱའོ་ཞེའམ། བདག་གི་དྲན་པ་ཉེ་བར་གཞག་པ་བཞིའོ་ཞེའམ། བདག་གིས་ཡང་ དག་པར་སྤོང་བ་བཞི་ལ་སྤྱད་པར་བྱའོ་ཞེའམ། བདག་གི་ཡང་དག་པར་སྤོང་བ་བཞིའོ་ཞེའམ། བདག་གིས་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སྤྱད་པར་བྱའོ་ཞེའམ། བདག་གི་རྫུ་འཕྲུལ་ གྱི་རྐང་པ་བཞིའོ་ཞེའམ། བདག་གིས་དབང་པོ་ལྔ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་དབང་པོ་ལྔའོ་ཞེའམ། བདག་གིས་སྟོབས་ལྔ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་སྟོབས་ལྔའོ་ [219B] བདག་གིས་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱད་པར་བྱའོ་ཞེའམ། བདག་གི་བྱང་ཆུབ་ཀྱི་ཡན་ལག་བདུན་ནོ་ཞེའམ། བདག་གིས་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱད་པར་ བྱའོ་ཞེའམ། བདག་གི་འཕགས་པའི་ལམ་ཡན་ལག་བརྒྱད་པའོ་ཞེའམ་བདག་གིས་འཕགས་པའི་བདེན་པ་བཞི་ལ་སྤྱད་པར་བྱའོ་ཞེའམ། བདག་གི་འཕགས་པའི་བདེན་པ་བཞིའོ་ཞེའམ་ བདག་གིས་བསམ་གཏན་བཞི་ལ་སྤྱད་པར་བྱའོ་ཞེའམ། བདག་གི་བསམ་གཏན་བཞིའོ་ཞེའམ། བདག་གིས་ཚད་མེད་པ་བཞི་ལ་སྤྱད་པར་བྱའོ་ཞེའམ། བདག་གི་ཚད་མེད་པ་བཞིའོ་ ཞེའམ༑ བདག་གིས་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་སྤྱད་པར་བྱའོ་ཞེའམ། བདག་གི་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞིའོ་ཞེའམ། བདག་གིས་རྣམ་པར་ཐར་ པ་བརྒྱད་ལ་སྤྱད་པར་བྱའོ་ཞེའམ། བདག་གི་རྣམ་པ་ཐར་པ་བརྒྱད་དོ་ཞེའམ། བདག་གིས་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་མཐར་ གྱིས་གནས་པའི་སྙོམས་པར་འཇུག་པ་དགུའོ་ཞེའམ། བདག་གིས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་ རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང་སྨོན་པ་མེད་པའོ་ཞེའམ། བདག་གིས་མངོན་པར་ཤེས་པ་རྣམས་ལ་སྤྱད་པར་བྱའོ་ཞེའམ། བདག་གི་མངོན་པར་ [220A]༄༅། །ཤེས་པ་རྣམས་སོ་ཞེའམ། བདག་གིས་ཏིང་ངེ་འཛིན་རྣམས་ལ་སྤྱད་པར་བྱའོ་ཞེའམ། བདག་གི་ཏིང་ངེ་འཛིན་རྣམས་སོ་ཞེའམ། བདག་གིས་གཟུངས་ཀྱི་སྒོ་ རྣམས་ལ་སྤྱད་པར་བྱའོ་ཞེའམ། བདག་གི་གཟུངས་ཀྱི་སྒོ་རྣམས་སོ་ཞེའམ། བདག་གིས་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་དེ་བཞིན་གཤེགས་ པའི་སྟོབས་བཅུའོ་ཞེའམ། བདག་གིས་མི་འཇིགས་པ་བཞི་ལ་སྤྱད་པར་བྱའོ་ཞེའམ། བདག་གི་མི་འཇིགས་པ་བཞིའོ་ཞེའམ། བདག་གིས་སོ་སོ་ཡང་དག་པར་རིག་པ་བཞི་ལ་སྤྱད་ པར་བྱའོ་ཞེའམ། བདག་གིས་སོ་སོ་ཡང་དག་པར་རིག་པ་བཞིའོ་ཞེའམ། བདག་གིས་བྱམས་པ་ཆེ་པོ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་བྱམས་པ་ཆེན་པོའོ་ཞེའམ། བདག་གིས་ སྙིང་རྗེ་ཆེན་པོ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་སྙིང་རྗེ་ཆེན་པོའོ་ཞེའམ། བདག་གིས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སྤྱད་པར་བྱའོ་ཞེའམ། བདག་གི་སངས་ རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དོ་ཞེའམ། བདག་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་རྒྱུན་དུ་ཞུགས་པའི་འབྲས་བུའོ་ཞེའམ། བདག་ གིས་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་སྤྱད་པར་བྱའོ་ཞེའམ་བདག་གི་ལན་ཅིག་ཕྱིར་འོང་བའི་འབྲས་བུའོ་ཞེའམ། བདག་གིས་ཕྱིར་མི་འོང་བའི་འབྲས་བུ་ལ་སྤྱད་ [220B] བདག་གི་ཕྱིར་མི་འོང་བའི་འབྲས་བུའོ་ཞེའམ། བདག་གིས་དགྲ་བཅོམ་པ་ཉིད་ལ་སྤྱད་པར་བྱའོ་ཞེའམ་བདག་གི་དགྲ་བཅོམ་པ་ཉིད་དོ་ཞེའམ། བདག་གིས་ རང་བྱང་ཆུབ་ལ་སྤྱད་པར་བྱའོ་ཞེའམ། བདག་གི་རང་བྱང་ཆུབ་བོ་ཞེའམ། བདག་གིས་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱད་པར་བྱའོ་ཞེའམ། བདག་གི་ལམ་གྱི་རྣམ་པ་ ཤེས་པ་ཉིད་དོ་ཞེའམ། བདག་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱད་པར་བྱའོ་ཞེའམ། བདག་གི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ་ཞེའམ། བདག་གིས་བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སྤྱད་པར་བྱའོ་ཞེའམ་བདག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ་ཞེས་བྱ་བར་བདག་དང། བདག་གིར་བྱེད་པ་མེད་ དེ༑ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ནི། འཛིན་པ་ལ་མི་སྤྱོད། མི་འཛིན་པ་ལ་མི་སྤྱོད་དོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། གལ་ཏེ་དེ་ ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་འཛིན་པ་ལའང་མི་སྤྱོད། མི་འཛིན་པ་ལའང་མི་སྤྱོད་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ ཆུབ་ཅི་ལ་སྤྱོད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པས་སྤྲུལ་པའི་བྱང་ཆུབ་འཛིན་པའམ། མི་འཛིན་ [221A]༄༅། །པའམ༑ ཅི་ལའང་སྤྱོད་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ དེ་ཇི་སྙམ་དུ་སེམས། དགྲ་བཅོམ་པའི་རྨི་ལམ་གྱི་བློ་འཛིན་པའམ་མི་འཛིན་པ་གང་ལའང་སྤྱོད་དམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་ཏེ། བཅོམ་ལྡན་ འདས༑ དགྲ་བཅོམ་པ་ལ་ཡོང་ཡང་ཉལ་བ་མ་མཆིས་ན། དེའི་རྨི་ལམ་གྱི་བློ་འཛིན་པའམ། མི་འཛིན་པ་ལ། སྤྱོད་པར་འགྱུར་བ་ལྟ་ག་ལ་མཆིས། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། རབ་འབྱོར། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱང་འཛིན་པའམ། མི་འཛིན་པ་ལ་སྤྱོད་པ་མེད་དོ། །གསོལ་པ། བཅོམ་ལྡན་ འདས༑ གལ་ཏེ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་འཛིན་པ་ལའང་མི་སྤྱོད། མི་འཛིན་པ་ལའང་མི་སྤྱོད་གཟུགས་ལའང་མི་སྤྱོད། ཚོར་བ་ལའང་ མི་སྤྱོད༑ འདུ་ཤེས་ལའང་མི་སྤྱོད། འདུ་བྱེད་ལའང་མི་སྤྱོད་རྣམ་པར་ཤེས་པ་ལའང་མི་སྤྱོད། མིག་ལའང་མི་སྤྱོད། རྣ་བ་ལའང་མི་སྤྱོད། སྣ་ལའང་མི་སྤྱོད། ལྕེ་ལའང་མི་སྤྱོད་ ལུས་ལའང་མི་སྤྱོད། ཡིད་ལའང་མི་སྤྱོད། གཟུགས་ལའང་མི་སྤྱོད་སྒྲ་ལའང་མི་སྤྱོད། དྲི་ལའང་མི་སྤྱོད། རོ་ལའང་མི་སྤྱོད་རེག་ལའང་མི་སྤྱོད། ཆོས་ལའང་མི་སྤྱོད། མིག་གི་ [221B] རྣ་བའི་རྣམ་པར་ཤེས་པ་ལའང་མི་སྤྱོད། སྣའི་རྣམ་པ་ཤེས་པ་ལའང་མི་སྤྱོད། ལྕེའི་རྣམ་པར་ཤེས་པ་ལའང་མི་སྤྱོད། ལུས་ཀྱི་རྣམ་པར་ཤེས་པ་ ལའང་མི་སྤྱོད། ཡིད་ཀྱི་རྣམ་པར་ཤེས་པ་ལའང་མི་སྤྱོད། མིག་གི་འདུས་ཏེ་རེག་པ་ལའང་མི་སྤྱོད། རྣ་བའི་འདུས་ཏེ་རེག་པ་ལའང་མི་སྤྱོད། སྣའི་འདུས་ཏེ་རེག་པ་ལའང་མི་སྤྱོད་ ལྕེའི་འདུས་ཏེ་རེག་པ་ལའང་མི་སྤྱོད། ལུས་ཀྱི་འདུས་ཏེ་རེག་པ་ལའང་མི་སྤྱོད། ཡིད་ཀྱི་འདུས་ཏེ་རེག་པ་ལའང་མི་སྤྱོད། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལའང་མི་སྤྱོད་ རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལའང་མི་སྤྱོད་སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལའང་མི་སྤྱོད། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལའང་མི་སྤྱོད། ལུས་ ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལའང་མི་སྤྱོད། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལའང་མི་སྤྱོད། སའི་ཁམས་ལའང་མི་སྤྱོད། ཆུའི་ཁམས་ལའང་མི་སྤྱོད། མེའི་ ཁམས་ལའང་མི་སྤྱོད། རླུང་གི་ཁམས་ལའང་མི་སྤྱོད། ནམ་མཁའི་ཁམས་ལའང་མི་སྤྱོད། རྣམ་པར་ཤེས་པའི་ཁམས་ལའང་མི་སྤྱོད་མ་རིག་པ་ལའང་མི་སྤྱོད། འདུ་བྱེད་ ལའང་མི་སྤྱོད། རྣམ་པར་ཤེས་པ་ལའང་མི་སྤྱོད། མིང་དང་གཟུགས་ལའང་མི་སྤྱོད། སྐྱེ་མཆེད་དྲུག་ལའང་མི་སྤྱོད། རེག་པ་ལའང་མི་སྤྱོད། ཚོར་བ་ལའང་མི་སྤྱོད། སྲེད་པ་ [222A]༄༅། །ལའང་མི་སྤྱོད། ལེན་པ་ལའང་མི་སྤྱོད། སྲིད་པ་ལའང་མི་སྤྱོད། སྐྱེ་བ་ལའང་མི་སྤྱོད། རྒ་ཤི་ལའང་མི་སྤྱོད། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལའང་མི་སྤྱོད་ ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལའང་མི་སྤྱོད། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལའང་མི་སྤྱོད། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལའང་མི་སྤྱོད། བསམ་གཏན་གྱི་ཕ་རོལ་ཏུ་ ཕྱིན་པ་ལའང་མི་སྤྱོད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལའང་མི་སྤྱོད། ནང་སྟོང་པ་ཉིད་ལའང་མི་སྤྱོད། ཕྱི་སྟོང་པ་ཉིད་ལའང་མི་སྤྱོད། ཕྱི་ནང་སྟོང་པ་ཉིད་ལའང་མི་སྤྱོད། སྟོང་ པ་ཉིད་སྟོང་པ་ཉིད་ལའང་མི་སྤྱོད། ཆེན་པོ་སྟོང་པ་ཉིད་ལའང་མི་སྤྱོད། དོན་དམ་པ་སྟོང་པ་ཉིད་ལའང་མི་སྤྱོད། འདུས་བྱས་སྟོང་པ་ཉིད་ལའང་མི་སྤྱོད། འདུས་མ་བྱས་སྟོང་པ་ ཉིད་ལའང་མི་སྤྱོད། མཐའ་ལས་འདས་པ་སྟོང་པ་ཉིད་ལའང་མི་སྤྱོད། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལའང་མི་སྤྱོད་དོར་བ་མེད་པ་སྟོང་པ་ཉིད་ལའང་མི་སྤྱོད། རང་བཞིན་ སྟོང་པ་ཉིད་ལའང་མི་སྤྱོད། ཆོས་ཐམས་ཅད་སྟོང་པ་ཉིད་ལའང་མི་སྤྱོད། རང་གི་མཚན་ཉིད་སྟོང་པ་ཉིད་ལའང་མི་སྤྱོད། མི་དམིགས་པ་སྟོང་པ་ཉིད་ལའང་མི་སྤྱོད། དངོས་པོ་མེད་ པ་སྟོང་པ་ཉིད་ལའང་མི་སྤྱོད། ངོ་བོ་ཉིད་སྟོང་པ་ཉིད་ལའང་མི་སྤྱོད། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལའང་མི་སྤྱོད། དྲན་པ་ཉེ་བར་གཞག་པ་བཞི་ལའང་མི་སྤྱོད་ [222B] རྫུ་འཕྲུལ་གྱི་རྐང་པ་བཞི་ལའང་མི་སྤྱོད། དབང་པོ་ལྔ་ལའང་མི་སྤྱོད་སྟོབས་ལྔ་ལའང་མི་སྤྱོད། བྱང་ཆུབ་ཀྱི་ཡན་ལག་བདུན་ལའང་མི་སྤྱོད་ འཕགས་པའི་ལམ་ཡན་ལག་བརྒྱད་པ་ལའང་མི་སྤྱོད། འཕགས་པའི་བདེན་པ་བཞི་ལའང་མི་སྤྱོད། བསམ་གཏན་བཞི་ལའང་མི་སྤྱོད་ཚད་མེད་པ་བཞི་ལའང་མི་སྤྱོད། གཟུགས་ མེད་པའི་སྙོམས་པར་འཇུག་པ་བཞི་ལའང་མི་སྤྱོད། རྣམ་པར་ཐར་པ་བརྒྱད་ལའང་མི་སྤྱོད། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལའང་མི་སྤྱོད། རྣམ་པར་ཐར་པའི་ སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ལའང་མི་སྤྱོད། མངོན་པར་ཤེས་པ་རྣམས་ལའང་མི་སྤྱོད། ཏིང་ངེ་འཛིན་རྣམས་ལའང་མི་སྤྱོད། གཟུངས་ཀྱི་སྒོ་རྣམས་ལའང་ མི་སྤྱོད༑ དེ་བཞིན་གཤེགས་པའི་སྟོབས་བཅུ་ལའང་མི་སྤྱོད། མི་འཇིགས་པ་བཞི་ལའང་མི་སྤྱོད། སོ་སོ་ཡང་དག་པར་རིག་པ་བཞི་ལའང་མི་སྤྱོད། བྱམས་པ་ཆེན་པོ་ལའང་མི་ སྤྱོད༑ སྙིང་རྗེ་ཆེན་པོ་ལའང་མི་སྤྱོད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལའང་མི་སྤྱོད། རྒྱུན་དུ་ཞུགས་པའི་འབྲས་བུ་ལའང་མི་སྤྱོད། ལན་གཅིག་ཕྱིར་འོང་བའི་འབྲས་བུ་ ལའང་མི་སྤྱོད། ཕྱིར་མི་འོང་བའི་འབྲས་བུ་ལའང་མི་སྤྱོད་དགྲ་བཅོམ་པ་ཉིད་ལའང་མི་སྤྱོད། རང་བྱང་ཆུབ་ལའང་མི་སྤྱོད། ལམ་གྱི་རྣམ་པ་ཤེས་པ་ཉིད་ལའང་མི་སྤྱོད་ [223A]༄༅། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལའང་མི་སྤྱོད་ན། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད། སྟོང་པ་ ཉིད་བཅུ་བཞི་དང། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང། རྣམ་པར་ཐར་པའི་སྒོ་གསུམ་དང། བསམ་གཏན་དང། རྣམ་པར་ཐར་པ་དང། ཏིང་ངེ་འཛིན་དང་ སྙོམས་པར་འཇུག་པ་ཐམས་ཅད་དང། དེ་བཞིན་གཤེགས་པའི་སྟོབས་བཅུ་དང། མི་འཇིགས་པ་བཞི་དང། སོ་སོ་ཡང་དག་པར་རིག་པ་བཞི་དང་བྱམས་པ་ཆེན་པོ་དང་ སྙིང་རྗེ་ཆེན་པོ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སྤྱོད། བྱང་ཆུབ་སེམས་དཔའི་ས་བཅུ་ཡོངས་སུ་རྫོགས་པར་བགྱིས། མངོན་པར་ཤེས་པ་ལྔ་ལ་གནས་ བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པ་ལ་ཞུགས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་གྱིས། སེམས་ཅན་ཡོངས་སུ་སྨིན་པར་བགྱིས། མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ དང། དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་བསྒྲུབས་ཤིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། བཅོམ་ལྡན་འདས། ཕ་རོལ་ ཏུ་ཕྱིན་པ་དྲུག་ལམ་སྤྱད། སྟོང་པ་ཉིད་བཅུ་བཞི་ལ་མ་སྤྱད་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་མ་སྤྱད། རྣམ་པར་ཐར་པའི་སྒོ་གསུམ་ལམ་སྤྱད། བསམ་ [223B] རྣམ་པར་ཐར་པ་དང། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཐམས་ཅད་ལམ་སྤྱད། དེ་བཞིན་གཤེགས་པའི་སྟོབས་བཅུ་ལམ་སྤྱད། མི་འཇིགས་པ་བཞི་ལ་ མ་སྤྱད༑ སོ་སོ་ཡང་དག་པར་རིག་པ་བཞི་ལ་མ་སྤྱད། བྱམས་པ་ཆེན་པོ་དང། སྙིང་རྗེ་ཆེན་པོ་ལམ་སྤྱད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་མ་སྤྱད། བྱང་ཆུབ་སེམས་ དཔའ་ས་བཅུ་ཡོངས་སུ་རྫོགས་པར་མ་བགྱིས། མངོན་པར་ཤེས་པ་ལྔ་ལ་མ་གནས། བྱང་ཆུབ་སེམས་དཔའ་སྐྱོན་མ་མཆིས་པར་མ་ཞུགས་སངས་རྒྱས་ཀྱི་ཞིང་ཡོངས་སུ་ དག་པར་མ་བགྱིས། སེམས་ཅན་རྣམས་ཡོངས་སུ་སྨིན་པར་མ་བགྱིས། མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང། དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་མ་བསྒྲུབས་པར་ ནི༑ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་དེ་བཞིན་ ནོ༑ ༑དེ་བཞིན་ཏེ། ཇི་སྐད་དུ་སྨྲས་པ་བཞིན་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་མ་བྱས། སྟོང་པ་ཉིད་བཅུ་བཞི་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་ རྩ་བདུན་དང། རྣམ་པར་ཐར་པའི་སྒོ་གསུམ་དང། བསམ་གཏན་དང་རྣམ་པར་ཐར་པ་དང། ཏིང་ངེ་འཛིན་དང། སྙོམས་པར་འཇུག་པ་ཐམས་ཅད་དང། དེ་བཞིན་ [224A]༄༅། །གཤེགས་པའི་སྟོབས་བཅུ་དང། མི་འཇིགས་པ་བཞི་དང། སོ་སོ་ཡང་དག་པར་རིག་པ་བཞི་དང། བྱམས་པ་ཆེན་པོ་དང། སྙིང་རྗེ་ཆེན་པོ་དང། སངས་ རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པར་མ་བྱས། བྱང་ཆུབ་སེམས་དཔའི་ས་བཅུ་ཡོངས་སུ་མ་རྫོགས། མངོན་པར་ཤས་པ་ལྔ་ལ་མ་གནས། བྱང་ཆུབ་སེམས་ དཔའི་སྐྱོན་མེད་པར་མ་ཞུགས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་མ་བྱས། སེམས་ཅན་རྣམས་ཡོངས་སུ་སྨིན་པར་མ་བྱས། མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ དཔེ་བྱད་བཟང་པོ་བརྒྱད་བཅུ་ཡོངས་སུ་མ་བསྒྲུབས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་ཏེ། རབ་འབྱོར། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས། སྟོང་པ་ཉིད་ཐམས་ཅད་དང། དྲན་པ་ཉེ་བར་གཞག་པ་བཞི་དང། ཡང་དག་ པར་སྤོང་བ་བཞི་དང། རྫུ་འཕྲུལ་གྱི་རྐང་པ་བཞི་དང། དབང་པོ་ལྔ་དང། སྟོབས་ལྔ་དང། བྱང་ཆུབ་ཀྱི་ཡན་ལག་བདུན་དང་འཕགས་པའི་ལམ་ཡན་ལག་བརྒྱད་པ་ དང། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་དང། བསམ་གཏན་དང། རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང། སྙོམས་པར་ [224B] དེ་བཞིན་གཤེགས་པའི་སྟོབས་བཅུ་དང། མི་འཇིགས་པ་བཞི་དང། སོ་སོ་ཡང་དག་པར་རིག་པ་བཞི་དང་བྱམས་པ་ཆེན་པོ་དང། སྙིང་རྗེ་ཆེན་པོ་ དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང། བྱང་ཆུབ་སེམས་དཔའི་ས་བཅུ་ཡོངས་སུ་རྫོགས་པར་བྱས། མངོན་པར་ཤེས་པ་ལྔ་ལ་གནས་བྱང་ཆུབ་སེམས་དཔའི་སྐྱོན་ མེད་པར་ཞུགས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས། མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང། དཔེ་བྱད་བཟང་པོ་ བརྒྱད་ཅུ་ཡོངས་སུ་བསྒྲུབས། མི་ཉམས་པའི་ཆོས་ཉིད་དང། རྟག་ཏུ་བཏང་སྙོམས་སུ་རྣམ་པར་སྤྱོད་པ་ཡོངས་སུ་རྫོགས་པར་བྱས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་ འགྱུར་རོ། །རབ་འབྱོར། དེའང་གཟུགས་ཀྱི་རང་བཞིན་ལ་གནས། ཚོར་བའི་རང་བཞིན་ལ་གནས། འདུ་ཤེས་ཀྱི་རང་བཞིན་ལ་གནས། འདུ་བྱེད་ཀྱི་རང་བཞིན་ལ་གནས། རྣམ་ པར་ཤེས་པའི་རང་བཞིན་ལ་གནས། མིག་གི་རང་བཞིན་ལ་གནས། རྣ་བའི་རང་བཞིན་ལ་གནས། སྣའི་རང་བཞིན་ལ་གནས། ལྕེའི་རང་བཞིན་ལ་གནས། ལུས་ཀྱི་རང་བཞིན་ ལ་གནས། ཡིད་ཀྱི་རང་བཞིན་ལ་གནས། གཟུགས་ཀྱི་རང་བཞིན་ལ་གནས། སྒྲའི་རང་བཞིན་ལ་གནས། དྲིའི་རང་བཞིན་ལ་གནས། རོའི་རང་བཞིན་ལ་གནས། རེག་གི་རང་ [225A]༄༅། །བཞིན་ལ་གནས། ཆོས་ཀྱི་རང་བཞིན་ལ་གནས། མིག་གི་རྣམ་པར་ཤེས་པའི་རང་བཞིན་ལ་གནས། རྣ་བའི་རྣམ་པར་ཤེས་པའི་རང་བཞིན་ལ་གནས་ སྣའི་རྣམ་པར་ཤེས་པའི་རང་བཞིན་ལ་གནས། ལྕེའི་རྣམ་པར་ཤེས་པའི་རང་བཞིན་ལ་གནས། ལུས་ཀྱི་རྣམ་པར་ཤེས་པའི་རང་བཞིན་ལ་གནས། ཡིད་ཀྱི་རྣམ་པར་ཤེས་པའི་ རང་བཞིན་ལ་གནས། མིག་གི་འདུས་ཏེ་རེག་པའི་རང་བཞིན་ལ་གནས་རྣ་བའི་འདུས་ཏེ་རེག་པའི་རང་བཞིན་ལ་གནས། སྣའི་འདུས་ཏེ་རེག་པའི་རང་བཞིན་ལ་གནས། ལྕེའི་ འདུས་ཏེ་རེག་པའི་རང་བཞིན་ལ་གནས། ལུས་ཀྱི་འདུས་ཏེ་རེག་པའི་རང་བཞིན་ལ་གནས། ཡིད་ཀྱི་འདུས་ཏེ་རེག་པའི་རང་བཞིན་ལ་གནས་མིག་གི་འདུས་ཏེ་རེག་པའི་རྐྱེན་ གྱིས་ཚོར་བའི་རང་བཞིན་ལ་གནས། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་རང་བཞིན་ལ་གནས། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་རང་བཞིན་ལ་གནས་ ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་རང་བཞིན་ལ་གནས་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་རང་བཞིན་ལ་གནས་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་ བའི་རང་བཞིན་ལ་གནས། སའི་ཁམས་ཀྱི་རང་བཞིན་ལ་གནས། ཆུའི་ཁམས་ཀྱི་རང་བཞིན་ལ་གནས། མེའི་ཁམས་ཀྱི་རང་བཞིན་ལ་གནས་རླུང་གི་ཁམས་ཀྱི་རང་བཞིན་ལ་གནས་ [225B] རྣམ་པར་ཤེས་པའི་ཁམས་ཀྱི་རང་བཞིན་ལ་གནས། མ་རིག་པའི་རང་བཞིན་ལ་གནས། འདུ་བྱེད་ཀྱི་རང་བཞིན་ལ་གནས། རྣམ་པར་ཤེས་ པའི་རང་བཞིན་ལ་གནས། མིང་དང་གཟུགས་ཀྱི་རང་བཞིན་ལ་གནས་སྐྱེ་མཆེད་དྲུག་གི་རང་བཞིན་ལ་གནས། རེག་པའི་རང་བཞིན་ལ་གནས། ཚོར་བའི་རང་བཞིན་ལ་གནས། སྲེད་ པའི་རང་བཞིན་ལ་གནས། ལེན་པའི་རང་བཞིན་ལ་གནས། སྲིད་པའི་རང་བཞིན་ལ་གནས། སྐྱེ་བའི་རང་བཞིན་ལ་གནས། རྒ་ཤིའི་རང་བཞིན་ལ་གནས། སྦྱིན་པའི་ཕ་རོལ་ ཏུ་ཕྱིན་པའི་རང་བཞིན་ལ་གནས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ལ་གནས། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ལ་གནས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ རང་བཞིན་ལ་གནས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ལ་གནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ལ་གནས། ནང་སྟོང་པ་ཉིད་ཀྱི་རང་བཞིན་ལ་གནས། ཕྱི་སྟོང་ པ་ཉིད་ཀྱི་རང་བཞིན་ལ་གནས། ཕྱི་ནང་སྟོང་པ་ཉིད་ཀྱི་རང་བཞིན་ལ་གནས། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་ལ་གནས། ཆེན་པོ་སྟོང་པ་ཉིད་ཀྱི་རང་བཞིན་ལ་གནས། དོན་དམ་པ་སྟོང་ པ་ཉིད་ཀྱི་རང་བཞིན་ལ་གནས། འདུས་བྱས་སྟོང་པ་ཉིད་ཀྱི་རང་བཞིན་ལ་གནས། འདུས་མ་བྱས་སྟོང་པ་ཉིད་ཀྱི་རང་བཞིན་ལ་གནས་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་རང་བཞིན་ལ་ [226A]༄༅། །གནས༑ ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་རང་བཞིན་ལ་གནས། དོར་བ་མེད་པ་སྟོང་པ་ཉིད་ཀྱི་རང་བཞིན་ལ་གནས། རང་བཞིན་སྟོང་པ་ཉིད་ཀྱི་རང་བཞིན་ལ་གནས། ཆོས་ ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་ལ་གནས། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་ལ་གནས། མི་དམིགས་པ་སྟོང་པ་ཉིད་ཀྱི་རང་བཞིན་ལ་གནས། དངོས་པོ་མེད་པ་སྟོང་པ་ ཉིད་ཀྱི་རང་བཞིན་ལ་གནས། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་ལ་གནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་ལ་གནས། དྲན་པ་ཉེ་བར་གཞག་པ་བཞིའི་རང་ བཞིན་ལ་གནས། ཡང་དག་པར་སྤོང་བ་བཞིའི་རང་བཞིན་ལ་གནས་རྫུ་འཕྲུལ་གྱི་རྐང་པ་བཞིའི་རང་བཞིན་ལ་གནས། དབང་པོ་ལྔའི་རང་བཞིན་ལ་གནས། སྟོབས་ལྔའི་རང་ བཞིན་ལ་གནས། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་རང་བཞིན་ལ་གནས། འཕགས་པའི་ལམ་ཡན་ལག་བརྒྱད་པའི་རང་བཞིན་ལ་གནས་འཕགས་པའི་བདེན་པ་བཞིའི་རང་ བཞིན་ལ་གནས། བསམ་གཏན་བཞིའི་རང་བཞིན་ལ་གནས། ཚད་མེད་པ་བཞིའི་རང་བཞིན་ལ་གནས། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞིའི་རང་བཞིན་ལ་གནས་ རྣམ་པར་ཐར་པ་བརྒྱད་ཀྱི་རང་བཞིན་ལ་གནས། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་རང་བཞིན་ལ་གནས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་ [226B] སྨོན་པ་མེད་པའི་རང་བཞིན་ལ་གནས། མངོན་པར་ཤེས་པའི་རང་བཞིན་ལ་གནས། ཏིང་ངེ་འཛིན་གྱི་རང་བཞིན་ལ་གནས། གཟུངས་ཀྱི་སྒོ་རྣམས་ཀྱི་རང་བཞིན་ལ་ གནས༑ དེ་བཞིན་གཤེགས་པའི་སྟོབས་བཅུའི་རང་བཞིན་ལ་གནས། མི་འཇིགས་པ་བཞིའི་རང་བཞིན་ལ་གནས། སོ་སོ་ཡང་དག་པར་རིག་པ་བཞིའི་རང་བཞིན་ལ་གནས། བྱམས་པ་ ཆེན་པོའི་རང་བཞིན་ལ་གནས། སྙིང་རྗེ་ཆེན་པོའི་རང་བཞིན་ལ་གནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་རང་བཞིན་ལ་གནས། རྒྱུན་དུ་ཞུགས་པའི་འབྲས་བུའི་རང་བཞིན་ ལ་གནས། ལན་གཅིག་ཕྱིར་འོང་བའི་འབྲས་བུའི་རང་བཞིན་ལ་གནས་ཕྱིར་མི་འོང་བའི་འབྲས་བུའི་རང་བཞིན་ལ་གནས། དགྲ་བཅོམ་པ་ཉིད་ཀྱི་རང་བཞིན་ལ་གནས། རང་བྱང་ཆུབ་ཀྱི་ རང་བཞིན་ལ་གནས། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་རང་བཞིན་ལ་གནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རང་བཞིན་ལ་གནས་ཏེ། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རང་བཞིན་དེའང་ཉེ་བར་ཞི་བ་སྟེ། ཆོས་གང་ཡང་འཕེལ་བར་བྱེད་པའམ། འགྲིབ་པར་ བྱེད་པའམ། སྐྱེ་བའམ། འགག་པའམ། ཀུན་ནས་ཉོན་མོངས་པའམ་རྣམ་པར་བྱང་བའམ། ཐོབ་པའམ། མངོན་པར་རྫོགས་པར་བྱེད་པ་མེད་དེ། དེའང་འཇིག་རྟེན་གྱི་ཐ་སྙད་ [227A]༄༅། །དུ་བཏགས་པའི་ཆོས་ཉིད་ཉེ་བར་བཟུང་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་ པར་འཚང་རྒྱའོ། །དོན་དམ་པར་ནི། གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པའམ། མིག་གམ། རྣ་བའམ་སྣའམ། ལྕེའམ། ལུས་སམ་ ཡིད་དམ། གཟུགས་སམ། སྒྲའམ། དྲིའམ། རོའམ། རེག་གམ། ཆོས་སམ་མིག་གི་རྣམ་པར་ཤེས་པའམ། རྣ་བའི་རྣམ་པར་ཤེས་པའམ། སྣའི་རྣམ་པར་ཤེས་པའམ་ ལྕེའི་རྣམ་པར་ཤེས་པའམ། ལུས་ཀྱི་རྣམ་པར་ཤེས་པའམ། ཡིད་ཀྱི་རྣམ་པར་ཤེས་པའམ། མིག་གི་འདུས་ཏེ་རེག་པའམ། རྣ་བའི་འདུས་ཏེ་རེག་པའམ། སྣའི་འདུས་ཏེ་རེག་ པའམ༑ ལྕེའི་འདུས་ཏེ་རེག་པའམ། ལུས་ཀྱི་འདུས་ཏེ་རེག་པའམ། ཡིད་ཀྱི་འདུས་ཏེ་རེག་པའམ། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའམ། རྣ་བའི་འདུས་ཏེ་རེག་ པའི་རྐྱེན་གྱིས་ཚོར་བའམ། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའམ། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའམ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའམ་ ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའམ། སའི་ཁམས་སམ་ཆུའི་ཁམས་སམ། མེའི་ཁམས་སམ། རླུང་གི་ཁམས་སམ། ནམ་མཁའི་ཁམས་སམ། རྣམ་པར་ [227B] མ་རེག་པའམ། འདུ་བྱེད་དམ། རྣམ་པར་ཤེས་པའམ། མིང་དང་གཟུགས་སམ། སྐྱེ་མཆེད་དྲུག་གམ། རེག་པའམ་ཚོར་བའམ། སྲེད་པའམ། ལེན་ པའམ༑ སྲིད་པའམ། སྐྱེ་བའམ། རྒ་ཤིའམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པའམ། བརྩོན་འགྲུས་ཀྱི་ ཕ་རོལ་ཏུ་ཕྱིན་པའམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའམ། ནང་སྟོང་པ་ཉིད་དམ། ཕྱི་སྟོང་པ་ཉིད་དམ། ཕྱི་ནང་སྟོང་པ་ཉིད་དམ། སྟོང་ པ་ཉིད་སྟོང་པ་ཉིད་དམ། ཆེན་པོ་སྟོང་པ་ཉིད་དམ། དོན་དམ་པ་སྟོང་པ་ཉིད་དམ། འདུས་བྱས་སྟོང་པ་ཉིད་དམ། འདུས་མ་བྱས་སྟོང་པ་ཉིད་དམ། མཐའ་ལས་འདས་པ་སྟོང་པ་ ཉིད་དམ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དམ། དོར་བ་མེད་པ་སྟོང་པ་ཉིད་དམ། རང་བཞིན་སྟོང་པ་ཉིད་དམ། ཆོས་ཐམས་ཅད་སྟོང་པ་ཉིད་དམ། རང་གི་མཚན་ཉིད་སྟོང་པ་ ཉིད་དམ། མི་དམིགས་པ་སྟོང་པ་ཉིད་དམ། དངོས་པོ་མེད་པ་སྟོང་པ་ཉིད་དམ། ངོ་བོ་ཉིད་སྟོང་པ་ཉིད་དམ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམ། དྲན་པ་ཉེ་བར་གཞག་པ་རྣམས་ སམ༑ ཡང་དག་པར་སྤོང་བ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། དབང་པོ་རྣམས་སམ། སྟོབས་རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་སམ། འཕགས་པའི་ [228A]༄༅། །ལམ་ཡན་ལག་བརྒྱད་པའམ། འཕགས་པའི་བདེན་པ་རྣམས་སམ། བསམ་གཏན་རྣམས་སམ། ཚད་མེད་པ་རྣམས་སམ། གཟུགས་མེད་པའི་སྙོམས་ པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་སམ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་ དང། སྨོན་པ་མེད་པའམ། མངོན་པར་ཤེས་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ། གཟུངས་ཀྱི་སྒོ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། མི་འཇིགས་ པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། བྱམས་པ་ཆེན་པོའམ། སྙིང་རྗེ་ཆེན་པོའམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དམ། རྒྱུན་དུ་ཞུགས་པའི་ འབྲས་བུའམ། ལན་གཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུའམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་བམ། ལམ་གྱི་རྣམ་པ་ཤེས་པ་ཉིད་དམ། བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བམ། གང་བྱང་ཆུབ་ཏུ་སྤྱོད་པའི་ཆོས་དེ་ལྟ་བུའང་མེད་དེ། ཆོས་དེ་དག་ཐམས་ཅད་ནི་འཇིག་རྟེན་གྱི་ཐ་སྙད་ཉེ་བར་བཟུང་སྟེ། བཏགས་པ་ཡིན་ གྱི༑ དོན་དམ་བར་ནི། མ་ཡིན་ནོ། །དེ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་བྱང་ཆུབ་ཏུ་སྤྱོད་ཀྱང་སེམས་དེ་དག་མི་ [228B] སེམས་ཅན་རྣམས་ཀྱང་མི་དམིགས། བྱང་ཆུབ་ཀྱང་མི་དམིགས། སངས་རྒྱས་ཀྱང་མི་དམིགས། བྱང་ཆུབ་སེམས་དཔའ་ཡང་མི་དམིགས་སོ། །རབ་འབྱོར། དེ་ཇི་སྙམ་དུ་ སེམས༑ གང་གི་ཚེ་རབ་འབྱོར་ཁྱོད་ཀྱིས་འཇིག་ཚོགས་ལ་ལྟ་བ་སྤང་བའི་ཕྱིར་དབང་པོ་རྣམས་ཐོབ་པར་གྱུར་པ་དང། བར་ཆད་མེད་པའི་ཏིང་ངེ་འཛིན་ཏམ། རྒྱུན་དུ་ཞུགས་པའི་འབྲས་བུ་ འཐོབ་པའམ། ལན་གཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུའམ། དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་པ་དེའི་ཚེ་རྨི་ལམ་མམ། སེམས་སམ། ལམ་མམ། འབྲས་ བུ་དམིགས་པར་འགྱུར་པ་ཡོད་དམ། གསོལ་བ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོ་ན། ཇི་ལྟར་ཁྱོད་རབ་འབྱོར་གྱིས་དགྲ་བཅོམ་ པ་ཐོབ་བོ་ཞེས་བྱ་བར་བཀའ་སྩལ་ཏེ་ལུང་བསྟན་པར་གྱུར། གསོལ་པ། བཅོམ་ལྡན་འདས། འཇིག་རྟེན་གྱི་ཐ་སྙད་ཉེ་བར་བཟུང་སྟེ་བཀས་ལུང་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། རབ་འབྱོར། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །གཟུགས་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ཚོར་བའང་འཇིག་ རྟེན་གྱི་ཐ་སྙད་དུ་བཏགས་པའོ། །འདུ་ཤེས་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །འདུ་བྱེད་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །རྣམ་པར་ཤེས་པའང་འཇིག་རྟེན་གྱི་ཐ་སྙད་ [229A]༄༅། །དུ་བཏགས་པའོ། །མིག་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །རྣ་བའང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ་།སྣའང་འཇིག་རྟེན་གྱི་ཐ་སྙད་དུ་ བཏགས་པའོ། །ལྕེའང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ལུས་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ཡིད་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །གཟུགས་ཀྱང་ འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །སྒྲའང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །དྲིའང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །རོའང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །རེག་ ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ཆོས་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །མིག་གི་རྣམ་པར་ཤེས་པའང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །རྣ་བའི་རྣམ་པར་ ཤེས་པའང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །སྣའི་རྣམ་པར་ཤེས་པའང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ལྕེའི་རྣམ་པར་ཤེས་པའང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། ། ལུས་ཀྱི་རྣམ་པར་ཤེས་པའང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ཡིད་ཀྱི་རྣམ་པར་ཤེས་པའང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །མིག་གི་འདུས་ཏེ་རེག་པའང་འཇིག་རྟེན་གྱི་ ཐ་སྙད་དུ་བཏགས་པའོ། །རྣ་བའི་འདུས་ཏེ་རེག་པའང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །སྣའི་འདུས་ཏེ་རེག་པའང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ལྕེའི་འདུས་ཏེ་རེག་པའང་ [229B] །ལུས་ཀྱི་འདུས་ཏེ་རེག་པའང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ཡིད་ཀྱི་འདུས་ཏེ་རེག་པའང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །མིག་གི་འདུས་ ཏེ་རེག་པའི་རྐྱེན་གྱིས་ཚོར་བའང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ ཚོར་བའང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའང་ འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ་།སའི་ཁམས་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། ། ཆུའི་ཁམས་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །མེའི་ཁམས་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །རླུང་གི་ཁམས་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ནམ་ མཁའི་ཁམས་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །རྣམ་པར་ཤེས་པའི་ཁམས་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ་།མ་རིག་པའང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་ པའོ༑ ༑འདུ་བྱེད་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ་།རྣམ་པར་ཤེས་པའང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ་།མིང་དང་གཟུགས་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་ [230A]༄༅། །པའོ༑ ༑སྐྱེ་མཆེད་དྲུག་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །རེག་པའང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ་།ཚོར་བའང་འཇིག་རྟེན་གྱི་ཐ་ སྙད་དུ་བཏགས་པའོ། །སྲེད་པའང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ལེན་པའང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ་།སྲིད་པའང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་ པའོ༑ ༑སྐྱེ་བའང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །རྒ་ཤིའང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་ པའོ༑ ༑ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པའང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ནང་སྟོང་པ་ཉིད་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ཕྱི་སྟོང་པ་ཉིད་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ཕྱི་ནང་སྟོང་པ་ ཉིད་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ཆེན་པོ་སྟོང་པ་ཉིད་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། ། [230B]བཏགས་པའོ། །འདུས་བྱས་སྟོང་པ་ཉིད་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བརྟགས་པའོ། །འདུས་མ་བྱས་སྟོང་པ་ཉིད་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་ པའོ༑ ༑མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །དོར་བ་མེད་པ་སྟོང་ པ་ཉིད་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །རང་བཞིན་སྟོང་པ་ཉིད་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་ པའོ༑ ༑རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །མི་དམིགས་པ་སྟོང་པ་ཉིད་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །དངོས་པོ་མེད་པ་སྟོང་པ་ ཉིད་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་འཇིག་རྟེན་གྱི་ཐ་སྙད་ དུ་བཏགས་པའོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ཡང་དག་པར་སྤོང་བ་རྣམས་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །རྫུ་འཕྲུལ་གྱི་ རྐང་པ་རྣམས་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ་།དབང་པོ་ལྔའང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །སྟོབས་ལྔའང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །བྱང་ཆུབ་ཀྱི་ [231A]༄༅། །ཡན་ལག་བདུན་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །འཕགས་པའི་ བདེན་པ་བྮིའང་འཇིག་རྟེན་གྱི་ཐ་སྙད་དུ་བརྟགས་པའོ། །བསམ་གཏན་བྮིའང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ཚད་མེད་པ་བྮིའང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །གཟུགས་ མེད་པའི་སྙོམས་པར་འཇུག་པ་བྮིའང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །རྣམ་པར་ཐར་པ་བརྒྱད་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་ པ་དྒུའང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །མངོན་ པར་ཤེས་པ་རྣམས་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ་།ཏིང་ངེ་འཛིན་རྣམས་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །གཟུངས་ཀྱི་སྒོ་རྣམས་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་ བཏགས་པའོ། །དེ་བཞིན་གཤེགས་པའི་སྟོབས་བྕུའང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །མི་འཇིགས་པ་བྮིའང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །སོ་སོ་ཡང་དག་པར་རིག་ པ་བྮིའང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །བྱམས་པ་ཆེན་པོའང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །སྙིང་རྗེ་ཆེན་པོའང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །སངས་རྒྱས་ཀྱི་ཆོས་ [231B]བཏགས་པའོ། །རྒྱུན་དུ་ཞུགས་པའི་འབྲས་བུའང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ལན་གཅིག་ཕྱིར་འོང་བའི་འབྲས་བུའང་འཇིག་རྟེན་ གྱི་ཐ་སྙད་དུ་བཏགས་པའོ། །ཕྱིར་མི་འོང་བའི་འབྲས་བུའང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །དགྲ་བཅོམ་པ་ཉིད་ཀྱང་འཇིག་རྟེན་གྱིས་ཐ་སྙད་དུ་བཏགས་པའོ། །རང་བྱང་ཆུབ་ཀྱང་འཇིག་རྟེན་ གྱི་ཐ་སྙད་དུ་བཏགས་པའོ། །ལམ་གྱི་རྣམ་བ་ཤེས་པ་ཉིད་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཆོས་གང་ལའང་འཕེལ་བར་བྱེད་པའམ། འགྲིབ་པར་བྱེད་པའམ། ཕན་འདོགས་པའམ། གནོད་པར་བྱེད་པ་དེ་ལྟ་བུ་གང་ཡང་མ་དམིགས་ཏེ་ ཆོས་ཀྱི་རང་བཞིན་ཉེ་བར་བཟུང་ན་ཆོས་རྣམས་ཀྱི་ཆོས་ཀྱི་རང་བཞིན་དེའང་མ་དམིགས་ན། སེམས་དང་པོ་བསྐྱེད་པ་དམིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི། གནས་མེད་དོ། །ས་བཅུའི་བར་དུ་ དམིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི། གནས་མེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དམིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི། གནས་མེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ དང། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དམིགས་པར་འགྱུར་བ་ལྟ་ཅི་ [232A]༄༅། །སྨོས་ཏོ༑ དེ་ནི། གནས་མེད་དོ། །ནང་སྟོང་པ་ཉིད་དམིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི། གནས་མེད་དོ། །ཕྱི་སྟོང་པ་ཉིད་དང། ཕྱི་ནང་སྟོང་པ་ཉིད་དང། སྟོང་པ་ ཉིད་སྟོང་པ་ཉིད་དང། ཆེན་པོ་སྟོང་པ་ཉིད་དང། དོན་དམ་པ་སྟོང་པ་ཉིད་དང། འདུས་བྱས་སྟོང་པ་ཉིད་དང། འདུས་མ་བྱས་སྟོང་པ་ཉིད་དང། མཐའ་ལས་འདས་པ་སྟོང་པ་ཉིད་དང། ཐོག་ མ་དང། ཐ་མ་མེད་པ་སྟོང་པ་ཉིད་དང། དོར་བ་མེད་པ་སྟོང་པ་ཉིད་དང། རང་བཞིན་སྟོང་པ་ཉིད་དང། ཆོས་ཐམས་ཅད་སྟོང་པ་ཉིད་དང། རང་གི་མཚན་ཉིད་སྟོང་པ་ཉིད་དང། མི་དམིགས་ པ་སྟོང་པ་ཉིད་དང། དངོས་པོ་མེད་པ་སྟོང་པ་ཉིད་དང། ངོ་བོ་ཉིད་སྟོང་པ་ཉིད་དང། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི། གནས་ མེད་དོ༑ ༑དྲན་པ་ཉེ་བར་གཞག་པ་བཞི་དམིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི། གནས་མེད་དོ། །ཡང་དག་པར་སྤོང་བ་བཞི་དམིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ་ དེ་ནི༑ གནས་མེད་དོ། །རྫུ་འཕྲུལ་གྱི་རྐང་པ་བཞི་དམིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི། གནས་མེད་དོ། །དབང་པོ་ལྔ་དམིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ ནི༑ གནས་མེད་དོ། །སྟོབས་ལྔ་དམིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ་དེ་ནི། གནས་མེད་དོ། །བྱང་ཆུབ་ཀྱི་ཡན་ལག་བདུན་དམིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་ [232B] །འཕགས་པའི་ལམ་ཡན་ལག་བརྒྱད་པ་དམིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི། གནས་མེད་དོ། །འཕགས་པའི་བདེན་པ་བཞི་དམིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ་ དེ་ནི༑ གནས་མེད་དོ། །བསམ་གཏན་བཞི་དམིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི། གནས་མེད་དོ། །ཚད་མེད་པ་བཞི་དམིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི། གནས་མེད་དོ། ། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དམིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི། གནས་མེད་དོ། །རྣམ་པར་ཐར་པ་བརྒྱད་དམིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི། གནས་ མེད་དོ༑ ༑མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དམིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི། གནས་མེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང་ སྨོན་པ་མེད་པ་དམིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི། གནས་མེད་དོ། །མངོན་པར་ཤེས་པ་རྣམས་དམིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ་དེ་ནི། གནས་མེད་དོ། །ཏིང་ངེ་འཛིན་ རྣམས་དམིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི། གནས་མེད་དོ་།གཟུངས་ཀྱི་སྒོ་རྣམས་དམིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མེད་དོ། །དེ་བཞིན་གཤེགས་པའི་སྟོབས་ བཅུ་དམིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི། གནས་མེད་དོ། །མི་འཇིགས་པ་བཞི་དམིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི། གནས་མེད་དོ། །སོ་སོ་ཡང་དག་པར་རིག་པ་བཞི་ [233A]༄༅། །དམིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི། གནས་མེད་དོ་།བྱམས་པ་ཆེན་པོ་དམིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི། གནས་མེད་དོ། །སྙིང་རྗེ་ཆེན་པོ་ དམིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི། གནས་མེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དམིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི། གནས་མེད་དོ། །རྒྱུན་དུ་ཞུགས་ པའི་འབྲས་བུ་དམིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི། གནས་མེད་དོ། །ལན་གཅིག་ཕྱིར་འོང་བའི་འབྲས་བུ་དམིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི། གནས་མེད་དོ། །ཕྱིར་ མི་འོང་བའི་འབྲས་བུ་དམིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མེད་དོ། །དགྲ་བཅོམ་པ་ཉིད་དམིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི། གནས་མེད་དོ། །རང་བྱང་ཆུབ་ དམིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི། གནས་མེད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་དམིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མེད་དོ། །རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་དམིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི། གནས་མེད་དོ། །རབ་འབྱོར། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་སྤྱོད་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ [233B] ལེའུ་དྲུག་ཅུ་རྩ་ལྔ་པའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། །བམ་པོ་ཉིས་བརྒྱ་གྱ་དགུ་པ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་དང། སྟོང་པ་ཉིད་བཅུ་ བཞི་ལ་སྤྱོད་པ་དང། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སྤྱོད་པ་དང། རྣམ་པར་ཐར་པའི་སྒོ་གསུམ་ལ་སྤྱོད་པ་དང། བསམ་གཏན་དང། རྣམ་པར་ཐར་པ་དང། ཏིང་ངེ་ འཛིན་དང། སྙོམས་པར་འཇུག་པ་ཐམས་ཅད་ལ་སྤྱོད་པ་དང། འཕགས་པའི་བདེན་པ་བཞི་ལ་སྤྱོད་པ་དང། མངོན་པར་ཤེས་པ་རྣམས་ལ་སྤྱོད་པ་དང། ཏིང་ངེ་འཛིན་རྣམས་ལ་ སྤྱོད་པ་དང། གཟུངས་ཀྱི་སྒོ་རྣམས་ལ་སྤྱོད་པ་དང། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སྤྱོད་པ་དང། མི་འཇིགས་པ་བཞི་ལ་སྤྱོད་པ་དང། སོ་སོ་ཡང་དག་པར་རིག་པ་བཞི་ལ་ སྤྱོད་པ་དང། བྱམས་པ་ཆེན་པོ་ལ་སྤྱོད་པ་དང། སྙིང་རྗེ་ཆེན་པོ་ལ་སྤྱོད་པ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སྤྱོད་པས། བྱང་ཆུབ་ཀྱི་ལམ་ཡོངས་སུ་རྫོགས་པར་ བགྱིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའི་སྐལ་བ་མ་མཆིས་ན། བཅོམ་ལྡན་འདས། དེ་ཇི་ལྟར་བྱང་ཆུབ་སེམས་དཔའ་ [234A]༄༅། །སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། རབ་འབྱོར། ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མཁས་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་ སྦྱིན་པ་དང། སྦྱིན་པའི་བདག་པོ་དང། ལེན་པའང་མི་དམིགས། ཆོས་དེ་དག་ལས་གཞན་དུའང་མི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན་ཐབས་མཁས་པས་བླ་ ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར། གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་ཚུལ་ཁྲིམས་དང། ཚུལ་ཁྲིམས་དང་ལྡན་པའང་མི་དམིགས། ཆོས་དེ་གཉིས་ལས་གཞན་དུའང་མི་སྤྱོད་ན་ དེའི་འཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་ [234B] ཐབས་མཁས་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་།རབ་འབྱོར། གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་བཟོད་པ་དང། བཟོད་པ་དང་ལྡན་པའང་མི་དམིགས། ཆོས་དེ་གཉིས་ལས་གཞན་དུའང་མི་སྤྱོད་ན་ དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ ལྟར་སྤྱོད་ན། ཐབས་མཁས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར། གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་བརྩོན་འགྲུས་དང། བརྩོན་འགྲུས་རྩོམ་པའང་མི་དམིགས། ཆོས་དེ་ གཉིས་ལས་གཞན་དུའང་མི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་ [235A]༄༅། །འབྱོར༑ གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ ཀྱང་བསམ་གཏན་དང། བསམ་གཏན་པའང་མི་དམིགས། ཆོས་དེ་གཉིས་ལས་གཞན་དུའང་མི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་ པར་འགྱུར་ཏེ། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་།རབ་འབྱོར། གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་ཡང་ཤེས་རབ་དང། ཤེས་རབ་དང་ལྡན་པའང་མི་དམིགས། ཆོས་དེ་གཉིས་ལས་གཞན་དུའང་མི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་ པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར། གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་ [235B]ཉིད་སྒོམ་ཡང་ནང་སྟོང་པ་ཉིད་དང། ནང་སྟོང་པ་ཉིད་སྒོམ་པའང་མི་དམིགས། ཆོས་དེ་གཉིས་ལས་གཞན་དུའང་མི་སྤྱོད་ན། དེའི་ ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་ སྤྱོད་ན༑ ཐབས་མཁས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཕྱི་སྟོང་པ་ཉིད་སྒོམ་ཡང་ཕྱི་སྟོང་པ་ཉིད་དང། ཕྱི་སྟོང་པ་ཉིད་སྒོམ་པའང་མི་དམིགས། ཆོས་དེ་གཉིས་ལས་གཞན་དུའང་མི་ སྤྱོད་ན༑ དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་ གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཕྱི་ནང་སྟོང་པ་ཉིད་སྒོམ་ཡང་ཕྱི་ནང་སྟོང་པ་ [236A]༄༅། །ཉིད་དང། ཕྱི་ནང་སྟོང་པ་ཉིད་སྒོམ་པའང་མི་དམིགས། ཆོས་དེ་གཉིས་ལས་གཞན་དུའང་མི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར། གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་སྤྱོད་པའི་ཚེ་སྟོང་པ་ཉིད་སྟོང་པ་ཉིད་སྒོམ་ཡང་སྟོང་པ་ཉིད་སྟོང་པ་ཉིད་དང། སྟོང་པ་ཉིད་སྟོང་པ་ཉིད་སྒོམ་པའང་མི་དམིགས། ཆོས་དེ་གཉིས་ལས་གཞན་དུའང་མི་སྤྱོད་ན། དེའི་ཚེ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ་རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་ མཁས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར། གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཆེན་པོ་སྟོང་པ་ཉིད་སྒོམ་ཡང་ཆེན་པོ་སྟོང་པ་ཉིད་དང། ཆེན་པོ་སྟོང་པ་ཉིད་སྒོམ་པའང་མི་དམིགས། ཆོས་དེ་གཉིས་ལས་གཞན་དུའང་མི་སྤྱོད་ན། དེའི་ཚེ་ [236B]ཐོབ་པར་འགྱུར་ཏེ། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་ མཁས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར། གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་དོན་དམ་པ་སྟོང་པ་ཉིད་སྒོམ་ཡང་དོན་དམ་པ་སྟོང་པ་ཉིད་དང། དོན་དམ་པ་སྟོང་པ་ཉིད་སྒོམ་པའང་མི་དམིགས། ཆོས་དེ་གཉིས་ལས་གཞན་དུའང་མི་སྤྱོད་ན། དེའི་ཚེ་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་ མཁས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར། གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་སྤྱོད་པའི་ཚེ་འདུས་བྱས་སྟོང་པ་ཉིད་སྒོམ་ཡང་འདུས་བྱས་སྟོང་པ་ཉིད་དང། འདུས་བྱས་སྟོང་པ་ཉིད་སྒོམ་པའང་མི་དམིགས་ཆོས་དེ་གཉིས་ལས་གཞན་དུའང་མི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས་བླ་ན་ [237A]༄༅། །མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར། གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འདུས་མ་བྱས་སྟོང་པ་ཉིད་སྒོམ་ཡང་འདུས་མ་བྱས་སྟོང་པ་ཉིད་དང། འདུས་མ་བྱས་སྟོང་པ་ཉིད་སྒོམ་པའང་མི་དམིགས། ཆོས་དེ་གཉིས་ལས་གཞན་དུའང་མི་སྤྱོད་ན་དེའི་ཚེ་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་ མཁས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར། གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་མཐའ་ལས་འདས་པ་སྟོང་པ་ཉིད་སྒོམ་ཡང་མཐའ་ལས་འདས་པ་སྟོང་པ་ཉིད་དང། མཐའ་ལས་འདས་པ་སྟོང་པ་ཉིད་སྒོམ་པའང་མི་དམིགས། ཆོས་དེ་གཉིས་ལས་ གཞན་དུའང་མི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར། གཞན་ཡང་ནམ་བྱང་ཆུབ་སེམས་ [237B]སྤྱོད་པའི་ཚེ་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་སྒོམ་ཡང་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་སྒོམ་ པའང་མི་དམིགས། ཆོས་དེ་གཉིས་ལས་གཞན་དུའང་མི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་ལམ་རྒྱའོ། །རབ་འབྱོར། གཞན་ ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་དོར་བ་མེད་པ་སྟོང་པ་ཉིད་སྒོམ་ཡང་དོར་བ་མེད་པ་སྟོང་པ་ཉིད་དང། དོར་བ་མེད་པ་སྟོང་པ་ཉིད་ སྒོམ་པའང་མི་དམིགས། ཆོས་དེ་གཉིས་ལས་གཞན་དུའང་མི་སྤྱོད་ན་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་རང་བཞིན་སྟོང་པ་ཉིད་སྒོམ་ཡང་རང་བཞིན་སྟོང་པ་ཉིད་དང། རང་བཞིན་སྟོང་པ་ཉིད་སྒོམ་པའང་མི་དམིགས་ [238A]༄༅། །ཆོས་དེ་གཉིས་ལས་གཞན་དུའང་མི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། ། རབ་འབྱོར། གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཆོས་ཐམས་ཅད་སྟོང་པ་ཉིད་སྒོམ་ཡང་ཆོས་ཐམས་ཅད་སྟོང་པ་ཉིད་ དང། ཆོས་ཐམས་ཅད་སྟོང་པ་ཉིད་སྒོམ་པའང་མི་དམིགས། ཆོས་དེ་གཉིས་ལས་གཞན་དུའང་མི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་ འགྱུར་ཏེ། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར། གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་རང་གི་མཚན་ཉིད་སྟོང་པ་ཉིད་ སྒོམ་ཡང་རང་གི་མཚན་ཉིད་སྟོང་པ་ཉིད་དང། རང་གི་མཚན་ཉིད་སྟོང་པ་ཉིད་སྒོམ་པའང་མི་དམིགས། ཆོས་དེ་གཉིས་ལས་གཞན་དུའང་མི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ [238B] རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་།རབ་འབྱོར། གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་མི་དམིགས་ པ་སྟོང་པ་ཉིད་སྒོམ་ཡང་མི་དམིགས་པ་སྟོང་པ་ཉིད་དང། མི་དམིགས་པ་སྟོང་པ་ཉིད་སྒོམ་པའང་མི་དམིགས། ཆོས་དེ་གཉིས་ལས་གཞན་དུའང་མི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར། གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་བའི་ཚེ་དངོས་པོ་མེད་པ་སྟོང་པ་ ཉིད་སྒོམ་ཡང་དངོས་པོ་མེད་པ་སྟོང་པ་ཉིད་དང། དངོས་པོ་མེད་པ་སྟོང་པ་ཉིད་སྒོམ་པའང་མི་དམིགས། ཆོས་དེ་གཉིས་ལས་གཞན་དུའང་མི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས་བླ་ན་མེད་པ་ཡང་དག་པར་ [239A]༄༅། །རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར། གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་སྤྱོད་པའི་ཚེ་ངོ་བོ་ཉིད་སྟོང་པ་ཉིད་སྒོམ་ཡང་ངོ་བོ་ཉིད་སྟོང་པ་ཉིད་དང། ངོ་བོ་ཉིད་སྟོང་པ་ཉིད་སྒོམ་པའང་མི་དམིགས། ཆོས་དེ་གཉིས་ལས་གཞན་དུའང་མི་སྤྱོད་ན། དེའི་ཚེ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ་རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན་ ཐབས་མཁས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར། གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྒོམ་ཡང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྒོམ་པའང་ མི་དམིགས། ཆོས་དེ་གཉིས་ལས་གཞན་དུའང་མི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར། བྱང་ཆུབ་སེམས་དཔའ་ཆེན་[?] སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཆང་རྒྱའོ། །རབ་འབྱོར་ [239B]རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་དྲན་པ་ཉེ་བར་གཞག་པ་བཞི་སྒོམ་ཡང་དྲན་པ་ཉེ་བར་གཞག་པ་རྣམས་དང། དྲན་པ་ཉེ་ བར་གཞག་པ་སྒོམ་པའང་མི་དམིགས། ཆོས་དེ་གཉིས་ལས་གཞན་དུའང་མི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་ རྒྱའོ༑ ༑རབ་འབྱོར། གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཡང་དག་པར་སྤོང་བ་བཞི་སྒོམ་ཡང་ཡང་དག་པར་སྤོང་བ་རྣམས་ དང། ཡང་དག་པར་སྤོང་བ་སྒོམ་པའང་མི་དམིགས། ཆོས་དེ་གཉིས་ལས་གཞན་དུའང་མི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་ འབྱོར༑ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་ པའི་འཚང་རྒྱའོ། །རབ་འབྱོར། གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་རྫུ་འཕྲུལ་གྱི་རྐང་པ་བཞི་སྒོམ་ཡང་རྫུ་འཕྲུལ་གྱི་རྐང་པ་རྣམས་ [240A]༄༅། །དང། རྫུ་འཕྲུལ་གྱི་རྐང་པ་སྒོམ་པའང་མི་དམིགས་ཆོས་དེ་གཉིས་ལས་གཞན་དུའང་མི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན་ཐབས་མཁས་པས་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར། གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་དབང་པོ་ལྔ་ སྒོམ་ཡང་དབང་པོ་རྣམས་དང། དབང་པོ་སྒོམ་པའང་མི་དམིགས་ཆོས་དེ་གཉིས་ལས་གཞན་དུའང་མི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་ པར་འགྱུར་ཏེ། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར། གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་སྟོབས་ལྔ་སྒོམ་ཡང་སྟོབས་ རྣམས་དང། སྟོབས་སྒོམ་པའང་མི་དམིགས། ཆོས་དེ་གཉིས་ལས་གཞན་དུའང་མི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་ [240B] བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། ། རབ་འབྱོར༑ གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་ཡང་བྱང་ཆུབ་ཀྱི་ཡན་ལག་རྣམས་དང། བྱང་ ཆུབ་ཀྱི་ཡན་ལག་སྒོམ་པའང་མི་དམིགས། ཆོས་དེ་གཉིས་ལས་གཞན་དུའང་མི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་།རབ་ འབྱོར༑ གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་ཡང་འཕགས་པའི་ལམ་ཡན་ ལག་བརྒྱད་པ་དང། འཕགས་བའི་ལམ་ཡན་ལག་བརྒྱད་བ་སྒོམ་པའང་མི་དམིགས། ཆོས་དེ་གཉིས་ལས་གཞན་དུའང་མི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས་བླ་ན་མེད་པ་ཡང་དག་པར་ [241A]༄༅། །རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར། གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ སྤྱོད་པའི་ཚེ་འཕགས་པའི་བདེན་པ་བཞི་སྒོམ་ཡང་འཕགས་པའི་བདེན་པ་རྣམས་དང། འཕགས་པའི་བདེན་པ་སྒོམ་པའང་མི་དམིགས་ཆོས་དེ་གཉིས་ལས་གཞན་དུའང་མི་སྤྱོད་ན། དེའི་ཚེ་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་ མཁས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར། གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་བསམ་གཏན་བཞི་སྒོམ་ཡང་བསམ་གཏན་རྣམས་དང། བསམ་གཏན་སྒོམ་པའང་མི་དམིགས། ཆོས་དེ་གཉིས་ལས་གཞན་དུའང་མི་སྤྱོད་ན། དེའི་ཚེ་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན་ ཐབས་མཁས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར། གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་ [241B]བཞི་སྒོམ་ཡང་ཚད་མེད་པ་རྣམས་དང། ཚད་མེད་པ་སྒོམ་པའང་མི་དམིགས། ཆོས་དེ་གཉིས་ལས་གཞན་དུའང་མི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་ པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར། གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་སྒོམ་ཡང་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་སྒོམ་པའང་ མི་དམིགས། ཆོས་དེ་གཉིས་ལས་གཞན་དུའང་མི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་ གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་རྣམ་པར་ཐར་པ་བརྒྱད་སྒོམ་ཡང་རྣམ་པར་ཐར་པ་རྣམས་དང། རྣམ་པར་ཐར་པ་ [242A]༄༅། །སྒོམ་པའང་མི་དམིགས། ཆོས་དེ་གཉིས་ལས་གཞན་དུའང་མི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་ འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་ པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར། གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་མཐར་གྱིས་གནས་པའི་སྙོམས་ པར་འཇུག་པ་དགུ་སྒོམ་ཡང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དང། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་སྒོམ་པའང་མི་དམིགས། ཆོས་དེ་གཉིས་ལས་ གཞན་དུའང་མི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར། གཞན་ ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ [242B] མཚན་མ་མེད་པ་དང། སྨོན་པ་མེད་པ་དང། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་སྒོམ་པའང་མི་ དམིགས༑ ཆོས་དེ་གཉིས་ལས་གཞན་དུའང་མི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་ འབྱོར༑ གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་མངོན་པར་ཤེས་པ་རྣམས་སྒོམ་ཡང་མངོན་པར་ཤེས་པ་རྣམས་དང་ མངོན་པར་ཤེས་པ་སྒོམ་པའང་མི་དམིགས། ཆོས་དེ་གཉིས་ལས་གཞན་དུའང་མི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་ འབྱོར༑ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་ པར་འཚང་རྒྱའོ། །རབ་འབྱོར། གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཏིང་ངེ་འཛིན་རྣམས་སྒོམ་ཡང་ཏིང་ངེ་འཛིན་རྣམས་ [243A]༄༅། །དང། ཏིང་ངེ་འཛིན་སྒོམ་པའང་མི་དམིགས། ཆོས་དེ་གཉིས་ལས་གཞན་དུའང་མི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན་ཐབས་མཁས་པས་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་།རབ་འབྱོར། གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ གཟུངས་ཀྱི་སྒོ་རྣམས་སྒོམ་ཡང་གཟུངས་ཀྱི་སྒོ་རྣམས་དང། གཟུངས་ཀྱི་སྒོ་སྒོམ་པའང་མི་དམིགས། ཆོས་དེ་གཉིས་ལས་གཞན་དུའང་མི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར། གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་དེ་བཞིན་གཤེགས་པའི་སྟོབས་བཅུ་སྒོམ་ཡང་དེ་བཞིན་གཤེགས་པའི་སྟོབས་རྣམས་དང། དེ་བཞིན་གཤེགས་པའི་སྟོབས་སྒོམ་པའང་མི་དམིགས། ཆོས་ [243B] དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ་རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར། གཞན་ཡང་ནམ་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་མི་འཇིགས་པ་བཞི་སྒོམ་ཡང་མི་འཇིགས་པ་རྣམས་དང། མི་འཇིགས་པ་སྒོམ་པའང་མི་དམིགས་ ཆོས་དེ་གཉིས་ལས་གཞན་དུའང་མི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ་རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར། གཞན་ཡང་ནམ་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་སོ་སོ་ཡང་དག་པར་རིག་པ་བཞི་སྒོམ་ཡང་སོ་སོ་ཡང་དག་པར་རིག་པ་རྣམས་དང། སོ་སོ་ཡང་དག་ པར་རིག་པ་སྒོམ་པའང་མི་དམིགས། ཆོས་དེ་གཉིས་ལས་གཞན་དུའང་མི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་ [244A]༄༅། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་ པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར། གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་བྱམས་པ་ཆེན་པོ་སྒོམ་ཡང་བྱམས་པ་ཆེན་པོ་ དང། བྱམས་པ་ཆེན་པོ་སྒོམ་པའང་མི་དམིགས། ཆོས་དེ་གཉིས་ལས་གཞན་དུའང་མི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་ འབྱོར༑ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་ རྫོགས་པར་འཚང་རྒྱའོ། །རབ་འབྱོར། གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་སྙིང་རྗེ་ཆེན་པོ་སྒོམ་ཡང་སྙིང་རྗེ་ཆེན་པོ་དང་ སྙིང་རྗེ་ཆེན་པོ་སྒོམ་པའང་མི་དམིགས། ཆོས་དེ་གཉིས་ལས་གཞན་དུའང་མི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་ [244B] །རབ་འབྱོར། གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་སྒོམ་ཡང་སངས་ རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་སྒོམ་པའང་མི་དམིགས། ཆོས་དེ་གཉིས་ལས་གཞན་དུའང་མི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་བྱང་ཆུབ་ཀྱི་ལམ་ལ་བརྩོན་པར་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། འདི་ལ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མཁས་པས་གཟུགས་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱོར་བའམ། དབྱེ་བར་བྱ་བའི་ གཟུགས་ལ་ངོ་བོ་ཉིད་མེད་དོ། །ཚོར་བ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱོར་བའམ། དབྱེ་བར་བྱ་བའི་ཚོར་བ་ལ་ངོ་བོ་ཉིད་མེད་དོ། །འདུ་ཤེས་མི་སྦྱོར་མི་འབྱེད་དེ། དེ་ [245A]༄༅། །ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ་དབྱེ་བར་བྱ་བའི་འདུ་ཤེས་ལ་ངོ་བོ་ཉིད་མེད་དོ། །འདུ་བྱེད་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་ གང་སྦྱར་བའམ། དབྱེ་བར་བྱ་བའི་འདུ་བྱེད་ལ་ངོ་བོ་ཉིད་མེད་དོ། །རྣམ་པར་ཤེས་པ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན་དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་རྣམ་པར་ ཤེས་པ་ལ་ངོ་བོ་ཉིད་མེད་དོ། །མིག་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་མིག་ལ་ངོ་བོ་ཉིད་མེད་དོ། །རྣ་བ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ ཞེ་ན༑ དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་རྣ་བ་ལ་ངོ་བོ་ཉིད་མེད་དོ། །སྣ་མི་སྦྱོར་མི་འབྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་སྣ་ལ་ངོ་བོ་ཉིད་ མེད་དོ། །ལྕེ་མི་སྦྱོར་མི་འབྱེད་དེ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ལྕེ་ལ་ངོ་བོ་ཉིད་མེད་དོ། །ལུས་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ གང་སྦྱར་བའམ། དབྱེ་བར་བྱ་བའི་ལུས་ལ་ངོ་བོ་ཉིད་མེད་དོ་།ཡིད་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ཡིད་ལ་ངོ་བོ་ཉིད་མེད་དོ་།གཟུགས་ མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་གཟུགས་ལ་ངོ་བོ་ཉིད་མེད་དོ། །སྒྲ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་ [245B] དབྱེ་བར་བྱ་བའི་སྒྲ་ལ་ངོ་བོ་ཉིད་མེད་དོ། །དྲི་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་དྲི་ལ་ངོ་བོ་ཉིད་མེད་དོ། །རོ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་རོ་ལ་ངོ་བོ་ཉིད་མེད་དོ། །རེག་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་རེག་ལ་ངོ་བོ་ ཉིད་མེད་དོ། །ཆོས་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ཆོས་ལ་ངོ་བོ་ཉིད་མེད་དོ། །མིག་གི་རྣམ་པར་ཤེས་པ་མི་སྦྱོར་མི་འབྱེད་དོ། དེ་ཅིའི་ ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་མིག་གི་རྣམ་པར་ཤེས་པ་ལ་ངོ་བོ་ཉིད་མེད་དོ། །རྣ་བའི་རྣམ་པར་ཤེས་པ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་ གང་སྦྱར་བའམ། དབྱེ་བར་བྱ་བའི་རྣ་བའི་རྣམ་པར་ཤེས་པ་ལ་ངོ་བོ་ཉིད་མེད་དོ། །སྣའི་རྣམ་པར་ཤེས་པ་མི་སྦྱོར་མི་འབྱེད་དེ་དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་ བའི་སྣའི་རྣམ་པར་ཤེས་པ་ལ་ངོ་བོ་ཉིད་མེད་དོ། །ལྕེའི་རྣམ་པར་ཤེས་པ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ལྕེའི་རྣམ་པར་ཤེས་པ་ལ་ངོ་བོ་ ཉིད་མེད་དོ། །ལུས་ཀྱི་རྣམ་པར་ཤེས་པ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ལུས་ཀྱི་རྣམ་པར་ཤེས་པ་ལ་ངོ་བོ་ཉིད་མེད་དོ། །ཡིད་ཀྱི་རྣམ་པར་ [246A]༄༅། །ཤེས་པ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ཡིད་ཀྱི་རྣམ་པར་ཤེས་པ་ལ་ངོ་བོ་ཉིད་མེད་དོ། །མིག་གི་འདུས་ཏེ་ རེག་པ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་མིག་གི་འདུས་ཏེ་རེག་པ་ལ་ངོ་བོ་ཉིད་མེད་དོ། །རྣ་བའི་འདུས་ཏེ་རེག་པ་མི་སྦྱོར་མི་འབྱེད་དེ་ དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་རྣ་བའི་འདུས་ཏེ་རེག་པ་ལ་ངོ་བོ་ཉིད་མེད་དོ། །སྣའི་འདུས་ཏེ་རེག་པ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་ སྦྱར་བའམ། དབྱེ་བར་བྱ་བའི་སྣའི་འདུས་ཏེ་རེག་པ་ལ་ངོ་བོ་ཉིད་མེད་དོ། །ལྕེའི་འདུས་ཏེ་རེག་པ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ལྕེའི་ འདུས་ཏེ་རེག་པ་ལ་ངོ་བོ་ཉིད་མེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ལུས་ཀྱི་འདུས་ཏེ་རེག་པ་ལ་ངོ་བོ་ཉིད་མེད་དོ། ། ཡིད་ཀྱི་འདུས་ཏེ་རེག་པ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ཡིད་ཀྱི་འདུས་ཏེ་རེག་པ་ལ་ངོ་བོ་ཉིད་མེད་དོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ ཚོར་བ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་ངོ་བོ་ཉིད་མེད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ [246B] དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་ངོ་བོ་ཉིད་མེད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ ཚོར་བ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་ངོ་བོ་ཉིད་མེད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་ བ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་ངོ་བོ་ཉིད་མེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་ བ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་ངོ་བོ་ཉིད་མེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ ཚོར་བ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་ངོ་བོ་ཉིད་མེད་དོ། །སའི་ཁམས་མི་སྦྱོར་མི་འབྱེད་ དེ༑ དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་སའི་ཁམས་ལ་ངོ་བོ་ཉིད་མེད་དོ། །ཆུའི་ཁམས་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ་ དབྱེ་བར་བྱ་བའི་ཆུའི་ཁམས་ལ་ངོ་བོ་ཉིད་མེད་དོ། །མེའི་ཁམས་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་མེའི་ཁམས་ལ་ངོ་བོ་ཉིད་མེད་དོ་།རླུང་ [247A]༄༅། །གི་ཁམས་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་རླུང་གི་ཁམས་ལ་ངོ་བོ་ཉིད་མེད་དོ། །ནམ་མཁའི་ཁམས་མི་སྦྱོར་ མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ནམ་མཁའི་ཁམས་ལ་ངོ་བོ་ཉིད་མེད་དོ་།རྣམ་པར་ཤེས་པའི་ཁམས་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན་ དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་རྣམ་པར་ཤེས་པའི་ཁམས་ལ་ངོ་བོ་ཉིད་མེད་དོ། །མ་རིག་པ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་ བྱ་བའི་མ་རིག་པ་ལ་ངོ་བོ་ཉིད་མེད་དོ། །འདུ་བྱེད་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ་དབྱེ་བར་བྱ་བའི་འདུ་བྱེད་ལ་ངོ་བོ་ཉིད་མེད་དོ། །རྣམ་པར་ཤེས་ པ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་རྣམ་པར་ཤེས་པ་ལ་ངོ་བོ་ཉིད་མེད་དོ། །མིང་དང་གཟུགས་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ ན༑ དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་མིང་དང་གཟུགས་ལ་ངོ་བོ་ཉིད་མེད་དོ། །སྐྱེ་མཆེད་དྲུག་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་ བྱ་བའི་སྐྱེ་མཆེད་དྲུག་ལ་ངོ་བོ་ཉིད་མེད་དོ། །རེག་པ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་རེག་པ་ལ་ངོ་བོ་ཉིད་མེད་དོ། །ཚོར་བ་མི་སྦྱོར་མི་འབྱེད་ [247B] དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ཚོར་བ་ལ་ངོ་བོ་ཉིད་མེད་དོ་།སྲེད་པ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་ བར་བྱ་བའི་སྲེད་པ་ལ་ངོ་བོ་ཉིད་མེད་དོ། །ལེན་པ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ་དབྱེ་བར་བྱ་བའི་ལེན་པ་ལ་ངོ་བོ་ཉིད་མེད་དོ། །སྲིད་པ་མི་སྦྱོར་མི་འབྱེད་ དེ༑ དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་སྲིད་པ་ལ་ངོ་བོ་ཉིད་མེད་དོ། །སྐྱེ་བ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ་དབྱེ་བར་བྱ་ བའི་སྐྱེ་བ་ལ་ངོ་བོ་ཉིད་མེད་དོ། །རྒ་ཤི་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱེ་བའི་རྒ་ཤི་ལ་ངོ་བོ་ཉིད་མེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མི་སྦྱོར་མི་འབྱེད་དེ་ དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ངོ་བོ་ཉིད་མེད་དོ་།ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་ འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངོ་བོ་ཉིད་མེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ་ དབྱེ་བར་བྱ་བའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ངོ་བོ་ཉིད་མེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་བརྩོན་ [248A]༄༅། །འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངོ་བོ་ཉིད་མེད་དོ་།བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ངོ་བོ་ཉིད་མེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་ངོ་བོ་ཉིད་མེད་དོ། །ནང་སྟོང་པ་ཉིད་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ནང་སྟོང་པ་ཉིད་ལ་ངོ་བོ་ཉིད་མེད་དོ། །ཕྱི་སྟོང་པ་ཉིད་ མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ཕྱི་སྟོང་པ་ཉིད་ལ་ངོ་བོ་ཉིད་མེད་དོ། །ཕྱི་ནང་སྟོང་པ་ཉིད་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་ འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ཕྱི་ནང་སྟོང་པ་ཉིད་ལ་ངོ་བོ་ཉིད་མེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་ བྱ་བའི་སྟོང་པ་ཉིད་སྟོང་པ་ཉིད་ལ་ངོ་བོ་ཉིད་མེད་དོ། །ཆེན་པོ་སྟོང་པ་ཉིད་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ཆེན་པོ་སྟོང་པ་ཉིད་ལ་ངོ་བོ་ཉིད་ མེད་དོ། །དོན་དམ་པ་སྟོང་པ་ཉིད་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་དོན་དམ་པ་སྟོང་པ་ཉིད་ལ་ངོ་བོ་ཉིད་མེད་དོ། །འདུས་བྱས་སྟོང་པ་ཉིད་ [248B] དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་འདུས་བྱས་སྟོང་པ་ཉིད་ལ་ངོ་བོ་ཉིད་མེད་དོ། །འདུས་མ་བྱས་སྟོང་པ་ཉིད་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ ནི༑ འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་འདུས་མ་བྱས་སྟོང་པ་ཉིད་ལ་ངོ་བོ་ཉིད་མེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ་ དབྱེ་བར་བྱ་བའི་མཐའ་ལས་འདས་པ་སྟོང་པ་ཉིད་ལ་ངོ་བོ་ཉིད་མེད་དོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ་དབྱེ་བར་བྱ་བའི་ཐོག་མ་ དང་ཐ་མ་མེད་པ་སྟོང་པ་ཉིད་ལ་ངོ་བོ་ཉིད་མེད་དོ། །དོར་བ་མེད་པ་སྟོང་པ་ཉིད་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན་དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་དོར་བ་མེད་པ་སྟོང་པ་ཉིད་ལ་ངོ་བོ་ཉིད་ མེད་དོ། །རང་བཞིན་སྟོང་པ་ཉིད་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་རང་བཞིན་སྟོང་པ་ཉིད་ལ་ངོ་བོ་ཉིད་མེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་མི་ སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ཆོས་ཐམས་ཅད་སྟོང་པ་ཉིད་ལ་ངོ་བོ་ཉིད་མེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་རང་གི་མཚན་ཉིད་སྟོང་པ་ཉིད་ལ་ངོ་བོ་ཉིད་མེད་དོ། །མི་དམིགས་པ་སྟོང་པ་ཉིད་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་ [249A]༄༅། །གང་སྦྱར་བའམ། དབྱེ་བར་བྱ་བའི་མི་དམིགས་པ་སྟོང་པ་ཉིད་ལ་ངོ་བོ་ཉིད་མེད་དོ། །དངོས་པོ་མེད་པ་སྟོང་པ་ཉིད་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་ སྦྱར་བའམ། དབྱེ་བར་བྱ་བའི་དངོས་པོ་མེད་པ་སྟོང་པ་ཉིད་ལ་ངོ་བོ་ཉིད་མེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ངོ་ བོ་ཉིད་སྟོང་པ་ཉིད་ལ་ངོ་བོ་ཉིད་མེད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ ལ་ངོ་བོ་ཉིད་མེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་དྲན་པ་ཉེ་བར་གཞག་པ་བཞི་ལ་ངོ་བོ་ཉིད་མེད་དོ། །ཡང་ དག་པར་སྤོང་བ་བཞི་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན་དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ཡང་དག་པར་སྤོང་བ་བཞི་ལ་ངོ་བོ་ཉིད་མེད་དོ། །རྫུ་འཕྲུལ་གྱི་རྐང་པ་བཞི་མི་སྦྱོར་མི་འབྱེད་ དེ༑ དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་ངོ་བོ་ཉིད་མེད་དོ་།དབང་པོ་ལྔ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་ སྦྱར་བའམ། དབྱེ་བར་བྱ་བའི་དབང་པོ་ལྔ་ལ་ངོ་བོ་ཉིད་མེད་དོ། །སྟོབས་ལྔ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་སྟོབས་ལྔ་ལ་ངོ་བོ་ཉིད་ [249B] ༑བྱང་ཆུབ་ཀྱི་ཡན་ལག་བདུན་མི་སྦྱོར་མི་འབྱེད་དེ་དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་ངོ་བོ་ཉིད་མེད་དོ་།འཕགས་པའི་ལམ་ ཡན་ལག་བརྒྱད་པ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་ངོ་བོ་ཉིད་མེད་དོ། །འཕགས་པའི་བདེན་པ་ བཞི་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་འཕགས་པའི་བདེན་པ་བཞི་ལ་ངོ་བོ་ཉིད་མེད་དོ། །བསམ་གཏན་བཞི་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་བསམ་གཏན་བཞི་ལ་ངོ་བོ་ཉིད་མེད་དོ། །ཚད་མེད་པ་བཞི་མི་སྦྱོར་མ་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ་ དབྱེ་བར་བྱ་བའི་ཚད་མེད་པ་བཞི་ལ་ངོ་བོ་ཉིད་མེད་དོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་ངོ་བོ་ཉིད་མེད་དོ་།རྣམ་པར་ཐར་པ་བརྒྱད་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་རྣམ་པར་ ཐར་པ་བརྒྱད་ལ་ངོ་བོ་ཉིད་མེད་དོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྐྱར་བའམ། དབྱེ་བར་བྱ་བའི་མཐར་གྱིས་གནས་ [250A]༄༅། །པའི་སྙོམས་པར་འཇུག་པ་དགུ་ལ་ངོ་བོ་ཉིད་མེད་དོ་།རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང་སྨོན་པ་མེད་པ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན་ དེ་ནི༑ འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ལ་ངོ་བོ་ཉིད་མེད་དོ། །མངོན་པར་ཤེས་པ་རྣམས་མི་སྦྱོར་མི་འབྱེད་དེ་ དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་མངོན་པར་ཤེས་པ་རྣམས་ལ་ངོ་བོ་ཉིད་མེད་དོ། །ཏིང་ངེ་འཛིན་རྣམས་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ གང་སྦྱར་བའམ། དབྱེ་བར་བྱ་བའི་ཏིང་ངེ་འཛིན་རྣམས་ལ་ངོ་བོ་ཉིད་མེད་དོ། །གཟུངས་ཀྱི་སྒོ་རྣམས་མི་སྦྱོར་མི་འབྱེད་དོ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ གཟུངས་ཀྱི་སྒོ་རྣམས་ལ་ངོ་བོ་ཉིད་མེད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་དེ་བཞིན་གཤེགས་ པའི་སྟོབས་རྣམས་ལ་ངོ་བོ་ཉིད་མེད་དོ། །མི་འཇིགས་པ་བཞི་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་མི་འཇིགས་པ་རྣམས་ལ་ངོ་བོ་ཉིད་མེད་ དོ༑ ༑སོ་སོ་ཡང་དག་པར་རིག་པ་བཞི་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་སོ་སོ་ཡང་དག་པར་རིག་པ་རྣམས་ལ་ངོ་བོ་ཉིད་མེད་དོ། །བྱམས་ [250B] དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་བྱམས་པ་ཆེན་པོ་ལ་ངོ་བོ་ཉིད་མེད་དོ། །སྙིང་རྗེ་ཆེན་པོ་མི་སྦྱོར་མི་འབྱེད་དེ་དེ་ཅིའི་ཕྱིར་ཞེ་ན། དེ་ ནི༑ འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་སྙིང་རྗེ་ཆེན་པོ་ལ་ངོ་བོ་ཉིད་མེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་གང་སྦྱར་བ་ འམ༑ དབྱེ་བར་བྱ་བའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ངོ་བོ་ཉིད་མེད་དོ། །གསོལ་པ། བཅོམ་ལྡན་འདས། ཆོས་གང་ལའང་གང་སྦྱོར་བའམ། དབྱེ་བར་བགྱི་བའི་ངོ་བོ་ཉིད་མ་མཆིས་ ན༑ གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བགྱི་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་ལྟར་མངོན་པར་འགྲུབ་པར་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་བསླབ་ པར་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ༑ ཤཱ་རད་ཏིའི་བུ། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་སྐད་དུ་སྨྲས་པ་བཞིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་བསླབས་པར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་ཏེ། དེའང་ཐབས་མཁས་པར་ཡིན་གྱི། ཐབས་མི་མཁས་པས་མ་ཡིན་ནོ། །ཤཱ་རད་ཏིའི་བུ། གལ་ཏེ་བྱང་ཆུབ་སེམས་ [251A]༄༅། །དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཆོས་གང་ལ་ལ་ཞིག་གི་ངོ་བོ་ཉིད་དམིགས་ན་ནི། དེའི་ཕྱིར་འཛིན་པར་ཡང་འགྱུར་ན། འོན་ཏེ་ མི་དམིགས་ན། འདི་ནི། གཟུགས་སོ། །འདི་ནི། ཚོར་བའོ། །འདི་ནི། འདུ་ཤེས་སོ། །འདི་ནི། འདུ་བྱེད་དོ། །འདི་ནི། རྣམ་པར་ཤེས་པའོ། །ཞེས་བྱ་བར་ཡང་ཅི་ཞིག་གཟུང། འདི་དག་ནི། སྐྱེ་མཆེད་ རྣམས་སོ། །འདི་དག་ནི་ཁམས་རྣམས་སོ། །འདི་དག་ནི། རྟེན་ཅིང་འབྲེལ་བར་འབྱུང་བའོ། །འདི་དག་ནི། མ་རིག་པའོ། །འདི་ནི། འདུ་བྱེད་དོ། །འདི་ནི། རྣམ་པར་ཤེས་པའོ། །འདི་ནི། མིང་དང་ གཟུགས་སོ། །འདི་ནི། སྐྱེ་མཆེད་དྲུག་གོ་འདི་ནི། རེག་པའོ། །འདི་ནི་ཚོར་བའོ། །འདི་ནི། སྲེད་པའོ། །འདི་ནི། ལེན་པའོ། །འདི་ནི། སྲིད་པའོ། །འདི་ནི། སྐྱེ་བའོ། །འདི་ནི། རྒ་ཤིའོ། །འདི་ནི་ སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི། བསམ་གཏན་གྱི་ཕ་ རོལ་ཏུ་ཕྱིན་པའོ། འདི་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་།འདི་ནི། ནང་སྟོང་པ་ཉིད་དོ། །འདི་ནི། ཕྱི་སྟོང་པ་ཉིད་དོ་།འདི་ནི། ཕྱི་ནང་སྟོང་པ་ཉིད་དོ། །འདི་ནི། སྟོང་པ་ཉིད་སྟོང་པ་ཉིད་དོ། །འདི་ ནི༑ ཆེན་པོ་སྟོང་པ་ཉིད་དོ། །འདི་ནི། དོན་དམ་པ་སྟོང་པ་ཉིད་དོ། །འདི་ནི། འདུས་བྱས་སྟོང་པ་ཉིད་དོ། །འདི་ནི། འདུས་མ་བྱས་སྟོང་པ་ཉིད་དོ། །འདི་ནི། མཐའ་ལས་འདས་པ་སྟོང་པ་ཉིད་དོ་།འདི་ [251B] ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དོ། །འདི་ནི་དོར་བ་མེད་པ་སྟོང་པ་ཉིད་དོ། །འདི་ནི། རང་བཞིན་སྟོང་པ་ཉིད་དོ། འདི་ནི། ཆོས་ཐམས་ཅད་སྟོང་པ་ཉིད་དོ། །འདི་ནི། རང་གི་མཚན་ཉིད་སྟོང་པ་ཉིད་དོ། ། འདི་ནི༑ མི་དམིགས་པ་སྟོང་པ་ཉིད་དོ། །འདི་ནི། དངོས་པོ་མེད་པ་སྟོང་པ་ཉིད་དོ། །འདི་ནི། ངོ་བོ་ཉིད་སྟོང་པ་ཉིད་དོ། །འདི་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །འདི་དག་ནི། དྲན་པ་ཉེ་བར་གཞག་པ་ བཞིའོ། །འདི་དག་ནི། ཡང་དག་པར་སྤོང་བ་བཞིའོ། །འདི་དག་ནི་རྫུ་འཕྲུལ་གྱི་རྐང་པ་བཞིའོ། །འདི་དག་ནི་དབང་པོ་ལྔའོ་།འདི་དག་ནི། སྟོབས་ལྔའོ། །འདི་དག་ནི། བྱང་ཆུབ་ཀྱི་ཡན་ལག་བདུན་ནོ། ། འདི་དག་ནི། འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །འདི་དག་ནི་འཕགས་པའི་བདེན་པ་བཞིའོ། །འདི་དག་ནི། བསམ་གཏན་བཞིའོ། །འདི་དག་ནི། ཚད་མེད་པ་བཞིའོ། །འདི་དག་ནི། གཟུགས་མེད་ པར་སྙོམས་པར་འཇུག་པ་བཞིའོ། །འདི་དག་ནི། རྣམ་པར་ཐར་པ་བརྒྱད་དོ། །འདི་དག་ནི། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའོ། །འདི་དག་ནི། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་ མཚན་མ་མེད་པ་དང། སྨོན་པ་མེད་པའོ། །འདི་དག་ནི། མངོན་པར་ཤེས་པ་རྣམས་སོ། །འདི་དག་ནི། ཏིང་ངེ་འཛིན་རྣམས་སོ། །འདི་དག་ནི། གཟུངས་ཀྱི་སྒོ་རྣམས་སོ། །འདི་དག་ནི། དེ་བཞིན་གཤེགས་ པའི་སྟོབས་བཅུའོ། །འདི་དག་ནི། མི་འཇིགས་པ་བཞིའོ། །འདི་དག་ནི་སོ་སོ་ཡང་དག་པར་རིག་པ་བཞིའོ། །འདི་ནི། བྱམས་པ་ཆེན་པོའོ་།འདི་ནི། སྙིང་རྗེ་ཆེན་པོའོ། །འདི་དག་ནི། སངས་རྒྱས་ཀྱི་ཆོས་ [252A]༄༅། །མ་འདྲེས་པ་བཅོ་བརྒྱད་དོ། །འདི་ནི། རྒྱུན་དུ་ཞུགས་པའི་འབྲས་བུའོ། །འདི་ནི། ལན་གཅིག་ཕྱིར་འོང་བའི་འབྲས་བུའོ། །འདི་ནི། ཕྱིར་མི་འོང་བའི་འབྲས་བུའོ། །འདི་ནི། དགྲ་ བཅོམ་པ་ཉིད་དོ། །འདི་ནི། རང་བྱང་ཆུབ་བོ། །འདི་ནི། ལམ་གྱི་རྣམ་པ་ཤེས་པ་ཉིད་དོ། །འདི་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །ཞེས་བྱ་བར་ཡང་ཅི་ཞིག་གཟུང་སྟེ། ཤཱ་རད་ཏིའི་བུ། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གཟུང་དུ་མེད་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི། གཟུང་དུ་མེད་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གཟུང་དུ་མེད་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་ པ་ནི༑ གཟུང་དུ་མེད་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གཟུང་དུ་མེད་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི། གཟུང་དུ་མེད་པའོ། །ནང་སྟོང་པ་ཉིད་ནི། གཟུང་དུ་མེད་པའོ། །ཕྱི་སྟོང་པ་ ཉིད་ནི༑ གཟུང་དུ་མེད་པའོ། །ཕྱི་ནང་སྟོང་པ་ཉིད་ནི། གཟུང་དུ་མེད་པའོ། །སྟོང་པ་ཉིད་སྟོང་པ་ཉིད་ནི། གཟུང་དུ་མེད་པའོ་།ཆེན་པོ་སྟོང་པ་ཉིད་ནི། གཟུང་དུ་མེད་པའོ། །དོན་དམ་པ་སྟོང་པ་ཉིད་ནི་ གཟུང་དུ་མེད་པའོ། །འདུས་བྱས་སྟོང་པ་ཉིད་ནི། གཟུང་དུ་མེད་པའོ། །འདུས་མ་བྱས་སྟོང་པ་ཉིད་ནི། གཟུང་དུ་མེད་པའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ནི། གཟུང་དུ་མེད་པའོ། །ཐོག་མ་དང་ཐ་ མ་མེད་པ་སྟོང་པ་ཉིད་ནི། གཟུང་དུ་མེད་པའོ། །དོར་བ་མེད་པ་སྟོང་པ་ཉིད་ནི། གཟུང་དུ་མེད་པའོ། །རང་བཞིན་སྟོང་པ་ཉིད་ནི། གཟུང་དུ་མེད་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ནི། གཟུང་དུ་མེད་ [252B] ༑རང་གི་མཚན་ཉིད་སྟོང་པ་ཉིད་ནི། གཟུང་དུ་མེད་པའོ། །མི་དམིགས་པ་སྟོང་པ་ཉིད་ནི། གཟུང་དུ་མེད་པའོ། །དངོས་པོ་མེད་པ་སྟོང་པ་ཉིད་ནི། གཟུང་དུ་མེད་པའོ། །ངོ་བོ་ཉིད་སྟོང་པ་ཉིད་ནི། གཟུང་དུ་ མེད་པའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི། གཟུང་དུ་མེད་པའོ། །དྲན་པ་ཉེ་བར་གཞག་པ་བཞི་ནི། གཟུང་དུ་མེད་པའོ། །ཡང་དག་པར་སྤོང་བ་བཞི་ནི། གཟུང་དུ་མེད་པའོ། །རྫུ་འཕྲུལ་གྱི་ རྐང་པ་བཞི་ནི། གཟུང་དུ་མེད་པའོ། །དབང་པོ་ལྔ་ནི། གཟུང་དུ་མེད་པའོ། །སྟོབས་ལྔ་ནི། གཟུང་དུ་མེད་པའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི། གཟུང་དུ་མེད་པའོ། །འཕགས་པའི་ལམ་ཡན་ལག་ བརྒྱད་པ་ནི། གཟུང་དུ་མེད་པའོ། །འཕགས་པའི་བདེན་པ་བཞི་ནི་གཟུང་དུ་མེད་པའོ། །བསམ་གཏན་བཞི་ནི། གཟུང་དུ་མེད་པའོ། །ཚད་མེད་པ་བཞི་ནི། གཟུང་དུ་མེད་པའོ། །གཟུགས་མེད་པའི་ སྙོམས་པར་འཇུག་པ་བཞི་ནི། གཟུང་དུ་མེད་པའོ། །རྣམ་པར་ཐར་པ་བརྒྱད་ནི། གཟུང་དུ་མེད་པའོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི། གཟུང་དུ་མེད་པའོ། །རྣམ་པར་ཐར་པའི་ སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ནི་གཟུང་དུ་མེད་པའོ། །མངོན་པར་ཤེས་པ་རྣམས་ནི། གཟུང་དུ་མེད་པའོ། །ཏིང་ངེ་འཛིན་རྣམས་ནི། གཟུང་དུ་མེད་པའོ། །གཟུངས་ཀྱི་སྒོ་ རྣམས་ནི། གཟུང་དུ་མེད་པའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་གཟུང་དུ་མེད་པའོ། །མི་འཇིགས་པ་བཞི་ནི། གཟུང་དུ་མེད་པའོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི། གཟུང་དུ་མེད་པའོ། ། [253A]༄༅། །བྱམས་པ་ཆེན་པོ་ནི། གཟུང་དུ་མེད་པའོ། །སྙིང་རྗེ་ཆེན་པོ་ནི། གཟུང་དུ་མེད་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི། གཟུང་དུ་མེད་པའོ། །ཤཱ་རད་ཏིའི་ བུ༑ དེ་ནི། གཟུང་དུ་མེད་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱ་སྟེ། དེ་ལ་སློབ་པའི་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། བསླབ་པའང་མི་དམིགས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟ་ཅི་སྨོས། བྱང་ཆུབ་ལྟའང་ཅི་སྨོས། བྱང་ཆུབ་ཀྱི་ཆོས་རྣམས་ལྟའང་ ཅི་སྨོས། སངས་རྒྱས་ཀྱི་ཆོས་རྣམས་ལྟའང་ཅི་སྨོས། རང་སངས་རྒྱས་ཀྱི་ཆོས་རྣམས་ལྟའང་ཅི་སྨོས། ཉན་ཐོས་ཀྱི་ཆོས་རྣམས་ལྟའང་ཅི་སྨོས། སོ་སོའི་སྐྱེ་བོའི་ཆོས་རྣམས་ལྟའང་ཅི་སྨོས་ དེ་ཅིའི་ཕྱིར་ཞེ་ན། ཤཱ་རད་ཏིའི་བུ། དེ་ནི། འདི་ལྟར་ཆོས་གང་ལའང་ངོ་བོ་ཉིད་མེད་དོ། །དེ་ལྟར་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ལ་སོ་སོའི་སྐྱེ་བོའི་ཆོས་ནི། གང། རྒྱུན་དུ་ཞུགས་པ་ ནི༑ གང་ཞིག་ཡོད། ལན་གཅིག་ཕྱིར་འོང་བ་ནི། གང་ཞིག་ཡོད་ཕྱིར་མི་འོང་བ་ནི། གང་ཞིག་ཡོད། དགྲ་བཅོམ་པ་ནི། གང་ཞིག་ཡོད། རང་སངས་རྒྱས་ནི། གང་ཞིག་ཡོད། བྱང་ཆུབ་སེམས་ དཔའ་ནི། གང་ཞིག་ཡོད། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི། གང་ཞིག་ཡོད། གལ་ཏེ་གང་ཟག་དེ་དག་དམིགས་སུ་མེད་ན། ཆོས་གང་གིས་སོ་སོའི་སྐྱེ་ [253B] རྒྱུན་དུ་ཞུགས་པའམ། ལན་གཅིག་ཕྱིར་འོང་བའམ་ཕྱིར་མི་འོང་བའམ། དགྲ་བཅོམ་པའམ། རང་སངས་རྒྱས་སམ། བྱང་ཆུབ་སེམས་དྤའམ། དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བར་བརྗོད་པའི་ཆོས་དེ་དག་འབྱུང་བར་ཡང་ག་ལ་འགྱུར། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། །བམ་པོ་ཉིས་ བརྒྱ་དགུ་བཅུ་པ། །གསོལ་པ། བཅོམ་ལྡན་འདས། ཆོས་ཐམས་ཅད་དངོས་པོ་མ་མཆིས་པ་ལ་འདི་ནི། སོ་སོའི་སྐྱེ་བོའོ། །ཞེས་བགྱི་བ་ནས་འདི་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་སོ། །ཞེས་བགྱི་བའི་བར་དུ་འབྱུང་བ་ཅིའི་སྐད་དུ་དམིགས་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཤཱ་རད་ཏིའི་བུ། ཅི་གཟུགས་ཀྱི་དངོས་པོ་གང་ལ་བྱིས་ པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་ སོ༑ ༑བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་ཚོར་བའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་ འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་འདུ་ཤེས་ཀྱི་དངོས་པོ་གསལ་བྱིས་པ་ [254A]༄༅། །སོ་སོའི་སྐྱེ་བ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་ དེ་ནི༑ མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་འདུ་བྱེད་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་ པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་ རྣམ་པར་ཤེས་པའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ་ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་མིག་གི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་ གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ་གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། ཤཱ་རད་ཏིའི་བུ། ཅི་རྣ་བའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ་ [254B] ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་སྣའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་ལྕེའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་ པ༑ བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ་།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་ལུས་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་ པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་ཡིད་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ་ བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏགས་པར་དེ་ནི། མ་ལགས་སོ་།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་གཟུགས་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ [255A]༄༅། །མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ་ཅི་སྒྲའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ ཏམ༑ ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཤཱ་རད་ཏིའི་བུ། ཅི་དྲིའི་ དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ་གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་ གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཤཱ་རད་ཏིའི་བུ། ཅི་རོའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ ཤཱ་རད་ཏིའི་བུ། ཅི་རེག་གི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ [255B] ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ་།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་ཆོས་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་ པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་མིག་གི་རྣམ་པར་ཤེས་པའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་ འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་རྣ་བའི་རྣམ་པར་ཤེས་པའི་དངོས་ པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་ དེ་ནི༑ མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་སྣའི་རྣམ་པར་ཤེས་པའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་ དམ༑ ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ་ [256A]༄༅། །ཅི་ལྕེའི་རྣམ་པར་ཤེས་པའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ་ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་ པ༑ བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ་།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་ལུས་ཀྱི་རྣམ་པར་ཤེས་པའི་དངོས་པོ་གང་ལ་བྱིས་པ་སོ་ སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ་ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་ཡོད་ཀྱི་རྣམ་པར་ཤེས་པའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་ གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་མིག་གི་འདུས་ ཏེ་རེག་པའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་ མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་རྣ་བའི་འདུས་ཏེ་རེག་པའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་ [256B] ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ ཤཱ་རད་ཏིའི་བུ། ཅི་སྣའི་འདུས་ཏེ་རེག་པའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ་ བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་ལྕེའི་འདུས་ཏེ་རེག་པའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་ བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་ལུས་ཀྱི་འདུས་ཏེ་རེག་པའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ་ ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་ཡིད་ཀྱི་འདུས་ཏེ་ རེག་པའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་ [257A]༄༅། །མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་དངོས་པོ་གང་ལ་ བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ ནི༑ མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་ པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ་ ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་ལྕེའི་འདུས་ཏེ་ རེག་པའི་རྐྱེན་གྱིས་ཚོར་བའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ [257B] ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ་།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་དངོས་པོ་གང་ལ་ བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ་ཅི་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་ བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ རད་ཏིའི་བུ། ཅི་སའི་ཁམས་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་གྱུར་རམ། གསོལ་པ། བཅོམ་ལྡན་ འདས༑ ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་ཆུའི་ཁམས་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་ [258A]༄༅། །བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་མེའི་ཁམས་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལ་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ་ ཡོད་པར་འགྱུར་རམ། གསོལ་བ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་རླུང་གི་ཁམས་ཀྱི་ དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ་གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་ གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཤཱ་རད་ཏིའི་བུ། ཅི་ནམ་མཁའི་ཁམས་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་ གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ་གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་རྣམ་པར་ཤེས་པའི་ཁམས་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་ པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་མ་རིག་པའི་དངོས་པོ་ [258B]གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ་གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་ མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་འདུ་བྱེད་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་ གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་རྣམ་ པར་ཤེས་པའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ་ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་མིང་དང་གཟུགས་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་ པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། ཤཱ་རད་ཏིའི་བུ། ཅི་སྐྱེ་མཆེད་དྲུག་གི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་ [259A]༄༅། །པ༑ བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ་ཅི་རེག་པའི་དངོས་པོ་གང་ ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ་བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་ དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་ཚོར་བའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་ པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་ སྲེད་པའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་ལེན་པའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་ པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ་།བཅོམ་ལྡན་འདས་ཀྱིས་བཀའ་ [259B] ཤཱ་རད་ཏིའི་བུ། ཅི་སྲིད་པའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་ འདས༑ ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་སྐྱེ་བའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་ པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ་།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ རད་ཏིའི་བུ། ཅི་རྒ་ཤིའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་ པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་ [260A]༄༅། །འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཤཱ་རད་ཏིའི་བུ། ཅི་ བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ མངོན་པར་ཞེན་པ་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ་ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ ཏམ༑ ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཤཱ་རད་ཏིའི་བུ། ཅི་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ [260B] མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་ནང་སྟོང་པ་ཉིད་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་ པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ་།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་ བུ༑ ཅི་ཕྱི་སྟོང་པ་ཉིད་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་ཕྱི་ནང་སྟོང་པ་ཉིད་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་ དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ་བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ་།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ ཏིའི་བུ༑ ཅི་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་ འདས༑ ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་ཆེན་པོ་སྟོང་པ་ཉིད་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ [261A]༄༅། །ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ་ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་དོན་དམ་པ་སྟོང་པ་ཉིད་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་ གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ་ ཅི་འདུས་བྱས་སྟོང་པ་ཉིད་ཀྱི་དངོས་པོ་གང་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་འདུས་མ་བྱིས་སྟོང་པ་ཉིད་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་ བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ་ [261B] ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་ཐོག་མ་ དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ་ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་དོར་བ་མེད་པ་སྟོང་པ་ཉིད་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་རང་བཞིན་སྟོང་པ་ཉིད་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ་ གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དངོས་པོ་གང་ལ་ བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ [262A]༄༅། །ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་ པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ ཤཱ་རད་ཏིའི་བུ། ཅི་མི་དམིགས་པ་སྟོང་པ་ཉིད་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་ པ༑ བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ་།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་དངོས་པོ་གང་ལ་བྱིས་ པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ་ཅི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ་ ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ་ [262B]གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ་བཅོམ་ ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་ སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་ཡང་དག་པར་སྤོང་བ་རྣམས་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ་ཡོད་ པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་རྫུ་འཕྲུལ་གྱི་རྐང་པ་རྣམས་ ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་ པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་དབང་པོ་རྣམས་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ་ [263A]༄༅། །ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ ཤཱ་རད་ཏིའི་བུ། ཅི་སྟོབས་རྣམས་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་དངོས་པོ་གང་ལ་བྱིས་པ་སོ་ སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ་ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ་ཅི་འཕགས་པའི་ལམ་ཡན་ལག་བརྒྱད་པའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་ དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ་བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ་།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ ཤཱ་རད་ཏིའི་བུ། ཅི་འཕགས་པའི་བདེན་པ་རྣམས་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ་ [263B] བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་བསམ་གཏན་རྣམས་ཀྱི་དངོས་པོ་གང་ལ་བྱིས་པ་ སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་ སོ༑ ༑བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་ཚད་མེད་པ་རྣམས་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ ཏམ༑ ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཤཱ་རད་ཏིའི་བུ། ཅི་གཟུགས་མེད་ པའི་སྙོམས་པར་འཇུག་པ་རྣམས་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ་ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་རྣམ་པར་ཐར་པ་རྣམས་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་ རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་ [264A]༄༅། །འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་ པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། ཤཱ་རད་ཏིའི་བུ། ཅི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་ དམ༑ ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་ བུ༑ ཅི་མངོན་པར་ཤེས་པ་རྣམས་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ་ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་ཏིང་ངེ་འཛིན་རྣམས་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ་ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ [264B] ཤཱ་རད་ཏིའི་བུ། ཅི་གཟུངས་ཀྱི་སྒོ་རྣམས་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་ རམ༑ གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ་ཅི་དེ་བཞིན་གཤེགས་པའི་སྟོབས་རྣམས་ ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་ པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་མི་འཇིགས་པ་རྣམས་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་ དམ༑ ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ་ ཅི་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་བྱམས་པ་ཆེན་པོའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བ་རྣམས་ [265A]༄༅། །མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་ སོ༑ ༑བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་སྙིང་རྗེ་ཆེན་པོའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་ པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཅི་སངས་རྒྱས་ཀྱི་ཆོས་མ་འདྲེས་ པ་བཅོ་བརྒྱད་ཀྱི་དངོས་པོ་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། ཕྱིན་ ཅི་ལོག་མ་གཏོགས་པར་དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་ཆོས་ཐམས་ཅད་དངོས་པོ་མེད་པ་ལ་ཕྱིན་ཅི་ལོག་ གི་དབང་གིས་སེམས་ཅན་རྣམས་རྣམ་པར་རྟོག་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མཁས་པས་ཆོས་ཐམས་ ཅད་དངོས་པོ་མེད་པར་མཐོང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་འཇུག་གོ་གསོལ་པ། བཅོམ་ལྡན་འདས་ཐབས་མཁས་པ་གང་གིས་བྱང་ཆུབ་སེམས་ [265B]མཐོང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་འཇུག་པའི་ཐབས་མཁས་པ་དེ་གང་ལགས། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཆོས་གང་ཡང་གང་ལ་ཐོགས་པར་འགྱུར་ བའི་དངོས་པོའམ། གང་ལ་ཐོགས་པར་གྱུར་ནས་ཞུམ་པར་འགྱུར་བའམ། ཞུམ་པར་གྱུར་ནས་སྒྱིད་ལུག་པར་འགྱུར་བའམ། སྒྱིད་ལུག་པར་གྱུར་ནས་ཆི་ཆད་པར་འགྱུར་བའམ། ཚི་ཆད་པར་ གྱུར་ནས་ལེ་ལོར་འགྱུར་བའི་དངོས་པོ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཤཱ་རད་ཏིའི་བུ། སེམས་ཅན་རྣམས་རྨོངས་པས་ཕུང་པོ་ཞེས་བྱ་བའམ། ཁམས་ཞེས་བྱ་བའམ། སྐྱེ་མཆེད་ཅེས་བྱ་བའམ་ རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བའམ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཞེས་བྱ་བར་མངོན་པར་ཞེན་པ་མ་གཏོགས་པར་ཆོས་ཐམས་ཅད་ནི། དངོས་པོ་མེད་པའོ། །སྲོག་མེད་པའོ། །སྲོག་ དང་བྲལ་བའོ། །དངོས་པོ་མེད་པའི་ངོ་བོ་ཉིད་དོ། །རང་བཞིན་གྱིས་སྟོང་པའོ། །རང་གི་མཚན་ཉིད་ཀྱིས་སྟོང་པའོ། །དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་སྤྱོད་པའི་ཚེ་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དང། རང་བཞིན་སྟོང་པ་ཉིད་དང། རང་གི་མཚན་ཉིད་སྟོང་པར་ཡང་དག་པར་རྗེས་སུ་མཐོང་ནས་སྒྱུ་མའི་མཁན་པོ་ལྟ་བུའི་ལུས་བྱིན་ [266A]༄༅། །གྱིས་བརླབས་ནས་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། སེམས་ཅན་གང་སེར་སྣ་ཅན་དུ་གྱུར་པ་དེ་དག་ལ་སྦྱིན་པའི་གཏམ་བྱེད་དོ། །ཚུལ་ཁྲིམས་ངན་པ་ཅན་རྣམས་ལ་ཚུལ་ཁྲིམས་ ཀྱི་གཏམ་བྱེད་དོ། །གནོད་སེམས་ཅན་རྣམས་ལ་བཟོད་པའི་གཏམ་བྱེད་དོ་།ལེ་ལོ་ཅན་རྣམས་ལ་བརྩོན་འགྲུས་ཀྱི་གཏམ་བྱེད་དོ། །སེམས་གཡེང་བ་རྣམས་ལ་ཏིང་ངེ་འཛིན་གྱི་གཏམ་བྱེད་དོ། །ཤེས་ རབ་འཆལ་བ་ཅན་རྣམས་ལ་ཤེས་རབ་ཀྱི་གཏམ་བྱེད་དོ། །གང་གི་ཚེ་སེམས་ཅན་དེ་དག་སྦྱིན་པ་ལ་བཀོད་པར་གྱུར་པ་དང། ཚུལ་ཁྲིམས་བཀོད་པར་གྱུར་པ་དང། བཟོད་པ་ལ་བཀོད་པར་ གྱུར་པ་དང། བརྩོན་འགྲུས་ལ་བཀོད་པར་གྱུར་པ་དང། ཏིང་ངེ་འཛིན་ལ་བཀོད་པར་གྱུར་པ་དང། ཤེས་རབ་ལ་བཀོད་པར་གྱུར་པ་དེའི་ཚེ་དེ་ལས་གོང་དུ་སེམས་ཅན་དེ་དག་ལ་འཕགས་ པའི་གཏམ་འབྱུང་བར་འགྱུར་བ་གང་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་བ་དང། ལན་གཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་འགྱུར་བ་དང། ཕྱིར་མི་འོང་བའི་འབྲས་བུ་ཐོབ་ པར་འགྱུར་བ་དང། དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་བ་དང། རང་བྱང་ཆུབ་ཐོབ་པར་འགྱུར་བ་དང། ལམ་གྱི་རྣམ་པ་ཤེས་པ་ཉིད་ཐོབ་པར་འགྱུར་བ་དང། རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་ཐོབ་པར་འགྱུར་བ་དེ་ལྟ་བུའི་གཏམ་བྱེད་དོ། །གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་དེ་ལྟར་སེམས་ [266B]ལ་སྦྱོར། ཚུལ་ཁྲིམས་ལ་སྦྱོར། བཟོད་པ་ལ་སྦྱོར། བརྩོན་འགྲུས་ལ་སྦྱོར། ཏིང་ངེ་འཛིན་ལ་སྦྱོར། ཤེས་རབ་ལ་སྦྱོར་ཞིང་དེ་ ལས་གོང་དུ་འཕགས་པའི་གཏམ་འབྱུང་བར་འགྱུར་བ་གང་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་བ་དང། ལན་གཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་འགྱུར་བ་དང། ཕྱིར་མི་ འོང་བའི་འབྲས་བུ་ཐོབ་པར་འགྱུར་བ་དང། དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་བ་དང། རང་བྱང་ཆུབ་ཐོབ་པར་འགྱུར་བ་དང། ལམ་གྱི་རྣམ་པ་ཤེས་པ་ཉིད་ཐོབ་པར་འགྱུར་བ་དང། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བ་དེ་ལྟ་བུའི་གཏམ་བགྱིད་ན། ཇི་ལྟར་དམིགས་པ་མ་མཆིས་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ་དམིགས་པ་གང་ཡང་མེད་དེ། དེ་ཅིའི་ཕྱིར་ཞེ་ན་དེ་ནི། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཀུན་རྫོབ་ཀྱི་བརྡས་ཐ་སྙད་དུ་སྤྱོད་པ་མ་གཏོགས་པར་སེམས་ཅན་གང་ཡང་མི་དམིགས་ཏེ། ཤཱ་རད་ཏིའི་བུ། དེ་ལ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་འདི་ལྟ་སྟེ། ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི་བདེན་པ་དང། བདེན་པ་གཉིས་ལ་གནས་ནས་སེམས་ཅན་རྣམས་ལ་ཆོས་སྟོན་ཀྱང་ཤཱ་རད་ཏིའི་བུ། རིགས་པ་ [267A]༄༅། །གཉིས་ལ་སེམས་ཅན་དུ་དམིགས་པ་མེད་དེ། སེམས་ཅན་དུ་གདགས་པའང་མེད་དོ། །འོན་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པས་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་སེམས་ཅན་རྣམས་ལ་ཆོས་སྟོན་ན། དེས་སེམས་ཅན་དེ་དག་ཚེ་འདི་ཉིད་ལ་བདག་ཏུ་མི་དམིགས་ན། གང་ཐོབ་པར་བྱ་བ་དང། གང་གིས་ཐོབ་ པར་བྱ་བ་ལྟ་ཅི་སྨོས་ཏེ། ཤཱ་རད་ཏིའི་བུ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མཁས་པས་སེམས་ཅན་རྣམས་ལ་ ཆོས་སྟོན་ཏོ། །གསོལ་པ། བཅོམ་ལྡན་འདས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གང་ཡང་གཅིག་པའམ། ཐ་དད་པར་ཡང་མི་དམིགས་པས་དེ་ལྟ་བུའི་གོ་ཆ་འཚལ་ བ་དང། གོ་ཆ་འཚལ་བས་འདོད་པའི་ཁམས་ནའང་མི་གདའ། གཟུགས་མཆིས་པའི་ཁམས་ནའང་མི་གདའ། གཟུགས་མ་མཆིས་པའི་ཁམས་ནའང་མི་གདའ། འདུས་བྱས་ཀྱི་ཁམས་ ནའང་མི་གདའ། འདུས་མ་བྱས་ཀྱི་ཁམས་ནའང་མི་གདའ་ལ། སེམས་ཅན་རྣམས་ཀྱང་ཁམས་གསུམ་ནས་འགྲོལ་ཅིང་སེམས་ཅན་དུའང་མི་དམིགས། སེམས་ཅན་དུ་གདགས་པའང་མི་ དམིགས་པ་དེ་ནི། སྤྲོ་བ་ཆེན་པོ་དང་ལྡན་པ་སྟེ། སེམས་ཅན་དུ་གདགས་པ་མ་མཆིས་པས་སེམས་ཅན་བཅིངས་པ་དང་གྲོལ་བ་མ་མཆིས་སེམས་ཅན་བཅིངས་པ་དང་གྲོལ་བ་མ་མཆིས་པས་ [267B] རྣམ་པར་བྱང་བ་མ་མཆིས། ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་མ་མཆིས་པས་ལམ་གྱི་རྒྱུད་རྣམས་ཐ་དད་པ་མ་མཆིས། ལམ་གྱི་རྒྱུད་རྣམས་ཐ་དད་པ་མ་ མཆིས་པ་ལ་ལས་དང་ཉོན་མོངས་པ་མ་མཆིས་ཏེ། ལས་དང་ཉོན་མོངས་པ་མ་མཆིས་ན། རྣམ་པར་སྨིན་པ་གང་གིས་བདག་གམ་སེམས་ཅན་འགྲོ་བ་ལྔའི་འཁོར་བ་ན་གདའ་བར་འགྱུར་བའི་རྣམ་ པར་སྨིན་པ་དེ་ལྟ་བུའང་ག་ལས་མཆི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་ཚིག་ཇི་སྐད་དུ་བརྗོད་པ་བཞིན་ཏེ། གལ་ཏེ་སྔོན་སེམས་ཅན་ཞིག་བྱུང་ བར་གྱུར་ལ་ཕྱིས་འབྱུང་བ་མེད་པར་གྱུར་ཏམ། འོ་ན། དེ་ནི། དེ་བཞིན་དུ་སྔོན་ཡོད་པ་ལས་ཕྱིས་མེད་པར་གྱུར་ཏམ། འགྲོ་བ་ལྔའི་འཁོར་བ་སྔོན་ཡོད་ལ་ཕྱིས་མེད་པར་གྱུར། དེ་བཞིན་གཤེགས་ པ་དང། བྱང་ཆུབ་སེམས་དཔའ་ལའང་འདས་པ་དེ་ལྟ་བུར་གྱུར་ན་ཤཱ་རད་ཏིའི་བུ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། ཆོས་ དེ་དག་གི་དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་ དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་བཞིན་དུ་གནས་པ་སྟེ། དེ་ལ་བདག་ཀྱང་མེད། སེམས་ཅན་ཡང་མེད། སྲོག་ཀྱང་མེད། འགྲོ་བའང་མེད། གསོ་བའང་མེད། སྐྱེས་བུ་ [268A]༄༅། །བུའང་མེད། གང་ཟག་ཀྱང་མེད། ཤེད་ཅན་ཡང་མེད། ཤེད་བདག་ཀྱང་མེད། བྱེད་པ་པོའང་མེད། ཚོར་བ་པོའང་མེད། ཤེས་པ་པོའང་མེད། མཐོང་བ་པོའང་མེད་ ན༑ དེ་ལ་གཟུགས་ལྟ་ག་ལ་ཡོད། ཚོར་བ་ལྟ་ག་ལ་ཡོད། འདུ་ཤེས་ལྟ་ག་ལ་ཡོད། འདུ་བྱེད་ལྟ་ག་ལ་ཡོད། རྣམ་པར་ཤེས་པ་ལྟ་ག་ལ་ཡོད། མིག་ལྟ་ག་ལ་ཡོད། རྣ་བ་ལྟ་ག་ལ་ཡོད་ སྣ་ལྟ་ག་ལ་ཡོད། ལྕེ་ལྟ་ག་ལ་ཡོད། ལུས་ལྟ་ག་ལ་ཡོད། ཡིད་ལྟ་ག་ལ་ཡོད། གཟུགས་ལྟ་ག་ལ་ཡོད། སྒྲ་ལྟ་ག་ལ་ཡོད། དྲི་ལྟ་ག་ལ་ཡོད། རོ་ལྟ་ག་ལ་ཡོད། རེག་ལྟ་ག་ལ་ཡོད་ ཆོས་ལྟ་ག་ལ་ཡོད། མིག་གི་རྣམ་པར་ཤེས་པ་ལྟ་ག་ལ་ཡོད། རྣ་བའི་རྣམ་པར་ཤེས་པ་ལྟ་ག་ལ་ཡོད། སྣའི་རྣམ་པར་ཤེས་པ་ལྟ་ག་ལ་ཡོད། ལྕེའི་རྣམ་པར་ཤེས་པ་ལྟ་ག་ལ་ཡོད་ ལུས་ཀྱི་རྣམ་པར་ཤེས་པ་ལྟ་ག་ལ་ཡོད། ཡིད་ཀྱི་རྣམ་པར་ཤེས་པ་ལྟ་ག་ལ་ཡོད། མིག་གི་འདུས་ཏེ་རེག་པ་ལྟ་ག་ལ་ཡོད། རྣ་བའི་འདུས་ཏེ་རེག་པ་ལྟ་ག་ལ་ཡོད། སྣའི་འདུས་ཏེ་རེག་པ་ ལྟ་ག་ལ་ཡོད། ལྕེའི་འདུས་ཏེ་རེག་པ་ལྟ་ག་ལ་ཡོད། ལུས་ཀྱི་འདུས་ཏེ་རེག་པ་ལྟ་ག་ལ་ཡོད། ཡིད་ཀྱི་འདུས་ཏེ་རེག་པ་ལྟ་ག་ལ་ཡོད་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལྟ་ག་ལ་ ཡོད༑ རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལྟ་ག་ལ་ཡོད་སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལྟ་ག་ལ་ཡོད། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལྟ་ག་ལ་ཡོད། ལུས་ཀྱི་ [268B] ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལྟ་ག་ལ་ཡོད། སའི་ཁམས་ལྟ་ག་ལ་ཡོད། ཆུའི་ཁམས་ལྟ་ག་ལ་ཡོད། མེའི་ཁམས་ལྟ་ག་ལ་ཡོད་རླུང་ གི་ཁམས་ལྟ་ག་ལ་ཡོད། ནམ་མཁའི་ཁམས་ལྟ་ག་ལ་ཡོད། རྣམ་པར་ཤེས་པའི་ཁམས་ལྟ་ག་ལ་ཡོད། མ་རིག་པ་ལྟ་ག་ལ་ཡོད། འདུ་བྱེད་ལྟ་ག་ལ་ཡོད། རྣམ་པར་ཤེས་པ་ལྟ་ག་ལ་ཡོད། མིང་ དང་གཟུགས་ལྟ་ག་ལ་ཡོད། སྐྱེ་མཆེད་དྲུག་ལྟ་ག་ལ་ཡོད། རེག་པ་ལྟ་ག་ལ་ཡོད། ཚོར་བ་ལྟ་ག་ལ་ཡོད། སྲེད་པ་ལྟ་ག་ལ་ཡོད། ལེན་པ་ལྟ་ག་ལ་ཡོད། སྲིད་པ་ལྟ་ག་ལ་ཡོད། སྐྱེ་བ་ལྟ་ག་ལ་ཡོད་ རྒ་ཤི་ལྟ་ག་ལ་ཡོད། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་རྣམས་ལྟའང་ག་ལ་ཡོད་དེ། ཆོས་དེ་དག་མེད་ན་འགྲོ་བ་ལྔའི་འཁོར་བ་གང་ནས་སེམས་ཅན་རྣམས་དགྲོལ་བར་བྱ་བ་དེ་ལྟ་བུ་དག་ལྟའང་ ག་ལ་ཡོད་དེ། ཤཱ་རད་ཏིའི་བུ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྔོན་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལས་དེ་ལྟ་བུའི་ཆོས་ངོ་བོ་ཉིད་ཀྱིས་སྟོང་པ་དེ་དག་ཐོས་ནས་སེམས་ཅན་ རྣམས་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཇུག་སྟེ། ཕྱིན་ཅི་ལོག་གི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པ་མ་གཏོགས་པར་སེམས་ཅན་ནམ། ཆོས་གང་ ཡང་དམིགས་པ་མེད་དོ། །ཤཱ་རད་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། དེ་ལྟ་བུའི་གོ་ཆ་ཆེན་པོ་གྱོན་ཏེ། གོ་ཆ་དེ་བགོས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ [269A]༄༅། །ཕྱིར་མི་ལྡོག་སྟེ། བདག་གིས་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་བར་བྱ་བ་མ་ཡིན་གྱི། གདོན་མི་ཟ་བར་བདག་གིས་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ། །དེ་ལྟར་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་སེམས་ཅན་རྣམས་ཀྱི་དོན་ཆོས་བཞིན་དུ་བྱས་ཏེ། དོན་ བྱ་བ་དེས་སེམས་ཅན་རྣམས་ཕྱིན་ཅི་ལོག་ལས་ཡོངས་སུ་དགྲོལ་བར་བྱའོ། །སྙམ་མོ། །ཤཱ་རད་ཏིའི་བུ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་མཁན་པོའམ། སྤྲུལ་པའི་སྐྱེས་བུ་ཞིག་གིས་སྲོག་ ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་སྤྲུལ་ཏེ་བཟའ་བ་དང། བཅའ་བ་ཞིམ་ཞིང་ཉམས་སུ་བདེ་བ་ཤིན་ཏུ་མང་བས་ཚིམ་པར་བྱས་ཏེ། དེ་ལྟར་ཚིམ་པར་བྱས་ནས་བདག་གིས་ནི། བསོད་ནམས་ མང་པོ་སྤེལ་ཏོ། །བདག་གིས་ནི། བསོད་ནམས་མང་པོ་སྤེལ་ཏོ། །ཞེས་ཆེད་དུ་བརྗོད་ན། ཤཱ་རད་ཏིའི་བུ། དེ་ཇི་སྙམ་དུ་སེམས། དེ་ལ་ལ་ལ་ཞིག་བསྟན་ཏེ་ཚིམ་པར་བྱས་པའམ། ལ་ལས་ བསོད་ནམས་འཕེལ་བར་བྱས་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། དེ་བཞིན་དུ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའང་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང། བཟོད་པའི་ཕ་རོལ་ཏུ་ [269B] བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་ནང་སྟོང་པ་ ཉིད་ལ་སྤྱོད་པ་དང། ཕྱི་སྟོང་པ་ཉིད་ལ་སྤྱོད་པ་དང། ཕྱི་ནང་སྟོང་པ་ཉིད་ལ་སྤྱོད་པ་དང། སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང། ཆེན་པོ་སྟོང་པ་ཉིད་ལ་སྤྱོད་པ་དང། དོན་དམ་པ་སྟོང་པ་ཉིད་ལ་ སྤྱོད་པ་དང། འདུས་བྱས་སྟོང་པ་ཉིད་ལ་སྤྱོད་པ་དང། འདུས་མ་བྱས་སྟོང་པ་ཉིད་ལ་སྤྱོད་པ་དང། མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྤྱོད་པ་དང། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ ལ་སྤྱོད་པ་དང། དོར་བ་མེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང་རང་བཞིན་སྟོང་པ་ཉིད་ལ་སྤྱོད་པ་དང། ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱོད་པ་དང། རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་ མི་དམིགས་པ་སྟོང་པ་ཉིད་ལ་སྤྱོད་པ་དང། དངོས་པོ་མེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང། ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང། དྲན་ པ་ཉེ་བར་གཞག་པ་བཞི་ལ་སྤྱོད་པ་དང། ཡང་དག་པར་སྤོང་བ་བཞི་ལ་སྤྱོད་པ་དང། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སྤྱོད་པ་དང། དབང་པོ་ལྔ་ལ་སྤྱོད་པ་དང། སྟོབས་ལྔ་ལ་སྤྱོད་པ་དང། བྱང་ ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་པ་དང། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད་པ་དང། འཕགས་པའི་བདེན་པ་བཞི་ལ་སྤྱོད་པ་དང། བསམ་གཏན་བཞི་ལ་སྤྱོད་པ་དང། ཚད་མེད་ [270A]༄༅། །པ་བཞི་ལ་སྤྱོད་པ་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་སྤྱོད་པ་དང། རྣམ་པར་ཐར་པ་བརྒྱད་ལ་སྤྱོད་པ་དང། མཐར་གྱིས་གནས་པའི་སྙོམས་པར་འཇུག་ པ་དགུ་ལ་སྤྱོད་པ་དང། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ལ་སྤྱོད་པ་དང་མངོན་པར་ཤེས་པ་རྣམས་ལ་སྤྱོད་པ་དང། ཏིང་ངེ་འཛིན་ཐམས་ ཅད་ལ་སྤྱོད་པ་དང། གཟུངས་ཀྱི་སྒོ་ཐམས་ཅད་ལ་སྤྱོད་པ་དང་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སྤྱོད་པ་དང། མི་འཇིགས་པ་བཞི་ལ་སྤྱོད་པ་དང། སོ་སོ་ཡང་དག་པར་རིག་པ་ བཞི་ལ་སྤྱོད་པ་དང། བྱམས་པ་ཆེན་པོ་ལ་སྤྱོད་པ་དང། སྙིང་རྗེ་ཆེན་པོ་ལ་སྤྱོད་པ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སྤྱོད་པ་དང། བྱང་ཆུབ་ཀྱི་ལམ་ཡོངས་སུ་རྫོགས་པར་ བྱེད་པ་དང། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པའི་ཚེ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ། སེམས་ཅན་ལ་ལ་ཞིག་དམིགས་པར་བྱས་ཤིང་གདུལ་བར་བྱ་བ་དེ་ལྟ་བུའི་ སེམས་ཅན་གང་ཡང་མི་དམིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། །བམ་པོ་ཉིས་བརྒྱ་གོ་གཅིག་པ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱང་ཆུབ་ཀྱི་ལམ་གང་ལ་སྤྱད་དེ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱི་བ་དང་ [270B]སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད། བཟོད་པའི་ཕ་རོལ་ཏུ་ཕྱིན་ པ་ལ་སྤྱོད། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད། ནང་སྟོང་པ་ཉིད་ལ་སྤྱོད། ཕྱི་སྟོང་པ་ཉིད་ལ་ སྤྱོད༑ ཕྱི་ནང་སྟོང་པ་ཉིད་ལ་སྤྱོད། སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱོད། ཆེན་པོ་སྟོང་པ་ཉིད་ལ་སྤྱོད། དོན་དམ་པ་སྟོང་པ་ཉིད་ལ་སྤྱོད། འདུས་བྱས་སྟོང་པ་ཉིད་ལ་སྤྱོད། འདུས་མ་བྱས་སྟོང་པ་ཉིད་ ལ་སྤྱོད། མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྤྱོད། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་སྤྱོད། དོར་བ་མེད་པ་སྟོང་པ་ཉིད་ལ་སྤྱོད། རང་བཞིན་སྟོང་པ་ཉིད་ལ་སྤྱོད། ཆོས་ཐམས་ཅད་ སྟོང་པ་ཉིད་ལ་སྤྱོད། རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྤྱོད། མི་དམིགས་པ་སྟོང་པ་ཉིད་ལ་སྤྱོད། དངོས་པོ་མེད་པ་སྟོང་པ་ཉིད་ལ་སྤྱོད། ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད། དངོས་པོ་མེད་པའི་ངོ་ བོ་ཉིད་སྟོང་པ་ཉིད་ལ་སྤྱོད། དྲན་པ་ཉེ་བར་གཞག་པ་བཞི་ལ་སྤྱོད། ཡང་དག་པར་སྤོང་བ་བཞི་ལ་སྤྱོད། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སྤྱོད། དབང་པོ་ལྔ་ལ་སྤྱོད། སྟོབས་ལྔ་ལ་སྤྱོད་བྱང་ [271A]༄༅། །ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད། འཕགས་པའི་བདེན་པ་བཞི་ལ་སྤྱོད། བསམ་གཏན་བཞི་ལ་སྤྱོད། ཚད་ མེད་པ་བཞི་ལ་སྤྱོད། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་སྤྱོད། རྣམ་པར་ཐར་པ་བརྒྱད་ལ་སྤྱོད། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྤྱོད། རྣམ་པར་ ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ལ་སྤྱོད། མངོན་པར་ཤེས་པ་ལྔ་ལ་སྤྱོད། ཏིང་ངེ་འཛིན་ཐམས་ཅད་ལ་སྤྱོད། གཟུངས་ཀྱི་སྒོ་ཐམས་ཅད་ལ་སྤྱོད་ དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སྤྱོད། མི་འཇིགས་པ་བཞི་ལ་སྤྱོད། སོ་སོ་ཡང་དག་པར་རིག་པ་བཞི་ལ་སྤྱོད། བྱམས་པ་ཆེན་པོ་ལ་སྤྱོད། སྙིང་རྗེ་ཆེན་པོ་ལ་སྤྱོད། སངས་རྒྱས་ཀྱི་ ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སྤྱོད་ཅིང། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །གསོལ་པ། བཅོམ་ལྡན་འདས། ཇི་ལྟར་ན། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པ་ལགས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་ འབྱོར༑ འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་སེམས་ཅན་རྣམས་ལ་སྦྱིན་པ་ཡོངས་སུ་གཏོང་སྟེ། སྦྱིན་པ་བྱིན་ནས་འདི་སྐད་ [271B] རིགས་ཀྱི་བུ་དག་སྦྱིན་པ་ལ་གཟུང་བསམ་འཛིན་ཅིག་སྦྱིན་པ་ལ་གཟུང་བས་འཛིན་ཅིང་ལུས་གང་མངོན་པར་གྲུབ་པས། སྡུག་བསྔལ་མང་པོ་ཉམས་སུ་མྱོང་བར་འགྱུར་ བ་དེ་ལྟ་བུའི་ལུས་མངོན་པར་གྲུབ་པ་རེ། རིགས་ཀྱི་བུ་དག། འདི་ལ་དོན་དམ་པར་ན་སྦྱིན་པའང་མེད། སྦྱིན་པའི་འབྲས་བུའང་མེད་སྦྱིན་པའི་བདག་པོའང་མེད། ལེན་པའང་མེད་དེ། ཆོས་ དེ་དག་ཐམས་ཅད་ནི། རང་བཞིན་གྱིས་སྟོང་པའོ། །རང་བཞིན་གྱིས་སྟོང་པའི་ཆོས་ནི། ལེན་པ་མེད་དེ། རང་བཞིན་སྟོང་པ་ཉིད་ནི་གཟུང་དུ་མེད་པའོ། །ཞེས་འདོམས་ཤིང་རྗེས་སུ་སྟོན་ཏེ། རབ་ འབྱོར༑ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་དེ་ལྟར་སེམས་ཅན་རྣམས་ལ་སྦྱིན་པ་ཡོངས་སུ་གཏོང་ཡང་སྦྱིན་པ་མི་དམིགས་སོ། །སྦྱིན་ པའི་བདག་པོ་མི་དམིགས་སོ། །ལེན་པ་མི་དམིགས་སོ། །དེ་ནི། མི་དམིགས་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཆོས་གསུམ་པོ་དེ་དག་ཐམས་ཅད་མི་དམིགས་པས་ སེམས་ཅན་རྣམས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སྦྱོར་རོ། །ལན་གཅིག་ཕྱིར་འོང་བའི་འབྲས་བུ་ལ་སྦྱོར་རོ། །ཕྱིར་མི་འོང་བའི་འབྲས་བུ་ལ་སྦྱོར་རོ། །དགྲ་བཅོམ་པ་ཉིད་ལ་སྦྱོར་རོ། །རང་བྱང་ཆུབ་ ལ་སྦྱོར་རོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྦྱོར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སྦྱོར་རོ། །རབ་འབྱོར། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ [272A]༄༅། །ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ། དེ་བདག་ཉིད་ཀྱང་སྦྱིན་པ་ཡོངས་སུ་གཏོང་ངོ། །གཞན་ཡང་སྦྱིན་པ་ལ་ཡང་དག་པར་སྐུལ་ལོ། ། སྦྱིན་པའི་ལེགས་པ་བརྗོད་དོ། །སེམས་ཅན་གཞན་གང་སྦྱིན་པ་ཡོངས་སུ་གཏོང་བ་དེ་དག་གིའང་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་དེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་དེ་ལྟ་བུའི་སྦྱིན་པ་ཆེན་པོ་བྱིན་ཞིང། རྒྱལ་རིགས་ཆེ་ཞིང་མཐོ་བའི་རིགས་དང་སྐལ་བ་མཉམ་པར་སྐྱེའོ། །བྲམ་ཟེ་ཆེ་ཞིང་མཐོ་བའི་རིགས་དང་སྐལ་བ་མཉམ་པར་སྐྱེའོ། །ཁྱིམ་བདག་ཆེ་ཞིང་ མཐོ་བའི་རིགས་དང་སྐལ་པ་མཉམ་པར་སྐྱེའོ། །ཁམས་ཀྱི་རྒྱལ་པོར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་འཐོབ་བོ། །དེ་དག་ནའང་སེམས་ཅན་དེ་དག་བསྡུ་བའི་དངོས་པོ་བཞིས་ཡོངས་སུ་ སྡུད་དེ། བཞི་གང་ཞེ་ན། སྦྱིན་པ་དང། ཚིག་སྙན་པ་དང། དོན་སྤྱད་པ་དང། དོན་མཐུན་པས་ཡོངས་སུ་སྡུད་དོ། །དེ་དེ་ལྟར། སྦྱིན་པས་ཡོངས་སུ་བསྡུས་པའི་སེམས་ཅན་དེ་དག་ཀྱང་རིམ་གྱིས་ ཚུལ་ཁྲིམས་ལ་རབ་ཏུ་འགོད་དོ། །བཟོད་པ་ལ་རབ་ཏུ་འགོད་དོ་།བརྩོན་འགྲུས་ལ་རབ་ཏུ་འགོད་དོ། །ཏིང་ངེ་འཛིན་ལ་རབ་ཏུ་འགོད་དོ། །ཤེས་རབ་ལ་རབ་ཏུ་འགོད་དོ། །བསམ་གཏན་བཞི་ལ་ རབ་ཏུ་འགོད་དོ། །ཚད་མེད་པ་བཞི་ལ་རབ་ཏུ་འགོད་དོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་རབ་ཏུ་འགོད་དོ། །དྲན་པ་ཉེ་བར་གཞག་པ་བཞི་ལ་རབ་ཏུ་འགོད་དོ། །ཡང་དག་པར་ [272B] །རྫུ་འཕྲུལ་གྱི་རྐང་པ་བཞི་ལ་རབ་ཏུ་འགོད་དོ། །དབང་པོ་ལྔ་ལ་རབ་ཏུ་འགོད་དོ། །སྟོབས་ལྔ་ལ་རབ་ཏུ་འགོད་དོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ལ་རབ་ཏུ་འགོད་དོ། །འཕགས་ པའི་ལམ་ཡན་ལག་བརྒྱད་པ་ལ་རབ་ཏུ་འགོད་དོ། །འཕགས་པའི་བདེན་པ་བཞི་ལ་རབ་ཏུ་འགོད་དོ། །རྣམ་པར་ཐར་པ་བརྒྱད་ལ་རབ་ཏུ་འགོད་དོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་ རབ་ཏུ་འགོད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ལ་རབ་ཏུ་འགོད་དོ། །མངོན་པར་ཤེས་པ་ལྔ་ལ་རབ་ཏུ་འགོད་དོ། །ཏིང་ངེ་འཛིན་རྣམས་ལ་རབ་ཏུ་འགོད་དོ། ། གཟུངས་ཀྱི་སྒོ་རྣམས་ལ་རབ་ཏུ་འགོད་དོ། །ཡང་དག་པའི་སྐྱོན་མེད་པར་འཇུག་པར་བྱེད་དོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་བྱེད་དོ། །ལན་གཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་བྱེད་དོ། །ཕྱིར་ མི་འོང་བའི་འབྲས་བུ་ཐོབ་པར་བྱེད་དོ། །དགྲ་བཅོམ་པ་ཉིད་ཐོབ་པར་བྱེད་དོ། །རང་བྱང་ཆུབ་ཐོབ་པར་བྱེད་དོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་སྐུལ་ལོ། །ཀྱེ་སྐྱེས་བུ་ དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི། མངོན་པར་རྫོགས་པར་འཚང་རྒྱ་བར་མི་དཀའ་སྟེ། ཕྱིན་ཅི་ལོག་གིས་རྨོངས་པའི་སེམས་ཅན་རྣམས་ཀྱིས་ཁོང་དུ་མ་ཆུད་པ་མ་གཏོགས་ པར་ཆོས་གང་ལ་སེམས་ཅན་རྣམས་ཆགས་པར་གྱུར་པའི་ཆོས་དེ་ལྟ་བུ་གང་ཡང་ངོ་བོ་ཉིད་ཀྱིས་ཡོད་པ་མེད་ཀྱི། ཕྱིན་ཅི་ལོག་གི་འཛིན་པ་ཐམས་ཅད་རྒྱུན་ཆོད་ལ། འཁོར་བ་ལས་བདག་ཅག་ཀྱང་ [273A]༄༅། །ཐར་པར་གྱིས་ཤིག་གཞན་ཡང་ཐར་པར་གྱིས་ཤིག་ད་ལྟར་ཁྱེད་བདག་ཅག་ཀྱང་དོན་ཆེན་པོ་གྱིས་ཤིག་གཞན་ཡང་དེ་ན་ཆེན་པོ་ལ་སྦྱོར་ཅིག་ཅེས་ཡང་དག་ པར་སྐུལ་བ་བྱེད་དེ། རབ་འབྱོར། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱ་སྟེ། དེ་ལྟར་སྤྱོད་པའི་ཚེ་ཅི་ནས་ཀྱང་སེམས་དང་པོ་བསྐྱེད་པ་ ནས་ཉེ་བར་བཟུང་སྟེ། ནམ་ཡང་ངན་སོང་དུ་མི་ལྟུང་བ་དང་ནམ་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོ་མི་བྱེད་པར་མི་འགྱུར་བ་དེ་ལྟར་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། ས་བོན་ཇི་ལྟ་བ་བཞིན་དུ་ འབྲས་བུ་འབྱུང་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་དེའི་དྲུང་དུ་སློངས་མོ་པ་གང་ཇི་སྙེད་ཅིག་འོངས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་སེམས་ཅན་རྣམས་ཀྱི་ དོན་མ་གཏོགས་པར་གཞན་གྱི་དོན་དུ་འཁོར་ལོས་སྒྱུར་བ་ཡོངས་སུ་མ་བཟུང་ངོ་ཞེས་དེ་ལ་འདི་སྐད་ཅེས་ཟེར་ཏེ། སུ་ཅི་འདོད་པ་དེ་ཁྱེད་ལ་བྱིན་གྱིས་འདི་ནི། ངའི་མ་ཡིན་གྱི་ཁྱེད་ཀྱིའོ། །ང་ནི་ ནང་གི་གཟུགས་ལའང་དོན་དུ་གཉེར་བ་མེད་ན། གཞན་ལྟ་ཅི་སྨོས་ཏེ། གཞན་དུ་ན་ངས་སེམས་ཅན་རྣམས་ཀྱི་དོན་དུ་འཁོར་བ་ཡོངས་སུ་བཟུང་གི་བདག་ནི། འཁོར་བ་དོན་དུ་གཉེར་ བ་མ་ཡིན་ནོ་ཞེས་ཏེ། དེ་སྙིང་བརྩེ་བས་སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱས་ཤིང། སྙིང་རྗེ་ཆེན་པོས་སེམས་ཅན་རྣམས་ཀྱི་དོན་བྱེད་ཀྱང་སེམས་ཅན་གང་ཡོངས་སུ་གྲུབ་པ་དེ་ལྟ་བུ་མི་ [273B] གཞན་དུ་ན། འདུ་ཤེས་དང། མིང་དང། ཐ་སྙད་ཀྱིས་རྣམ་པར་སྤྱོད་དེ། རྣམ་པར་སྤྱོད་པ་དེའང་སྒྲ་བརྙན་ལྟ་བུར་རྣམ་པར་སྤྱད་དུ་མེད་པར་ཤེས་སོ། །རབ་འབྱོར། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱད་པར་བྱས་ཏེ། སྤྱོད་པའི་ཚེ་ཅི་ནས་ཀྱང་བདག་གི་ཤ་ཡན་ཆད་ཀྱང་སེམས་ཅན་རྣམས་ལ་ཡོངས་སུ་མ་བཏང་བ་ མེད་པར་བྱ་ན། ཕྱི་རོལ་གྱི་ཡོ་བྱད་གང་གིས་སེམས་ཅན་རྣམས་འཁོར་བ་ལས་ཡོངས་སུ་ཐར་བར་བྱ་བ་དག་ལྟ་སྨོས་སུའང་མེད་པ་དེ་ལྟར་སྤྱད་པར་བྱའོ། །གསོལ་པ། ཡོ་བྱད་དེ་དག་གང་ ལགས༑ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི། ཡོ་བྱད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི། ཡོ་བྱད་ དོ༑ ༑བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཡོ་བྱད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི། ཡོ་བྱད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཡོ་བྱད་དོ། །ནང་སྟོང་པ་ཉིད་ནི། ཡོ་བྱད་དོ། །ཕྱི་ སྟོང་པ་ཉིད་ནི། ཡོ་བྱད་དོ། །ཕྱི་ནང་སྟོང་པ་ཉིད་ནི། ཡོ་བྱད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ནི། ཡོ་བྱད་དོ། །ཆེན་པོ་སྟོང་པ་ཉིད་ནི། ཡོ་བྱད་དོ། །དོན་དམ་པ་སྟོང་པ་ཉིད་ནི། ཡོ་བྱད་དོ། །འདུས་བྱས་སྟོང་ པ་ཉིད་ནི། ཡོ་བྱད་དོ། །འདུས་མ་བྱས་སྟོང་པ་ཉིད་ནི། ཡོ་བྱད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ནི། ཡོ་བྱད་དོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ནི། ཡོ་བྱད་དོ། །དོར་བ་མེད་པ་སྟོང་པ་ཉིད་ [274A]༄༅། །ནི༑ ཡོ་བྱད་དོ། །རང་བཞིན་སྟོང་པ་ཉིད་ནི། ཡོ་བྱད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ནི། ཡོ་བྱད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ནི། ཡོ་བྱད་དོ། །མི་དམིགས་པ་སྟོང་ པ་ཉིད་ནི། ཡོ་བྱད་དོ། །དངོས་པོ་མེད་པ་སྟོང་པ་ཉིད་ནི། ཡོ་བྱད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ནི། ཡོ་བྱད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི། ཡོ་བྱད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ ནི༑ ཡོ་བྱད་དོ། །ཡང་དག་པར་སྤོང་བ་རྣམས་ནི། ཡོ་བྱད་དོ་།རྫུ་འཕྲུལ་གྱི་རྐང་པ་རྣམས་ནི། ཡོ་བྱད་དོ། །དབང་པོ་རྣམས་ནི་ཡོ་བྱད་དོ། །སྟོབས་རྣམས་ནི། ཡོ་བྱད་དོ། །བྱང་ཆུབ་ཀྱི་ ཡན་ལག་རྣམས་ནི། ཡོ་བྱད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི། ཡོ་བྱད་དོ། །འཕགས་པའི་བདེན་པ་རྣམས་ནི། ཡོ་བྱད་དོ། །བསམ་གཏན་རྣམས་ནི། ཡོ་བྱད་དོ། །ཚད་ མེད་པ་རྣམས་ནི། ཡོ་བྱད་དོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ནི། ཡོ་བྱད་དོ། །རྣམ་པར་ཐར་པ་རྣམས་ནི། ཡོ་བྱད་དོ་།མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་ རྣམས་ནི། ཡོ་བྱད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང། སྨོན་པ་མེད་པ་ནི། ཡོ་བྱད་དོ། །མངོན་པར་ཤེས་པ་རྣམས་ནི། ཡོ་བྱད་དོ། །ཏིང་ངེ་འཛིན་རྣམས་ནི་ ཡོ་བྱད་དོ། །གཟུངས་ཀྱི་སྒོ་རྣམས་ནི། ཡོ་བྱད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ནི། ཡོ་བྱད་དོ། །མི་འཇིགས་པ་རྣམས་ནི། ཡོ་བྱད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ནི། ཡོ་ [274B] ༑བྱམས་པ་ཆེན་པོ་ནི། ཡོ་བྱད་དོ། །སྙིང་རྗེ་ཆེན་པོ་ནི། ཡོ་བྱད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི། ཡོ་བྱད་དོ། །དེ་དག་ནི། ཡོ་བྱད་དེ། ཡོ་བྱད་དེ་དག་གིས་སེམས་ཅན་རྣམས་ ཡོངས་སུ་བསྡུས་ཤིང་རིམ་གྱིས་ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ། ཐེག་པ་ཆེན་པོའམ། ཐེག་པ་གསུམ་པོ་དེ་དག་གིས་ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར། དེ་ལྟར་ ན༑ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར། ཇི་ལྟར་ ན༑ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང། སེམས་ཅན་རྣམས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། སེམས་ཅན་རྣམས་ལ་སྦྱིན་པ་ཡོངས་སུ་གཏོང་སྟེ། དེ་སྦྱིན་པ་གཏོང་བའི་ཚེ་འདི་སྐད་ཅེས་བརྗོད་དོ། །རིགས་ ཀྱི་བུ་དག་ཚུར་ཤེག་ཚུལ་ཁྲིམས་སྲུངས་ཤིག་ངས་ཁྱེད་ཟས་དང། སྐོམ་དང། གོས་དང། བཞོན་པ་དང། མལ་ཆད་དང། མེ་ཏོག་དང། བདུག་སྤོས་དང། སྤོས་དང། ཕྲེང་བ་དང། བྱུག་ པ་དང། ཁྱིམ་དང། ནོར་དང། འབྲུ་དང། ནོར་བུ་དང། མུ་ཏིག་དང། བཻ་ཌཱུརྱ་དང། དུང་དང། མན་ཤེལ་དང། བྱུ་རུ་དང་གསེར་དང། དངུལ་དང། མིའི་རྐྱེན་དང། ཡོ་བྱད་གང་ཅིའང་རུང་ [275A]༄༅། །བའི་བར་གྱིས་ཕོངས་པ་མེད་པར་བྱའོ། །ཁྱེད་ཀྱང་ཕོངས་པས་ཚུལ་ཁྲིམས་ངན་པ་ལ་སྤྱོད་གྲང་ན། ཁྱེད་ཡོ་བྱད་ཐམས་ཅད་དང། རིན་པོ་ཆེ་སྣ་བདུན་གྱི་བར་གྱིས་ཕོངས་ པ་མེད་པར་བྱའི། དེས་ཁྱེད་སྡོམ་པའི་ཚུལ་ཁྲིམས་ལ་མནོས་ལ། རིམ་གྱིས་ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཐེག་པའམ། ཐེག་ པ་གསུམ་པོ་དེ་དག་གིས་སྡུག་བསྔལ་མཐར་ཕྱིན་པར་གྱིས་ཤིག་ཅེས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བདག་ཉིད་ཀྱང་ཚུལ་ཁྲིམས་སྲུང་ངོ། །གཞན་ཡང་ཚུལ་ ཁྲིམས་ལ་ཡང་དག་པར་སྐུལ་ལོ། །ཚུལ་ཁྲིམས་ཀྱི་ལེགས་པ་བརྗོད་དོ། །སེམས་ཅན་གཞན་གང་ཚུལ་ཁྲིམས་སྲུང་བ་དེ་དག་གིའང་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་དེ། ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་དེ་ལྟར་ཚུལ་ཁྲིམས་ལ་སྦྱར་ཞིང་ཚུལ་ཁྲིམས་ལ་རབ་ཏུ་བཀོད་དེ་རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་ མྱ་ངན་ལས་ཟློ་སྟེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་ རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སེམས་ཅན་རྣམས་བཟོད་པའི་ཕ་རོལ་ཏུ་ [275B] རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་གང་ཁྲོ་བ་དང། གནོད་སེམས་སུ་བྱེད་ པ་དག་མཐོང་ན། དེ་དག་ལ་འདི་སྐད་ཅེས་ཟེར་རོ། །རིགས་ཀྱི་བུ་དག་།ཁྱེད་ཅིའི་རྒྱུས་གནོད་སེམས་སུ་བྱེད་པར་གྱུར། ཁྱེད་གང་གིས་ཕོངས་ཤིང་གནོད་སེམས་སུ་བྱེད་པར་གྱུར་པ་དེ་དང་ དེ་ང་ལས་ལོངས་ཤིག་དང། ངས་ཁྱེད་ཟས་དང། སྐོམ་དང། གོས་དང། བཞོན་པ་དང། མལ་ཆ་དང། མེ་ཏོག་དང། བདུག་སྤོས་དང་སྤོས་དང། ཕྲེང་བ་དང། བྱུག་པ་དང། ཁྱིམ་དང་ ནོར་དང། འབྲུ་དང། ནོར་བུ་དང། མུ་ཏིག་དང། བཻ་ཌཱུརྱ་དང་དུང་དང། མན་ཤེལ་དང། བྱུ་རུ་དང། གསེར་དང། དངུལ་དང་མིའི་རྐྱེན་དང། ཡོ་བྱད་གང་ཅིའང་རུང་བའི་བར་གྱིས་ ཕོངས་པ་མེད་པར་བྱའི། ཁྲོ་བ་དང། གནོད་སེམས་མེད་པར་གྱིས་ཤིག་ཅེས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་ དེ་དག་བཟོད་པ་ལ་སྦྱར་ཏེ་འདི་སྐད་དུ། གཅུགས་གང་གིས་ཁྱེད་ཀྱི་ཁྲོ་བ་སྐྱེ་བར་གྱུར་པ་དེ་ནི། སྙིང་པོ་མེད་པ་སྟེ། དེ་ལྟར་དངོས་པོ་གང་ཡང་མེད་དོ། །ཁྲོ་བ་དེ་ནི། ཡང་དག་པ་མ་ཡིན་པར་ཡོངས་ སུ་བརྟགས་པ་སྟེ། དངོས་པོ་གང་གི་ཕྱིར་ཁྱེད་འཐབ་ཅིང་འཁོན་པ་དང། གནོད་སེམས་སུ་བྱེད་པར་གྱུར་པ་དང། དེ་ལྟར་འཐབ་ཅིང་འཁོན་ཏེ་གནོད་སེམས་སུ་གྱུར་ནས་དབྱིག་པས་འགྱེད་པ་དང་ [276A]༄༅། །མཚོན་གྱིས་འདྲེ་བ་དང། ཕན་ཚུན་གྱི་སྲོག་ལ་རྒལ་བར་གྱུར་པའི་དངོས་པོ་དེ་ལ་དངོས་པོའི་རང་བཞིན་གང་ཡང་མེད་ན་དེ་ལྟ་ཡིན་ཡང་ཁྱེད་ཡང་དག་པ་མ་ཡིན་པའི་ ཡོངས་སུ་རྟོག་པས་འཁྲུགས་ན། སེམས་ཅན་དམྱལ་བ་དག་ཏུ་ལྟུང་བར་འགྱུར། བྱོལ་སོང་གི་སྐྱེ་གནས་དག་ཏུ་ལྟུང་བར་འགྱུར། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་འགྱུར། དེ་མ་ཡིན་ པའི་ངན་སོང་གཞན་དག་ཏུའང་ཁྱེད་སྡུག་བསྔལ་མི་བཟད་པ་དང། ཚེ་ཞིང་རྩུབ་ལ་ཡིད་དུ་མི་འོང་བའི་ཚོར་བ་ཉམས་སུ་མྱོང་བར་འགྱུར་གྱི། སྐྱེས་བུ་ཁྱེད་རྣམས་དངོས་པོ་མེད་པའི་ཆོས་ རྣམས་ཀྱི་དོན་དུ་ལས་གང་ཡོངས་སུ་བཟུང་བས་མིར་སྐྱེ་བའང་འཐོབ་པར་མི་འགྱུར་ན། སངས་རྒྱས་བྱུང་བ་དང་ཕྲད་པར་འགྱུར་བ་ལྟ་སྨོས་སུའང་མེད་པ་དེ་ལྟ་བུའི་ལས་ཡོངས་སུ་མ་འཛིན་ཅིག་ གྲོགས་པོ་དག་སངས་རྒྱས་འབྱུང་བ་ནི། དཀོན་ནོ། །མིར་སྐྱེ་བ་འཐོབ་པ་ནི། དཀོན་ནོ། །དལ་བ་ཕུན་སུམ་ཚོགས་པ་ནི། དཀོན་ནོ་།འཁོར་བ་ལས་ཐར་བ་ནི། དཀོན་ནོ། །དེ་ལྟ་ཡིན་གྱིས་དལ་བ་ འདི་དོན་མེད་པར་མ་བྱ་ཞིག་མི་ཁོམ་པར་གྱུར་ཅིང་གསོར་མི་རུང་བར་གྱུར་ཏ་རེ་ཞེས་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་ཉིད་ཀྱང་བཟོད་པ་སྒྲུབ་བོ། །གཞན་ཡང་བཟོད་ པ་ལ་ཡང་དག་པར་སྐུལ་ལོ། །བཟོད་པའི་ལེགས་པ་བརྗོད་དོ། །སེམས་ཅན་གཞན་གང་བཟོད་པ་སྒོམ་པ་དེ་དག་གི་འང་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་དོ། །དེ་ལྟར་བྱང་ [276B]བཟོད་པ་ལ་སྦྱར་ཅིང། བཟོད་པ་ལ་རབ་ཏུ་བཀོད་དེ། རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར་ དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བཟོད་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར། ཇི་ ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སེམས་ཅན་རྣམས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་ཡིན་ཞེ་ན། རབ་འབྱོར། འདི་ལ་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ལེ་ལོ་ཅན་བརྩོན་འགྲུས་ཆུང་བ་དག་མཐོང་ན་འདི་སྐད་དུ། ཁྱེད་ཅིའི་ཕྱིར་ལེ་ལོ་བྱེད་ཅེས་བརྗོད་དེ། དེ་དག་རྐྱེན་དང་མི་ལྡན་པའི་ཕྱིར་རོ། །ཞེས་ཟེར་ ན༑ དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང། སེམས་ཅན་དེ་དག་ལ་འདི་སྐད་ཅེས་ཟེར་ཏེ། ཀྱེ་སྐྱེས་བུ་དག་ངེས་སྦྱིན་པའི་རྐྱེན་ཏམ། ཚུལ་ཁྲིམས་ཀྱི་ རྐྱེན་ཏམ། བཟོད་པའི་རྐྱེན་ཏམ། གཞན་ཡང་རྣམ་པ་གང་དང་གང་གིས། བརྩོན་འགྲུས་བརྩམ་དུ་རུང་བ་དེ་དག་ཁྱེད་ལ་ངས་ཉེ་བར་བསྒྲུབ་པར་བྱའི། བརྩོན་འགྲུས་རྩོམས་ཤིག་ཅེས་ནས་སེམས་ ཅན་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་ཡོ་བྱད་ལ་སྤྱོད་ཅིང་ལུས་སམ། སེམས་ཀྱི་བརྩོན་འགྲུས་རྩོམ་སྟེ། དེ་དག་ལུས་དང་སེམས་ཀྱི་བརྩོན་འགྲུས་ཀྱིས་དགེ་བའི་ཆོས་ཐམས་ [277A]༄༅། །ཅད་ཡོངས་སུ་རྫོགས་པར་བྱེད་དེ། དགེ་བའི་ཆོས་དེ་དག་གིས་འཕགས་པ་ཟག་པ་མེད་པའི་ཆོས་རྣམས་སྒོམ་མོ། །དེ་དག་བསྒོམས་པས་རྒྱུན་དུ་ཞུགས་པའི་འབྲས་བུ་འཐོབ་ བོ༑ ༑ལན་གཅིག་ཕྱིར་འོང་བའི་འབྲས་བུ་འཐོབ་བོ། །ཕྱིར་མི་འོང་བའི་འབྲས་བུ་འཐོབ་པོ། །དགྲ་བཅོམ་པ་ཉིད་འཐོབ་བོ། །རང་བྱང་ཆུབ་འཐོབ་བོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་ཉིད་ཀྱང་བརྩོན་འགྲུས་རྩོམ་མོ། །གཞན་ཡང་བརྩོན་འགྲུས་ལ་ཡང་དག་པར་ སྐུལ་ལོ༑ ༑བརྩོན་འགྲུས་ཀྱི་ལེགས་པ་བརྗོད་དོ། །སེམས་ཅན་གཞན་གང་བརྩོན་འགྲུས་རྩོམ་པ་དེ་དག་གིའང་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་དོ། །དེ་ལྟར་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་དེ་ལྟར་བརྩོན་འགྲུས་ལ་སྦྱར་ཅིང་བརྩོན་འགྲུས་ལ་རབ་ཏུ་བཀོད་དེ། རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་ཟློ་སྟེ་ རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ ཡིན་ནོ༑ ༑རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སེམས་ཅན་རྣམས་སྦྱོར་བ་ [277B] རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་གཡེངས་པར་གྱུར་པའི་སེམས་ཅན་དག་མཐོང་ན་འདི་སྐད་དུ། སེམས་ཅན་ཁྱེད་ཅིའི་ཕྱིར་བསམ་གཏན་ ལ་མཉམ་པར་མི་འཇོག་ཅེས་བརྗོད་དེ། དེ་དག་རྐྱེན་དང་མི་ལྡན་པའི་ཕྱིར་རོ། །ཞེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང། སེམས་ ཅན་དེ་དག་ལ་འདི་སྐད་དུ་འདེམས་ཏེ། ཀྱེ་སེམས་ཅན་དག་ངས་རྐྱེན་གང་དང་གང་གིས་ཕྱི་ནང་གི་ཆོས་ལ་རྣམ་པར་རྟོག་པར་མི་འགྱུར་བ་དེ་ལྟ་བུའི་རྐྱེན་ཉེ་བར་བསྒྲུབ་པར་བྱའོ། །ཞེས་ནས་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་ལ་རྐྱེན་གང་དང་གང་ཉེ་བར་བསྒྲུབས་པས་རྣམ་པར་རྟོག་པར་མི་འགྱུར་བ་དེ་ལྟ་བུའི་རྐྱེན་ཉེ་བར་བསྒྲུབས་ཏེ། དེའི་ཕྱིར་དེ་དག་རྣམ་ པར་རྟོག་པ་ཆད་ནས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ་།བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་གོ་བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་གོ་བསམ་གཏན་ བཞི་པ་ལ་སྙོམས་པར་འཇུག་གོ་བྱམས་པ་ལ་སྙོམས་པར་འཇུག་གོ་།སྙིང་རྗེ་ལ་སྙོམས་པར་འཇུག་གོ་དགའ་བ་ལ་སྙོམས་པར་འཇུག་གོ་།བཏང་སྙོམས་ལ་སྙོམ་པ་པར་འཇུག་གོ་ནམ་ མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ་ཅུང་ཟད་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ་འདུ་ཤེས་མེད་འདུ་ [278A]༄༅། །ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ་དེ་དག་བསམ་གཏན་དང། ཚད་མེད་པ་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་གིས་སེམས་ དུལ་བར་གྱུར་པས་དྲན་པ་ཉེ་བར་གཞག་པ་བཞི་སྒོམ་མོ། །ཡང་དག་པར་སྤོང་བ་བཞི་སྒོམ་མོ། །རྫུ་འཕྲུལ་གྱི་རྐང་པ་བཞི་སྒོམ་མོ། །དབང་པོ་ལྔ་སྒོམ་མོ། །སྟོབས་ལྔ་སྒོམ་མོ། །བྱང་ཆུབ་ཀྱི་ཡན་ ལག་བདུན་སྒོམ་མོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་མོ་།རྣམ་པར་ཐར་པའི་སྒོ་གསུམ་སྒོམ་མོ། །དེ་དག་བསྒོམས་པས་རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་འདའ་ སྟེ༑ དེ་ལ་ལ་ལ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་བྱང་ཆུབ་ཀྱི་ལམ་ལས་ཡོངས་སུ་མི་ཉམས་ཏེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཤེས་རབ་འཆལ་བར་གྱུར་པའི་སེམས་ཅན་དག་མཐོང་ན་འདི་སྐད་དུ། སེམས་ཅན་ཁྱེད་ཅིའི་ཕྱིར་ཤེས་རབ་མི་སྒོམ་ཞེས་བརྗོད་དོ། དེ་དག་རྐྱེན་དང་མི་ལྡན་པའི་ [278B] ༑ཞེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་དེ་དག་ལ་འདི་སྐད་དུ་འདོམས་ཏེ། ང་ལས་ཡོ་བྱད་རྣམས་ལོངས་ ལ་སྦྱིན་པ་བྱིན་ཅིག་ཚུལ་ཁྲིམས་སྲུངས་ཤིག་བཟོད་པ་སྒོམས་ཤིག་།བརྩོན་འགྲུས་རྩོམས་ཤིག་ཏིང་ངེ་འཛིན་ལ་མཉམ་པར་གཞོག་ཅིག་།རྣམ་པ་དེ་དག་ཡོངས་སུ་རྫོགས་པར་གྱིས་ ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལ། བདག་གམ། སེམས་ཅན་ནམ། སྲོག་གམ། འགྲོ་བའམ། གསོ་བའམ། སྐྱེས་བུའམ། གང་ཟག་གམ། ཤེད་ཅན་ནམ། ཤེད་བདག་ གམ༑ བྱེད་པ་པོའམ། ཚོར་བ་པོའམ། ཤེས་པ་པོའམ། མཐོང་བ་པོའམ། གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པའམ། མིག་གམ། རྣ་བའམ་ སྣའམ༑ ལྕེའམ། ལུས་སམ། ཡིད་དམ། གཟུགས་སམ། སྒྲའམ། དྲིའམ་རོའམ། རེག་གམ། ཆོས་སམ། མིག་གི་རྣམ་པར་ཤེས་པའམ། རྣ་བའི་རྣམ་པར་ཤེས་པའམ། སྣའི་ རྣམ་པར་ཤེས་པའམ། ལྕེའི་རྣམ་པར་ཤེས་པའམ། ལུས་ཀྱི་རྣམ་པར་ཤེས་པའམ། ཡིད་ཀྱི་རྣམ་པར་ཤེས་པའམ། མིག་གི་འདུས་ཏེ་རེག་པའམ། རྣ་བའི་འདུས་ཏེ་རེག་པའམ། སྣའི་ འདུས་ཏེ་རེག་པའམ། ལྕེའི་འདུས་ཏེ་རེག་པའམ། ལུས་ཀྱི་འདུས་ཏེ་རེག་པའམ། ཡིད་ཀྱི་འདུས་ཏེ་རེག་པའམ། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའམ། རྣ་བའི་འདུས་ཏེ་རེག་པའི་ [279A]༄༅། །རྐྱེན་གྱིས་ཚོར་བའམ། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའམ། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའམ་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའམ་ ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའམ། སའི་ཁམས་སམ་ཆུའི་ཁམས་སམ། མེའི་ཁམས་སམ། རླུང་གི་ཁམས་སམ། ནམ་མཁའི་ཁམས་སམ། རྣམ་པར་ཤེས་པའི་ ཁམས་སམ། མ་རིག་པའམ། འདུ་བྱེད་དམ། རྣམ་པར་ཤེས་པའམ། མིང་དང་གཟུགས་སམ། སྐྱེ་མཆེད་དྲུག་གམ། རེག་པའམ། ཚོར་བའམ། སྲེད་པའམ། ལེན་པའམ། སྲིད་པའམ་ སྐྱེ་བའམ། རྒ་ཤིའམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པའམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའམ། བསམ་ གཏན་གྱི་ཕ་རོལ་ཏུ་ཕྱིན་པའམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའམ། ནང་སྟོང་པ་ཉིད་དམ། ཕྱི་སྟོང་པ་ཉིད་དམ། ཕྱི་ནང་སྟོང་པ་ཉིད་དམ། སྟོང་པ་ཉིད་སྟོང་པ་ཉིད་དམ། ཆེན་པོ་སྟོང་པ་ཉིད་ དམ༑ དོན་དམ་པ་སྟོང་པ་ཉིད་དམ། འདུས་བྱས་སྟོང་པ་ཉིད་དམ་འདུས་མ་བྱས་སྟོང་པ་ཉིད་དམ། མཐའ་ལས་འདས་པ་སྟོང་པ་ཉིད་དམ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དམ། དོར་ བ་མེད་པ་སྟོང་པ་ཉིད་དམ། རང་བཞིན་སྟོང་པ་ཉིད་དམ། ཆོས་ཐམས་ཅད་སྟོང་པ་ཉིད་དམ། རང་གི་མཚན་ཉིད་སྟོང་པ་ཉིད་དམ། མི་དམིགས་པ་སྟོང་པ་ཉིད་དམ། དངོས་པོ་མེད་པ་སྟོང་པ་ [279B] ངོ་བོ་ཉིད་སྟོང་པ་ཉིད་དམ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམ། དྲན་པ་ཉེ་བར་གཞག་པ་རྣམས་སམ། ཡང་དག་པར་སྤོང་བ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། དབང་ པོ་རྣམས་སམ། སྟོབས་རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་སམ་འཕགས་པའི་ལམ་ཡན་ལག་བརྒྱད་པའམ། འཕགས་པའི་བདེན་པ་རྣམས་སམ། བསམ་གཏན་རྣམས་སམ་ ཚད་མེད་པ་རྣམས་སམ། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་སམ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའམ། མངོན་པར་ཤེས་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ་གཟུངས་ཀྱི་སྒོ་རྣམས་སམ། དེ་བཞིན་གཤེགས་ པའི་སྟོབས་རྣམས་སམ། མི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། བྱམས་པ་ཆེན་པོའམ། སྙིང་རྗེ་ཆེན་པོའམ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ སམ༑ རྒྱུན་དུ་ཞུགས་པའི་འབྲས་བུའམ། ལན་གཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུའམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་བམ། ལམ་གྱི་རྣམ་པ་ཤེས་ པ་ཉིད་དམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དམ། ཆོས་གང་ཡང་ཡིད་དམ། ཡོངས་སུ་རྟོགས་ཤིག་ཅེས་འདེམས་ཤིང་རྗེས་སུ་སྟོན་ཏེ། དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ [280A]༄༅། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཆོས་གང་ལ་དམིགས་པ་མངོན་པར་ཞེན་པར་འགྱུར་བ་དེ་ལྟ་བུའི་ཆོས་གང་ཡང་མི་དམིགས་ཏེ། དེ་ལ་མངོན་པར་ཞེན་པར་ མེད་པས་ཆོས་གང་ཡང་སྐྱེ་བ་འམ། འགག་པའམ། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བར་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས། འདི་ནི་ སེམས་ཅན་དམྱལ་བ་པའོ། །འདི་ནི། བྱོལ་སོང་གི་སྐྱེ་གནས་པའོ་།འདི་ནི། གཤིན་རྗེའི་འཇིག་རྟེན་པའོ། །འདི་ནི། ལྷ་མ་ཡིན་གྱི་རིས་སུ་གཏོགས་པའོ། །འདི་ནི། ལྷའོ། །འདི་ནི། མིའོ། ། འདི་ནི༑ ཚུལ་ཁྲིམས་དང་ལྡན་པའོ། །འདི་ནི། ཚུལ་ཁྲིམས་ངན་པ་ཅན་ནོ། །འདི་ནི། རྒྱུན་དུ་ཞུགས་པའོ། །འདི་ནི། ལན་གཅིག་ཕྱིར་འོང་བའོ། །འདི་ནི། ཕྱིར་མི་འོང་བའོ། །འདི་ནི། དགྲ་ བཅོམ་པའོ། །འདི་ནི། རང་སངས་རྒྱས་སོ། །འདི་ནི། བྱང་ཆུབ་སེམས་དཔའོ། །འདི་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །ཞེས་བྱ་བར་ རྣམ་པར་མི་རྟོག་སྟེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སེམས་ཅན་རྣམས་ [280B] རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ་སེམས་ཅན་རྣམས་ལ་འདི་སྐད་དུ་འདོམས་ཤིང་རྗེས་སུ་སྟོན་ཏོ། །སེམས་ ཅན་ཁྱེད་ཅིའི་ཕྱིར་སྦྱིན་པ་ཡོངས་སུ་མི་གཏོང་ཞེས་བརྗོད་དེ། དེ་དག་རྐྱེན་དང་མི་ལྡན་པའི་ཕྱིར་རོ། །ཞེས་ཟེར་ན། དེ་དག་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྐད་ཅེས་ཟེར་ཏེ། ང་ ལས་ཡོ་བྱད་རྣམས་ལོང་ལ་སྦྱིན་པ་བྱིན་ཅིག་སྦྱིན་པ་དེ་ལའང་འཛིན་པས་མ་འཛིན་ཅིག་སྦྱིན་པ་དེ་ལ་འཛིན་པས་འཛིན་ཅིང། ལུས་གང་མངོན་པར་གྲུབ་པས། སྡུག་བསྔལ་མང་པོ་ཉམས་སུ་ མྱོང་བར་འགྱུར་བ་དེ་ལྟ་བུའི་ལུས་མངོན་པར་གྲུབ་པ་རེ། རིགས་ཀྱི་བུ་དག་འདི་ལ་དོན་དམ་པར་ན་སྦྱིན་པའང་མེད། སྦྱིན་པའི་འབྲས་བུའང་མེད། སྦྱིན་པའི་བདག་པོ་འང་མེད། ལེན་པའང་མེད་དེ། ཆོས་ དེ་དག་ཐམས་ཅད་ནི། རང་བཞིན་གྱིས་སྟོང་ངོ། །རང་བཞིན་གྱིས་སྟོང་པའི་ཆོས་ནི། འཛིན་པ་མེད་དེ། རང་བཞིན་སྟོང་པ་ཉིད་ནི་གཟུང་དུ་མེད་པའོ། །ཞེས་འདོམས་ཤིང་རྗེས་སུ་སྟོན་ཏེ། རབ་འབྱོར་ དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སེམས་ཅན་རྣམས་ལ་སྦྱིན་པ་ཡོངས་སུ་གཏོང་ཡང་དེ་ལ་སྦྱིན་པར་དམིགས་པ་མེད། སྦྱིན་པའི་ བདག་པོར་དམིགས་པ་མེད། ལེན་པར་དམིགས་པ་མེད་དོ། །འདི་ལྟ་སྟེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འདི་ནི། དམིགས་སུ་མེད་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཆོས་གསུམ་པོ་དེ་དག་ཐམས་ཅད་ [281A]༄༅། །ལ་མི་དམིགས་པས། སེམས་ཅན་རྣམས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སྦྱོར་རོ། །ལན་གཅིག་ཕྱིར་འོང་བའི་འབྲས་བུ་ལ་སྦྱོར་རོ། །ཕྱིར་མི་འོང་བའི་འབྲས་བུ་ལ་སྦྱོར་ རོ༑ ༑དགྲ་བཅོམ་པ་ཉིད་ལ་སྦྱོར་རོ། །རང་བྱང་ཆུབ་ལ་སྦྱོར་རོ་།བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སྦྱོར་རོ་།རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ། དེ་བདག་ཉིད་ཀྱང་སྦྱིན་པ་ཡོངས་སུ་གཏོང་ངོ། །གཞན་ཡང་སྦྱིན་པ་ལ་ཡང་ དག་པར་སྐུལ་ལོ། །སྦྱིན་པའི་ལེགས་པ་བརྗོད་དོ། །སེམས་ཅན་གཞན་གང་སྦྱིན་པ་ཡོངས་སུ་གཏོང་བ་དེ་དག་གིའང་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་དོ། །དེ་ལྟར་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་དེའང་དེ་ལྟ་བུའི་སྦྱིན་པ་ཆེན་པོ་བྱིན་པས། རྒྱལ་རིགས་ཆེ་ཞིང་མཐོ་བ་དག་དང་སྐལ་བ་མཉམ་པར་སྐྱེའོ། །བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་དག་དང་སྐལ་བ་ མཉམ་པར་སྐྱེའོ། །ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་དག་དང་སྐལ་བ་མཉམ་པར་བྱའོ། །ཁམས་ཀྱི་རྒྱལ་པོར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་སྲིད་འཐོབ་བོ། །དེ་དེ་དག་ནའང་ སེམས་ཅན་རྣམས་བསྡུ་བའི་དངོས་པོ་བཞིས་ཡོངས་སུ་སྡུད་དེ། བཞི་གང་ཞེ་ན། སྦྱིན་པ་དང། ཚིག་སྙན་པ་དང། དོན་བྱ་བ་དང་དོན་མཐུན་པས་ཡོངས་སུ་སྡུད་དོ། །དེ་དེ་ལྟར་སེམས་ཅན་ [281B]ཁྲིམས་ལ་རབ་ཏུ་འགོད་དོ། །བཟོད་པ་ལ་རབ་ཏུ་འགོད་དོ། །བརྩོན་འགྲུས་ལ་རབ་ཏུ་འགོད་དོ། །ཏིང་ངེ་འཛིན་ལ་རབ་ཏུ་འགོད་དོ། །ཤེས་ རབ་ལ་རབ་ཏུ་འགོད་དོ། །བསམ་གཏན་བཞི་ལ་རབ་ཏུ་འགོད་དོ། །ཚད་མེད་པ་བཞི་ལ་རབ་ཏུ་འགོད་དོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་རབ་ཏུ་འགོད་དོ། །དྲན་པ་ཉེ་བར་གཞག་ པ་བཞི་ལ་རབ་ཏུ་འགོད་དོ། །ཡང་དག་པར་སྤོང་བ་བཞི་ལ་རབ་ཏུ་འགོད་དོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ལ་རབ་ཏུ་འགོད་དོ། །དབང་པོ་ལྔ་ལ་རབ་ཏུ་འགོད་དོ། །སྟོབས་ལྔ་ལ་རབ་ཏུ་འགོད་དོ། །བྱང་ ཆུབ་ཀྱི་ཡན་ལག་བདུན་ལ་རབ་ཏུ་འགོད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་རབ་ཏུ་འགོད་དོ། །འཕགས་པའི་བདེན་པ་བཞི་ལ་རབ་ཏུ་འགོད་དོ། །རྣམ་པར་ཐར་པ་བརྒྱད་ལ་རབ་ཏུ་ འགོད་དོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་རབ་ཏུ་འགོད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ལ་རབ་ཏུ་འགོད་དོ། །མངོན་པར་ ཤེས་པ་ལྔ་ལ་རབ་ཏུ་འགོད་དོ། །ཏིང་ངེ་འཛིན་རྣམས་ལ་རབ་ཏུ་འགོད་དོ། །གཟུངས་ཀྱི་སྒོ་རྣམས་ལ་རབ་ཏུ་འགོད་དོ། །ཡང་དག་པའི་སྐྱོན་མེད་པར་འཇུག་པར་བྱེད་དོ། །རྒྱུན་དུ་ཞུགས་པའི་འབྲས་ བུ་ཐོབ་པར་བྱེད་དོ། །ལན་གཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་བྱེད་དོ། །ཕྱིར་མི་འོང་བའི་འབྲས་བུ་ཐོབ་པར་བྱེད་དོ། །དགྲ་བཅོམ་པ་ཉིད་ཐོབ་པར་བྱེད་དོ། །རང་བྱང་ཆུབ་ཐོབ་པར་བྱེད་དོ། ། [282A]༄༅། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་སྐུལ་བར་བྱེད་དོ། །ཀྱེ་སྐྱེས་བུ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི། མངོན་པར་རྫོགས་ པར་འཚང་རྒྱ་བར་མི་དཀའ་སྟེ། དེ་ལ་ཕྱིན་ཅི་ལོག་གིས་རྨོངས་པའི་སེམས་ཀྱིས་ཁོང་དུ་མ་ཆུད་པ་མ་གཏོགས་པར་ཆོས་གང་ལ་སེམས་ཅན་རྣམས་ཆགས་པར་གྱུར་པའི་ཆོས་དེ་ལྟ་བུ་གང་ཡང་ ངོ་བོ་ཉིད་ཀྱིས་ཡོད་པ་མེད་ཀྱིས། དེ་བས་ན། ཕྱིན་ཅི་ལོག་གི་འཛིན་པ་ཐམས་ཅད་རྒྱུན་ཆོད་ལ་འཁོར་བ་ལས་བདག་ཀྱང་ཐར་པར་གྱིས་ཤིག་གཞན་ཡང་ཐར་པར་གྱིས་ཤིག་དེ་ལྟར་ན་ ཁྱེད་བདག་ཅག་གི་དོན་དུའང་ཆེར་འགྱུར། གཞན་ཡང་དོན་ཆེན་པོ་ལ་འབྱོར་པར་འགྱུར་རོ། །ཞེས་ཡང་དག་པར་སྐུལ་བ་བྱེད་དེ། རབ་འབྱོར། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱ་སྟེ། དེ་ལྟར་སྤྱོད་པའི་སྟེ་ཅི་ནས་ཀྱང་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ནམ་ཡང་ངན་སོང་དུ་མི་ལྟུང་བ་དང་ནམ་ཡང་ འཁོར་ལོས་སྒྱུར་བའི་རྒྱལ་པོ་མི་བྱེད་པར་མི་འགྱུར་བ་དེ་ལྟར་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། ས་བོན་ཇི་ལྟ་བ་བཞིན་དུ་འབྲས་བུ་འབྱུང་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་དེའི་དྲུང་དུ་སློངས་ མོ་པ་གང་ཇི་སྙད་ཅིག་འོངས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་སེམས་ཅན་རྣམས་ཀྱི་དོན་མ་གཏོགས་པར་གཞན་གྱི་དོན་དུ་འཁོར་ལོས་སྒྱུར་བ་ཡོངས་ [282B] །ཞེས་ནས་དེ་འདི་སྐད་ཅེས་ཟེར་ཏེ། སུ་ཅི་འདོད་པ་དེ་ཁྱེད་ལ་བྱིན་གྱི། འདི་ནི། ངའི་མ་ཡིན་གྱི། ཁྱེད་ཀྱིའོ། །ང་ནི། ནང་གི་གཟུགས་ལའང་དོན་དུ་གཉེར་བ་ མེད་ན༑ གཞན་ལ་ལྟ་ཅི་སྨོས་ཏེ། གཞན་དུ་ན། ངས་སེམས་ཅན་རྣམས་ཀྱི་དོན་དུ་འཁོར་བ་ཡོངས་སུ་བཟུང་གི་བདག་ནི། འཁོར་བ་དོན་དུ་གཉེར་བ་མ་ཡིན་ནོ། །ཞེས་ཏེ། དེ་སྙིང་བརྩེ་ བས་སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱས་ཤིང་སྙིང་རྗེ་ཆེན་པོས་སེམས་ཅན་རྣམས་ཀྱི་དོན་བྱེད་ཀྱང་སེམས་ཅན་གང་ཡོངས་སུ་གྲུབ་པ་དེ་ལྟ་བུ་མི་དམིགས་ཏེ། གཞན་དུ་ན། འདུ་ ཤེས་དང། མིང་དང་བརྡའི་ཐ་སྙད་ཀྱིས་རྣམ་པར་སྤྱོད་དེ་རྣམ་པར་སྤྱོད་པ་དེའང་སྒྲ་བརྙན་ལྟ་བུར་རྣམ་པར་སྤྱད་དུ་མེད་པར་ཤེས་སོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱད་པར་བྱ་སྟེ། སྤྱོད་པའི་ཚེ་ཅི་ནས་ཀྱང་བདག་གི་ཤ་ཡན་ཆད་བྱང་སེམས་ཅན་རྣམས་ལ་ཡོངས་སུ་མ་བཏང་བ་མེད་པར་བྱེད་ན་ ཕྱི་རོལ་གྱི་ཡོ་བྱད་གང་གི་སེམས་ཅན་རྣམས་འཁོར་བ་ལས་ཡོངས་སུ་ཐར་པར་བྱ་བ་དག་ལྟ་སྨོས་སུའང་མེད་པ་དེ་ལྟར་སྤྱད་པར་བྱའོ། །གསོལ་པ། ཡོ་བྱད་དེ་དག་གང་ལགས། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཡོ་བྱད་དོ་།བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི། ཡོ་བྱད་དོ། །བརྩོན་འགྲུས་ [283A]༄༅། །ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཡོ་བྱད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི། ཡོ་བྱད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཡོ་བྱད་དོ། །ནང་སྟོང་པ་ཉིད་ནི། ཡོ་བྱད་དོ། ། ཕྱི་སྟོང་པ་ཉིད་ནི། ཡོ་བྱད་དོ། །ཕྱི་ནང་སྟོང་པ་ཉིད་ནི་ཡོ་བྱད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ནི། ཡོ་བྱད་དོ། །ཆེན་པོ་སྟོང་པ་ཉིད་ནི། ཡོ་བྱད་དོ། །དོན་དམ་པ་སྟོང་པ་ཉིད་ནི། ཡོ་བྱད་དོ། །འདུས་བྱས་ སྟོང་པ་ཉིད་ནི། ཡོ་བྱད་དོ། །འདུས་མ་བྱས་སྟོང་པ་ཉིད་ནི། ཡོ་བྱད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ནི། ཡོ་བྱད་དོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ནི། ཡོ་བྱད་དོ། །དོར་བ་མེད་པ་ སྟོང་པ་ཉིད་ནི། ཡོ་བྱད་དོ། །རང་བཞིན་སྟོང་པ་ཉིད་ནི། ཡོ་བྱད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ནི། ཡོ་བྱད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ནི། ཡོ་བྱད་དོ། །མི་དམིགས་པ་སྟོང་པ་ཉིད་ནི། ཡོ་ བྱད་དོ༑ ༑དངོས་པོ་མེད་པ་སྟོང་པ་ཉིད་ནི། ཡོ་བྱད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ནི། ཡོ་བྱད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི། ཡོ་བྱད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ནི་ཡོ་བྱད་ དོ༑ ༑ཡང་དག་པར་སྤོང་བ་རྣམས་ནི། ཡོ་བྱད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ནི། ཡོ་བྱད་དོ། །དབང་པོ་རྣམས་ནི། ཡོ་བྱད་དོ་།སྟོབས་རྣམས་ནི། ཡོ་བྱད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་ ཡོ་བྱད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི། ཡོ་བྱད་དོ་།འཕགས་པའི་བདེན་པ་རྣམས་ནི། ཡོ་བྱད་དོ། །བསམ་གཏན་རྣམས་ནི་ཡོ་བྱད་དོ། །ཚད་མེད་པ་རྣམས་ནི། ཡོ་བྱད་དོ། ། [283B] ཡོ་བྱད་དོ་།རྣམ་པར་ཐར་པ་རྣམས་ནི། ཡོ་བྱད་དོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ནི། ཡོ་བྱད་དོ། །རྣམ་པར་ཐར་པའི་སྒོ་ སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ནི། ཡོ་བྱད་དོ། །མངོན་པར་ཤེས་པ་རྣམས་ནི། ཡོ་བྱད་དོ། །ཏིང་ངེ་འཛིན་རྣམས་ནི། ཡོ་བྱད་དོ། །གཟུངས་ཀྱི་སྒོ་རྣམས་ནི། ཡོ་བྱད་དོ། །དེ་བཞིན་ གཤེགས་པའི་སྟོབས་རྣམས་ནི། ཡོ་བྱད་དོ། །མི་འཇིགས་པ་རྣམས་ནི། ཡོ་བྱད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ནི། ཡོ་བྱད་དོ། །བྱམས་པ་ཆེན་པོ་ནི། ཡོ་བྱད་དོ། །སྙིང་རྗེ་ཆེན་པོ་ནི་ ཡོ་བྱད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི། ཡོ་བྱད་དོ། །དེ་དག་ནི། ཡོ་བྱད་དེ། ཡོ་བྱད་དེ་དག་གིས་སེམས་ཅན་རྣམས་ཡོངས་སུ་བསྡུས་ཤིང་རིམ་གྱིས་ཉན་ཐོས་ཀྱི་ཐེག་པའམ་རང་ སངས་རྒྱས་ཀྱི་ཐེག་པའམ། ཐེག་པ་ཆེན་པོའམ། ཐེག་པ་གསུམ་པོ་དེ་དག་གིས་ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ [284A]༄༅། །ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་རྣམས་ལ་འདི་སྐད་དུ། ཀྱེ་སེམས་ཅན་དག་ཅིའི་ཕྱིར་ཁྱེད་ཚུལ་ཁྲིམས་མི་སྲུང་ཞེས་འདོམས་ཤིང་རྗེས་སུ་ སྟོན་པར་བྱེད་དེ། དེ་དག་འདི་སྐད་དུ། རྐྱེན་དང་མི་ལྡན་པའི་ཕྱིར་རོ། །ཞེས་ཟེར་ན། དེ་དག་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་འདི་སྐད་ཅེས་ཟེར་ཏེ། ཚུར་ཤེག་རིགས་ཀྱི་བུ་ དག་ཚུལ་ཁྲིམས་སྲུངས་ཤིག་ངས་ཁྱེད་ཟས་དང། སྐོམ་དང། གོས་དང། བཞོན་པ་དང། མལ་ཆ་དང། མེ་ཏོག་དང། བདུག་སྤོས་དང་སྤོས་དང། ཕྲེང་བ་དང། བྱུག་པ་དང། ཁྱིམ་ དང། ནོར་དང། འབྲུ་དང། ནོར་བུ་དང། མུ་ཏིག་དང། བཻ་ཌཱུརྱ་དང། དུང་དང། མན་ཤེལ་དང། བྱུ་རུ་དང། གསེར་དང། དངུལ་དང། མིའི་རྐྱེན་དང། ཡོ་བྱད་གང་ཡང་རུང་བའི་བར་ གྱིས་ཕོངས་པ་མེད་པར་བྱའོ། །ཁྱེད་གང་གིས་ཕོངས་པའི་ཕྱིར་ཚུལ་ཁྲིམས་ངན་པ་ལ་སྤྱོད་པར་གྱུར་པའི་ཡོ་བྱད་དང། ལོངས་སྤྱོད་ཐམས་ཅད་ཀྱིས་ཕོངས་པ་མེད་པར་བྱའོ། ཁྱེད་སྡོམ་ པའི་ཚུལ་ཁྲིམས་ལ་མནོས་ལ་རིམ་གྱིས་ཉན་ཐོས་ཀྱི་ཐེག་པའམ་རང་སངས་རྒྱས་ཀྱི་ཐེག་པའམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཐེག་པའམ། ཐེག་པ་གསུམ་པོ་དེ་དག་གིས་སྡུག་ བསྔལ་གྱི་མཐར་ཕྱིན་པར་གྱིས་ཤིག་ཅེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བདག་ཉིད་ཀྱང་ཚུལ་ཁྲིམས་སྲུང་ངོ་།གཞན་ཡང་ཚུལ་ཁྲིམས་ལ་སྦྱོར་རོ། །ཚུལ་ཁྲིམས་ཀྱི་ལེགས་ [284B] །སེམས་ཅན་གཞན་གང་ཚུལ་ཁྲིམས་སྲུང་བ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་དེ་ ལྟར་ཚུལ་ཁྲིམས་ལ་སྦྱོར་ཞིང་ཚུལ་ཁྲིམས་ལ་རབ་ཏུ་བཀོད་དེ་རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་གང་ཁྲོ་བ་དང་གནོད་སེམས་སུ་བྱེད་པ་དག་མཐོང་ན། དེ་དག་ལ་འདི་སྐད་ཅེས་ཟེར་རོ། །རིགས་ཀྱི་བུ་དག་ཁྱེད་ཅིའི་རྒྱུས་གནོད་སེམས་སུ་བྱེད་ པར་གྱུར། གང་གིས་ཕོངས་ཤིང་གནོད་སེམས་སུ་བྱེད་པར་གྱུར་པ་དེ་དང་དེང་ལས་ལོངས་ཤིག་ངས་ཁྱེད་ཟས་དང། སྐོམ་དང། གོས་དང། བཞོན་པ་དང། མལ་ཆ་དང། མེ་ཏོག་དང་ བདུག་སྤོས་དང། སྤོས་དང། ཕྲེང་བ་དང། བྱུག་པ་དང། ཁྱིམ་དང། ནོར་དང། འབྲུ་དང། ནོར་བུ་དང། མུ་ཏིག་དང། བཻཌཱུརྱ་དང། དུང་དང། མན་ཤེལ་དང། བྱུ་རུ་དང། གསེར་དང་ [285A]༄༅། །དངུལ་དང། མིའི་རྐྱེན་དང། ཡོ་བྱད་གང་ཅིའང་རུང་བའི་བར་གྱིས་ཕོངས་པ་མེད་པར་བྱའོ། ཁྲོ་བ་དང། གནོད་སེམས་མེད་པར་གྱིས་ཤིག་ཅེས་བྱའོ། །དེ་ལྟར་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་དེ་དག་བཟོད་པ་ལ་སྦྱོར་ཏེ། འདི་སྐད་དུ། གཅུགས་གང་གིས་ཁྱེད་ཀྱིས་ཁྲོ་བ་སྐྱེ་བར་ གྱུར་པ་དེ་ནི། སྙིང་པོ་མེད་པ་སྟེ། དེ་ལ་དངོས་པོ་གང་ཡང་མེད་དོ། །ཁྲོ་བོ་དེ་ནི། ཡང་དག་པ་མ་ཡིན་པར་ཡོངས་སུ་བརྟགས་པ་སྟེ། དངོས་པོ་གནག་གིས་ཕྱིར་ཁྱེད་འཐབ་ཅིང་འཁོན་པ་དང་ གནོད་སེམས་སུ་བྱེད་པར་གྱུར་པའང་དེ་ལྟར་འཐབས་ཤིང་འཁོན་ཏེ་གནོད་སེམས་སུ་གྱུར་ནས་དབྱིག་པས་འགྱེད་པ་དང། མཚོན་གྱིས་འདྲེ་བ་དང། ཕན་ཚུན་གྱི་སྲོག་ལ་རྒལ་བར་གྱུར་ པའི་དངོས་པོ་དེ་ལ་དངོས་པོའི་རང་བཞིན་གང་ཡང་མེད་ན། དེ་ལྟ་ཡིན་ཡང་ཁྱེད་ཡང་དག་པ་མ་ཡིན་པའི་ཡོངས་སུ་རྟོག་པས་འཁྲུགས་ན། སེམས་ཅན་དམྱལ་བ་དག་ཏུ་ལྟུང་བར་འགྱུར་ བྱོལ་སོང་གི་སྐྱེ་གནས་དག་ཏུ་ལྟུང་བར་འགྱུར། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་འགྱུར། དེ་མ་ཡིན་པའི་ངན་སོང་གཞན་དག་ཏུའང་ཁྱེད་སྡུག་བསྔལ་མི་བཟོད་པ་ཚ་ཞིང་རྩུབ་ལ་ ཡིད་དུ་མི་འོང་བའི་ཚོར་བ་ཉམས་སུ་མྱོང་བར་འགྱུར་གྱི། སྐྱེས་བུ་ཁྱེད་རྣམས་དངོས་པོ་མེད་པའི་ཆོས་ཀྱི་དོན་དུ་ལས་གང་ཡོངས་སུ་བཟུང་བས་མིར་སྐྱེ་བའང་འཐོབ་པར་མི་འགྱུར་ན། སངས་ [285B]པ་དེ་ལྟ་བུའི་ལས་ཡོངས་སུ་མ་འཛིན་ཅིག་གྲོགས་པོ་དག་སངས་རྒྱས་འབྱུང་བ་ནི། དཀོན་ནོ། །མིར་སྐྱེ་བ་འཐོབ་པ་ནི། དཀོན་ནོ་།དལ་བ་ཕུན་ སུམ་ཚོགས་པ་ནི། དཀོན་ནོ། །འཁོར་བ་ལས་ཐར་པ་ནི། དཀོན་ནོ། །དེ་ལྟ་ཡིན་གྱི། དལ་བ་འདི་དོན་མེད་པར་མ་བྱ་ཞིག་མི་ཁོམ་པར་གྱུར་ཅིང་གསོར་མི་རུང་བར་གྱུར་ཏ་[*TE?]རེ་ཞེས་དེ་ལ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་བདག་ཉིད་ཀྱང་བཟོད་པ་སྒྲུབ་ལ་གཞན་ཡང་བཟོད་པ་ལ་ཡང་དག་པར་སྐུལ་ལོ། །བཟོད་པའི་ལེགས་པ་བརྗོད་དོ། །སེམས་ཅན་གཞན་གང་བཟོད་པ་ སྒོམ་པ་དེ་དག་གིའང་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་དེ་ལྟར་བཟོད་པ་ལ་སྦྱར་ཞིང་བཟོད་པ་ ལ་རབ་ཏུ་བཀོད་དེ་རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ ཤིང་བཟོད་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལ་སྤྱོད་ཅིང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ལེ་ལོ་ཅན་བརྩོན་འགྲུས་ [286A]༄༅། །ཆུང་བ་དག་མཐོང་ན་འདི་སྐད་དུ། ཁྱེད་ཅིའི་ཕྱིར་ལེ་ལོ་བྱེད་ཅེས་བརྗོད་དེ། དེ་དག་རྐྱེན་དང་མི་ལྡན་པའི་ཕྱིར་རོ་།ཞེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སེམས་ཅན་དེ་དག་ལ་འདི་སྐད་ཅེས་ཟེར་ཏེ། ཀྱེ་སྐྱེས་བུ་དག་ངས་སྦྱིན་པའི་རྐྱེན་ཏམ། ཚུལ་ཁྲིམས་ཀྱི་རྐྱེན་ཏམ། བཟོད་ པའི་རྐྱེན་ཏམ། གཞན་ཡང་རྣམ་པ་གང་དང་གང་གིས་བརྩོན་འགྲུས་བརྩམ་དུ་རུང་བ་དེ་དག་ཁྱེད་ལ་ངས་ཉེ་བར་བསྒྲུབ་པར་བྱའི། བརྩོན་འགྲུས་རྩོམས་ཤིག་ཅེས་ནས་སེམས་ཅན་དེ་ དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་ཡོ་བྱད་ལ་སྤྱོད་ཅིང་ལུས་སམ་སེམས་ཀྱི་བརྩོན་འགྲུས་རྩོམ་སྟེ། དེ་དག་ལུས་དང་སེམས་ཀྱི་བརྩོན་འགྲུས་ཀྱིས་དགེ་བའི་ཆོས་ཐམས་ ཅད་ཡོངས་སུ་རྫོགས་པར་བྱེད་དེ། དགེ་བའི་ཆོས་དེ་དག་གིས་འཕགས་པ་ཟག་པ་མེད་པའི་ཆོས་རྣམས་སྒོམ་མོ། །དེ་དག་བསྒོམས་པས་རྒྱུན་དུ་ཞུགས་པའི་འབྲས་བུ་འཐོབ་བོ། ། ལན་གཅིག་ཕྱིར་འོང་བའི་འབྲས་བུ་འཐོབ་བོ། །ཕྱིར་མི་འོང་བའི་འབྲས་བུ་འཐོབ་བོ། །དགྲ་བཅོམ་པ་ཉིད་འཐོབ་བོ། །རང་བྱང་ཆུབ་འཐོབ་བོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་ཉིད་ཀྱང་བརྩོན་འགྲུས་རྩམ་མོ། །གཞན་ཡང་བརྩོན་འགྲུས་ལ་ཡང་དག་པར་ [286B] །བརྩོན་འགྲུས་ཀྱི་ལེགས་པ་བརྗོད་དོ། །སེམས་ཅན་གཞན་གང་བརྩོན་འགྲུས་རྩོམ་པ་དེ་དག་གིའང་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་དེ་ལྟར་བརྩོན་འགྲུས་ལ་སྦྱར་ཞིང་བརྩོན་འགྲུས་ལ་རབ་ཏུ་བཀོད་དེ་རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར། དེ་ ལྟར་ན༑ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ ནོ༑ །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་རྒྱ་པ། །བམ་པོ་ཉིས་བརྒྱ་གོ་གཉིས་པ། །རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ སེམས་གཡེངས་པར་གྱུར་པའི་སེམས་ཅན་དག་མཐོང་ན་འདི་སྐད་དུ་སེམས་ཅན་ཁྱད་ཅིའི་ཕྱིར་བསམ་གཏན་ལ་མཉམ་པར་མི་འཇོག་ཅེས་བརྗོད་དེ། དེ་དག་རྐྱེན་དང་མི་ལྡན་པའི་ཕྱིར་རོ། ། ཞེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་ལ་འདི་སྐད་དུ་འདོམས་ཏེ། ཀྱེ་སེམས་ཅན་དག་ངས་རྐྱེན་གང་དང་གང་གིས་ཕྱི་ནང་གི་ཆོས་ལ་རྣམ་ [287A]༄༅། །པར་རྟོག་པར་མི་འགྱུར་བ་དེ་ལྟ་བུའི་རྐྱེན་ཉེ་བར་བསྒྲུབ་བོ། །ཞེས་སྨྲས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་དེ་དག་ལ་རྐྱེན་ ཉེ་བར་བསྒྲུབ་པར་བྱའོ། །ཞེས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་ལ་རྐྱན་གང་དང་གང་ཉེ་བར་བསྒྲུབས་པས་རྣམ་པར་རྟོག་པར་མི་འགྱུར་བ་དེ་ལྟ་ བུའི་རྐྱེན་ཉེ་བར་བསྒྲུབ་སྟེ། དེའི་ཕྱིར་དེ་དག་རྣམ་པར་རྟོག་པ་ཆད་ནས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ་བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་གོ་བསམ་ གཏན་གསུམ་པ་ལ་སྙོམས་པར་འཇུག་གོ་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་གོ་བྱམས་པ་ལ་སྙོམས་པར་འཇུག་གོ་སྙིང་རྗེ་ལ་སྙོམས་པར་འཇུག་གོ་དགའ་ བ་ལ་སྙོམས་པར་འཇུག་གོ་བཏང་སྙོམས་ལ་སྙོམས་པར་འཇུག་གོ་།གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་སྙོམས་པར་འཇུག་གོ་དེ་དག་བསམ་གཏན་དང། ཚད་ མེད་པ་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་གིས་སེམས་དུལ་བར་གྱུར་པས། དྲན་པ་ཉེ་བར་གཞག་པ་བཞི་སྒོམ་མོ། །ཡང་དག་པར་སྤོང་བ་བཞི་སྒོམ་མོ། །རྫུ་ འཕྲུལ་གྱི་རྐང་པ་བཞི་སྒོམ་མོ། །དབང་པོ་ལྔ་སྒོམ་མོ། །སྟོབས་ལྔ་སྒོམ་མོ། །བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་མོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་མོ། །རྣམ་པར་ཐར་ [287B] །དེ་དག་བསྒོམས་པས་རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། དེ་ལ་ལ་ལ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་བྱང་ཆུབ་ཀྱི་ ལམ་ལས་ཡོངས་སུ་མི་ཉམས་ཏེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པས་ སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། ཤེས་རབ་ འཆལ་པར་གྱུར་པའི་སེམས་ཅན་དག་མཐོང་ན་འདི་སྐད་དུ། སེམས་ཅན་བྱེད་ཅིའི་ཕྱིར་ཤེས་རབ་མི་སྒོམ་ཞེས་བརྗོད་དེ། དེ་དག་རྐྱེན་དང་མི་ལྡན་པའི་ཕྱིར་རོ། །ཞེས་ཟེར་ན། དེ་ལ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་དེ་དག་ལ་འདི་སྐད་དུ་འདོམས་ཏེ། ང་ལས་ཡོ་བྱད་རྣམས་ལོང་ལ་སྦྱིན་པ་བྱིན་ཅིག་ཚུལ་ཁྲིམས་ སྲུངས་ཤིག་བཟོད་པ་སྒོམས་ཤིག་བརྩོན་འགྲུས་རྩོམས་ཤིག་ཏིང་ངེ་འཛིན་ལ་མཉམ་པར་གཞོག་ཅིག་རྣམ་པ་དེ་དག་ཡོངས་སུ་རྫོགས་པར་གྱིས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ [288A]༄༅། །སྒོམ་པ་ལ་བདག་གམ། སེམས་ཅན་ནམ། སྲོག་གམ། འགྲོ་བའམ། གསོ་བའམ། སྐྱེས་བུའམ། གང་ཟག་གམ། ཤེད་ཅན་ནམ། ཤེད་བདག་གམ། བྱེད་པ་པོའམ་ ཚོར་བ་པོའམ། ཤེས་པ་པོའམ། མཐོང་བ་པོའམ། གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པའམ། ཁམས་རྣམས་སམ། སྐྱེ་མཆེད་རྣམས་ སམ༑ རྟེན་ཅིང་འབྲེལ་པར་འབྱུང་བའམ། འདོད་པའི་ཁམས་སམ། གཟུགས་ཀྱི་ཁམས་སམ། གཟུགས་མེད་པའི་ཁམས་སམ། ཕ་རོལ་ཏུ་ཕྱིན་པ་དྲུག་གམ། སྟོང་པ་ཉིད་ཐམས་ཅད་དམ་ བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནམ། འཕགས་པའི་བདེན་པ་རྣམས་སམ། བསམ་གཏན་རྣམས་སམ། ཚད་མེད་པ་རྣམས་སམ་གཟུགས་མེད་པའི་སྙོམས་པར་འཇུག་པ་ རྣམས་སམ། རྣམ་པར་ཐར་པ་རྣམས་སམ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའམ་ མངོན་པར་ཤེས་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ། གཟུངས་ཀྱི་སྒོ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། མི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་ རིག་པ་རྣམས་སམ། བྱམས་པ་ཆེན་པོའམ། སྙིང་རྗེ་ཆེན་པོའམ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སམ། རྒྱུན་དུ་ཞུགས་པའི་འབྲས་བུའམ། ལན་གཅིག་ཕྱིར་འོང་བའི་འབྲས་བུའམ་ [288B] དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་བམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཆོས་གང་ཡང་ཡོད་དམ། རྟོགས་ཤིག་ཅེས་འདེམས་ཤིང་རྗེས་ སུ་སྟོན་ཏེ། དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཆོས་གང་ལ་དམིགས་པས་མངོན་པར་ཞེན་པར་འགྱུར་པ་དེ་ལྟ་བུའི་ཆོས་གང་ཡང་མི་ དམིགས་ཏེ། དེ་ལ་མངོན་པར་ཞེན་པ་མེད་པས། ཆོས་གང་ཡང་སྐྱེ་བའམ། འགག་པའམ། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བར་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་ མ་མཐོང་བས། འདི་ནི། སེམས་ཅན་དམྱལ་བ་པའོ། །འདི་ནི། བྱོལ་སོང་གི་སྐྱེ་གནས་པའོ། །འདི་ནི། གཤིན་རྗེའི་འཇིག་རྟེན་པའོ། །འདི་ནི་ལྷ་མ་ཡིན་གྱི་རིས་སུ་གཏོགས་པའོ། །འདི་ནི། ལྷའོ། ། འདི་ནི༑ མིའོ། །འདི་ནི། ཚུལ་ཁྲིམས་དང་ལྡན་པའོ། །འདི་ནི། ཚུལ་ཁྲིམས་ངན་པ་ཅན་ནོ། །འདི་ནི། རྒྱུན་དུ་ཞུགས་པའོ། །འདི་ནི། ལན་གཅིག་ཕྱིར་འོང་བའོ། །འདི་ནི། ཕྱིར་མི་འོང་བའོ། །འདི་ནི། དགྲ་ བཅོམ་པའོ། །འདི་ནི། རང་སངས་རྒྱས་སོ། །འདི་ནི། བྱང་ཆུབ་སེམས་དཔའོ། །འདི་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །ཞེས་བྱ་བར་རྣམ་པར་མི་རྟོག་ སྟེ༑ རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ [289A]༄༅། །ནོ༑ ༑རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་ སུ་སྡུད་པ་ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་རྣམས་ལ་སྦྱིན་པ་ཡོངས་སུ་གཏོང་སྟེ། སྦྱིན་ པ་ཡོངས་སུ་བཏང་ནས་འདི་སྐད་དུ་རིགས་ཀྱི་བུ་དག་སྦྱིན་པ་ལ་འཛིན་པས་མ་འཛིན་ཅིག་སྦྱིན་པ་ལ་འཛིན་པས་འཛིན་ཅིང་ལུས་གང་མངོན་པར་གྲུབ་པས། སྡུག་བསྔལ་མང་པོ་ཉམས་སུ་ མྱོང་བར་འགྱུར་བ་དེ་ལྟ་བུའི་ལུས་མངོན་པར་གྲུབ་པ་རེ་[*TE]རིགས་ཀྱི་བུ་དག་འདི་ལ་དོན་དམ་པར་ན། སྦྱིན་པའང་མེད། སྦྱིན་པའི་འབྲས་བུའང་མེད། སྦྱིན་པའི་བདག་པོའང་མེད། ལེན་ པའང་མེད་དེ། ཆོས་དེ་དག་ཐམས་ཅད་ནི། རང་བཞིན་གྱིས་སྟོང་ངོ། །རང་བཞིན་གྱིས་སྟོང་པའི་ཆོས་ནི། འཛིན་པ་མེད་དེ། རང་བཞིན་སྟོང་པ་ཉིད་ནི། གཟུང་དུ་མེད་པའོ། །ཞེས་འདོམས་ཤིང་ རྗེས་སུ་སྟོན་ཏེ། རབ་འབྱོར། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སེམས་ཅན་རྣམས་ལ་སྦྱིན་པ་ཡོངས་སུ་གཏོང་ཡང་དེ་ལ་སྦྱིན་ པར་དམིགས་པ་མེད། སྦྱིན་པའི་བདག་པོར་དམིགས་པ་མེད། ལེན་པར་དམིགས་པ་མེད་དེ། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དེ་ནི་དམིགས་སུ་མེད་པའི་ཕ་རོལ་ཏུ་ཕྱིན་པའོ། ། [289B] སེམས་ཅན་རྣམས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སྦྱོར་རོ། །ལན་གཅིག་ཕྱིར་འོང་བའི་འབྲས་བུ་ལ་སྦྱོར་རོ། །ཕྱིར་མི་འོང་བའི་འབྲས་བུ་ལ་ སྦྱོར་རོ། །དགྲ་བཅོམ་པ་ཉིད་ལ་སྦྱོར་རོ། །རང་བྱང་ཆུབ་ལ་སྦྱོར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སྦྱོར་རོ། །རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ། དེ་བདག་ཉིད་ཀྱང་སྦྱིན་པ་ཡོངས་སུ་གཏོང་ངོ། །གཞན་ཡང་སྦྱིན་པ་ལ་ཡང་དག་པར་ སྐུལ་ལོ༑ ༑སྦྱིན་པའི་ལེགས་པ་བརྗོད་དོ། །སེམས་ཅན་གཞན་གང་སྦྱིན་པ་ཡོངས་སུ་གཏོང་བ་དེ་དག་གིའང་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་དེའང་དེ་ལྟ་བུའི་སྦྱིན་པ་ཆེན་པོ་བྱིན་པས་རྒྱལ་རིགས་ཆེ་ཞིང་མཐོ་བ་དག་དང་སྐལ་བ་མཉམ་པར་སྐྱེའོ་།བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་དག་དང་སྐལ་བ་མཉམ་པ་སྐྱེའོ། ། ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་དག་དང་སྐལ་བ་མཉམ་པ་སྐྱེའོ། །ཁམས་ཀྱི་རྒྱལ་པོར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་སྲིད་འཐོབ་བོ། །དེ་དེ་དག་ནའང་སེམས་ཅན་རྣམས་བསྡུ་བའི་ དངོས་པོ་བཞིས་ཡོངས་སུ་སྡུད་དེ། བཞི་གང་ཞེ་ན། སྦྱིན་པ་དང་ཚིག་སྙན་པ་དང། དོན་བྱ་བ་དང། དོན་མཐུན་པས་ཡོངས་སུ་སྡུད་དོ། །དེ་དེ་ལྟར་སེམས་ཅན་སྦྱིན་པས་ཡོངས་སུ་བསྡུས་པ་དེ་ [290A]༄༅། །དག་ཀྱང་རིམ་གྱིས་ཚུལ་ཁྲིམས་ལ་རབ་ཏུ་འགོད་དོ། །བཟོད་པ་ལ་རབ་ཏུ་འགོད་དོ། །བརྩོན་འགྲུས་ལ་རབ་ཏུ་འགོད་དོ། །ཏིང་ངེ་འཛིན་ལ་རབ་ཏུ་འགོད་དོ། །ཤེས་རབ་ལ་རབ་ཏུ་ འགོད་དོ། །བསམ་གཏན་བཞི་ལ་རབ་ཏུ་འགོད་དོ། །ཚད་མེད་པ་བཞི་ལ་རབ་ཏུ་འགོད་དོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་རབ་ཏུ་འགོད་དོ། །དྲན་པ་ཉེ་བར་གཞག་པ་བཞི་ལ་རབ་ ཏུ་འགོད་དོ། །ཡང་དག་པར་སྤོང་བ་བཞི་ལ་རབ་ཏུ་འགོད་དོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ལ་རབ་ཏུ་འགོད་དོ། །དབང་པོ་ལྔ་ལ་རབ་ཏུ་འགོད་དོ། །སྟོབས་ལྔ་ལ་རབ་ཏུ་འགོད་དོ། །བྱང་ཆུབ་ཀྱི་ཡན་ ལག་བདུན་ལ་རབ་ཏུ་འགོད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་རབ་ཏུ་འགོད་དོ། །འཕགས་པའི་བདེན་པ་བཞི་ལ་རབ་ཏུ་འགོད་དོ་།རྣམ་པར་ཐར་པ་བརྒྱད་ལ་རབ་ཏུ་འགོད་དོ། ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་རབ་ཏུ་འགོད་དོ་།རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང་སྨོན་པ་མེད་པ་ལ་རབ་ཏུ་འགོད་དོ། །མངོན་པར་ཤེས་ པ་རྣམས་ལ་རབ་ཏུ་འགོད་དོ། །ཏིང་ངེ་འཛིན་རྣམས་ལ་རབ་ཏུ་འགོད་དོ། །གཟུངས་ཀྱི་སྒོ་རྣམས་ལ་རབ་ཏུ་འགོད་དོ། །ཡང་དག་པའི་སྐྱོན་མེད་པར་འཇུག་པ་བྱེད་དོ། །རྒྱུན་དུ་ཞུགས་པའི་འབྲས་ བུ་ཐོབ་པར་བྱེད་དོ། ལན་གཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་བྱེད་དོ། །ཕྱིར་མི་འོང་བའི་འབྲས་བུ་ཐོབ་པར་བྱེད་དོ། །དགྲ་བཅོམ་པ་ཉིད་ཐོབ་པར་བྱེད་དོ། །རང་བྱང་ཆུབ་ཐོབ་པར་བྱེད་དོ་།བླ་ན་ [290B]སྐུལ་བ་བྱེད་དོ། །ཀྱེ་སྐྱེས་བུ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི། མངོན་པར་རྫོགས་པར་འཚང་རྒྱ་བར་མི་དཀའ་སྟེ་ དེ་ལ་ཕྱིན་ཅི་ལོག་གིས་རྨོངས་པའི་སེམས་ཀྱིས་ཁོང་དུ་མ་ཆུད་པ་མ་གཏོགས་པར་ཆོས་གང་ལ་སེམས་ཅན་རྣམས་ཆགས་པར་གྱུར་པའི་ཆོས་དེ་ལྟ་བུ་གང་ཡང་ངོ་བོ་ཉིད་ཀྱིས་ཡོད་པ་མེད་ཀྱི། དེ་ བས་ན༑ ཕྱིན་ཅི་ལོག་གི་འཛིན་པ་ཐམས་ཅད་རྒྱུན་ཆོད་ལ་འཁོར་བ་ལས་བདག་ཅག་ཀྱང་ཐར་བར་གྱིས་ཤིག་གཞན་ཡང་ཐར་བར་གྱིས་ཤིག་དེ་ལྟར་ཁྱེད་བདག་ཅག་གི་དོན་དུའང་ཆེར་འགྱུར་ གཞན་དག་ཀྱང་དོན་ཆེན་པོ་ལ་འབྱོར་པར་འགྱུར་རོ། །ཞེས་ཡང་དག་པར་སྐུལ་བ་བྱེད་དེ། རབ་འབྱོར། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱ་ སྟེ༑ དེ་ལྟར་སྤྱོད་པའི་ཚེ་ཅི་ནས་ཀྱང་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་ནམ་ཡང་ངན་སོང་དུ་མི་ལྟུང་བ་དང། ནམ་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོ་མི་བྱེད་པར་མི་འགྱུར་བ་དེ་ལྟར་སྤྱོད་དོ། ། དེ་ཅིའི་ཕྱིར་ཞེ་ན། ས་བོན་ཇི་ལྟ་བ་བཞིན་དུ་འབྲས་བུ་འབྱུང་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་དེའི་དྲུང་དུ་སློང་མོ་བ་གང་ཇི་སྙེད་ཅིག་འོངས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་འདི་སྙམ་དུ་སེམས་ ཏེ༑ བདག་གིས་སེམས་ཅན་རྣམས་ཀྱི་དོན་མ་གཏོགས་པར་གཞན་གྱི་དོན་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡོངས་སུ་མ་བཟུང་ངོ། །ཞེས་ནས་དེ་འདི་སྐད་ཅེས་ཟེར་ཏེ། སུ་ཅི་འདོད་པ་དེ་ཁྱེད་ལ་བྱིན་གྱི་ [291A]༄༅། །འདི་ནི༑ ངའི་མ་ཡིན་གྱི། ཁྱེད་ཀྱིའོ། །ང་ནི། ནང་གི་གཟུགས་ལའང་དོན་དུ་གཉེར་བ་མེད་ན། གཞན་ལྟ་ལ་ཅི་སྨོས་ཏེ་གཞན་དུ་ངས་སེམས་ཅན་རྣམས་ཀྱི་དོན་དུ་འཁོར་བ་ ཡོངས་སུ་བཟུང་གི་བདག་ནི། འཁོར་བ་དོན་དུ་གཉེར་བ་མ་ཡིན་ནོ་།ཞེས་ཏེ། དེ་སྙིང་བརྩེ་བས་སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་ཅིང། སྙིང་རྗེ་ཆེན་པོས་སེམས་ཅན་རྣམས་ཀྱི་དོན་བྱེད་ཀྱང་ སེམས་ཅན་གང་ཡོངས་སུ་གྲུབ་པ་དེ་ལྟ་བུ་མི་དམིགས་ཏེ། གཞན་དུ་ན་འདུ་ཤེས་དང་མིང་དང་བརྡའི་ཐ་སྙད་ཀྱིས་རྣམ་པར་སྤྱོད་དེ་རྣམ་པར་སྤྱོད་པ་དེའང་སྒྲ་བརྙན་ལྟ་བུར་རྣམ་པར་སྤྱད་དུ་མེད་ པར་ཤེས་སོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱད་པར་བྱ་སྟེ། སྤྱོད་པའི་ཚེ་ཅི་ ནས་ཀྱང་བདག་གི་ཤ་ཡན་ཆད་ཀྱང་སེམས་ཅན་རྣམས་ལ་ཡོངས་སུ་མ་བཏང་བ་མེད་པར་བྱ་ན། ཕྱི་རོལ་གྱི་ཡོ་བྱད་གང་གིས་སེམས་ཅན་རྣམས་འཁོར་བ་ལས་ཡོངས་སུ་ཐར་བར་བྱ་བ་དག་ ལྟ་སྨོས་སུའང་མེད་པ་དེ་ལྟར་སྤྱད་པར་བྱའོ། །གསོལ་པ། ཡོ་བྱད་དེ་དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི། ཡོད་བྱད་དོ། །ཚུལ་ཁྲིམས་ ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཡོད་བྱད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི། ཡོ་བྱད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཡོད་བྱད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི། ཡོད་བྱད་དོ། །ཤེས་ [291B] ཡོ་བྱེད་དོ། །ནང་སྟོང་པ་ཉིད་ནི། ཡོ་བྱད་དོ། །ཕྱི་སྟོང་པ་ཉིད་ནི། ཡོ་བྱད་དོ། །ཕྱི་ནང་སྟོང་པ་ཉིད་ནི། ཡོད་བྱད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ནི། ཡོ་བྱད་དོ། །ཆེན་པོ་སྟོང་པ་ཉིད་ནི་ ཡོ་བྱད་དོ། །དོན་དམ་པ་སྟོང་པ་ཉིད་ནི། ཡོ་བྱད་དོ། །འདུས་བྱས་སྟོང་པ་ཉིད་ནི། ཡོ་བྱད་དོ། །འདུས་མ་བྱས་སྟོང་པ་ཉིད་ནི། ཡོ་བྱད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ནི། ཡོ་བྱད་དོ། །ཐོག་མ་ དང་ཐ་མ་མེད་པ་སྟོང་པ་ཉིད་ནི། ཡོ་བྱད་དོ། །དོར་བ་མེད་པ་སྟོང་པ་ཉིད་ནི། ཡོ་བྱད་དོ། །རང་བཞིན་སྟོང་པ་ཉིད་ནི། ཡོ་བྱད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ནི། ཡོ་བྱད་དོ། །རང་གི་མཚན་ཉིད་སྟོང་པ་ ཉིད་ནི༑ ཡོ་བྱད་དོ། །མི་དམིགས་པ་སྟོང་པ་ཉིད་ནི། ཡོ་བྱད་དོ་།དངོས་པོ་མེད་པ་སྟོང་པ་ཉིད་ནི། ཡོ་བྱད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ནི། ཡོ་བྱད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི། ཡོ་བྱད་ དོ༑ ༑དྲན་པ་ཉེ་བར་གཞག་པ་རྣམས་ནི། ཡོ་བྱད་དོ། །ཡང་དག་པར་སྤོང་བ་རྣམས་ནི། ཡོ་བྱད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ནི། ཡོ་བྱད་དོ། །དབང་པོ་རྣམས་ནི། ཡོ་བྱད་དོ། །སྟོབས་རྣམས་ནི་ཡོ་ བྱད་དོ༑ ༑བྱང་ཆུབ་ཀྱི་ཡན་ལག་རྣམས་ནི། ཡོ་བྱད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི། ཡོ་བྱད་དོ། །འཕགས་པའི་བདེན་པ་རྣམས་ནི། ཡོ་བྱད་དོ། །བསམ་གཏན་རྣམས་ནི། ཡོ་བྱད་དོ། ། ཚད་མེད་པ་རྣམས་ནི། ཡོ་བྱད་དོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ནི། ཡོ་བྱད་དོ། །རྣམ་པར་ཐར་པ་རྣམས་ནི། ཡོ་བྱད་དོ་།མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ [292A]༄༅། །ནི༑ ཡོ་བྱད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ནི། ཡོ་བྱད་དོ། །མངོན་པར་ཤེས་པ་རྣམས་ནི། ཡོ་བྱད་དོ། །ཏིང་ངེ་འཛིན་ རྣམས་ནི། ཡོ་བྱད་དོ། །གཟུངས་ཀྱི་སྒོ་རྣམས་ནི། ཡོ་བྱད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ནི། ཡོ་བྱད་དོ། །མི་འཇིགས་པ་རྣམས་ནི། ཡོ་བྱད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ ནི༑ ཡོ་བྱད་དོ། །བྱམས་པ་ཆེན་པོ་ནི། ཡོ་བྱད་དོ། །སྙིང་རྗེ་ཆེན་པོ་ནི། ཡོ་བྱད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི། ཡོ་བྱད་དོ། །དེ་དག་ནི། ཡོ་བྱད་དེ། ཡོ་བྱད་དེ་དག་གི་སེམས་ཅན་ རྣམས་ཡོངས་སུ་བསྡུས་ཤིང་རིམ་གྱིས་ཉན་ཐོས་ཀྱི་ཐེག་པའམ་རང་སངས་རྒྱས་ཀྱི་ཐེག་པའམ། ཐེག་པ་ཆེན་པོའམ། ཐེག་པ་གསུམ་པོ་དེ་དག་གིས་ཡོངས་སུ་མྱ་ངན་ལས་ཟློ་སྟེ་ རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། ། རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན་ རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་རྣམས་ལ་འདི་སྐད་དུ་ཚུར་ཤེག་རིགས་ཀྱི་བུ་དག་ཚུལ་ཁྲིམས་ [292B]ངས་ཁྱེད་ལ་ཟས་དང། སྐོམ་དང། གོས་དང་བཞོན་པ་དང། མལ་ཆ་དང། མེ་ཏོག་དང། བདུག་སྤོས་དང། སྤོས་དང། ཕྲེང་བ་དང། བྱུག་པ་དང། ཁྱིམ་དང། ནོར་དང། འབྲུ་དང་ ནོར་བུ་དང། མུ་ཏིག་དང། བཻ་ཌཱུརྱ་དང། དུང་དང། མན་ཤེལ་དང། བྱུ་རུ་དང། གསེར་དང། དངུལ་དང། མིའི་རྐྱེན་དང། ཡོ་བྱད་གང་ཅིའང་རུང་བའི་བར་གྱིས་ཕོངས་པ་མེད་པར་བྱའོ། ། ཁྱེད་ཀྱང་ཕོངས་པའི་ཕྱིར་ཚུལ་ཁྲིམས་ངན་པ་ལ་སྤྱོད་པར་གྱུར་གྲང་ན། ཁྱེད་ཟས་དང། སྐོམ་དང། གོས་དང། བཞོན་པ་དང། མལ་ཆ་དང། མེ་ཏོག་དང། བདུག་སྤོས་དང། སྤོས་དང་ ཕྲེང་བ་དང། བྱུག་པ་དང། ཁྱིམ་དང། ནོར་དང། འབྲུ་དང་ནོར་བུ་དང། མུ་ཏིག་དང། བཻ་ཌཱུརྱ་དང། དུང་དང། མན་ཤེལ་དང། བྱུ་རུ་དང། གསེར་དང། དངུལ་དང། མིའི་རྐྱེན་དང་ ཡོ་བྱད་གང་ཅིའང་རུང་བ་རིན་པོ་ཆེ་སྣ་བདུན་གྱི་བར་གྱིས་ཕོངས་པ་མེད་པར་བྱའི། ཁྱེད་སྡོམ་པའི་ཚུལ་ཁྲིམས་ལ་མནོས་ལ་རིམ་གྱིས་ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཐེག་པའམ། ཐེག་པ་གསུམ་པོ་དེ་དག་གིས་སྡུག་བསྔལ་གྱི་མཐར་ཕྱིན་པར་གྱིས་ཤིག་ཅེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བདག་ཉིད་ཀྱང་ ཚུལ་ཁྲིམས་སྲུང་ངོ། །གཞན་ཡང་ཚུལ་ཁྲིམས་ལ་སྦྱོར་རོ། །ཚུལ་ཁྲིམས་ཀྱི་ལེགས་པ་བརྗོད་དོ། །སེམས་ཅན་གཞན་གང་ཚུལ་ཁྲིམས་སྲུང་བ་དེ་དག་གིའང་ལེགས་པ་བརྗོད་ཅིང་མཐུན་པས་ [293A]༄༅། །དགའ་བར་སྤྱོད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་དེ་ལྟར་ཚུལ་ཁྲིམས་ལ་སྦྱར་ཞིང་ཚུལ་ཁྲིམས་ལ་རབ་ཏུ་བཀོད་དེ། རིམ་ གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཚུལ་ཁྲིམས་ཀྱི་ཕ་ རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་བཟོད་པའི་ ཕ་རོལ་ཏུ་ཕྱིན་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་གང་ ཁྲོ་བ་དང། གནོད་སེམས་སུ་བྱེད་པ་དག་མཐོང་ན། དེ་ལ་འདི་སྐད་ཅེས་ཟེར་རོ། །རིགས་ཀྱི་བུ་དག་ཁྱེད་ཅིའི་རྒྱུས་གནོད་སེམས་སུ་བྱེད་པར་གྱུར། གང་གིས་ཕོངས་ཤིང་གནོད་སེམས་ སུ་བྱེད་པར་གྱུར་པ་དེ་དང་དེ་ང་ལས་ལོང་ཞིག་ངས་ཁྱེད་ཟས་དང། སྐོམ་དང། གོས་དང། བཞོན་པ་དང། མལ་ཆ་དང། མེ་ཏོག་དང། བདུག་སྤོས་དང། སྤོས་དང། ཕྲེང་བ་དང་ བྱུག་པ་དང། ཁྱིམ་དང། ནོར་དང། འབྲུ་དང། ནོར་བུ་དང། མུ་ཏིག་དང། བཻ་ཌཱུརྱ་དང། དུང་དང། མན་ཤེལ་དང། བྱུ་རུ་དང་གསེར་དང། དངུལ་དང། མིའི་རྐྱེན་དང། ཡོ་བྱད་གང་ [293B] ཁྲོ་བ་དང། གནོད་སེམས་མེད་པར་གྱིས་ཤིག་ཅེས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ ཤིང། སེམས་ཅན་དེ་དག་བཟོད་པ་ལ་སྦྱོར་ཏེ། འདི་སྐད་དུ། གཅུགས་གང་གིས་ཁྱེད་ཀྱི་ཁྲོ་བ་སྐྱེ་བར་གྱུར་པ་དེ་ནི། སྙིང་པོ་མེད་པ་སྟེ། དེ་ལྟར་དངོས་པོ་གང་ཡང་མེད་དོ། །ཁྲོ་བ་དེ་ནི། ཡང་དག་པ་ མ་ཡིན་པར་ཡོངས་སུ་བརྟགས་པ་སྟེ། དངོས་པོ་གང་གི་ཕྱིར་ཁྱེད་འཐབ་ཅིང་འཁོན་པ་དང། གནོད་སེམས་སུ་བྱེད་པར་གྱུར་པ་དང། དེ་ལྟར་འཐབ་ཅིང་འཁོན་ཏེ་གནོད་སེམས་སུ་གྱུར་ནས་དབྱིག་པས་ འགྱེད་པ་དང། མཚོན་གྱིས་འདྲེ་བ་དང། ཕན་ཚུན་གྱི་སྲོག་ལ་རྒལ་བར་གྱུར་པའི་དངོས་པོ་དེ་ལ་དངོས་པོའི་རང་བཞིན་གང་ཡང་མེད་ན། དེ་ལྟ་ཡིན་ཡང་ཁྱེད་ཡང་དག་པ་མ་ཡིན་པའི་ཡོངས་སུ་རྟོག་ པས་འཁྲུགས་ན། སེམས་ཅན་དམྱལ་བ་དག་ཏུ་ལྟུང་བར་འགྱུར། བྱོལ་སོང་གི་སྐྱེ་གནས་དག་ཏུ་ལྟུང་བར་འགྱུར། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་འགྱུར། དེ་མ་ཡིན་པའི་ངན་སོང་ གཞན་དག་ཏུའང་ཁྱེད་སྡུག་བསྔལ་མི་བཟད་པ་ཆ་ཞིང་རྩུབ་ལ་ཡིད་དུ་མི་འོང་བའི་ཚོར་བ་ཉམས་སུ་མྱོང་བར་འགྱུར་གྱི། སྐྱེས་བུ་ཁྱེད་རྣམས་དངོས་པོ་མེད་པའི་ཆོས་ཀྱི་དོན་དུ་ལས་གང་ཡོངས་སུ་བཟུང་ བས་མིར་སྐྱེ་བའང་ཐོབ་པར་མི་འགྱུར་ན། སངས་རྒྱས་བྱུང་བ་དང་ཕྲད་པར་འགྱུར་བ་ལྟ་སྨོས་སུའང་མེད་པ་དེ་ལྟ་བུའི་ལས་ཡོངས་སུ་མ་འཛིན་ཅིག་གྲོགས་པོ་དག་སངས་རྒྱས་འབྱུང་བ་ནི་དཀོན་ [294A]༄༅། །ནོ༑ ༑མིར་སྐྱེ་བ་འཐོབ་པ་ནི། དཀོན་ནོ། །དལ་བ་ཕུན་སུམ་ཚོགས་པ་ནི། དཀོན་ནོ། །འཁོར་བ་ལས་ཐར་པ་ནི། དཀོན་ནོ། །དེ་ལྟ་ཡིན་གྱི། ངལ་བ་འདི་དོན་མེད་པར་ མ་བྱ་ཞིག་མི་ཁོམ་པར་གྱུར་ཅིང་གསོར་མི་རུང་བར་གྱུར་ཏ་རེ་ཞེས་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་ཉིད་ཀྱང་བཟོད་པ་སྒྲུབ་བོ། །གཞན་ཡང་བཟོད་པ་ལ་ཡང་ དག་པར་སྐུལ་ལོ། །བཟོད་པའི་ལེགས་པ་བརྗོད་དོ། །སེམས་ཅན་གཞན་གང་བཟོད་པ་སྒོམ་པ་དེ་དག་གིའང་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་དོ། །དེ་ལྟར་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་དེ་ལྟར་བཟོད་པ་ལ་སྦྱར་ཞིང་བཟོད་པ་ལ་རབ་ཏུ་བཀོད་དེ་རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར། དེ་ལྟར་ན་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། བཟོད་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར། ཇི་ལྟར་ ན༑ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སེམས་ཅན་རྣམས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་ཡིན་ཞེ་ན། རབ་འབྱོར། འདི་ལ་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ལེ་ལོ་ཅན་བརྩོན་འགྲུས་ཆུང་བ་དག་མཐོང་ན་འདི་སྐད་དུ། ཁྱེད་ཅིའི་ཕྱིར་ལེ་ལོ་བྱེད་ཅེས་བརྗོད་དེ། དེ་དག་རྐྱེན་དང་མི་ལྡན་པའི་ཕྱིར་ [294B] ༑ཞེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སེམས་ཅན་དེ་དག་ལ་འདི་སྐད་ཅེས་ཟེར་ཏེ། ཀྱེ་སྐྱེས་བུ་དག་ངས་སྦྱིན་པའི་རྐྱེན་ཏམ་ ཚུལ་ཁྲིམས་ཀྱི་རྐྱེན་ཏམ། བཟོད་པའི་རྐྱེན་ཏམ། གཞན་ཡང་རྣམ་པ་གང་དང་གང་གིས་བརྩོན་འགྲུས་བརྩམ་དུ་རུང་བ་དེ་དག་ཁྱེད་ལ་ངས་ཉེ་བར་བསྒྲུབ་པར་བྱའི། བརྩོན་འགྲུས་རྩོམས་ཤིག་ཅེས་ ནས་སེམས་ཅན་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་ཡོ་བྱད་ལ་སྤྱོད་ཅིང། ལུས་སམ་སེམས་ཀྱི་བརྩོན་འགྲུས་རྩོམ་སྟེ་དེ་དག་ལུས་དང་སེམས་ཀྱི་བརྩོན་འགྲུས་ཀྱིས་དགེ་བའི་ ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དེ། དགེ་བའི་ཆོས་དེ་དག་གིས་འཕགས་པ་ཟག་པ་མེད་པའི་ཆོས་རྣམས་སྒོམ་མོ། །དེ་དག་བསྒོམས་པས་རྒྱུན་དུ་ཞུགས་པའི་འབྲས་བུ་འཐོབ་བོ། །ལན་ གཅིག་ཕྱིར་འོང་བའི་འབྲས་བུ་འཐོབ་བོ། །ཕྱིར་མི་འོང་བའི་འབྲས་བུ་འཐོབ་བོ། །དགྲ་བཅོམ་པ་ཉིད་འཐོབ་བོ། །རང་བྱང་ཆུབ་འཐོབ་བོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་ རྫོགས་པར་འཚང་རྒྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་ཉིད་ཀྱང་བརྩོན་འགྲུས་རྩོམ་མོ། །གཞན་ཡང་བརྩོན་འགྲུས་ལ་ཡང་དག་པར་སྐུལ་ལོ། །བརྩོན་འགྲུས་ཀྱི་ལེགས་པ་ བརྗོད་དོ། །སེམས་ཅན་གཞན་གང་བརྩོན་འགྲུས་རྩོམ་པ་དེ་དག་གིའང་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་ [295A]༄༅། །དེ་ལྟར་བརྩོན་འགྲུས་ལ་སྦྱར་ཞིང་བརྩོན་འགྲུས་ལ་རབ་ཏུ་བཀོད་དེ་རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར། ཇི་ལྟར་ན་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོས་སེམས་གཡེངས་པར་གྱུར་པའི་སེམས་ཅན་དག་མཐོང་ན་འདི་སྐད་དུ། སེམས་ཅན་ཁྱེད་ཅིའི་ཕྱིར་བསམ་གཏན་ལ་མཉམ་པར་མི་འཇོག་ཅེས་བརྗོད་ དེ༑ དེ་དག་རྐྱེན་དང་མི་ལྡན་པའི་ཕྱིར་རོ། །ཞེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སེམས་ཅན་དེ་དག་ལ་འདི་སྐད་དུ་འདོམས་ཏེ་ ཀྱེ་སེམས་ཅན་དག་ངས་རྐྱེན་གང་དང་གང་གིས་ཕྱི་ནང་གི་ཆོས་ལ་རྣམ་པར་རྟོག་པར་མི་འགྱུར་བ་དེ་ལྟ་བུའི་རྐྱེན་ཉེ་བར་བསྒྲུབ་པར་བྱའོ། །ཞེས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ དེ་སེམས་ཅན་དེ་དག་ལ་རྐྱེན་གང་དང་གང་ཉེ་བར་བསྒྲུབ་པས་རྣམ་པར་རྟོག་པར་མི་འགྱུར་བ་དེ་ལྟ་བུའི་རྐྱེན་ཉེ་བར་སྒྲུབ་སྟེ། དེའི་ཕྱིར་དེ་དག་རྣམ་པར་རྟོག་པ་བཅད་ནས་བསམ་གཏན་དང་པོ་ལ་ [295B]བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་གོ་བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་གོ་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་གོ་བྱམས་པ་ལ་སྙོམས་ པར་འཇུག་གོ་སྙིང་རྗེ་ལ་སྙོམས་པར་འཇུག་གོ་དགའ་བ་ལ་སྙོམས་པར་འཇུག་གོ་བཏང་སྙོམས་ལ་སྙོམས་པར་འཇུག་གོ་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་སྙོམས་པར་ འཇུག་གོ་དེ་དག་བསམ་གཏན་དང། ཚད་མེད་པ་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་གིས་སེམས་དུལ་བར་གྱུར་པས། དྲན་པ་ཉེ་བར་གཞག་པ་བཞི་སྒོམ་མོ། །ཡང་དག་པར་ སྤོང་བ་བཞི་སྒོམ་མོ། །རྫུ་འཕྲུལ་གྱི་རྐང་པ་བཞི་སྒོམ་མོ་།དབང་པོ་ལྔ་སྒོམ་མོ། །སྟོབས་ལྔ་སྒོམ་མོ། །བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་མོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་མོ། ། རྣམ་པར་ཐར་པའི་སྒོ་གསུམ་སྒོམ་མོ། །དེ་དག་བསྒོམས་པས་རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་འདའ་སྟེ། དེ་ལ་ལ་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ བར་དུ་བྱང་ཆུབ་ཀྱི་ལམ་ལས་ཡོངས་སུ་མི་ཉམས་ཏེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་ པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ [296A]༄༅། །པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཤེས་ རབ་འཚལ་པར་གྱུར་པའི་སེམས་ཅན་དག་མཐོང་ན་འདི་སྐད་དུ། སེམས་ཅན་ཁྱེད་ཅིའི་ཕྱིར་ཤེས་རབ་མི་སྒོམ་ཞེས་བརྗོད་དེ། དེ་དག་རྐྱེན་དང་མི་ལྡན་པའི་ཕྱིར་རོ། །ཞེས་ཟེར་ན། དེ་ལ་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་དེ་དག་ལ་འདི་སྐད་དུ་འདོམས་ཏེ། ང་ལས་ཡོ་བྱད་རྣམས་ལོང་ལ་སྦྱིན་པ་བྱིན་ཅིག་ ཚུལ་ཁྲིམས་སྲུངས་ཤིག་བཟོད་པ་སྒོམས་ཤིག་བརྩོན་འགྲུས་རྩོམས་ཤིག་ཏིང་ངེ་འཛིན་ལ་མཉམ་པར་གཞོག་ཅིག་རྣམ་པ་དེ་དག་ཡོངས་སུ་རྫོགས་པར་གྱིས་ལ་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ལ་བདག་གམ། སེམས་ཅན་ནམ། སྲོག་གམ་འགྲོ་བའམ། གསོ་བའམ། སྐྱེས་བུའམ། གང་ཟག་གམ། ཤེད་ཅན་ནམ་ཤེད་བདག་གམ། བྱེད་པ་པོའམ་ ཚོར་བ་པོའམ། ཤེས་པ་པོའམ། མཐོང་བ་པོའམ། གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པའམ། འདོད་པའི་ཁམས་སམ། གཟུགས་ཀྱི་ཁམས་ སམ༑ གཟུགས་མེད་པའི་ཁམས་སམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའམ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པའམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའམ་ [296B] ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའམ། ནང་སྟོང་པ་ཉིད་དམ། ཕྱི་སྟོང་པ་ཉིད་དམ་ཕྱི་ནང་སྟོང་པ་ཉིད་དམ། སྟོང་པ་ཉིད་སྟོང་པ་ཉིད་དམ་ཆེན་པོ་སྟོང་ པ་ཉིད་དམ། དོན་དམ་པ་སྟོང་པ་ཉིད་དམ། འདུས་བྱས་སྟོང་པ་ཉིད་དམ། འདུས་མ་བྱས་སྟོང་པ་ཉིད་དམ། མཐའ་ལས་འདས་པ་སྟོང་པ་ཉིད་དམ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དམ། དོར་ བ་མེད་པ་སྟོང་པ་ཉིད་དམ། རང་བཞིན་སྟོང་པ་ཉིད་དམ། ཆོས་ཐམས་ཅད་སྟོང་པ་ཉིད་དམ། རང་གི་མཚན་ཉིད་སྟོང་པ་ཉིད་དམ། མི་དམིགས་པ་སྟོང་པ་ཉིད་དམ། དངོས་པོ་མེད་པ་སྟོང་པ་ཉིད་ དམ༑ ངོ་བོ་ཉིད་སྟོང་པ་ཉིད་དམ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམ། དྲན་པ་ཉེ་བར་གཞག་པ་རྣམས་སམ། ཡང་དག་པར་སྤོང་བ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་སམ་ དབང་པོ་རྣམས་སམ། སྟོབས་རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པའམ། འཕགས་པའི་བདེན་པ་རྣམས་སམ། བསམ་གཏན་ རྣམས་སམ། ཚད་མེད་པ་རྣམས་སམ། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་སམ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ་ རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང་སྨོན་པ་མེད་པའམ། མངོན་པར་ཤེས་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ། གཟུངས་ཀྱི་སྒོ་རྣམས་སམ། དེ་བཞིན་ [297A]༄༅། །གཤེགས་པའི་སྟོབས་རྣམས་སམ། མི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། བྱམས་པ་ཆེན་པོའམ། སྙིང་རྗེ་ཆེན་པོའམ། སངས་རྒྱས་ ཀྱི་ཆོས་མ་འདྲེས་པ་རྣམས་སམ། རྒྱུན་དུ་ཞུགས་པའི་འབྲས་བུའམ་ལན་གཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུའམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ ཆུབ་བམ། ལམ་གྱི་རྣམ་པ་ཤེས་པ་ཉིད་དམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བམ། ཆོས་གང་ཡང་ཡོད་དམ་ཞེས་འདོམས་ཤིང་རྗེས་སུ་སྟོན་ཏེ། དེས་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཆོས་གང་ལ་དམིགས་པ་མངོན་པར་ཞེན་པར་འགྱུར་བ་དེ་ལྟ་བུའི་ཆོས་གང་ཡང་མི་དམིགས་ཏེ། དེ་ ལ་མངོན་པར་ཞེན་པ་མེད་པས་ཆོས་གང་ཡང་སྐྱེ་བའམ། འགག་པའམ། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བར་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ བས། འདི་ནི། སེམས་ཅན་དམྱལ་བ་བའོ། །འདི་ནི། བྱོལ་སོང་གི་སྐྱེ་གནས་པའོ། །འདི་ནི། གཤིན་རྗེའི་འཇིག་རྟེན་པའོ། །འདི་ནི། ལྷ་མ་ཡིན་གྱི་རིས་སུ་གཏོགས་པའོ། །འདི་ནི། ལྷའོ། ། འདི་ནི། མིའོ། །འདི་ནི། ཚུལ་ཁྲིམས་དང་ལྡན་པའོ། །འདི་ནི། ཚུལ་ཁྲིམས་ངན་པ་ཅན་ནོ། །འདི་ནི། རྒྱུན་དུ་ཞུགས་པའོ། །འདི་ནི། ལན་གཅིག་ཕྱིར་འོང་བའོ། །འདི་ནི། ཕྱིར་མི་འོང་བའོ། །འདི་ [297B] དགྲ་བཅོམ་པའོ། །འདི་ནི། རང་སངས་རྒྱས་སོ། །འདི་ནི་བྱང་ཆུབ་སེམས་དཔའོ། །འདི་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །ཞེས་བྱ་བར་རྣམ་ པར་མི་རྟོག་སྟེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ ཡོངས་སུ་སྡུད་པ་ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་རྣམས་ལ་སྦྱིན་པ་ཡོངས་སུ་གཏོང་ སྟེ༑ སྦྱིན་པ་ཡོངས་སུ་གཏང་ནས་འདི་སྐད་དུ། རིགས་ཀྱི་བུ་དག་།སྦྱིན་པ་ལ་འཛིན་པས་མ་འཛིན་ཅིག་སྦྱིན་པ་ལ་འཛིན་པས་འཛིན་ཅིང་ལུས་གང་མངོན་པར་གྲུབ་པས་སྡུག་བསྔལ་མང་པོ་ཉམས་ སུ་མྱོང་བར་འགྱུར་པ་དེ་ལྟ་བུའི་ལུས་མངོན་པར་གྲུབ་པ་རེ། རིགས་ཀྱི་བུ་དག་འདི་ལ་དོན་དམ་པར་ན་སྦྱིན་པའང་མེད། སྦྱིན་པའི་འབྲས་བུའང་མེད། སྦྱིན་པའི་བདག་པོའང་མེད། ལེན་པའང་ མེད་དེ༑ ཆོས་དེ་དག་ཐམས་ཅད་ནི། རང་བཞིན་གྱིས་སྟོང་ངོ་།རང་བཞིན་གྱིས་སྟོང་པའི་ཆོས་ནི། འཛིན་པ་མེད་དེ། རང་བཞིན་སྟོང་པ་ཉིད་ནི། གཟུང་དུ་མེད་པའོ། །ཞེས་འདོམས་ཤིང་རྗེས་སུ་ [298A]༄༅། །སྟོན་ཏེ༑ རབ་འབྱོར། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སེམས་ཅན་རྣམས་ལ་སྦྱིན་པ་ཡོངས་སུ་གཏོང་ ཡང་དེ་ལ་སྦྱིན་པར་དམིགས་པ་མེད། སྦྱིན་པའི་བདག་པོར་དམིགས་པ་མེད། ལེན་པར་དམིགས་པ་མེད་དེ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། དམིགས་སུ་མེད་པའི་ཕ་རོལ་ཏུ་ ཕྱིན་པའོ། །དེ་ཆོས་གསུམ་པོ་དེ་དག་ཐམས་ཅད་ལ་མི་དམིགས་པས་སེམས་ཅན་རྣམས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སྦྱོར་རོ། །ལན་གཅིག་ཕྱིར་འོང་བའི་འབྲས་བུ་ལ་སྦྱོར་རོ། །ཕྱིར་མི་འོང་ བའི་འབྲས་བུ་ལ་སྦྱོར་རོ། །དགྲ་བཅོམ་པ་ཉིད་ལ་སྦྱོར་རོ། །རང་བྱང་ཆུབ་ལ་སྦྱོར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སྦྱོར་རོ། །རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ། དེ་བདག་ཉིད་ཀྱང་སྦྱིན་པ་ཡོངས་སུ་གཏོང་ངོ་།གཞན་ ཡང་སྦྱིན་པ་ལ་ཡང་དག་པར་སྐུལ་ལོ། །སྦྱིན་པའི་ལེགས་པ་བརྗོད་དོ། །སེམས་ཅན་གཞན་གང་སྦྱིན་པ་ཡོངས་སུ་གཏོང་བ་དེ་དག་གིའང་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་དོ། །དེ་ལྟར་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའང་དེ་ལྟ་བུའི་སྦྱིན་པ་ཆེན་པོ་བྱོན་པས་རྒྱལ་རིགས་ཆེ་ཞིང་མཐོ་བ་དག་དང་སྐལ་བ་མཉམ་པར་སྐྱེའོ། །བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་དག་དང་སྐལ་བ་མཉམ་ [298B] །ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་དག་དང་སྐལ་བ་མཉམ་པར་སྐྱེའོ། །ཁམས་ཀྱི་རྒྱལ་པོར་འགྱུར་རོ། །འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་འཐོབ་བོ། །དེ་དེ་དག་ནའང་སེམས་ཅན་རྣམས་བསྡུ་ བའི་དངོས་པོ་བཞིས་ཡོངས་སུ་སྡུད་དེ། བཞི་གང་ཞེ་ན། སྦྱིན་པ་དང། ཚིག་སྙན་པ་དང། དོན་བྱ་བ་དང། དོན་མཐུན་པས་ཡོངས་སུ་སྡུད་དོ། །དེ་དེ་ལྟར་སེམས་ཅན་རྣམས་སྦྱིན་པས་ཡོངས་སུ་བསྡུས་པ་དེ་ དག་ཀྱང་རིམ་གྱིས་ཚུལ་ཁྲིམས་ལ་རབ་ཏུ་འགོད་དོ། །བཟོད་པ་ལ་རབ་ཏུ་འགོད་དོ། །བརྩོན་འགྲུས་ལ་རབ་ཏུ་འགོད་དོ། །ཏིང་ངེ་འཛིན་ལ་རབ་ཏུ་འགོད་དོ། །ཤེས་རབ་ལ་རབ་ཏུ་འགོད་དོ། །བསམ་གཏན་ བཞི་ལ་རབ་ཏུ་འགོད་དོ། །ཚད་མེད་པ་བཞི་ལ་རབ་ཏུ་འགོད་དོ་།གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་རབ་ཏུ་འགོད་དོ། །དྲན་པ་ཉེ་བར་གཞག་པ་བཞི་ལ་རབ་ཏུ་འགོད་དོ། །ཡང་དག་པར་སྤོང་ བ་བཞི་ལ་རབ་ཏུ་འགོད་དོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ལ་རབ་ཏུ་འགོད་དོ། །དབང་པོ་ལྔ་ལ་རབ་ཏུ་འགོད་དོ། །སྟོབས་ལྔ་ལ་རབ་ཏུ་འགོད་དོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ལ་རབ་ཏུ་འགོད་དོ་།འཕགས་ པའི་ལམ་ཡན་ལག་བརྒྱད་པ་ལ་རབ་ཏུ་འགོད་དོ། །འཕགས་པའི་བདེན་པ་བཞི་ལ་རབ་ཏུ་འགོད་དོ། །རྣམ་པར་ཐར་པ་བརྒྱད་ལ་རབ་ཏུ་འགོད་དོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ ལ་རབ་ཏུ་འགོད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང། སྨོན་པ་མེད་པ་ལ་རབ་ཏུ་འགོད་དོ། །མངོན་པར་ཤེས་པ་ལྔ་ལ་རབ་ཏུ་འགོད་དོ། །ཏིང་ངེ་འཛིན་རྣམས་ལ་རབ་ཏུ་ [299A]༄༅། །འགོད་དོ། །གཟུངས་ཀྱི་སྒོ་རྣམས་ལ་རབ་ཏུ་འགོད་དོ། །ཡང་དག་པའི་སྐྱོན་མེད་པར་འཇུག་པར་བྱེད་དོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་བྱེད་དོ། །ལན་གཅིག་ཕྱིར་ འོང་བའི་འབྲས་བུ་ཐོབ་པར་བྱེད་དོ། །ཕྱིར་མི་འོང་བའི་འབྲས་བུ་ཐོབ་པར་བྱེད་དོ། །དགྲ་བཅོམ་པ་ཉིད་ཐོབ་པར་བྱེད་དོ། །རང་བྱང་ཆུབ་ཐོབ་པར་བྱེད་དོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ཏུ་ཡང་དག་པར་སྐུལ་བ་བྱེད་དོ། །ཀྱེ་སྐྱེས་བུ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི། མངོན་པར་རྫོགས་པར་འཚང་རྒྱ་བར་མི་དཀའ་སྟེ། དེ་ལ་ཕྱིན་ཅི་ལོག་གིས་ རྨོངས་པའི་སེམས་ཀྱིས་ཁོང་དུ་མ་ཆུད་པ་མ་གཏོགས་པར་ཆོས་གང་ལ་སེམས་ཅན་རྣམས་ཆགས་པར་གྱུར་པའི་ཆོས་དེ་ལྟ་བུ་གང་ཡང་ངོ་བོ་ཉིད་ཀྱིས་ཡོད་པ་མེད་ཀྱི། དེ་བས་ན། ཕྱིན་ཅི་ལོག་ གི་འཛིན་པ་ཐམས་ཅད་རྒྱུན་ཆོད་ལ་འཁོར་བ་ལས་བདག་ཀྱང་ཐར་པར་གྱིས་ཤིག་གཞན་ཡང་ཐར་པར་གྱིས་ཤིག་དེ་ལྟར་ཁྱེད་བདག་ཅག་གི་དོན་དུའང་ཆེར་འགྱུར། གཞན་ཡང་དོན་ཆེན་ པོ་ལ་འབྱོར་པར་འགྱུར་རོ། །ཞེས་ཡང་དག་པར་སྐུལ་བ་བྱེད་དོ་།རབ་འབྱོར། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱ་སྟེ། དེ་ ལྟར་སྤྱོད་པའི་ཆེ་ཅི་ནས་ཀྱང་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་ནམ་ཡང་ངན་སོང་དུ་མི་ལྟུང་བ་དང། ནམ་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོ་མི་བྱེད་པར་མི་འགྱུར་བ་དེ་ལྟར་སྤྱོད་དོ། ། [299B] ས་བོན་ཇི་ལྟ་བ་བཞིན་དུ་འབྲས་བུ་འབྱུང་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་དེའི་དྲུང་དུ་སློང་མོ་བ་གང་ཇི་སྙེད་ཅིག་འོངས་ཀྱང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དེ་འདི་སྙམ་དུ་སེམས་ ཏེ༑ བདག་གིས་སེམས་ཅན་རྣམས་ཀྱི་དོན་མ་གཏོགས་པར་གཞན་གྱི་དོན་དུ་འཁོར་ལོས་སྒྱུར་བ་ཡོངས་སུ་མ་བཟུང་ངོ། །ཞེས་ནས་དེ་འདི་སྐད་ཅེས་ཟེར་ཏེ། སུ་ཅི་འདོད་པ་དེ་ཁྱེད་ལ་བྱིན་གྱི། འདི་ ནི༑ ངའི་མ་ཡིན་གྱི། ཁྱེད་ཀྱིའོ། །ང་ནི། ནང་གི་གཟུགས་ལའང་དོན་དུ་གཉེར་བ་མེད་ན། གཞན་ལྟ་ལ་ཅི་སྨོས་ཏེ། གཞན་དུ་ན་ངས་སེམས་ཅན་རྣམས་ཀྱི་དོན་དུ་འཁོར་བ་ཡོངས་སུ་བཟུང་གི་བདག་ ནི༑ འཁོར་བ་དོན་དུ་གཉེར་བ་མ་ཡིན་ནོ། །ཞེས་ཏེ། དེ་སྙིང་བརྩེ་བས་སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་ཅིང། སྙིང་རྗེ་ཆེན་པོས་སེམས་ཅན་རྣམས་ཀྱི་དོན་བྱེད་ཀྱང་སེམས་ཅན་གང་ཡོངས་སུ་ གྲུབ་པ་དེ་ལྟ་བུ་མི་དམིགས་ཏེ། གཞན་དུ་ན་འདུ་ཤེས་དང་མིང་དང་བརྡའི་ཐ་སྙད་ཀྱིས་རྣམ་པར་སྤྱོད་དེ། རྣམ་པར་སྤྱད་པ་དེའང་སྒྲ་བརྙན་ལྟ་བུར་རྣམ་པར་སྤྱད་དུ་མེད་པར་ཤེས་སོ་།རབ་འབྱོར། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བརྩོན་གྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱད་པར་བྱ་སྟེ། སྤྱོད་པའི་ཚེ་ཅི་ནས་ཀྱང་བདག་གི་ཤ་ཡན་ཆད་ ཀྱང་སེམས་ཅན་རྣམས་ལ་ཡོངས་སུ་མ་བཏང་བ་མེད་པར་བྱ་ན། ཕྱི་རོལ་གྱི་ཡོ་བྱད་གང་གིས་སེམས་ཅན་རྣམས་འཁོར་བ་ལས་ཡོངས་སུ་ཐར་བར་བྱ་བ་དག་ལྟ་སྨོས་སུའང་མེད་པ་དེ་ལྟར་སྤྱད་ [300A]༄༅། །པར་བྱའོ། །གསོལ་པ། ཡོ་བྱད་དེ་དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་ པ་ནི༑ ཡོ་བྱད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི། ཡོ་བྱད་དོ་།བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཡོ་བྱད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི། ཡོ་བྱད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ནི༑ ཡོ་བྱད་དོ། །ནང་སྟོང་པ་ཉིད་ནི། ཡོ་བྱད་དོ། །ཕྱི་སྟོང་པ་ཉིད་ནི། ཡོ་བྱད་དོ། །ཕྱི་ནང་སྟོང་པ་ཉིད་ནི། ཡོ་བྱད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ནི། ཡོ་བྱད་དོ། །ཆེན་པོ་སྟོང་པ་ཉིད་ནི། ཡོ་བྱད་དོ། །དོན་ དམ་པ་སྟོང་པ་ཉིད་ནི། ཡོ་བྱད་དོ། །འདུས་བྱས་སྟོང་པ་ཉིད་ནི་ཡོ་བྱད་དོ། །འདུས་མ་བྱས་སྟོང་པ་ཉིད་ནི། ཡོ་བྱད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ནི། ཡོ་བྱད་དོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ ཉིད་ནི༑ ཡོ་བྱད་དོ། །དོར་བ་མེད་པ་སྟོང་པ་ཉིད་ནི། ཡོ་བྱད་དོ་།རང་བཞིན་སྟོང་པ་ཉིད་ནི། ཡོ་བྱད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ནི། ཡོ་བྱད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ནི། ཡོ་བྱད་དོ། ། མི་དམིགས་པ་སྟོང་པ་ཉིད་ནི། ཡོ་བྱད་དོ། །དངོས་པོ་མེད་པ་སྟོང་པ་ཉིད་ནི། ཡོ་བྱད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ནི། ཡོ་བྱད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི། ཡོ་བྱད་དོ་།དྲན་པ་ཉེ་བར་གཞག་པ་ རྣམས་ནི། ཡོ་བྱད་དོ། །ཡང་དག་པར་སྤོང་བ་རྣམས་ནི། ཡོ་བྱད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ནི། ཡོ་བྱད་དོ། །དབང་པོ་རྣམས་ནི། ཡོ་བྱད་དོ། །སྟོབས་རྣམས་ནི། ཡོ་བྱད་དོ། །བྱང་ཆུབ་ཀྱི་ཡན་ལག་ [300B] ཡོ་བྱད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི། ཡོ་བྱད་དོ། །འཕགས་པའི་བདེན་པ་རྣམས་ནི། ཡོ་བྱད་དོ། །བསམ་གཏན་རྣམས་ནི། ཡོ་བྱད་དོ། །ཚད་མེད་པ་རྣམས་ནི། ཡོ་བྱད་དོ་།གཟུགས་མེད་ པའི་སྙོམས་པར་འཇུག་པ་རྣམས་ནི། ཡོ་བྱད་དོ། །རྣམ་པར་ཐར་པ་རྣམས་ནི། ཡོ་བྱད་དོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ནི། ཡོ་བྱད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་ མ་མེད་པ་དང། སྨོན་པ་མེད་པ་ནི། ཡོ་བྱད་དོ། །མངོན་པར་ཤེས་པ་རྣམས་ནི། ཡོ་བྱད་དོ། །ཏིང་ངེ་འཛིན་རྣམས་ནི། ཡོ་བྱད་དོ་།གཟུངས་ཀྱི་སྒོ་རྣམས་ནི། ཡོ་བྱད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ནི་ ཡོ་བྱད་དོ། །མི་འཇིགས་པ་རྣམས་ནི། ཡོ་བྱད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ནི། ཡོ་བྱད་དོ། །བྱམས་པ་ཆེན་པོ་ནི། ཡོ་བྱད་དོ། །སྙིང་རྗེ་ཆེན་པོ་ནི། ཡོ་བྱད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་ ཡོ་བྱད་དོ། །དེ་དག་ནི། ཡོ་བྱད་དེ། ཡོ་བྱད་དེ་དག་གིས་སེམས་ཅན་རྣམས་ཡོངས་སུ་བསྡུས་ཤིང་རིམ་གྱིས་ཉན་ཐོས་ཀྱི་ཐེག་པའམ་རང་སངས་རྒྱས་ཀྱི་ཐེག་པའམ། ཐེག་པ་ཆེན་པོའམ། ཐེག་པ་གསུམ་པོ་ དེ་དག་གིས་ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་ རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སེམས་ཅན་རྣམས་ [301A]༄༅། །སྦྱོར་བ་ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་རྣམས་ལ་འདི་ སྐད་དུ་ཚུར་ཤེག་རིགས་ཀྱི་བུ་དག་ཚུལ་ཁྲིམས་སྲུངས་ཤིག་ངས་ཁྱེད་ལ་ཟས་དང། སྐོམ་དང། གོས་དང། བཞོན་པ་དང། མལ་ཆ་དང། མེ་ཏོག་དང། བདུག་སྤོས་དང། སྤོས་དང་ ཕྲེང་བ་དང། བྱུག་པ་དང། ཁྱིམ་དང། ནོར་དང། འབྲུ་དང་ནོར་བུ་དང། མུ་ཏིག་དང། བཻ་ཌཱུརྱ་དང། དུང་དང། མན་ཤེལ་དང། བྱུ་རུ་དང། གསེར་དང། དངུལ་དང། མིའི་རྐྱེན་དང། ཡོ་ བྱད་གང་ཅིའང་རུང་བའི་བར་གྱིས་ཕོངས་པ་མེད་པར་བྱའོ་།ཁྱེད་ཀྱིས་ཕོངས་པར་གྱུར་པའི་ཕྱིར་ཚུལ་ཁྲིམས་ངན་པ་ལ་སྤྱོད་པར་གྱུར་གྲང་ན། ཁྱེད་ཟས་དང། སྐོམ་དང། གོས་དང་བཞོན་ པ་དང། མལ་ཆ་དང། མེ་ཏོག་དང། བདུག་སྤོས་དང། སྤོས་དང་ཕྲེང་བ་དང། བྱུག་པ་དང། ཁྱིམ་དང། ནོར་དང། འབྲུ་དང་ནོར་བུ་དང། མུ་ཏིག་དང། བཻ་ཌཱུརྱ་དང། དུང་དང། མན་ཤེལ་དང་ བྱུ་རུ་དང། གསེར་དང། དངུལ་དང། མིའི་རྐྱེན་དང། ཡོ་བྱད་གང་ཅིའང་རུང་བ་རིན་པོ་ཆེ་སྣ་བདུན་གྱི་བར་གྱིས་ཕོངས་པ་མེད་པར་བྱའི། ཁྱེད་སྡོམ་པའི་ཚུལ་ཁྲིམས་ལ་མནོས་ལ་རིམ་གྱིས་ ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཐེག་པའམ། ཐེག་པ་གསུམ་པོ་དེ་དག་གིས་སྡུག་བསྔལ་གྱི་མཐར་ཕྱིན་པར་གྱིས་ཤིག་ཅེས་ [301B]ཚུལ་ཁྲིམས་སྲུང་ངོ། །གཞན་ཡང་ཚུལ་ཁྲིམས་ལ་སྦྱོར་རོ། །ཚུལ་ཁྲིམས་ཀྱི་ལེགས་པ་བརྗོད་དོ། །སེམས་ཅན་གཞན་གང་ཚུལ་ཁྲིམས་སྲུང་ བ་དེ་དག་གིའང་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་དོ་།དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་དེ་ལྟར་ཚུལ་ཁྲིམས་ལ་སྤྱར་ཞིང་ཚུལ་ཁྲིམས་ལ་རབ་ཏུ་ བཀོད་དེ་རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་ཟློ་སྟེ་རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཚུལ་ ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་།བམ་པོ་ཉིས་བརྒྱ་གོ་གསུམ་པ། །རབ་འབྱོར་ ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་གང་ཁྲོ་བ་དང། གནོད་སེམས་སུ་བྱེད་པ་དག་མཐོང་ན། དེ་དག་ལ་འདི་སྐད་ཅེས་ཟེར་རོ། །རིགས་ཀྱི་ བུ་དག་ཁྱེད་ཅིའི་རྒྱུས་གནོད་སེམས་སུ་བྱེད་པར་གྱུར། གང་གིས་ཕོངས་ཤིང་གནོད་སེམས་སུ་བྱེད་པར་གྱུར་པ་དེ་དང་དེ་ང་ལས་ལོངས་ཞིག་ངས་ཁྱེད་ལ་ཟས་དང། སྐོམ་དང། གོས་དང། བཞོན་པ་དང་ [302A]༄༅། །མལ་ཆ་དང། མེ་ཏོག་དང། བདུག་སྤོས་དང། སྤོས་དང་ཕྲེང་བ་དང། བྱུག་པ་དང། ཁྱིམ་དང། ནོར་དང། འབྲུ་དང་ནོར་བུ་དང། མུ་ཏིག་དང། བཻ་ཌཱུརྱ་དང། དུང་དང། མན་ ཤེལ་དང། བྱུ་རུ་དང། གསེར་དང། དངུལ་དང། མིའི་རྐྱེན་དང་ཡོ་བྱད་གང་ཅིའང་རུང་བའི་བར་གྱིས་ཕོངས་པ་མེད་པར་བྱའི་ཁྲོ་བ་དང། གནོད་སེམས་མེད་པར་གྱིས་ཤིག་ཅེས་དེ་ལྟར་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་དེ་དག་བཟོད་པ་ལ་སྦྱོར་ཏེ་འདི་སྐད་དུ། གཅུགས་གང་གིས་ཁྱེད་ཀྱི་ཁྲོ་བ་སྐྱེ་བར་ གྱུར་པ་དེ་ནི། སྙིང་པོ་མེད་པ་སྟེ། དེ་ལ་དངོས་པོ་གང་ཡང་མེད་དོ། །ཁྲོ་བ་དེ་ནི། ཡང་དག་པ་མ་ཡིན་པར་ཡོངས་སུ་བརྟགས་པ་སྟེ། དངོས་པོ་གང་གི་ཕྱིར་ཁྱེད་འཐབ་ཅིང་འཁོན་པ་དང། གནོད་སེམས་ སུ་བྱེད་པར་གྱུར་པ་དང། དེ་ལྟར་འཐབས་ཤིང་འཁོན་ཏེ་གནོད་སེམས་སུ་གྱུར་ནས་དབྱིག་པས་འགྱེད་པ་དང། མཚོན་གྱིས་འདྲེ་བ་དང་ཕན་ཚུན་གྱི་སྲོག་ལ་རྒལ་བར་གྱུར་པའི་དངོས་པོ་དེ་ལ་དངོས་ པོའི་རང་བཞིན་གང་ཡང་མེད་ན། དེ་ལྟ་ཡིན་ཡང་ཁྱེད་ཡང་དག་པ་མ་ཡིན་པའི་ཡོངས་སུ་རྟོག་པས་འཁྲུགས་ན། སེམས་ཅན་དམྱལ་བ་དག་ཏུ་ལྟུང་བར་འགྱུར། བྱོལ་སོང་གི་སྐྱེ་གནས་དག་ཏུ་ ལྟུང་བར་འགྱུར། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་འགྱུར། དེ་མ་ཡིན་པའི་ངན་སོང་གཞན་དག་ཏུའང་ཁྱེད་སྡུག་བསྔལ་མི་བཟད་པ་ཚ་ཞིང་རྩུབ་ལ་ཡིད་དུ་མི་འོང་བའི་ཚོར་བ་ཉམས་སུ་མྱོང་ [302B] སྐྱེས་བུ་ཁྱེད་རྣམས་དངོས་པོར་མེད་པའི་ཆོས་ཀྱི་དོན་དུ་ལས་གང་ཡོངས་སུ་བཟུང་བས་མིར་སྐྱེ་བའང་ཐོབ་པར་མི་འགྱུར་ན། སངས་རྒྱས་བྱུང་བ་དང་ཕྲད་པར་འགྱུར་བ་ལྟ་སྨོས་སུའང་མེད་ དེ༑ དེ་ལྟ་བུའི་ལས་ཡོངས་སུ་མ་འཛིན་ཅིག་གྲོགས་པོ་དག་སངས་རྒྱས་འབྱུང་བ་ནི། དཀོན་ནོ། །མིར་སྐྱེ་བ་འཐོབ་པ་ནི། དཀོན་ནོ་།དལ་བ་ཕུན་སུམ་ཚོགས་པ་ནི། དཀོན་ནོ། །འཁོར་བ་ལས་ཐར་པ་ནི་ དཀོན་ནོ། །དེ་ལྟ་ཡིན་གྱི། དལ་བ་འདི་དོན་མེད་པར་མ་བྱ་ཞིག་མི་ཁོམ་པར་གྱུར་ཅིང་གསོར་མི་རུང་བར་གྱུར་ཏ་རེ་ཞེས་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་ཉིད་ཀྱང་བཟོད་པ་སྒྲུབ་བོ། ། གཞན་ཡང་བཟོད་པ་ལ་ཡང་དག་པར་སྐུལ་ལོ། །བཟོད་པའི་ལེགས་པ་བརྗོད་དོ། །སེམས་ཅན་གཞན་གང་བཟོད་པ་སྒོམ་པ་དེ་དག་གིའང་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་དོ། །དེ་ལྟར་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་དེ་ལྟར་བཟོད་པ་ལ་སྦྱར་ཞིང་བཟོད་པ་ལ་རབ་ཏུ་བཀོད་དེ་རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར། དེ་ ལྟར་ན༑ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བཟོད་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར། ཇི་ ལྟར་ན༑ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སེམས་ཅན་རྣམས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་ཡིན་ཞེ་ན། རབ་འབྱོར། འདི་ལ་ [303A]༄༅། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ལེ་ལོ་ཅན་བརྩོན་འགྲུས་ཆུང་བ་དག་མཐོང་ན་འདི་སྐད་དུ། ཁྱེད་ཅིའི་ཕྱིར་ལེ་ལོ་བྱེད་ཅེས་བརྗོད་དེ། དེ་དག་རྐྱེན་ དང་མི་ལྡན་པའི་ཕྱིར་རོ། །ཞེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སེམས་ཅན་དེ་དག་ལ་འདི་སྐད་ཅེས་ཟེར་ཏེ། ཀྱེ་སྐྱེས་བུ་དག་ ངས་སྦྱིན་པའི་རྐྱེན་ཏམ། ཚུལ་ཁྲིམས་ཀྱི་རྐྱེན་ཏམ། བཟོད་པའི་རྐྱེན་ཏམ། གཞན་ཡང་རྣམ་པ་གང་དང་གང་གིས་བརྩོན་འགྲུས་བརྩམ་དུ་རུང་བ་དེ་དག་ཁྱེད་ལ་ངས་ཉེ་བར་བསྒྲུབ་པར་བྱའི་བརྩོན་ འགྲུས་རྩོམས་ཤིག་ཅེས་ནས་སེམས་ཅན་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་ཡོ་བྱད་ལ་སྤྱོད་ཅིང་ལུས་སམ། སེམས་ཀྱིས་བརྩོན་འགྲུས་རྩོམ་སྟེ། དེ་དག་ལུས་དང་སེམས་ཀྱི་ བརྩོན་འགྲུས་ཀྱིས་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ། དགེ་བའི་ཆོས་དེ་དག་གིས་འཕགས་པ་ཟག་པ་མེད་པའི་ཆོས་རྣམས་སྒོམ་མོ། །དེ་དག་བསྒོམས་པས་རྒྱུན་དུ་ཞུགས་ པའི་འབྲས་བུ་འཐོབ་བོ། །ལན་གཅིག་ཕྱིར་འོང་བའི་འབྲས་བུ་འཐོབ་བོ། །ཕྱིར་མི་འོང་བའི་འབྲས་བུ་འཐོབ་བོ། །དགྲ་བཅོམ་པ་ཉིད་འཐོབ་བོ། །རང་བྱང་ཆུབ་འཐོབ་བོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་ཉིད་ཀྱང་བརྩོན་འགྲུས་རྩོམ་མོ། །གཞན་ཡང་བརྩོན་འགྲུས་ལ་ཡང་དག་པར་སྐུལ་ལོ་།བརྩོན་ [303B] །སེམས་ཅན་གཞན་གང་བརྩོན་འགྲུས་རྩོམ་པ་དེ་དག་གིའང་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ ཅན་དེ་དག་དེ་ལྟར་བརྩོན་འགྲུས་ལ་སྦྱར་ཞིང་བརྩོན་འགྲུས་ལ་རབ་ཏུ་བཀོད་དེ་རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སེམས་ཅན་རྣམས་སྦྱོར་པ་ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོས་སེམས་གཡེངས་པར་གྱུར་པའི་སེམས་ཅན་དག་མཐོང་ན་འདི་སྐད་དུ། སེམས་ཅན་ཁྱད་ཅིའི་ཕྱིར་བསམ་གཏན་ལ་མཉམ་པར་མི་འཇོག་ཅེས་བརྗོད་དེ། དེ་དག་རྐྱེན་དང་མི་ལྡན་ པའི་ཕྱིར་རོ། །ཞེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དེ་དག་ལ་འདི་སྐད་དུ་འདོམས་ཏེ། ཀྱེ་སེམས་ཅན་དག་།ངས་རྐྱེན་གང་དང་གང་གིས་ཕྱི་ནང་གི་ཆོས་ལ་རྣམ་ པར་རྟོག་པར་མི་འགྱུར་བ་དེ་ལྟ་བུའི་རྐྱེན་ཉེ་བར་བསྒྲུབ་པར་བྱའོ། །ཞེས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་ལ་རྐྱེན་གང་དང་གང་ཉེ་བར་བསྒྲུབས་པས་རྣམ་པར་རྟོག་ [304A]༄༅། །པར་མི་འགྱུར་བ་དེ་ལྟ་བུའི་རྐྱེན་ཉེ་བར་སྒྲུབ་སྟེ་དེའི་ཕྱིར་དེ་དག་རྣམ་པར་རྟོག་པ་ཆད་ནས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ་བསམ་གཏན་གཉིས་པ་ལ་སྙོམས་ པར་འཇུག་གོ་བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་གོ་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་གོ་བྱམས་པ་ལ་སྙོམས་པར་འཇུག་གོ་།སྙིང་རྗེ་ལ་སྙོམས་པར་འཇུག་གོ་ དགའ་པ་ལ་སྙོམས་པར་འཇུག་གོ་བཏང་སྙོམས་ལ་སྙོམས་པར་འཇུག་གོ་།གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་སྙོམས་པར་འཇུག་གོ་དེ་དག་བསམ་གཏན་དང། ཚད་མེད་པ་ དང༑ གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་གིས་སེམས་དུལ་བར་གྱུར་པས། དྲན་པ་ཉེ་བར་གཞག་པ་བཞི་སྒོམ་མོ། །ཡང་དག་པར་སྤོང་བ་བཞི་སྒོམ་མོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ སྒོམ་མོ༑ ༑དབང་པོ་ལྔ་སྒོམ་མོ། །སྟོབས་ལྔ་སྒོམ་མོ། །བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་མོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་མོ། །རྣམ་པར་ཐར་པའི་སྒོ་གསུམ་སྒོམ་མོ། ། དེ་དག་བསྒོམས་པས་རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་འདའ་སྟེ། དེ་ལ་ལ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་བྱང་ཆུབ་ཀྱི་ལམ་ལས་ཡོངས་ སུ་མི་ཉམས་ཏེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་ [304B] །རབ་འབྱོར། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་ རྣམས་ཡོངས་སུ་སྡུད་པ་ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཤེས་རབ་འཆལ་བར་གྱུར་པའི་སེམས་ ཅན་དག་མཐོང་ན། འདི་སྐད་དུ་སེམས་ཅན་ཁྱེད་ཅིའི་ཕྱིར་ཤེས་རབ་མི་སྒོམ་ཞེས་བརྗོད་དེ། དེ་དག་རྐྱེན་དང་མི་ལྡན་པའི་ཕྱིར་རོ་ཞེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་དེ་དག་ལ་འདི་སྐད་དུ་འདོམས་ཏེ། ང་ལས་ཡོ་བྱད་རྣམས་ལོངས་ལ་སྦྱིན་པ་བྱིན་ཅིག་ཚུལ་ཁྲིམས་སྲུངས་ཤིག་བཟོད་པ་སྒོམས་ཤིག་ བརྩོན་འགྲུས་རྩོམས་ཤིག་ཏིང་ངེ་འཛིན་ལ་མཉམ་པར་གཞོག་ཅིག་།རྣམ་པ་དེ་དག་ཡོངས་སུ་རྫོགས་པར་གྱིས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལ་བདག་གམ། སེམས་ཅན་ནམ། སྲོག་ གམ༑ འགྲོ་བའམ། གསོ་བའམ། སྐྱེས་བུའམ། གང་ཟག་གམ། ཤེད་ཅན་ནམ། ཤེད་བདག་གམ། བྱེད་པ་པོའམ། ཚོར་བ་པོའམ། ཤེས་པ་པོའམ་མཐོང་བ་པོའམ། གཟུགས་སམ། ཚོར་ བའམ༑ འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པའམ། འདོད་པའི་ཁམས་སམ། གཟུགས་ཀྱི་ཁམས་སམ། གཟུགས་མེད་པའི་ཁམས་སམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའམ། ཚུལ་ [305A]༄༅། །ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པའམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའམ། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པའམ། ནང་སྟོང་པ་ཉིད་དམ། ཕྱི་སྟོང་པ་ཉིད་དམ། ཕྱི་ནང་སྟོང་པ་ཉིད་དམ། སྟོང་པ་ཉིད་སྟོང་པ་ཉིད་དམ། ཆེན་པོ་སྟོང་པ་ཉིད་དམ། དོན་དམ་པ་སྟོང་པ་ཉིད་དམ་འདུས་བྱས་སྟོང་ པ་ཉིད་དམ། འདུས་མ་བྱས་སྟོང་པ་ཉིད་དམ། མཐའ་ལས་འདས་པ་སྟོང་པ་ཉིད་དམ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དམ་དོར་བ་མེད་པ་སྟོང་པ་ཉིད་དམ། རང་བཞིན་སྟོང་པ་ཉིད་དམ་ ཆོས་ཐམས་ཅད་སྟོང་པ་ཉིད་དམ། རང་གི་མཚན་ཉིད་སྟོང་པ་ཉིད་དམ། མི་དམིགས་པ་སྟོང་པ་ཉིད་དམ། དངོས་པོ་མེད་པ་སྟོང་པ་ཉིད་དམ། ངོ་བོ་ཉིད་སྟོང་པ་ཉིད་དམ། དངོས་པོ་མེད་པའི་ངོ་བོ་ཉིད་ སྟོང་པ་ཉིད་དམ། དྲན་པ་ཉེ་བར་གཞག་པ་རྣམས་སམ། ཡང་དག་པར་སྤོང་བ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། དབང་པོ་རྣམས་སམ། སྟོབས་རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་ རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པའམ། འཕགས་པའི་བདེན་པ་རྣམས་སམ། བསམ་གཏན་རྣམས་སམ། ཚད་མེད་པ་རྣམས་སམ། གཟུགས་མེད་པའི་སྙོམས་པར་འཇུག་ པ་རྣམས་སམ། རྣམ་པར་ཐར་པ་རྣམས་སམ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའམ་ [305B] ཏིང་ངེ་འཛིན་རྣམས་སམ་གཟུངས་ཀྱི་སྒོ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ་མི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་ རྣམས་སམ། བྱམས་པ་ཆེན་པོའམ། སྙིང་རྗེ་ཆེན་པོའམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སམ། རྒྱུན་དུ་ཞུགས་པའི་འབྲས་བུའམ། ལན་གཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མི་འོང་ བའི་འབྲས་བུའམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་བམ། ལམ་གྱི་རྣམ་པ་ཤེས་པ་ཉིད་དམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཆོས་གང་ཡང་ཡོད་དམ། རྟོགས་ཤིག་ཅེས་འདོམས་ ཤིང་རྗེས་སུ་སྟོན་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཆོས་གང་ལ་དམིགས་པས་མངོན་པར་ཞེན་པར་འགྱུར་པ་དེ་ལྟ་བུའི་ཆོས་གང་ ཡང་མི་དམིགས་ཏེ། དེ་ལ་མངོན་པར་ཞེན་པ་མེད་པས་ཆོས་གང་ཡང་སྐྱེ་བའམ། འགག་པའམ། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བར་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་ རྗེས་སུ་མ་མཐོང་བས། འདི་ནི། སེམས་ཅན་དམྱལ་བ་པའོ། །འདི་ནི་བྱོལ་སོང་གི་སྐྱེ་གནས་པའོ། །འདི་ནི། གཤིན་རྗེའི་འཇིག་རྟེན་པའོ་།འདི་ནི། ལྷ་མ་ཡིན་གྱི། རིས་སུ་གཏོགས་པའོ། །འདི་ནི་ ལྷའོ༑ ༑འདི་ནི། མིའོ། །འདི་ནི། ཚུལ་ཁྲིམས་དང་ལྡན་པའོ། །འདི་ནི། ཚུལ་ཁྲིམས་ངན་པ་ཅན་ནོ། །འདི་ནི། རྒྱུན་དུ་ཞུགས་པའོ་།འདི་ནི། ལན་གཅིག་ཕྱིར་འོང་བའོ། །འདི་ནི། ཕྱིར་མི་འོང་བའོ། ། [306A]༄༅། །འདི་ནི༑ དགྲ་བཅོམ་པའོ། །འདི་ནི། རང་སངས་རྒྱས་སོ་།འདི་ནི། བྱང་ཆུབ་སེམས་དཔའོ། །འདི་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་སོ། །ཞེས་བྱ་བར་རྣམ་པར་མི་རྟོག་སྟེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ ཅན་རྣམས་ལ་སྦྱིན་པ་ཡོངས་སུ་གཏོང་སྟེ། སྦྱིན་པ་ཡོངས་སུ་བཏང་ནས་འདི་སྐད་དུ་རིགས་ཀྱི་བུ་དག་སྦྱིན་པ་ལ་འཛིན་པས་མ་འཛིན་ཅིག་སྦྱིན་པ་ལ་འཛིན་པས་འཛིན་ཅིང། ལུས་གང་ མངོན་པར་གྲུབ་པས། སྡུག་བསྔལ་མང་པོ་ཉམས་སུ་མྱོང་བར་འགྱུར་བ་དེ་ལྟ་བུའི་ལུས་མངོན་པར་གྲུབ་པ་རེ། རིགས་ཀྱི་བུ་དག་འདི་ལ་དོན་དམ་པར་ན་སྦྱིན་པའང་མེད། སྦྱིན་པའི་ འབྲས་བུའང་མེད། སྦྱིན་པའི་བདག་པོ་འང་མེད། ལེན་པའང་མེད་དེ་ཆོས་དེ་དག་ཐམས་ཅད་ནི། རང་བཞིན་གྱིས་སྟོང་ངོ། །རང་བཞིན་གྱིས་སྟོང་པའི་ཆོས་ནི། འཛིན་པ་མེད་དེ། རང་བཞིན་ [306B] གཟུང་དུ་མེད་པའོ། །ཞེས་འདོམས་ཤིང་རྗེས་སུ་སྟོན་ཏེ། རབ་འབྱོར། དེ་ལྟར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སེམས་ ཅན་རྣམས་ལ་སྦྱིན་པ་ཡོངས་སུ་གཏོང་ཡང་དེ་ལ་སྦྱིན་པར་དམིགས་པ་མེད། སྦྱིན་པའི་བདག་པོར་དམིགས་པ་མེད། ལེན་པར་དམིགས་པ་མེད་དེ། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་ པ་འདི་ནི། དམིགས་སུ་མེད་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཆོས་གསུམ་པོ་དེ་དག་ཐམས་ཅད་ལ་མི་དམིགས་པས་སེམས་ཅན་རྣམས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སྦྱོར་རོ། །ལན་གཅིག་ ཕྱིར་འོང་བའི་འབྲས་བུ་ལ་སྦྱོར་རོ། །ཕྱིར་མི་འོང་བའི་འབྲས་བུ་ལ་སྦྱོར་རོ། །དགྲ་བཅོམ་པ་ཉིད་ལ་སྦྱར་རོ། །རང་བྱང་ཆུབ་ལ་སྦྱོར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སྦྱོར་རོ། ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ་ དེ་བདག་ཉིད་ཀྱང་སྦྱིན་པ་ཡོངས་སུ་གཏང་ངོ། །གཞན་ཡང་སྦྱིན་པ་ལ་ཡང་དག་པར་སྐུལ་ལོ། །སྦྱིན་པའི་ལེགས་པ་བརྗོད་དོ། །སེམས་ཅན་གཞན་གང་སྦྱིན་པ་ཡོངས་སུ་གཏོང་བ་དེ་དག་གིའང་ ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའང་དེ་ལྟ་བུའི་སྦྱིན་པ་ཆེན་པོ་བྱིན་པས། རྒྱལ་རིགས་ཆེ་ཞིང་མཐོ་བ་དག་དང་ [307A]༄༅། །སྐལ་བ་མཉམ་པར་སྐྱེའོ། །བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་དག་དང་སྐལ་བ་མཉམ་པར་སྐྱེའོ། །ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་དག་དང་སྐལ་བ་མཉམ་པར་སྐྱེའོ། ། ཁམས་ཀྱི་རྒྱལ་པོར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་སྲིད་འཐོབ་བོ། །དེ་དེ་དག་ནའང་སེམས་ཅན་རྣམས་བསྡུ་བའི་དངོས་པོ་བཞིས་ཡོངས་སུ་སྡུད་དེ། བཞི་གང་ཞེ་ན། སྦྱིན་པ་ དང༑ ཚིག་སྙན་པ་དང། དོན་བྱ་བ་དང། དོན་མཐུན་པས་ཡོངས་སུ་སྡུད་དོ། །དེ་དེ་ལྟར་སེམས་ཅན་སྦྱིན་པས་ཡོངས་སུ་བསྡུས་པ་དེ་དག་ཀྱང་རིམ་གྱིས་ཚུལ་ཁྲིམས་ལ་རབ་ཏུ་འགོད་དོ། ། བཟོད་པ་ལ་རབ་ཏུ་འགོད་དོ། །བརྩོན་འགྲུས་ལ་རབ་ཏུ་འགོད་དོ། །ཏིང་ངེ་འཛིན་ལ་རབ་ཏུ་འགོད་དོ། །ཤེས་རབ་ལ་རབ་ཏུ་འགོད་དོ། །བསམ་གཏན་བཞི་ལ་རབ་ཏུ་འགོད་དོ། །ཚད་མེད་པ་ བཞི་ལ་རབ་ཏུ་འགོད་དོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་རབ་ཏུ་འགོད་དོ། །དྲན་པ་ཉེ་བར་གཞག་པ་བཞི་ལ་རབ་ཏུ་འགོད་དོ། །ཡང་དག་པར་སྤོང་བ་བཞི་ལ་རབ་ཏུ་འགོད་ དོ༑ ༑རྫུ་འཕྲུལ་གྱི་རྐང་པ་བཞི་ལ་རབ་ཏུ་འགོད་དོ། །དབང་པོ་ལྔ་ལ་རབ་ཏུ་འགོད་དོ། །སྟོབས་ལྔ་ལ་རབ་ཏུ་འགོད་དོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ལ་རབ་ཏུ་འགོད་དོ། །འཕགས་པའི་ལམ་ ཡན་ལག་བརྒྱད་པ་ལ་རབ་ཏུ་འགོད་དོ། །འཕགས་པའི་བདེན་པ་བཞི་ལ་རབ་ཏུ་འགོད་དོ། །རྣམ་པར་ཐར་པ་བརྒྱད་ལ་རབ་ཏུ་འགོད་དོ་།མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་ [307B] །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང། སྨོན་པ་མེད་པ་ལ་རབ་ཏུ་འགོད་དོ། །མངོན་པར་ཤེས་པ་ལྔ་ལ་རབ་ཏུ་འགོད་དོ། །ཏིང་ངེ་འཛིན་རྣམས་ལ་རབ་ཏུ་འགོད་དོ། ། གཟུངས་ཀྱི་སྒོ་རྣམས་ལ་རབ་ཏུ་འགོད་དོ། །ཡང་དག་པའི་སྐྱོན་མེད་པར་འཇུག་པར་བྱེད་དོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་བྱེད་དོ། །ལན་གཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་བྱེད་དོ། ། ཕྱིར་མི་འོང་བའི་འབྲས་བུ་ཐོབ་པར་བྱེད་དོ། །དགྲ་བཅོམ་པ་ཉིད་ཐོབ་པར་བྱེད་དོ། །རང་བྱང་ཆུབ་ཐོབ་པར་བྱེད་དོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་སྐུལ་བ་བྱེད་དོ། ། ཀྱེ་སྐྱེས་བུ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི། མངོན་པར་རྫོགས་པར་འཚང་རྒྱ་བར་མི་དཀའ་སྟེ། དེ་ལ་ཕྱིན་ཅི་ལོག་གིས་རྨོངས་པའི་སེམས་ཀྱིས་ཁོང་དུ་མ་ཆུད་པ་མ་ གཏོགས་པར་ཆོས་གང་ལ་སེམས་ཅན་རྣམས་ཆགས་པར་འགྱུར་བའི་ཆོས་དེ་ལྟ་བུ་གང་ཡང་ངོ་བོ་ཉིད་ཀྱིས་ཡོད་པ་མེད་ཀྱིས། དེ་ལྟ་བས་ན། ཕྱིན་ཅི་ལོག་གི་འཛིན་པ་ཐམས་ཅད་རྒྱུན་ཆོད་ལ་ འཁོར་བ་ལས་བདག་ཀྱང་ཐར་པར་གྱིས་ཤིག་གཞན་ཡང་ཐར་བར་གྱིས་ཤིག་དེ་ལྟར་ན། ཁྱེད་བདག་ཅག་གི་དོན་དུའང་ཆེར་འགྱུར་གཞན་ཡང་དོན་ཆེན་པོ་ལ་འབྱོར་བར་འགྱུར་རོ། །ཞེས་ཡང་ དག་པར་སྐུལ་བ་བྱེད་དེ། རབ་འབྱོར། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱ་སྟེ། དེ་ལྟར་སྤྱོད་པའི་ཚེ་ཅི་ནས་ཀྱང་སེམས་དང་པོ་བསྐྱེད་ [308A]༄༅། །པ་ནས་ཉེ་བར་བཟུང་སྟེ་ནམ་ཡང་ངན་སོང་དུ་མི་ལྟུང་བ་དང། ནམ་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོ་མི་བྱེད་པར་མི་འགྱུར་བ་དེ་ལྟར་སྤྱད་དོ། དེ་ཅིའི་ཕྱིར་ཞེ་ན། ས་བོན་ཇི་ལྟ་བ་ བཞིན་དུ་འདྲས་བུ་འབྱུང་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་དེའི་དྲུང་དུ་སློངས་མོ་པ་གང་ཇི་སྙེད་ཅིག་འོངས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་སེམས་ཅན་ རྣམས་ཀྱི་དོན་མ་གཏོགས་པར་གཞན་གྱི་དོན་དུ་འཁོར་ལོས་སྒྱུར་བ་ཡོངས་སུ་མ་བཟུང་ངོ་ཞེས་ནས་དེ་འདི་སྐད་ཅེས་ཟེར་ཏེ། གང་སུ་ཅི་འདོད་པ་དེ་ཁྱེད་ལ་བྱིན་གྱིས་འདི་ནི། ངའི་མ་ཡིན་གྱི། ཁྱེད་ཀྱིའོ།། ང་ནི༑ ནང་གི་གཟུགས་ལའང་དོན་དུ་གཉེར་བ་མེད་ན་གཞན་ལྟ་ལ་ཅི་སྨོས་ཏེ། གཞན་དུ་ན། ངས་སེམས་ཅན་རྣམས་ཀྱི་དོན་དུ་འཁོར་བ་ཡོངས་སུ་བཟུང་གི། བདག་ནི། འཁོར་བ་དོན་དུ་གཉེར་བ་ མ་ཡིན་ནོ། །ཞེས་ཏེ། དེ་སྙིང་བརྩེ་བས་སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་ཅིང། སྙིང་རྗེ་ཆེན་པོས་སེམས་ཅན་རྣམས་ཀྱི་དོན་བྱེད་ཀྱང་སེམས་ཅན་གང་ཡོངས་སུ་གྲུབ་པ་དེ་ལྟ་བུ་མི་དམིགས་ཏེ་ གཞན་དུ་ན་འདུ་ཤེས་དང་མིང་དང་བརྡའི་ཐ་སྙད་ཀྱིས་རྣམ་པར་སྤྱོད་དེ། རྣམ་པར་སྤྱོད་པ་དེའང་སྒྲ་བརྙན་ལྟ་བུར་རྣམ་པར་སྤྱད་དུ་མེད་པར་ཤེས་སོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱད་པར་བྱ་སྟེ། སྤྱོད་པའི་ཚེ་ཅི་ནས་ཀྱང་བདག་གི་ཤ་ཡན་ཆད་ཀྱང་སེམས་ཅན་རྣམས་ལ་ཡོངས་སུ་མ་བཏང་བ་མེད་པར་བྱ་ན། ཕྱི་ [308B]སུ་ཐར་པར་བྱེད་པ་དེ་དག་ལྟ་སྨོས་སུའང་མེད་པ་དེ་ལྟར་སྤྱད་པར་བྱའོ། །གསོལ་པ། ཡོ་བྱད་དེ་དག་གྲང་ལགས། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི། ཡོ་བྱད་དོ་།ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཡོ་བྱད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི། ཡོ་བྱད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཡོ་བྱད་ དོ༑ ༑བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི། ཡོ་བྱད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཡོ་བྱད་དོ། །ནང་སྟོང་པ་ཉིད་ནི་ཡོ་བྱད་དོ། །ཕྱི་སྟོང་པ་ཉིད་ནི། ཡོ་བྱད་དོ། །ཕྱི་ནང་སྟོང་པ་ཉིད་ནི། ཡོ་བྱད་དོ། ། སྟོང་པ་ཉིད་སྟོང་པ་ཉིད་ནི། ཡོ་བྱད་དོ། །ཆེན་པོ་སྟོང་པ་ཉིད་ནི། ཡོ་བྱད་དོ། །དོན་དམ་པ་སྟོང་པ་ཉིད་ནི། ཡོ་བྱད་དོ་།འདུས་བྱས་སྟོང་པ་ཉིད་ནི། ཡོ་བྱད་དོ། །འདུས་མ་བྱས་སྟོང་པ་ཉིད་ནི། ཡོ་བྱད་དོ། །མཐའ་ ལས་འདས་པ་སྟོང་པ་ཉིད་ནི། ཡོ་བྱད་དོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ནི། ཡོ་བྱད་དོ། །དོར་བ་མེད་པ་སྟོང་པ་ཉིད་ནི། ཡོ་བྱད་དོ། །རང་བཞིན་སྟོང་པ་ཉིད་ནི། ཡོ་བྱད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ ནི༑ ཡོ་བྱད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ནི། ཡོ་བྱད་དོ་།མི་དམིགས་པ་སྟོང་པ་ཉིད་ནི། ཡོ་བྱད་དོ། །དངོས་པོ་མེད་པ་སྟོང་པ་ཉིད་ནི། ཡོ་བྱད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ནི། ཡོ་བྱད་དོ། །དངོས་པོ་མེད་པའི་ ངོ་བོ་ཉིད་སྟོང་པ་ཉིད་ནི། ཡོ་བྱད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ནི། ཡོ་བྱད་དོ། །ཡང་དག་པར་སྤོང་བ་རྣམས་ནི། ཡོ་བྱད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ནི། ཡོ་བྱད་དོ། །དབང་པོ་རྣམས་ནི། ཡོ་བྱད་དོ། ། [309A]༄༅། །སྟོབས་རྣམས་ནི། ཡོ་བྱད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ནི། ཡོ་བྱད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི། ཡོ་བྱད་དོ། །འཕགས་པའི་བདེན་པ་རྣམས་ནི། ཡོ་ བྱད་དོ༑ ༑བསམ་གཏན་རྣམས་ནི། ཡོ་བྱད་དོ། །ཚད་མེད་པ་རྣམས་ནི་ཡོ་བྱད་དོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ནི། ཡོ་བྱད་དོ། །རྣམ་པར་ཐར་པ་རྣམས་ནི། ཡོ་བྱད་དོ། །མཐར་གྱིས་ གནས་པའི་སྙོམས་པར་འཇུག་པ་རྣམས་ནི། ཡོ་བྱད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ནི། ཡོ་བྱད་དོ། །མངོན་པར་ཤེས་པ་རྣམས་ནི། ཡོ་བྱད་དོ། ། ཏིང་ངེ་འཛིན་རྣམས་ནི། ཡོ་བྱད་དོ། །གཟུངས་ཀྱི་སྒོ་རྣམས་ནི། ཡོ་བྱད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ནི། ཡོ་བྱད་དོ། །མི་འཇིགས་པ་རྣམས་ནི། ཡོ་བྱད་དོ། །སོ་སོ་ཡང་དག་པར་རིག་ པ་རྣམས་ནི། ཡོ་བྱད་དོ། །བྱམས་པ་ཆེན་པོ་ནི། ཡོ་བྱད་དོ་།སྙིང་རྗེ་ཆེན་པོ་ནི། ཡོ་བྱད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི། ཡོ་བྱད་དོ། །དེ་དག་ནི། ཡོ་བྱད་དེ་ཡོ་བྱད་དེ་དག་གིས་སེམས་ཅན་ རྣམས་ཡོངས་སུ་བསྡུས་ཤིང། རིམ་གྱིས་ཉན་ཐོས་ཀྱི་ཐེག་པའམ་རང་སངས་རྒྱས་ཀྱི་ཐེག་པའམ། ཐེག་པ་ཆེན་པོའམ། ཐེག་པ་གསུམ་པོ་དེ་དག་གིས་ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་ འབྱོར༑ དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། ། [309B] ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན་རབ་ འབྱོར༑ འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་རྣམས་ལ་འདི་སྐད་དུ་ཚུར་ཤེག་རིགས་ཀྱི་བུ་དག་ཚུལ་ཁྲིམས་ སྲུངས་ཤིག་ངས་ཁྱེད་ཟས་དང། སྐོམ་དང། གོས་དང། བཞོན་པ་དང། མལ་ཆ་དང། མེ་ཏོག་དང། བདུག་སྤོས་དང། སྤོས་དང་ཕྲེང་བ་དང། བྱུག་པ་དང། ཁྱིམ་དང། ནོར་དང། འབྲུ་དང་ནོར་ བུ་དང། མུ་ཏིག་དང། བཻ་ཌཱུརྱ་དང། དུང་དང། མན་ཤེལ་དང་བྱུ་རུ་དང། གསེར་དང། དངུལ་དང། མིའི་རྐྱེན་དང། ཡོ་བྱད་གང་ཅིའང་རུང་བའི་བར་གྱིས་ཕོངས་པ་མེད་པར་བྱའོ། །ཁྱེད་ཀྱང་ཕོངས་ པའི་ཕྱིར་ཚུལ་ཁྲིམས་ངན་པ་ལ་སྤྱོད་པར་གྱུར་གྲང་ན། ཟས་དང། སྐོམ་དང། གོས་དང། བཞོན་པ་དང། མལ་ཆ་དང། མེ་ཏོག་དང། བདུག་སྤོས་དང། སྤོས་དང། ཕྲེང་བ་དང། བྱུག་པ་དང་ཁྱིམ་ དང། ནོར་དང། འབྲུ་དང། ནོར་བུ་དང། མུ་ཏིག་དང། བཻ་ཌཱུརྱ་དང། དུང་དང། མན་ཤེལ་དང། བྱུ་རུ་དང། གསེར་དང། དངུལ་དང། མིའི་རྐྱེན་དང། ཡོ་བྱད་གང་ཅིའང་རུང་བ་རིན་པོ་ཆེ་སྣ་ བདུན་གྱི་བར་གྱིས་ཕོངས་པ་མེད་པར་བྱའི། ཁྱེད་སྡོམ་པའི་ཚུལ་ཁྲིམས་ལ་མནོས་ལ་རིམ་གྱིས་ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ [310A]༄༅། །ཐེག་པའམ། ཐེག་པ་གསུམ་པོ་དེ་དག་གིས་སྡུག་བསྔལ་གྱི་མཐར་ཕྱིན་པར་གྱིས་ཤིག་ཅེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བདག་ཉིད་ཀྱང་ཚུལ་ ཁྲིམས་སྲུང་ངོ། །གཞན་ཡང་ཚུལ་ཁྲིམས་ལ་སྦྱོར་རོ། །ཚུལ་ཁྲིམས་ཀྱི་ལེགས་པ་བརྗོད་དོ། །སེམས་ཅན་གཞན་གང་ཚུལ་ཁྲིམས་སྲུང་བ་དེ་དག་གིའང་ལེགས་པ་བརྗོད་ཅིང་མཐུན་པས་དགའ་ བར་སྤྱོད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་དེ་ལྟར་ཚུལ་ཁྲིམས་ལ་སྦྱར་ཞིང། ཚུལ་ཁྲིམས་ལ་རབ་ཏུ་བཀོད་དེ། རིམ་གྱིས་ཐེག་པ་གསུམ་པོས་ ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་ སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་བཟོད་པའི་ཕ་རོལ་ཏུ་ ཕྱིན་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་གང་ཁྲོ་བ་ དང། གནོད་སེམས་སུ་བྱེད་པ་དག་མཐོང་ན། དེ་དག་ལ་འདི་སྐད་ཅེས་ཟེར་རོ། །ཀྱེ། རིགས་ཀྱི་བུ་དག་ཁྱེད་ཅིའི་རྒྱུས་གནོད་སེམས་སུ་བྱེད་པར་གྱུར། གང་གིས་ཕོངས་ཤིང་གནོད་སེམས་སུ་ [310B]ངས་ཁྱེད་ཟས་དང། སྐོམ་དང། གོས་དང། བཞོན་པ་དང། མལ་ཆ་དང། མེ་ཏོག་དང། བདུག་སྤོས་དང། སྤོས་དང། ཕྲེང་བ་དང། བྱུག་པ་དང་ཁྱིམ་ དང། ནོར་དང། འབྲུ་དང། ནོར་བུ་དང། མུ་ཏིག་དང། བཻ་ཌཱུརྱ་དང། དུང་དང། མན་ཤེལ་དང། བྱུ་རུ་དང། གསེར་དང། དངུལ་དང། མིའི་རྐྱེན་དང། ཡོ་བྱད་གང་ཅིའང་རུང་བའི་བར་གྱིས་ ཕོངས་པ་མེད་པར་བྱའི། ཁྲོ་བ་དང། གནོད་སེམས་མེད་པར་གྱིས་ཤིག་ཅེས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ ཅན་དེ་དག་བཟོད་པ་ལ་སྦྱོར་ཏེ། འདི་སྐད་དུ། གཅུགས་གང་གིས་ཁྱེད་ཀྱིས་ཁྲོ་བ་སྐྱེ་བར་གྱུར་པ་དེ་ནི། སྙིང་པོ་མེད་པ་སྟེ། དེ་ལ་དངོས་པོ་གང་ཡང་མེད་དོ། །ཁྲོ་བ་དེ་ནི། ཡང་དག་པ་མ་ ཡིན་པར་ཡོངས་སུ་བརྟགས་པ་སྟེ། དངོས་པོ་གང་གི་ཕྱིར་ཁྱེད་འཐབ་ཅིང་འཁོན་པ་དང། གནོད་སེམས་སུ་བྱེད་པར་གྱུར་པ་ལ་མངོན་པར་ཞེན་ཏོ། །དེ་ལྟར་ཁྱེད་འཐབས་ཤིང་འཁོན་ཏེ་གནོད་ སེམས་སུ་གྱུར་ནས་དབྱིག་པས་འགྱེད་པ་དང། མཚོན་གྱིས་འདྲེ་བ་དང། ཕན་ཚུན་གྱི་སྲོག་ལ་རྒལ་བར་གྱུར་པའི་དངོས་པོ་དེ་ལ་དངོས་པོའི་རང་བཞིན་གང་ཡང་མེད་ན། དེ་ལྟ་ཡིན་ཡང་ཁྱེད་ ཡང་དག་པ་མ་ཡིན་པའི་ཡོངས་སུ་རྟག་པས་འཁྲུགས་ན་སེམས་ཅན་དམྱལ་བ་དག་ཏུ་ལྟུང་བར་འགྱུར། བྱོལ་སོང་གི་སྐྱེ་གནས་དག་ཏུ་ལྟུང་བར་འགྱུར། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་འགྱུར་ [311A]༄༅། །དེ་མ་ཡིན་པའི་ངན་སོང་གཞན་དག་ཏུའང་ཁྱེད་སྡུག་བསྔལ་མི་བཟད་པ་ཆེ་ཞིང་རྩུབ་ལ་ཡིད་དུ་མི་འོང་བའི་ཚོར་བ་ཉམས་སུ་མྱོང་བར་འགྱུར་གྱི། སྐྱེས་བུ་ཁྱེད་རྣམས་ དངོས་པོ་མེད་པའི་ཆོས་ཀྱི་དོན་དུ་ལས་གང་ཡོངས་སུ་བཟུང་བས་མིང་སྐྱེ་བའང་ཐོབ་པར་མི་འགྱུར་ན། སངས་རྒྱས་བྱུང་བ་དང་ཕྲད་པར་འགྱུར་བ་ལྟ་སྨོས་སུའང་མེད་པ་དེ་ལྟ་བུའི་ལས་ ཡོངས་སུ་མ་འཛིན་ཅིག་གྲོགས་པོ་དག་སངས་རྒྱས་འབྱུང་བ་ནི་དཀོན་ནོ། །མིར་སྐྱེ་བ་ཐོབ་པ་ནི། དཀོན་ནོ། །དལ་བ་ཕུན་སུམ་ཚོགས་པ་ནི། དཀོན་ནོ། །འཁོར་བ་ལས་ཐར་བ་ནི་ དཀོན་ནོ། །དེ་ལྟ་ཡིན་གྱི། དལ་བ་འདི་དོན་མེད་པར་མ་བྱ་ཞིག་མི་ཁོམ་པར་གྱུར་ཅིང་གསོར་མི་རུང་བར་གྱུར་ཏ་རེ་ཞེས་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་ ཉིད་ཀྱང་བཟོད་པ་སྒྲུབ་བོ། །གཞན་ཡང་བཟོད་པ་ལ་ཡང་དག་པར་སྐུལ་ལོ། །བཟོད་པའི་ལེགས་པ་བརྗོད་དོ། །སེམས་ཅན་གཞན་གང་བཟོད་པ་སྒོམ་པ་དེ་དག་གིའང་ལེགས་པ་བརྗོད་ ཅིང་མཐུན་པས་དགའ་བར་སྤྱོད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་དེ་ལྟར་བཟོད་པ་ལ་སྦྱར་ཞིང་བཟོད་པ་ལ་རབ་ཏུ་བཀོད་དེ་རིམ་གྱིས་ཐེག་པ་ གསུམ་པོས་ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བཟོད་པའི་ཕ་རོལ་ཏུ་ [311B] །རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སེམས་ཅན་རྣམས་ བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ལེ་ལོ་ཅན་བརྩོན་འགྲུས་ཆུང་བ་དག་མཐོང་ན་འདི་སྐད་ དུ༑ ཁྱེད་ཅིའི་ཕྱིར་ལེ་ལོ་བྱེད་ཅེས་བརྗོད་དོ། དེ་དག་རྐྱེན་དང་མི་ལྡན་པའི་ཕྱིར་རོ། །ཞེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ སེམས་ཅན་དེ་དག་ལ་འདི་སྐད་ཅེས་ཟེར་ཏེ། ཀྱེ་སྐྱེས་བུ་དག་ངས་སྦྱིན་པའི་རྐྱེན་ཏམ། ཚུལ་ཁྲིམས་ཀྱི་རྐྱེན་ཏམ། བཟོད་པའི་རྐྱེན་ཏམ། གཞན་ཡང་རྣམ་པ་གང་དང་གང་གིས་བརྩོན་འགྲུས་བརྩམ་ དུ་རུང་བ་དེ་དག་ཁྱེད་ལངས་ཉེ་བར་བསྒྲུབ་པར་བྱའི། བརྩོན་འགྲུས་རྩོམས་ཤིག་ཅེས་ནས་སེམས་ཅན་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་ཡོ་བྱད་ལ་སྤྱོད་ཅིང་ལུས་སམ། སེམས་ ཀྱི་བརྩོན་འགྲུས་རྩོམ་སྟེ། དེ་དག་ལུས་དང་སེམས་ཀྱི་བརྩོན་འགྲུས་ཀྱིས་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དེ། དགེ་བའི་ཆོས་དེ་དག་གིས་འཕགས་པ་ཟག་པ་མེད་པའི་ཆོས་རྣམས་ སྒོམ་མོ༑ ༑དེ་དག་བསྒོམས་པས་རྒྱུན་དུ་ཞུགས་པའི་འབྲས་བུ་འཐོབ་བོ། །ལན་གཅིག་ཕྱིར་འོང་བའི་འབྲས་བུ་འཐོབ་བོ། །ཕྱིར་མི་འོང་བའི་འབྲས་བུ་འཐོབ་བོ། །དགྲ་བཅོམ་པ་ཉིད་འཐོབ་བོ། །རང་བྱང་ [312A]༄༅། །ཆུབ་འཐོབ་བོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་ཉིད་ཀྱང་ བརྩོན་འགྲུས་རྩོམ་མོ། །གཞན་ཡང་བརྩོན་འགྲུས་ལ་ཡང་དག་པར་སྐུལ་ལོ། །བརྩོན་འགྲུས་ཀྱི་ལེགས་པ་བརྗོད་དོ། །སེམས་ཅན་གཞན་གང་བརྩོན་འགྲུས་རྩོམ་པ་དེ་དག་གིའང་ལེགས་པ་བརྗོད་ ཅིང་མཐུན་པས་དགའ་བར་སྤྱོད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སེམས་ཅན་དེ་དག་འདི་ལྟར་བརྩོན་འགྲུས་ལ་རབ་ཏུ་སྦྱར་ཞིང་བརྩོན་འགྲུས་ལ་རབ་ཏུ་བཀོད་དེ་རིམ་ གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བརྩོན་འགྲུས་ ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ་།རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་གཡེངས་པར་གྱུར་པའི་སེམས་ཅན་ དག་མཐོང་ན་འདི་སྐད་དུ། སེམས་ཅན་ཁྱེད་ཅིའི་ཕྱིར་བསམ་གཏན་ལ་མཉམ་པར་མི་འཇོག་ཅེས་བརྗོད་དེ། དེ་དག་རྐྱེན་དང་མི་ལྡན་པའི་ཕྱིར་རོ། །ཞེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའ་ [312B]ཏེ། ཀྱེ་སེམས་ཅན་དག་ངས་རྐྱེན་གང་དང་གང་གིས་ཕྱི་ནང་གི་ཆོས་ལ་རྣམ་པར་རྟོག་པར་མི་འགྱུར་བ་དེ་ལྟ་བུའི་རྐྱེན་ཉེ་བར་བསྒྲུབ་ པར་བྱའོ། །ཞེས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་ལ་རྐྱེན་གང་དང་གང་ཉེ་བར་བསྒྲུབ་པས་རྣམ་པར་རྟོག་པར་མི་འགྱུར་བ་དེ་ལྟ་བུའི་རྐྱེན་ཉེ་བར་སྒྲུབ་སྟེ་དེའི་ ཕྱིར་དེ་དག་རྣམ་པར་རྟོག་པ་ཆད་ནས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ་བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་གོ་།བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་ གོ་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་གོ་བྱམས་པ་ལ་སྙོམས་པར་འཇུག་གོ་སྙིང་རྗེ་ལ་སྙོམས་པར་འཇུག་གོ་དགའ་བ་ལ་སྙོམས་པར་འཇུག་གོ་བཏང་སྙོམས་ལ་སྙོམས་ པར་འཇུག་གོ་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་སྙོམས་པར་འཇུག་གོ་དེ་དག་བསམ་གཏན་དང། ཚད་མེད་པ་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་གིས་ སེམས་དུལ་བར་གྱུར་པས། དྲན་པ་ཉེ་བར་གཞག་པ་བཞི་སྒོམ་མོ་།ཡང་དག་པར་སྤོང་བ་བཞི་སྒོམ་མོ། །རྫུ་འཕྲུལ་གྱི་རྐང་པ་བཞི་སྒོམ་མོ། །དབང་པོ་ལྔ་སྒོམ་མོ། །སྟོབས་ལྔ་སྒོམ་མོ། ། བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་མོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་མོ། །རྣམ་པར་ཐར་པའི་སྒོ་གསུམ་སྒོམ་མོ། །དེ་དག་བསྒོམས་པས་རིམ་གྱིས་ཐེག་པ་གསུམ་པོས་ཡོངས་ [313A]༄༅། །སུ་མྱ་ངན་ལས་འདའ་སྟེ། དེ་ལ་ལ་ལ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་བྱང་ཆུབ་ཀྱི་ལམ་ལས་ཡོངས་སུ་མི་ཉམས་ཏེ། རབ་འབྱོར་ དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ ཡིན་ནོ༑ ༑རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ ཡོངས་སུ་སྡུད་པ་ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཤེས་རབ་འཆལ་པར་གྱུར་པའི་ སེམས་ཅན་དག་མཐོང་ན་འདི་སྐད་དུ། སེམས་ཅན་ཁྱེད་ཅིའི་ཕྱིར་ཤེས་རབ་མི་སྒོམ་ཞེས་བརྗོད་དེ། དེ་དག་རྐྱེན་དང་མི་ལྡན་པའི་ཕྱིར་རོ། །ཞེས་ཟེར་ན། དེ་ལ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་དེ་དག་ལ་འདི་སྐད་དུ་འདོམས་ཏེ། ང་ལས་ཡོ་བྱད་རྣམས་ལོང་ལ་སྦྱིན་པ་བྱིན་ཅིག་ ཚུལ་ཁྲིམས་སྲུངས་ཤིག་བཟོད་པ་སྒོམས་ཤིག་བརྩོན་འགྲུས་རྩོམས་ཤིག་ཏིང་ངེ་འཛིན་ལ་མཉམ་པར་གཞོག་ཅིག་རྣམ་པ་དེ་དག་ཡོངས་སུ་རྫོགས་པར་གྱིས་ལ་ཤེས་ [313B] སེམས་ཅན་ནམ། སྲོག་གམ། འགྲོ་བའམ། གསོ་བའམ། སྐྱེས་བུའམ། གང་ཟག་གམ་ཤེད་ཅན་ནམ། ཤེད་བདག་གམ། བྱེད་ པ་པོའམ། ཚོར་བ་པོའམ། ཤེས་པ་པོའམ། མཐོང་བ་པོའམ། གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པའམ་འདོད་པའི་ཁམས་སམ་ གཟུགས་ཀྱི་ཁམས་སམ། གཟུགས་མེད་པའི་ཁམས་སམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པའམ། བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའམ། ནང་སྟོང་པ་ཉིད་དམ། ཕྱི་སྟོང་པ་ཉིད་དམ། ཕྱི་ནང་སྟོང་པ་ཉིད་ དམ༑ སྟོང་པ་ཉིད་སྟོང་པ་ཉིད་དམ། ཆེན་པོ་སྟོང་པ་ཉིད་དམ་དོན་དམ་པ་སྟོང་པ་ཉིད་དམ། འདུས་བྱས་སྟོང་པ་ཉིད་དམ། འདུས་མ་བྱས་སྟོང་པ་ཉིད་དམ། མཐའ་ལས་འདས་པ་སྟོང་པ་ ཉིད་དམ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དམ། དོར་བ་མེད་པ་སྟོང་པ་ཉིད་དམ། རང་བཞིན་སྟོང་པ་ཉིད་དམ། ཆོས་ཐམས་ཅད་སྟོང་པ་ཉིད་དམ། རང་གི་མཚན་ཉིད་སྟོང་པ་ཉིད་དམ། མི་ དམིགས་པ་སྟོང་པ་ཉིད་དམ། དངོས་པོ་མེད་པ་སྟོང་པ་ཉིད་དམ་ངོ་བོ་ཉིད་སྟོང་པ་ཉིད་དམ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམ། དྲན་པ་ཉེ་བར་གཞག་པ་རྣམས་སམ། ཡང་དག་པར་ [314A]༄༅། །སྤོང་བ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་སམ་དབང་པོ་རྣམས་སམ། སྟོབས་རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་སམ། འཕགས་པའི་ལམ་ཡན་ ལག་བརྒྱད་པའམ། འཕགས་པའི་བདེན་པ་རྣམས་སམ། བསམ་གཏན་རྣམས་སམ། ཚད་མེད་པ་རྣམས་སམ། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་ པར་ཐར་པ་རྣམས་སམ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའམ་ མངོན་པར་ཤེས་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ། གཟུངས་ཀྱི་སྒོ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། མི་འཇིགས་པ་རྣམས་སམ། སོ་སོ་ ཡང་དག་པར་རིག་པ་རྣམས་སམ། བྱམས་པ་ཆེན་པོའམ། སྙིང་རྗེ་ཆེན་པོའམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སམ། རྒྱུན་དུ་ཞུགས་པའི་འབྲས་བུའམ། ལན་གཅིག་ ཕྱིར་འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུའམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་བམ། ལམ་གྱི་རྣམ་པ་ཤེས་པ་ཉིད་དམ། བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་བམ། ཆོས་གང་ཡང་ཡོད་དམ་རྟོགས་ཤིག་ཅེས་འདེམས་ཤིང་རྗེས་སུ་སྟོན་ཏེ། དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ [314B]པར་གྱུར་པ་དེ་ལྟ་བུའི་ཆོས་གང་ཡང་མི་དམིགས་ཏེ། དེ་ལ་མངོན་པར་ཞེན་པ་མེད་པས་ཆོས་གང་ཡང་སྐྱེ་བའམ། འགག་པའམ་ ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བར་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས། འདི་ནི། སེམས་ཅན་དམྱལ་བ་པའོ། །འདི་ནི། བྱོལ་སོང་གི་སྐྱེ་གནས་ པའོ༑ ༑འདི་ནི། གཤིན་རྗེའི་འཇིག་རྟེན་པའོ། །འདི་ནི། ལྷ་མ་ཡིན་གྱི་རིས་སུ་གཏོགས་པའོ། །འདི་ནི། ལྷའོ། །འདི་ནི། མིའོ། །འདི་ནི་ཚུལ་ཁྲིམས་དང་ལྡན་པའོ། །འདི་ནི། ཚུལ་ཁྲིམས་ངན་ པ་ཅན་ནོ། །འདི་ནི། རྒྱུན་དུ་ཞུགས་པའོ། །འདི་ནི། ལན་གཅིག་ཕྱིར་འོང་བའོ། །འདི་ནི། ཕྱིར་མི་འོང་བའོ། །འདི་ནི། དགྲ་བཅོམ་པའོ་།འདི་ནི། རང་སངས་རྒྱས་སོ། །འདི་ནི། བྱང་ཆུབ་སེམས་ དཔའོ༑ ༑འདི་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །ཞེས་བྱ་བར་རྣམ་པར་མི་རྟོག་སྟེ་རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་ [315A]༄༅། །སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་རྣམས་ལ་སྦྱིན་པ་ཡོངས་སུ་གཏོང་སྟེ། སྦྱིན་པ་ཡོངས་སུ་བཏང་ནས་འདི་སྐད་ དུ༑ རིགས་ཀྱི་བུ་དག་སྦྱིན་པ་དེ་ལ་འཛིན་པས་མ་འཛིན་ཅིག་སྦྱིན་པ་ལ་འཛིན་པས་འཛིན་ཅིང་ལུས་གང་མངོན་པར་གྲུབ་པས། སྡུག་བསྔལ་མང་པོ་ཉམས་སུ་མྱོང་བར་འགྱུར་བ་དེ་ལྟ་ བུའི་ལུས་མངོན་པར་གྲུབ་པ་རེ། རིགས་ཀྱི་བུ། འདི་ལ་དོན་དམ་པར་ན་སྦྱིན་པའང་མེད། སྦྱིན་པའི་འབྲས་བུའང་མེད། སྦྱིན་པའི་བདག་པོའང་མེད། ལེན་པའང་མེད་དེ། ཆོས་དེ་དག་ ཐམས་ཅད་ནི། རང་བཞིན་གྱིས་སྟོང་ངོ། །རང་བཞིན་གྱིས་སྟོང་པའི་ཆོས་ནི། འཛིན་པ་མེད་དེ། རང་བཞིན་སྟོང་པ་ཉིད་ནི། གཟུང་དུ་མེད་པའོ། །ཞེས་འདོམས་ཤིང་རྗེས་སུ་སྟོན་ཏེ་ རབ་འབྱོར། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སེམས་ཅན་རྣམས་ལ་སྦྱིན་པ་ཡོངས་སུ་གཏོང་ཡང་དེ་ལ་སྦྱིན་པར་དམིགས་ པ་མེད༑ སྦྱིན་པའི་བདག་པོར་དམིགས་པ་མེད། ལེན་པར་དམིགས་པ་མེད་དེ། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། དམིགས་སུ་མེད་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཆོས་ གསུམ་པོ་དེ་དག་ཐམས་ཅད་ལ་མི་དམིགས་པས། སེམས་ཅན་རྣམས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སྦྱོར་རོ། །ལན་གཅིག་ཕྱིར་འོང་བའི་འབྲས་བུ་ལ་སྦྱོར་རོ། །ཕྱིར་མི་འོང་བའི་འབྲས་ [315B] །དགྲ་བཅོམ་པ་ཉིད་ལ་སྦྱོར་རོ། །རང་བྱང་ཆུབ་ལ་སྦྱོར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སྦྱོར་རོ། །རབ་འབྱོར། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ། དེ་བདག་ཉིད་ཀྱང་སྦྱིན་པ་ཡོངས་སུ་གཏོང་ངོ། །གཞན་ཡང་སྦྱིན་པ་ལ་ཡང་དག་ པར་སྐུལ་ལོ། །སྦྱིན་པའི་ལེགས་པ་བརྗོད་དོ། །སེམས་ཅན་གཞན་གང་སྦྱིན་པ་ཡོངས་སུ་གཏོང་བ་དེ་དག་གིའང་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་དེའང་དེ་ལྟ་བུའི་སྦྱིན་པ་ཆེན་པོ་བྱིན་པས་རྒྱལ་རིགས་ཆེ་ཞིང་མཐོ་བ་དག་དང་སྐལ་བ་མཉམ་པར་སྐྱེའོ་།བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་དག་དང་སྐལ་བ་མཉམ་པར་སྐྱེའོ། །ཁྱིམ་ བདག་གི་རིགས་ཆེ་ཞིང་མཐོ་བ་དག་དང་སྐལ་བ་མཉམ་པར་སྐྱེའོ་།ཁམས་ཀྱི་རྒྱལ་པོར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་སྲིད་འཐོབ་བོ། །དེ་དེ་དག་ནའང་སེམས་ཅན་རྣམས་བསྡུ་བའི་དངོས་པོ་ བཞིས་ཡོངས་སུ་སྡུད་དོ། །བཞི་གང་ཞེ་ན། སྦྱིན་པ་དང། ཚིག་སྙན་པ་དང། དོན་བྱ་བ་དང། དོན་མཐུན་པས་ཡོངས་སུ་སྡུད་དེ་དེ་ལྟར་སེམས་ཅན་སྦྱིན་པས་ཡོངས་སུ་བསྡུས་པ་དེ་དག་ཀྱང་རིམ་གྱིས་ ཚུལ་ཁྲིམས་ལ་རབ་ཏུ་འགོད་དོ། །བཟོད་པ་ལ་རབ་ཏུ་འགོད་དོ་།བརྩོན་འགྲུས་ལ་རབ་ཏུ་འགོད་དོ། །བསམ་གཏན་ལ་རབ་ཏུ་འགོད་དོ་།ཤེས་རབ་ལ་རབ་ཏུ་འགོད་དོ། །བསམ་གཏན་བཞི་ལ་རབ་ཏུ་འགོད་ [316A]༄༅། །དོ༑ ༑ཚད་མེད་པ་བཞི་ལ་རབ་ཏུ་འགོད་དོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་རབ་ཏུ་འགོད་དོ། །དྲན་པ་ཉེ་བར་གཞག་པ་བཞི་ལ་རབ་ཏུ་འགོད་དོ། །ཡང་ དག་པར་སྤོང་བ་བཞི་ལ་རབ་ཏུ་འགོད་དོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ལ་རབ་ཏུ་འགོད་དོ། །དབང་པོ་ལྔ་ལ་རབ་ཏུ་འགོད་དོ་།སྟོབས་ལྔ་ལ་རབ་ཏུ་འགོད་དོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ལ་རབ་ཏུ་ འགོད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་རབ་ཏུ་འགོད་དོ་།འཕགས་པའི་བདེན་པ་བཞི་ལ་རབ་ཏུ་འགོད་དོ། །རྣམ་པར་ཐར་པ་བརྒྱད་ལ་རབ་ཏུ་འགོད་དོ། །མཐར་གྱིས་གནས་ པའི་སྙོམས་པར་འཇུག་པ་དགུ་ལ་རབ་ཏུ་འགོད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ལ་རབ་ཏུ་འགོད་དོ། །མངོན་པར་ཤེས་པ་རྣམས་ལ་རབ་ ཏུ་འགོད་དོ། །ཏིང་ངེ་འཛིན་རྣམས་ལ་རབ་ཏུ་འགོད་དོ། །གཟུངས་ཀྱི་སྒོ་རྣམས་ལ་རབ་ཏུ་འགོད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་རབ་ཏུ་འགོད་དོ། །མི་འཇིགས་པ་བཞི་ལ་རབ་ ཏུ་འགོད་དོ། །སོ་སོ་ཡང་དག་པར་རིག་པ་བཞི་ལ་རབ་ཏུ་འགོད་དོ་།བྱམས་པ་ཆེན་པོ་ལ་རབ་ཏུ་འགོད་དོ། །སྙིང་རྗེ་ཆེན་པོ་ལ་རབ་ཏུ་འགོད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ ལ་རབ་ཏུ་འགོད་དོ། །ཡང་དག་པའི་སྐྱོན་མེད་པར་འཇུག་པར་བྱེད་དོ་།རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་བྱེད་དོ། །ལན་གཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་བྱེད་དོ། །ཕྱིར་མི་འོང་ [316B] །དགྲ་བཅོམ་པ་ཉིད་ཐོབ་པར་བྱེད་དོ། །རང་བྱང་ཆུབ་ཐོབ་པར་བྱེད་དོ། །རང་བྱང་ཆུབ་ཐོབ་པར་བྱེད་དོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ སྐུལ་བ་བྱེད་དོ། །ཀྱེ་སྐྱེས་བུ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་མངོན་པར་རྫོགས་པར་འཚང་རྒྱ་བར་མི་དཀའ་སྟེ། དེ་ལ་ཕྱིན་ཅི་ལོག་གིས་རྨོངས་པའི་སེམས་ཀྱིས་ཁོང་དུ་ མ་ཆུད་པ་མ་གཏོགས་པར་ཆོས་གང་ལ་སེམས་ཅན་རྣམས་ཆགས་པར་གྱུར་པའི་ཆོས་དེ་ལྟ་བུ་གང་ཡང་ངོ་བོ་ཉིད་ཀྱིས་ཡོད་པ་མེད་ཀྱི། དེ་ལྟ་བས་ན། ཕྱིན་ཅི་ལོག་གི་འཛིན་པ་ཐམས་ཅད་རྒྱུན་ ཆོད་ལ་འཁོར་བ་ལས་བདག་ཅག་ཀྱང་ཐར་པར་གྱིས་ཤིག་གཞན་ཡང་ཐར་པར་གྱིས་ཤིག་དེ་ལྟར་ན། ཁྱེད་བདག་ཅག་གི་དོན་དུའང་ཆེར་འགྱུར། གཞན་ཡང་དོན་ཆེན་པོ་ལ་འབྱོར་པར་འགྱུར་ རོ༑ ༑ཞེས་ཡང་དག་པར་སྐུལ་བ་བྱེད་དོ། །རབ་འབྱོར། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱ་སྟེ། དེ་ལྟར་སྤྱོད་པའི་ཚེ་ཅི་ནས་ཀྱང་ སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་ནམ་ཡང་ངན་སོང་དུ་མི་ལྟུང་བ་དང། ནམ་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོ་མི་བྱེད་པར་མི་འགྱུར་བ་དེ་ལྟར་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། ས་ བོན་ཇི་ལྟ་བ་བཞིན་དུ་འབྲས་བུ་འབྱུང་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་དེའི་དྲུང་དུ་སློངས་མོ་པ་གང་ཇི་སྙེད་ཅིག་འོངས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་འདི་སྙམ་དུ་སེམས་ཏེ། བདག་ [317A]༄༅། །གིས་སེམས་ཅན་རྣམས་ཀྱི་དོན་མ་གཏོགས་པར་གཞན་གྱི་དོན་དུ་འཁོར་ལོས་སྒྱུར་བ་ཡོངས་སུ་མ་བཟུང་ངོ། །ཞེས་ནས་དེ་འདི་སྐད་ཅེས་ཟེར་ཏེ། སུ་ཅི་འདོད་པ་དེ་ ཁྱེད་ལ་བྱིན་གྱི། འདི་ནི། ངའི་མ་ཡིན་གྱི། ཁྱེད་ཀྱིའོ། །ང་ནི། ནང་གི་གཟུགས་ལའང་དོན་དུ་གཉེར་བ་མེད་ན། གཞན་ལྟ་ལ་ཅི་སྨོས་ཏེ། གཞན་དུ་ན་ངས་སེམས་ཅན་རྣམས་ཀྱི་དོན་དུ་འཁོར་ བ་ཡོངས་སུ་བཟུང་གི་བདག་ནི། འཁོར་བ་དོན་དུ་གཉེར་བ་མ་ཡིན་ནོ། །ཞེས་ཏེ། དེ་སྙིང་བརྩེ་བས་སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་ཅིང། སྙིང་རྗེ་ཆེན་པོས་སེམས་ཅན་རྣམས་ཀྱི་ དོན་བྱེད་ཀྱང་སེམས་ཅན་གང་ཡོངས་སུ་གྲུབ་པ་དེ་ལྟ་བུ་མི་དམིགས་ཏེ། གཞན་དུ་ན་འདུ་ཤེས་དང། མིང་དང། བརྡའི་ཐ་སྙད་ཀྱིས་རྣམ་པར་སྤྱོད་དོ། །རྣམ་པར་སྤྱོད་པ་དེའང་སྒྲ་བརྙན་ལྟ་བུར་ རྣམ་པར་སྤྱད་དུ་མེད་པར་ཤེས་སོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱད་པར་ བྱ་སྟེ༑ སྤྱོད་པའི་ཚེ་ཅི་ནས་ཀྱང་བདག་གི་ཤ་ཡན་ཆད་ཀྱང་སེམས་ཅན་རྣམས་ལ་ཡོངས་སུ་མ་བཏང་བ་མེད་པར་བྱ་ན། ཕྱི་རོལ་གྱི་ཡོ་བྱད་གང་གིས་སེམས་ཅན་རྣམས་འཁོར་བ་ལས་ཡོངས་ སུ་ཐར་པར་བྱ་བ་དག་ལྟ་སྨོས་སུའང་མེད་པ་དེ་ལྟར་སྤྱད་པར་བྱའོ། །གསོལ་པ། ཡོ་བྱད་དེ་དག་གང་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ [317B] །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཡོ་བྱད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི། ཡོ་བྱད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཡོ་བྱད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་ ཡོ་བྱད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཡོ་བྱད་དོ་།ནང་སྟོང་པ་ཉིད་ནི། ཡོ་བྱད་དོ། །ཕྱི་སྟོང་པ་ཉིད་ནི། ཡོ་བྱད་དོ། །ཕྱི་ནང་སྟོང་པ་ཉིད་ནི། ཡོ་བྱད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ནི། ཡོ་བྱད་དོ། ། ཆེན་པོ་སྟོང་པ་ཉིད་ནི། ཡོ་བྱད་དོ། །དོན་དམ་པ་སྟོང་པ་ཉིད་ནི། ཡོ་བྱད་དོ། །འདུས་བྱས་སྟོང་པ་ཉིད་ནི། ཡོ་བྱད་དོ། །འདུས་མ་བྱས་སྟོང་པ་ཉིད་ནི། ཡོ་བྱད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ནི་ ཡོ་བྱད་དོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ནི། ཡོ་བྱད་དོ། །དོར་བ་མེད་པ་སྟོང་པ་ཉིད་ནི། ཡོ་བྱད་དོ། །རང་བཞིན་སྟོང་པ་ཉིད་ནི། ཡོ་བྱད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ནི་ཡོ་བྱད་དོ། །རང་ གི་མཚན་ཉིད་སྟོང་པ་ཉིད་ནི། ཡོ་བྱད་དོ། །མི་དམིགས་པ་སྟོང་པ་ཉིད་ནི། ཡོ་བྱད་དོ། །དངོས་པོ་མེད་པ་སྟོང་པ་ཉིད་ནི། ཡོ་བྱད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ནི། ཡོ་བྱད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་ སྟོང་པ་ཉིད་ནི། ཡོ་བྱད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ནི་ཡོ་བྱད་དོ། །ཡང་དག་པར་སྤོང་བ་རྣམས་ནི། ཡོ་བྱད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ནི། ཡོ་བྱད་དོ། །དབང་པོ་རྣམས་ནི། ཡོ་ བྱད་དོ། །སྟོབས་རྣམས་ནི། ཡོ་བྱད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ནི། ཡོ་བྱད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི། ཡོ་བྱད་དོ། །འཕགས་པའི་བདེན་པ་རྣམས་ནི། ཡོ་བྱད་དོ། ། [318A]༄༅། །བསམ་གཏན་རྣམས་ནི། ཡོ་བྱད་དོ། །ཚད་མེད་པ་རྣམས་ནི་ཡོ་བྱད་དོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ནི། ཡོ་བྱད་དོ། །རྣམ་པར་ཐར་པ་རྣམས་ནི་ ཡོ་བྱད་དོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ནི། ཡོ་བྱད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ནི། ཡོ་བྱད་དོ། །མངོན་ པར་ཤེས་པ་རྣམས་ནི། ཡོ་བྱད་དོ། །ཏིང་ངེ་འཛིན་རྣམས་ནི། ཡོ་བྱད་དོ། །གཟུངས་ཀྱི་སྒོ་རྣམས་ནི། ཡོ་བྱད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ནི། ཡོ་བྱད་དོ། །མི་འཇིགས་པ་ རྣམས་ནི། ཡོ་བྱད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ནི། ཡོ་བྱད་དོ། །བྱམས་པ་ཆེན་པོ་ནི། ཡོ་བྱད་དོ། །སྙིང་རྗེ་ཆེན་པོ་ནི། ཡོ་བྱད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི། ཡོ་ བྱད་དོ༑ ༑དེ་དག་ནི། ཡོ་བྱད་དེ། ཡོ་བྱད་དེ་དག་གིས་སེམས་ཅན་རྣམས་ཡོངས་སུ་བསྡུས་ཤིང་རིམ་གྱིས་ཉན་ཐོས་ཀྱི་ཐེག་པའམ་རང་སངས་རྒྱས་ཀྱི་ཐེག་པའམ། ཐེག་པ་ཆེན་པོའམ་ ཐེག་པ་གསུམ་པོ་དེ་དག་གིས་ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སྦྱིན་ པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྤྱད་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། །བམ་པོ་ཉིས་བརྒྱ་གོ་བཞི་པ། །རབ་ [318B] ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་ འབྱོར༑ འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་རྣམས་ལ་འདི་སྐད་དུ་ཚུར་ཤེག་རིགས་ཀྱི་བུ་དག་ཚུལ་ཁྲིམས་ སྲུངས་ཤིག་ངས་ཁྱེད་ལ་ཟས་དང། སྐོམ་དང། གོས་དང། བཞོན་པ་དང། མལ་ཆ་དང། མེ་ཏོག་དང། བདུག་སྤོས་དང། སྤོས་དང་ཕྲེང་བ་དང། བྱུག་པ་དང། ཁྱིམ་དང། ནོར་དང་ འབྲུ་དང། ནོར་བུ་དང། མུ་ཏིག་དང། བཻ་ཌཱུརྱ་དང། དུང་དང་མན་ཤེལ་དང། བྱུ་རུ་དང། གསེར་དང། དངུལ་དང། མིའི་རྐྱེན་དང། ཡོ་བྱད་གང་ཅིའང་རུང་བའི་བར་གྱིས་ཡོངས་པ་མེད་པར་ བྱའོ༑ ༑ཁྱེད་ཕོངས་པའི་ཕྱིར་ཚུལ་ཁྲིམས་ངན་པ་ལ་སྤྱོད་པར་གྱུར་གྲང་ན། ཁྱེད་ཟས་དང། སྐོམ་དང། གོས་དང། བཞོན་པ་དང། མལ་ཆ་དང། མེ་ཏོག་དང། བདུག་སྤོས་དང། སྤོས་དང་ ཕྲེང་བ་དང། བྱུག་པ་དང། ཁྱིམ་དང། ནོར་དང། འབྲུ་དང་ནོར་བུ་དང། མུ་ཏིག་དང། བཻ་ཌཱུརྱ་དང། དུང་དང། མན་ཤེལ་དང། བྱུ་རུ་དང། གསེར་དང། དངུལ་དང། མིའི་རྐྱེན་དང། ཡོ་བྱད་གང་ ཅིའང་རུང་སྟེ། རིན་པོ་ཆེ་སྣ་བདུན་གྱི་བར་གྱིས་ཕོངས་པ་མེད་པར་བྱའི། དེ་བས་ན། ཁྱེད་སྡོམ་པའི་ཚུལ་ཁྲིམས་ལ་མནོས་ལ་རིམ་གྱིས་ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ་ [319A]༄༅། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཐེག་པའམ། ཐེག་པ་གསུམ་པོ་དེ་དག་གིས་སྡུག་བསྔལ་གྱི་མཐར་ཕྱིན་པར་གྱིས་ཤིག་ཅེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་དེ་བདག་ཉིད་ཀྱང་ཚུལ་ཁྲིམས་སྲུང་ངོ། །གཞན་ཡང་ཚུལ་ཁྲིམས་ལ་སྦྱོར་རོ། །ཚུལ་ཁྲིམས་ཀྱི་ལེགས་པ་བརྗོད་དོ། །སེམས་ཅན་གཞན་གྲང་ཚུལ་ཁྲིམས་སྲུང་བ་དེ་དག་གིའང་ལེགས་ པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་དེ་ལྟར་ཚུལ་ཁྲིམས་ལ་སྦྱར་ཞིང་ཚུལ་ཁྲིམས་ལ་རབ་ཏུ་བཀོད་དེ་ རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཚུལ་ཁྲིམས་ ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ་།རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ སེམས་ཅན་གང་ཁྲོ་བ་དང། གནོད་སེམས་སུ་བྱེད་པ་དེ་དག་མཐོང་ན་དེ་དག་ལ་འདི་སྐད་ཅེས་ཟེར་རོ། །རིགས་ཀྱི་བུ་དག་ཁྱེད་ཅིའི་རྒྱུས་གནོད་སེམས་སུ་བྱེད་པར་གྱུར། གང་གིས་ཕོངས་ [319B]ཞིག་ངས་ཁྱེད་ཟས་དང། སྐོམ་དང། གོས་དང། བཞོན་པ་དང་མལ་ཆ་དང། མེ་ཏོག་དང། བདུག་སྤོས་དང། སྤོས་དང། ཕྲེང་བ་ དང། བྱུག་པ་དང། ཁྱིམ་དང། ནོར་དང། འབྲུ་དང། ནོར་བུ་དང་མུ་ཏིག་དང། བཻ་ཌཱུརྱ་དང། དུང་དང། མན་ཤེལ་དང། བྱུ་རུ་དང། གསེར་དང། དངུལ་དང། མིའི་རྐྱེན་དང། ཡོ་བྱད་གང་ཅིའང་ རུང་བའི་བར་གྱིས་ཕོངས་པ་མེད་པར་བྱའི། ཁྲོ་བ་དང། གནོད་སེམས་མེད་པར་གྱིས་ཤིག་ཅེས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ སེམས་ཅན་དེ་དག་བཟོད་པ་ལ་སྦྱོར་ཏེ། འདི་སྐད་དུ། གཅུགས་གང་གིས་ཁྱེད་ཀྱི་ཁྲོ་བ་སྐྱེ་བར་གྱུར་པ་དེ་ནི། སྙིང་པོ་མེད་པ་སྟེ་དེ་ལ་དངོས་པོ་གང་ཡང་མེད་དོ། །ཁྲོ་བ་དེ་ནི། ཡང་དག་པ་མ་ཡིན་པར་ ཡོངས་སུ་བརྟགས་པ་སྟེ། དངོས་པོ་གང་གི་ཕྱིར་ཁྱེད་འཐབ་ཅིང་འཁོན་ཏེ་གནོད་སེམས་སུ་བྱེད་པར་གྱུར་པ་དང། དེ་ལྟར་འཐབ་ཅིང་འཁོན་ཏེ་གནོད་སེམས་སུ་གྱུར་ནས་དབྱིག་པས་འགྱེད་ པ་དང། མཚོན་གྱིས་འདྲེ་བ་དང། ཕན་ཚུན་གྱི་སྲོག་ལ་རྒལ་བར་གྱུར་པའི་དངོས་པོ་དེ་ལ་དངོས་པོའི་རང་བཞིན་གང་ཡང་མེད་ན་དེ་ལྟ་ཡིན་ཡང་ཁྱེད་ཡང་དག་པ་མ་ཡིན་པ་ཡོངས་སུ་རྟོག་པས་འཁྲུགས་ན་ སེམས་ཅན་དམྱལ་བ་དག་ཏུ་ལྟུང་བར་འགྱུར། བྱོལ་སོང་གི་སྐྱེ་གནས་དག་ཏུ་ལྟུང་བར་འགྱུར། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་འགྱུར། དེ་མ་ཡིན་པའི་ངན་སོང་གཞན་དག་ཏུའང་ཁྱེད་སྡུག་བསྔལ་མི་ [320A]༄༅། །བཟད་པ་ཚ་ཞིང་རྩུབ་པ་ཡིད་དུ་མི་འོང་བའི་ཚོར་བ་ཉམས་སུ་མོང་བར་འགྱུར་གྱི། སྐྱེས་བུ་ཁྱེད་རྣམས་དངོས་པོ་མེད་པའི་ཆོས་ཀྱི་དོན་དུ་ལས་གང་ཡོངས་སུ་བཟུང་བས་ མིར་སྐྱེ་བའང་འཐོབ་པར་མི་འགྱུར་ན། སངས་རྒྱས་བྱུང་བ་དང་ཕྲད་པར་གྱུར་པ་ལྟ་སྨོས་སུའང་མེད་པ་དེ་ལྟ་བུའི་ལས་ཡོངས་སུ་མ་འཛིན་ཅིག་གྲོགས་པོ་དག་སངས་རྒྱས་འབྱུང་བ་ནི། དཀོན་ ནོ༑ ༑མིར་སྐྱེ་བ་འཐོབ་པ་ནི། དཀོན་ནོ། །དལ་བ་ཕུན་སུམ་ཚོགས་པ་ནི། དཀོན་ནོ། །འཁོར་བ་ལས་ཐར་པ་ནི། དཀོན་ནོ། །དེ་ལྟ་ཡིན་གྱི་དལ་བ་འདི་དོན་མེད་པར་མ་བྱ་ཞིག་མི་ཁོམ་པར་གྱུར་ ཅིང་གསོར་མི་རུང་བར་གྱུར་ཏ་རེ་ཞེས་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་ཉིད་ཀྱང་བཟོད་པ་སྒྲུབ་བོ། །གཞན་ཡང་བཟོད་པ་ལ་ཡང་དག་པར་སྐུལ་ལོ། །བཟོད་པའི་ལེགས་ པ་བརྗོད་དོ། །སེམས་ཅན་གཞན་གང་བཟོད་པ་སྒོམ་པ་དག་གིའང་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་ དེ་དག་དེ་ལྟར་བཟོད་པ་ལ་སྦྱར་ཞིང་བཟོད་པ་ལ་རབ་ཏུ་བཀོད་དེ་རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བཟོད་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ་།རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ [320B]ཅིང་སེམས་ཅན་རྣམས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་སེམས་ཅན་ལེ་ལོ་ཅན་བརྩོན་འགྲུས་ཆུང་བ་དག་མཐོང་ན། འདི་སྐད་དུ། ཁྱེད་ཅིའི་ཕྱིར་ལེ་ལོ་བྱེད་ཅེས་བརྗོད་དེ། དེ་དག་རྐྱེན་དང་མི་ལྡན་པའི་ཕྱིར་རོ་ཞེས་ཟེར་ན། དེ་ལ་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སེམས་ཅན་དེ་དག་ལ་འདི་སྐད་ཅེས་ཟེར་ཏེ། ཀྱེ་སྐྱེས་བུ་དག་ངས་སྦྱིན་པའི་རྐྱེན་ཏམ། ཚུལ་ཁྲིམས་ཀྱི་ རྐྱེན་ཏམ། བཟོད་པའི་རྐྱེན་ཏམ། གཞན་ཡང་རྣམ་པ་གང་དང་གང་གིས་བརྩོན་འགྲུས་བརྩམ་དུ་རུང་བ་དེ་དག་ཁྱེད་ལ་ངས་ཉེ་བར་བསྒྲུབ་པར་བྱའི། བརྩོན་འགྲུས་རྩོམས་ཤིག་ཅེས་ནས་ སེམས་ཅན་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་ཡོ་བྱད་ལ་སྤྱོད་ཅིང་ལུས་སམ་སེམས་ཀྱི་བརྩོན་འགྲུས་རྩོམ་སྟེ། དེ་དག་ལུས་དང་སེམས་ཀྱི་བརྩོན་འགྲུས་ཀྱིས་དགེ་བའི་ཆོས་ ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དེ། དགེ་བའི་ཆོས་དེ་དག་གིས་འཕགས་པ་ཟག་པ་མེད་པའི་ཆོས་རྣམས་སྒོམ་མོ། །དེ་དག་བསྒོམ་པས་རྒྱུན་དུ་ཞུགས་པའི་འབྲས་བུ་འཐོབ་བོ། །ལན་ གཅིག་ཕྱིར་འོང་བའི་འབྲས་བུ་འཐོབ་བོ། །ཕྱིར་མི་འོང་བའི་འབྲས་བུ་འཐོབ་བོ། །དགྲ་བཅོམ་པ་ཉིད་འཐོབ་བོ། །རང་བྱང་ཆུབ་འཐོབ་བོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་ [321A]༄༅། །པར་རྫོགས་པར་འཚང་རྒྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་ཉིད་ཀྱང་བརྩོན་འགྲུས་རྩོམ་མོ་།གཞན་ཡང་བརྩོན་འགྲུས་ལ་ཡང་དག་ པར་སྐུལ་ལོ། །བརྩོན་འགྲུས་ཀྱི་ལེགས་པ་བརྗོད་དོ། །སེམས་ཅན་གཞན་གང་བརྩོན་འགྲུས་རྩོམ་པ་དེ་དག་གིའང་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་དོ། །དེ་ལྟར་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སེམས་ཅན་དེ་དག་དེ་ལྟར་བརྩོན་འགྲུས་ལ་སྦྱར་ཞིང་བརྩོན་འགྲུས་ལ་རབ་ཏུ་བཀོད་དེ། རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་ ཟློ་སྟེ༑ རབ་འབྱོར། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་ པ་ཡིན་ནོ། །རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སེམས་ཅན་རྣམས་སྦྱོར་བ་ ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་གཡེངས་པར་གྱུར་པའི་སེམས་ཅན་དག་མཐོང་ན་འདི་སྐད་དུ། སེམས་ཅན་ཁྱེད་ཅིའི་ཕྱིར་བསམ་ གཏན་ལ་མཉམ་པར་མི་འཇོག་ཅེས་བརྗོད་དེ། དེ་དག་རྐྱེན་དང་མི་ལྡན་པའི་ཕྱིར་རོ། །ཞེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་ལ་འདི་སྐད་དུ་འདོམས་ [321B] ཀྱེ་སེམས་ཅན་དག་ངས་རྐྱེན་གང་དང་གང་གིས་ཕྱི་ནང་གི་ཆོས་ལ་རྣམ་པར་རྟག་པར་མི་འགྱུར་བ་དེ་ལྟ་བུའི་རྐྱེན་ཉེ་བར་བསྒྲུབ་པར་བྱའོ། །ཞེས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་དེ་སེམས་ཅན་དེ་དག་ལ་རྐྱེན་གང་དང་གང་ཉེ་བར་བསྒྲུབས་པས་རྣམ་པར་རྟོག་པར་མི་འགྱུར་བ་དེ་ལྟ་བུའི་རྐྱེན་ཉེ་བར་སྒྲུབ་སྟེ། དེའི་ཕྱིར་དེ་དག་རྣམ་པར་རྟོག་པ་ཆད་ནས་བསམ་གཏན་དང་པོ་ལ་ སྙོམས་པར་འཇུག་གོ་བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་གོ་།བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་གོ་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་གོ་བྱམས་པ་ལ་སྙོམས་ པར་འཇུག་གོ་སྙིང་རྗེ་ལ་སྙོམས་པར་འཇུག་གོ་དགའ་བ་ལ་སྙོམས་པར་འཇུག་གོ་བཏང་སྙོམས་ལ་སྙོམས་པར་འཇུག་གོ་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་སྙོམས་པར་ འཇུག་གོ་དེ་དག་བསམ་གཏན་དང། ཚད་མེད་པ་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་གིས་སེམས་དུལ་བར་གྱུར་པས། དྲན་པ་ཉེ་བར་གཞག་པ་བཞི་སྒོམ་མོ། །ཡང་དག་ པར་སྤོང་བ་བཞི་སྒོམ་མོ། །རྫུ་འཕྲུལ་གྱི་རྐང་པ་བཞི་སྒོམ་མོ། །དབང་པོ་ལྔ་སྒོམ་མོ། །སྟོབས་ལྔ་སྒོམ་མོ། །བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་མོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་ མོ༑ ༑རྣམ་པར་ཐར་པའི་སྒོ་གསུམ་སྒོམ་མོ། །དེ་དག་བསྒོམས་པས་རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་འདའ་སྟེ། དེ་ལ་ལ་ལ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ [322A]༄༅། །ཆུབ་ཀྱི་བར་དུ་བྱང་ཆུབ་ཀྱི་ལམ་ལས་ཡོངས་སུ་མི་ཉམས་ཏེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་གནས་ཤིང་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཤེས་རབ་འཆལ་པར་གྱུར་པའི་སེམས་ཅན་དག་མཐོང་ན་འདི་སྐད་དུ། སེམས་ཅན་ཁྱེད་ཅིའི་ཕྱིར་ཤེས་རབ་མི་སྒོམ་ཞེས་བརྗོད་ དེ༑ དེ་དག་རྐྱེན་དང་མི་ལྡན་པའི་ཕྱིར་རོ། །ཞེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་དེ་དག་ལ་འདི་སྐད་ དུ་འདེམས་ཏེ། ང་ལས་ཡོ་བྱད་རྣམས་ལོང་ལ་སྦྱིན་པ་བྱིན་ཅིག་།ཚུལ་ཁྲིམས་སྲུངས་ཤིག་བཟོད་པ་སྒོམས་ཤིག་བརྩོན་འགྲུས་རྩོམས་ཤིག།ཏིང་ངེ་འཛིན་ལ་མཉམ་པར་ གཞོག་ཅིག་རྣམ་པ་དེ་དག་ཡོངས་སུ་རྫོགས་པར་གྱིས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ལ་བདག་གམ། སེམས་ཅན་ནམ། སྲོག་གམ། འགྲོ་བའམ། གསོ་བའམ་ [322B] གང་ཟག་གམ། ཤེད་ཅན་ནམ། ཤེད་བདག་གམ་བྱེད་པ་པོའམ། ཚོར་བ་པོའམ། ཤེས་པ་པོའམ། མཐོང་བ་པོའམ་གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་ བྱེད་དམ། རྣམ་པར་ཤེས་པའམ། འདོད་པའི་ཁམས་སམ། གཟུགས་ཀྱི་ཁམས་སམ། གཟུགས་མེད་པའི་ཁམས་སམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ ཕྱིན་པའམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པའམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའམ། ནང་སྟོང་པ་ཉིད་དམ། ཕྱི་ སྟོང་པ་ཉིད་དམ། ཕྱི་ནང་སྟོང་པ་ཉིད་དམ། སྟོང་པ་ཉིད་སྟོང་པ་ཉིད་དམ། ཆེན་པོ་སྟོང་པ་ཉིད་དམ། དོན་དམ་པ་སྟོང་པ་ཉིད་དམ། འདུས་བྱས་སྟོང་པ་ཉིད་དམ། འདུས་མ་བྱས་སྟོང་པ་ཉིད་དམ། མཐའ་ ལས་འདས་པ་སྟོང་པ་ཉིད་དམ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དམ། དོར་བ་མེད་པ་སྟོང་པ་ཉིད་དམ། རང་བཞིན་སྟོང་པ་ཉིད་དམ། ཆོས་ཐམས་ཅད་སྟོང་པ་ཉིད་དམ། རང་གི་མཚན་ཉིད་སྟོང་ པ་ཉིད་དམ། མི་དམིགས་པ་སྟོང་པ་ཉིད་དམ། དངོས་པོ་མེད་པ་སྟོང་པ་ཉིད་དམ། ངོ་བོ་ཉིད་སྟོང་པ་ཉིད་དམ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམ། དྲན་པ་ཉེ་བར་གཞག་པ་རྣམས་སམ་ ཡང་དག་པར་སྤོང་བ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། དབང་པོ་རྣམས་སམ། སྟོབས་རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་ [323A]༄༅། །པའམ༑ འཕགས་པའི་བདེན་པ་རྣམས་སམ། བསམ་གཏན་རྣམས་སམ། ཚད་མེད་པ་རྣམས་སམ། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སམ་ རྣམ་པར་ཐར་པ་རྣམས་སམ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའམ། མངོན་ པར་ཤེས་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ། གཟུངས་ཀྱི་སྒོ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། མི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་ པ་རྣམས་སམ། བྱམས་པ་ཆེན་པོའམ། སྙིང་རྗེ་ཆེན་པོའམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སམ། རྒྱུན་དུ་ཞུགས་པའི་འབྲས་བུའམ། ལན་གཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་ མི་འོང་བའི་འབྲས་བུའམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་བམ། ལམ་གྱི་རྣམ་པ་ཤེས་པ་ཉིད་དམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བམ། ཆོས་གང་ཡང་ཡོད་དམ་ རྟོགས་ཤིག་ཅེས་འདེམས་ཤིང་རྗེས་སུ་སྟོན་ཏེ། དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཆོས་གང་ལ་དམིགས་པས་མངོན་པར་ཞེན་ པར་འགྱུར་བ་དེ་ལྟ་བུའི་ཆོས་གང་ཡང་མི་དམིགས་ཏེ། དེ་ལ་མངོན་པར་ཞེན་པ་མེད་པས་ཆོས་གང་ཡང་སྐྱེ་བའམ། འགག་པའམ། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བར་ཡང་དག་པར་ [323B] ཡང་དག་པར་རྗེས་སུ་མ་མཐོང་བས་འདི་ནི། སེམས་ཅན་དམྱལ་བ་པའོ། །འདི་ནི། བྱོལ་སོང་གི་སྐྱེ་གནས་པའོ། །འདི་ནི། གཤིན་རྗེའི་འཇིག་རྟེན་པའོ། །འདི་ནི། ལྷ་མ་ཡིན་གྱི་རིས་ སུ་གཏོགས་པའོ། །འདི་ནི། ལྷའོ། །འདི་ནི། མིའོ། །འདི་ནི། ཚུལ་ཁྲིམས་དང་ལྡན་པའོ། །འདི་ནི། ཚུལ་ཁྲིམས་ངན་པ་ཅན་ནོ། །འདི་ནི། རྒྱུན་དུ་ཞུགས་པའོ། །འདི་ནི། ལན་གཅིག་ཕྱིར་འོང་ བའོ༑ ༑འདི་ནི། ཕྱིར་མི་འོང་བའོ། །འདི་ནི། དགྲ་བཅོམ་པའོ། །འདི་ནི། རང་སངས་རྒྱས་སོ། །འདི་ནི། བྱང་ཆུབ་སེམས་དཔའོ། །འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་སོ། །ཞེས་བྱ་བར་རྣམ་པར་མི་རྟོག་སྟེ་རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་དྲན་པ་ ཉེ་བར་གཞག་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་ དག་གིས་ཡོངས་སུ་དྲིན་པའི་སེམས་ཅན་རྣམས་དྲན་པ་ཉེ་བར་གཞག་པ་བཞི་སྒོམ་མོ། །དྲན་པ་ཉེ་བར་གཞག་པ་དེ་དག་བསྒོམས་པས་འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར་ [324A]༄༅། །དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་དྲན་པ་ཉེ་བར་གཞག་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། ། རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཡང་དག་པར་སྤོང་བ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་ འབྱོར༑ འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དེ་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་ཡང་དག་ པར་སྤོང་བ་བཞི་སྒོམ་མོ། །ཡང་དག་པར་སྤོང་བ་རྣམས་བསྒོམས་པས་འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཡང་དག་པར་སྤོང་བ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་ པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་རྫུ་འཕྲུལ་གྱི་རྐང་པ་བཞི་སྒོམ་མོ་།རྫུ་འཕྲུལ་གྱི་རྐང་པ་རྣམས་བསྒོམས་པས་འཁོར་བ་ལས་ [324B] རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སེམས་ཅན་རྣམས་ སྦྱོར་བ་ཡིན་ནོ། །རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་དབང་པོ་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་ འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་དབང་པོ་ལྔ་སྒོམ་མོ། །དབང་པོ་ རྣམས་བསྒོམས་པས་འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་དབང་པོ་ལྔ་ལ་ སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། སྟོབས་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་ སྟོབས་ལྔ་སྒོམ་མོ། །སྟོབས་རྣམས་བསྒོམས་པས་འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ [325A]༄༅། །ཕྱིན་པ་ལ་གནས་ཤིང་སྟོབས་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་མོ་།བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམས་པས་འཁོར་བ་ ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་ སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། འཕགས་པའི་ལམ་ཡན་ལག་ བརྒྱད་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་ དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་འཕགས་པའི་ལམ་ཡན་ལག་བརྒྱད་བསྒོམ་མོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམས་པས་འཁོར་བ་ལས་ཡོངས་སུ་ཐར་ [325B] རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སེམས་ཅན་རྣམས་ སྦྱོར་བ་ཡིན་ནོ། །རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་དྲན་པ་ཉེ་བར་གཞག་པ་བཞི་ལ་སེམས་ཅན་རྣམས་ སྦྱོར་བ་ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ ཅན་རྣམས་དྲན་པ་ཉེ་བར་གཞག་པ་བཞི་སྒོམ་མོ། །དྲན་པ་ཉེ་བར་གཞག་པ་བཞི་བསྒོམས་པས་འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ་རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་དྲན་པ་ཉེ་བར་གཞག་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཡང་དག་པར་སྤོང་བ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་ཡང་དག་པར་སྤོང་བ་བཞི་སྒོམ་མོ། །ཡང་དག་པར་སྤོང་ [326A]༄༅། །བ་བཞི་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལ་གནས་ཤིང་ཡང་དག་པར་སྤོང་བ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལ་གནས་ཤིང་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་ བྱད་རྣམས་ཉེ་བར་བསྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་རྫུ་འཕྲུལ་གྱི་རྐང་པ་བཞི་སྒོམ་མོ། །རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམས་པས་འཁོར་བ་ལས་ ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སེམས་ ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་དབང་པོ་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་ [326B] །དབང་པོ་ལྔ་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་གནས་ཤིང་དབང་པོ་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ སྟོབས་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ ཡོངས་སུ་ཟིན་པའི་སེམས་ཅན་རྣམས་སྟོབས་ལྔ་སྒོམ་མོ། །སྟོབས་ལྔ་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སྟོབས་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་མོ། །བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམས་པས་འཁོར་བ་ལས་ཡོངས་ [327A]༄༅། །སུ་ཐར་བར་འགྱུར་ཏེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བྱང་ཆུབ་ཀྱི་ཡན་ལག་ བདུན་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་འཕགས་པའི་ལམ་ཡན་ ལག་བརྒྱད་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ ཡོངས་སུ་ཟིན་པའི་སེམས་ཅན་རྣམས་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་མོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམས་པས་འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ་ རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སེམས་ཅན་རྣམས་སྦྱོར་བ་ ཡིན་ནོ༑ ༑རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་དྲན་པ་ཉེ་བར་གཞག་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་དྲན་ [327B] །དྲན་པ་ཉེ་བར་གཞག་པ་བཞི་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། དྲན་པ་ཉེ་བར་གཞག་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་ པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཡང་དག་པར་སྤོང་བ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་ བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་ཡང་དག་པར་སྤོང་བ་བཞི་སྒོམ་མོ། །ཡང་དག་པར་སྤོང་བ་བཞི་བསྒོམས་པས་འཁོར་བ་ལས་ཡོངས་སུ་ ཐར་བར་འགྱུར་ཏེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཡང་དག་པར་སྤོང་བ་བཞི་ལ་སེམས་ཅན་རྣམས་སྦྱོར་ བ་ཡིན་ནོ། །རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན་ རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་རྫུ་འཕྲུལ་གྱི་རྐང་པ་ [328A]༄༅། །བཞི་སྒོམ་མོ། །རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམས་པས་འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་ པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་དབང་པོ་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་ རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་དབང་པོ་ལྔ་སྒོམ་མོ། །དབང་པོ་ལྔ་བསྒོམས་པས་འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར་ དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་དབང་པོ་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སྟོབས་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་སྟོབས་ལྔ་སྒོམ་མོ་།སྟོབས་ལྔ་བསྒོམས་པས། །འཁོར་བ་ལས་ [328B] རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སྟོབས་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ ཡིན་ནོ༑ ༑རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ ཞེ་ན༑ རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་བྱང་ ཆུབ་ཀྱི་ཡན་ལག་བདུན་སྒོམ་མོ། །བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་མོ། །འཕགས་པའི་ལམ་ཡན་ལག་ [329A]༄༅། །བརྒྱད་པ་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་ པ་ལ་གནས་ཤིང་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་གནས་ཤིང། དྲན་པ་ཉེ་བར་གཞག་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་དྲན་པ་ཉེ་བར་གཞག་པ་བཞི་སྒོམ་མོ་།དྲན་པ་ཉེ་བར་གཞག་པ་རྣམས་བསྒོམས་པས་ འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་དྲན་པ་ཉེ་བར་ གཞག་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ ཡང་དག་པར་སྤོང་བ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན་རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་ [329B] ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་ཡང་དག་པར་སྤོང་བ་བཞི་སྒོམ་མོ། །ཡང་དག་པར་སྤོང་བ་བཞི་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ ཏེ༑ རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཡང་དག་པར་སྤོང་བ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ ཡིན་ནོ༑ ༑རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སེམས་ཅན་རྣམས་སྦྱོར་ བ་ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ ཅན་རྣམས་རྫུ་འཕྲུལ་གྱི་རྐང་པ་བཞི་སྒོམ་མོ། །རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་དབང་པོ་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན་རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་ [330A]༄༅། །དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་དབང་པོ་ལྔ་སྒོམ་མོ། །དབང་པོ་ ལྔ་བསྒོམས་པས་འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ གནས་ཤིང་དབང་པོ་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ གནས་ཤིང་སྟོབས་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་ སྒྲུབ་སྟེ༑ ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་སྟོབས་ལྔ་སྒོམ་མོ། །སྟོབས་ལྔ་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར་ དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སྟོབས་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར། ཇི་ལྟར་ ན༑ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་ [330B] འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་བྱང་ཆུབ་ཀྱི་ཡན་ ལག་བདུན་སྒོམ་མོ། །བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་མོ། ། འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ [331A]༄༅། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་དྲན་པ་ཉེ་བར་གཞག་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་དྲན་པ་ཉེ་བར་གཞག་པ་བཞི་སྒོམ་མོ། །དྲན་པ་ཉེ་བར་གཞག་ པ་བཞི་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ ཤིང་དྲན་པ་ཉེ་བར་གཞག་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ ཤིང་ཡང་དག་པར་སྤོང་བ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ་ ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་ཡང་དག་པར་སྤོང་བ་བཞི་སྒོམ་མོ། །ཡང་དག་པར་སྤོང་བ་བཞི་བསྒོམས་པས་འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར་ དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཡང་དག་པར་སྤོང་བ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ [331B] བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་ འབྱོར༑ འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་རྫུ་འཕྲུལ་གྱི་ རྐང་པ་བཞི་སྒོམ་མོ། །རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམས་པས་འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་ གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་ གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་དབང་པོ་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་ རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་དབང་པོ་ལྔ་སྒོམ་མོ། །དབང་པོ་ལྔ་བསྒོམས་པས་འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར་ དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་དབང་པོ་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན། བྱང་ཆུབ་ [332A]༄༅། །སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སྟོབས་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར། འདི་ ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་སྟོབས་ལྔ་སྒོམ་མོ། ། སྟོབས་ལྔ་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ་རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་ པ་ལ་གནས་ཤིང་སྟོབས་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ་།རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ གནས་ཤིང་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་ བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་མོ། །བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམས་པས་འཁོར་བ་ལས་ཡོངས་སུ་ ཐར་བར་འགྱུར་ཏེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སེམས་ [332B] །རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སེམས་ ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་ སེམས་ཅན་རྣམས་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་མོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར་ དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། ། རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་དྲན་པ་ཉེ་བར་གཞག་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན་ རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་ སུ་ཟིན་པའི་སེམས་ཅན་རྣམས་དྲན་པ་ཉེ་བར་གཞག་པ་བཞི་སྒོམ་མོ་།དྲན་པ་ཉེ་བར་གཞག་པ་བཞི་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར། དེ་ལྟར་ན་ [333A]༄༅། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། དྲན་པ་ཉེ་བར་གཞག་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། ། རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཡང་དག་པར་སྤོང་བ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན་ རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་ སུ་ཟིན་པའི་སེམས་ཅན་རྣམས་ཡང་དག་པར་སྤོང་བ་བཞི་སྒོམ་མོ་།ཡང་དག་པར་སྤོང་བ་བཞི་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཡང་དག་པར་སྤོང་བ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར། ཇི་ལྟར་ན། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་དེ་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་ [333B] །རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་དབང་པོ་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ གནས་ཤིང་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་དབང་པོ་རྣམས་སྒོམ་མོ། །དབང་པོ་རྣམས་བསྒོམས་པས། འཁོར་བ་ལས་ ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་དབང་པོ་རྣམས་ལ་སེམས་ཅན་རྣམས་སྦྱོར་བ་ ཡིན་ནོ༑ ༑རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སྟོབས་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་ འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་ [334A]༄༅། །པའི་སེམས་ཅན་རྣམས་སྟོབས་ལྔ་སྒོམ་མོ། །སྟོབས་ལྔ་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སྟོབས་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་བྱང་ཆུབ་ཀྱི་ཡན་ལག་ བདུན་སྒོམ་མོ། །བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་གནས་ཤིང་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ [334B]སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་མོ། །འཕགས་པའི་ ལམ་ཡན་ལག་བརྒྱད་པ་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ གནས་ཤིང་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། །བམ་པོ་ཉིས་བརྒྱ་གོ་ལྔ་པ། །རབ་འབྱོར་ གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སེམས་ཅན་མགོན་མེད་པ། སྡུག་བསྔལ་བ། ཁ་ཟས་དང། གོས་ཀྱིས་ཕོངས་པ་དག་མཐོང་ན། འདི་ ལྟར་ཡོངས་སུ་སྦྱིན་པར་བྱེད་དེ། རིགས་ཀྱི་བུ་དག་ཁྱེད་ཚུར་ཤེག་།ང་ལས་ཟས་དང། སྒོམ་དང། གོས་དང། བཞོན་པ་དང། མལ་ཆ་དང། མེ་ཏོག་དང། བདུག་སྤོས་དང། སྤོས་དང། ཕྲེང་བ་ དང། བྱུག་པ་དང། ཁྱིམ་དང། ནོར་དང། འབྲུ་དང། ནོར་བུ་དང་མུ་ཏིག་དང། བཻ་ཌཱུརྱ་དང། དུང་དང། མན་ཤེལ་དང། བྱུ་རུ་དང། གསེར་དང། དངུལ་དང། མིའི་རྐྱེན་དང། ཡོ་བྱད་གང་ཅིའང་ རུང་བ་རིན་པོ་ཆེ་སྣ་བདུན་གྱི་བར་དུ་ལོང་ལ་སེམས་ཅན་རྣམས་ལ་ཕན་ཐོགས་ཤིག་དེ་ནི། ཁྱེད་ལ་ཡུན་རིང་པོར་དོན་དང། ཕན་པ་དང། བདེ་བར་འགྱུར་གྱིས། འདི་ལྟར་དོན་འདི་ནི། ཕ་རོལ་པོའི་ [335A]༄༅། །ཡིན་གྱི༑ བདག་གི་མ་ཡིན་ནོ། །སྙམ་བསམ་པར་བྱའོ། །དོན་འདི་ནི། བདག་གིས་ཡུན་རིང་པོ་ནས་སེམས་ཅན་རྣམས་ཀྱི་དོན་དུ་བསྒྲུབས་པ་ཡིན་ནོ། །ཞེས་དེ་ལྟར་ཁྱེད་ ཀྱིས་བདག་གི་ཡིན་པར་སོམས་ལ། སེམས་ཅན་རྣམས་ལ་ཡོངས་སུ་ཐོང་ཞིག་སྦྱིན་པ་དེས་ཀྱང་ཚུལ་ཁྲིམས་ལ་སྦྱོར་ཅིག་བཟོད་པ་ལ་སྦྱོར་ཅིག་བརྩོན་འགྲུས་ལ་སྦྱོར་ཅིག་བསམ་གཏན་ ལ་སྦྱོར་ཅིག་ཤེས་རབ་ལ་སྦྱོར་ཅིག་ནང་སྟོང་པ་ཉིད་ལ་སྦྱོར་ཅིག་ཕྱི་སྟོང་པ་ཉིད་ལ་སྦྱོར་ཅིག་ཕྱི་ནང་སྟོང་པ་ཉིད་ལ་སྦྱོར་ཅིག་སྟོང་པ་ཉིད་སྟོང་པ་ཉིད་ལ་སྦྱོར་ཅིག་ཆེན་པོ་སྟོང་པ་ཉིད་ལ་ སྦྱོར་ཅིག་དོན་དམ་པ་སྟོང་པ་ཉིད་ལ་སྦྱོར་ཅིག་འདུས་བྱས་སྟོང་པ་ཉིད་ལ་སྦྱོར་ཅིག་འདུས་མ་བྱས་སྟོང་པ་ཉིད་ལ་སྦྱོར་ཅིག་།མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྦྱོར་ཅིག་ཐོག་མ་དང་ཐ་ མ་མེད་པ་སྟོང་པ་ཉིད་ལ་སྦྱོར་ཅིག་དོར་བ་མེད་པ་སྟོང་པ་ཉིད་ལ་སྦྱོར་ཅིག་རང་བཞིན་སྟོང་པ་ཉིད་ལ་སྦྱོར་ཅིག་ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྦྱོར་ཅིག་རང་གི་མཚན་ཉིད་སྟོང་པ་ཉིད་ལ་ སྦྱོར་ཅིག་མི་དམིགས་པ་སྟོང་པ་ཉིད་ལ་སྦྱོར་ཅིག་དངོས་པོ་མེད་པ་སྟོང་པ་ཉིད་ལ་སྦྱོར་ཅིག་ངོ་བོ་ཉིད་སྟོང་པ་ཉིད་ལ་སྦྱོར་ཅིག་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྦྱོར་ཅིག་།དྲན་པ་ ཉེ་བར་གཞག་པ་རྣམས་ལ་སྦྱོར་ཅིག་ཡང་དག་པར་སྤོང་བ་རྣམས་ལ་སྦྱོར་ཅིག་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་སྦྱོར་ཅིག་དབང་པོ་རྣམས་ལ་སྦྱོར་ཅིག་སྟོབས་རྣམས་ལ་སྦྱོར་ཅིག་བྱང་ [335B]འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྦྱོར་ཅིག་འཕགས་པའི་བདེན་པ་རྣམས་ལ་སྦྱོར་ཅིག་བསམ་གཏན་རྣམས་ལ་སྦྱོར་ཅིག་ཚད་མེད་པ་རྣམས་ ལ་སྦྱོར་ཅིག་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་སྦྱོར་ཅིག་རྣམ་པར་ཐར་པ་བརྒྱད་ལ་སྦྱོར་ཅིག་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྦྱོར་ཅིག་རྣམ་པར་ཐར་ པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ལ་སྦྱོར་ཅིག་མངོན་པར་ཤེས་པ་རྣམས་ལ་སྦྱོར་ཅིག་ཏིང་ངེ་འཛིན་རྣམས་ལ་སྦྱོར་ཅིག་གཟུངས་ཀྱི་སྒོ་རྣམས་ལ་སྦྱོར་ཅིག་དེ་ བཞིན་གཤེགས་པའི་སྟོབས་བཅུ་ལ་སྦྱོར་ཅིག་མི་འཇིགས་པ་བཞི་ལ་སྦྱོར་ཅིག་སོ་སོ་ཡང་དག་པར་རིག་པ་བཞི་ལ་སྦྱོར་ཅིག་བྱམས་པ་ཆེན་པོ་ལ་སྦྱོར་ཅིག། སྙིང་རྗེ་ཆེན་པོ་ལ་སྦྱོར་ཅིག་ སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་སྦྱོར་ཅིག་དེ་ཙམ་གྱིས་དགའ་བར་མ་སེམས་པར་གོང་དུ་འཕགས་པའི་ཆོས་ཟག་པ་མེད་པ་རྣམས་ལ་ཁོད་ཅིག་འདི་ལྟ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ ཁོད་ཅིག་ལན་གཅིག་ཕྱིར་འོང་བའི་འབྲས་བུ་ལ་ཁོད་ཅིག་ཕྱིར་མི་འོང་བའི་འབྲས་བུ་ལ་ཁོད་ཅིག་དགྲ་བཅོམ་པ་ཉིད་ལ་ཁོད་ཅིག་།རང་བྱང་ཆུབ་ལ་ཁོད་ཅིག་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ལ་ཁོད་ཅིག་ཅེས་འདོམས་ཤིང་རྗེས་སུ་སྟོན་ཏོ། །རབ་འབྱོར། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་རྣམས་ [336A]༄༅། །ཡོངས་སུ་སྨིན་པར་བྱེད་དེ། དེ་ལྟར་ཡོངས་སུ་སྨིན་པར་བྱས་པའི་སེམས་ཅན་རྣམས་ངན་སོང་གསུམ་ལས་ཡོངས་སུ་ཐར་པ་ནས་འཁོར་བ་ཐམས་ཅད་ཀྱི་བར་ལས་ཡོངས་ སུ་ཐར་རོ། །རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ་སེམས་ཅན་ཚུལ་ཁྲིམས་ངན་པ་དག་མཐོང་ན། འདི་ལྟར་ཡོངས་ སུ་སྨིན་པར་བྱེད་དེ། རྐྱེན་གང་དང་མི་ལྡན་པས་ཁྱེད་ཚུལ་ཁྲིམས་ངན་པ་བྱེད་པར་གྱུར་པའི་རྐྱེན་དེ་དག་ངས་ཁྱེད་ལ་བཤུགས་ཀྱི། ཟས་དང། སྐོམ་དང། གོས་དང། བཞོན་པ་དང། མལ་ཆ་དང། མེ་ ཏོག་དང། བདུག་སྤོས་དང། སྤོས་དང། ཕྲེང་བ་དང། བྱུག་པ་དང། ཁྱིམ་དང། ནོར་དང། འབྲུ་དང། ནོར་བུ་དང། མུ་ཏིག་དང་བཻ་ཌཱུརྱ་དང། དུང་དང། མན་ཤེལ་དང། བྱུ་རུ་དང། གསེར་དང་ དངུལ་དང། མིའི་རྐྱེན་དང། ཡོ་བྱད་གང་ཅིའང་རུང་སྟེ། རིན་པོ་ཆེ་སྣ་བདུན་གྱི་བར་དུ་ལོང་ལ་སེམས་ཅན་རྣམས་ལ་ཕན་ཐོགས་ཤིག་ཅེས་འདོམས་ཤིང་རྗེས་སུ་སྟོན་ཏོ། །དེ་ཚུལ་ཁྲིམས་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་དེ་དག་ལ་ཕན་པ་དེ་ལྟ་བུས་ཕན་འདོགས་ཏེ། ཕན་པ་དེ་ལྟ་བུས་ཕན་བཏགས་པས། དེ་དག་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ ཤིང་གནས་ཏེ། དེ་དག་སྡོམ་པའི་ཚུལ་ཁྲིམས་མ་ཞིག་པ། མ་གོད་པ། མ་འདྲེས་པ། སྐྱོན་མེད་པ། མ་ཉམས་པ། རང་དབང་ཡོད་པ་མཁས་པས་བསྔགས་པ། ཤིན་ཏུ་རྫོགས་པའི་ཏིང་ [336B] སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས། བརྩོན་འགྲུས་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལ་གནས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། ནང་སྟོང་པ་ཉིད་ལ་གནས། ཕྱི་སྟོང་པ་ཉིད་ལ་གནས། ཕྱི་ནང་སྟོང་པ་ཉིད་ལ་ གནས༑ སྟོང་པ་ཉིད་སྟོང་པ་ཉིད་ལ་གནས། ཆེན་པོ་སྟོང་པ་ཉིད་ལ་གནས། དོན་དམ་པ་སྟོང་པ་ཉིད་ལ་གནས། འདུས་བྱས་སྟོང་པ་ཉིད་ལ་གནས། འདུས་མ་བྱས་སྟོང་པ་ཉིད་ལ་གནས། མཐའ་ ལས་འདས་པ་སྟོང་པ་ཉིད་ལ་གནས། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་གནས། དོར་བ་མེད་པ་སྟོང་པ་ཉིད་ལ་གནས། རང་བཞིན་སྟོང་པ་ཉིད་ལ་གནས། ཆོས་ཐམས་ཅད་སྟོང་པ་ཉིད་ལ་ གནས༑ རང་གི་མཚན་ཉིད་སྟོང་པ་ཉིད་ལ་གནས། མི་དམིགས་པ་སྟོང་པ་ཉིད་ལ་གནས། དངོས་པོ་མེད་པ་སྟོང་པ་ཉིད་ལ་གནས། ངོ་བོ་ཉིད་སྟོང་པ་ཉིད་ལ་གནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་ པ་ཉིད་ལ་གནས། དྲན་པ་ཉེ་བར་གཞག་པ་བཞི་ལ་གནས། ཡང་དག་པར་སྤོང་བ་བཞི་ལ་གནས། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་གནས་དབང་པོ་ལྔ་ལ་གནས། སྟོབས་ལྔ་ལ་གནས། བྱང་ཆུབ་ཀྱི་ ཡན་ལག་བདུན་ལ་གནས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་གནས་འཕགས་པའི་བདེན་པ་བཞི་ལ་གནས། བསམ་གཏན་བཞི་ལ་གནས། ཚད་མེད་པ་བཞི་ལ་གནས། གཟུགས་ [337A]༄༅། །མེད་པའི་སྙོམས་པར་འཇུག་པ་བཞི་ལ་གནས། རྣམ་པར་ཐར་པ་བརྒྱད་ལ་གནས། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་གནས། རྣམ་པར་ཐར་ པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ལ་གནས། མངོན་པར་ཤེས་པ་རྣམས་ལ་གནས། ཏིང་ངེ་འཛིན་རྣམས་ལ་གནས། གཟུངས་ཀྱི་སྒོ་རྣམས་ལ་གནས། དེ་བཞིན་ གཤེགས་པའི་སྟོབས་བཅུ་ལ་གནས། མི་འཇིགས་པ་བཞི་ལ་གནས། སོ་སོ་ཡང་དག་པར་རིག་པ་བཞི་ལ་གནས། བྱམས་པ་ཆེན་པོ་ལ་གནས་སྙིང་རྗེ་ཆེན་པོ་ལ་གནས། སངས་རྒྱས་ ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་གནས་ཤིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་པར་བྱེད་དོ། །རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་ པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་སེམས་འཁྲུགས་པ་དང། གནོད་སེམས་སུ་གྱུར་བ་དག་མཐོང་ན། འདི་ལྟར་ཡོངས་སུ་སྨིན་པར་བྱེད་དེ། རྐྱེན་གང་དང་མི་ལྡན་པས་ཁྱེད་ གནོད་སེམས་སུ་བྱེད་པར་གྱུར་བའི་རྐྱེན་དེ་དག་ངས་ཁྱད་ལ་བཤུགས་ཀྱིས། ཟས་དང། སྐོམ་དང། གོས་དང། བཞོན་པ་དང། མལ་ཆ་དང་མེ་ཏོག་དང། བདུག་སྤོས་དང། སྤོས་དང། ཕྲེང་བ་ དང། བྱུག་པ་དང། ཁྱིམ་དང། ནོར་དང། འབྲུ་དང། ནོར་བུ་དང་མུ་ཏིག་དང། བེ་ཌཱུརྱ་དང། དུང་དང། མན་ཤེལ་དང། བྱུ་རུ་དང། གསེར་དང། དངུལ་དང། མིའི་རྐྱེན་དང། ཡོ་བྱད་གང་ཅིའང་ [337B]བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་དེ་དག་ལ་ཕན་པ་དེ་ལྟ་བུས་ཕན་འདོགས་ཏེ། ཕན་པ་དེ་ལྟ་བུས་ཕན་བཏགས་པས་ དེ་དག་བཟོད་པ་སྒོམ་སྟེ་འཁྲུག་པ་མེད་པ་དང། གནོད་སེམས་མེད་པའི་སེམས་སུ་གྱུར་བ་དེ་དག་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས། ཚུལ་ ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། ནང་སྟོང་པ་ཉིད་ལ་གནས། ཕྱི་སྟོང་པ་ཉིད་ལ་གནས། ཕྱི་ནང་སྟོང་པ་ཉིད་ལ་གནས། སྟོང་པ་ཉིད་སྟོང་པ་ཉིད་ལ་གནས། ཆེན་པོ་སྟོང་པ་ཉིད་ལ་གནས། དོན་ དམ་པ་སྟོང་པ་ཉིད་ལ་གནས། འདུས་བྱས་སྟོང་པ་ཉིད་ལ་གནས་འདུས་མ་བྱས་སྟོང་པ་ཉིད་ལ་གནས། མཐའ་ལས་འདས་པ་སྟོང་པ་ཉིད་ལ་གནས། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་གནས་ དོར་བ་མེད་པ་སྟོང་པ་ཉིད་ལ་གནས། རང་བཞིན་སྟོང་པ་ཉིད་ལ་གནས། ཆོས་ཐམས་ཅད་སྟོང་པ་ཉིད་ལ་གནས། རང་གི་མཚན་ཉིད་སྟོང་པ་ཉིད་ལ་གནས། མི་དམིགས་པ་སྟོང་པ་ཉིད་ལ་གནས་ དངོས་པོ་མེད་པ་སྟོང་པ་ཉིད་ལ་གནས། ངོ་བོ་ཉིད་སྟོང་པ་ཉིད་ལ་གནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་གནས་དྲན་པ་ཉེ་བར་གཞག་པ་བཞི་ལ་གནས། ཡང་དག་པར་སྤོང་བ་བཞི་ལ་ [338A]༄༅། །གནས༑ རྫུ་འཕྲུལ་གྱི་རྐང་པ་བཞི་ལ་གནས། དབང་པོ་ལྔ་ལ་གནས། སྟོབས་ལྔ་ལ་གནས། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་གནས། འཕགས་པའི་ལམ་ཡན་ལག་ བརྒྱད་པ་ལ་གནས། འཕགས་པའི་བདེན་པ་རྣམས་ལ་གནས། བསམ་གཏན་རྣམས་ལ་གནས། ཚད་མེད་པ་རྣམས་ལ་གནས། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་གནས་ རྣམ་པར་ཐར་པ་བརྒྱད་ལ་གནས། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་གནས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང། སྨོན་པ་མེད་པ་ལ་ གནས༑ མངོན་པར་ཤེས་པ་རྣམས་ལ་གནས། ཏིང་ངེ་འཛིན་རྣམས་ལ་གནས། གཟུངས་ཀྱི་སྒོ་རྣམས་ལ་གནས། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་གནས། མི་འཇིགས་པ་བཞི་ལ་ གནས། སོ་སོ་ཡང་དག་པར་རིག་པ་བཞི་ལ་གནས། བྱམས་པ་ཆེན་པོ་ལ་གནས། སྙིང་རྗེ་ཆེན་པོ་ལ་གནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་གནས་ཤིང་རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་རྗེས་སུ་ཐོབ་པར་བྱེད་དོ། །རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་ལེ་ལོ་ཅན་བརྩོན་ འགྲུས་ཆུང་བ་དག་མཐོང་ན། འདི་ལྟར་ཡོངས་སུ་སྨིན་པར་བྱེད་དེ་རྐྱེན་གང་དང་མ་ལྡན་པས་ཁྱེད་ལེ་ལོ་བྱེད་པར་གྱུར་པའི་རྐྱེན་དེ་དག་ངས་ཁྱེད་ལ་བཤུགས་ཀྱི། ཟས་དང། སྐོམ་དང་ [338B] བཞོན་པ་དང། མལ་ཆ་དང། མེ་ཏོག་དང། བདུག་སྤོས་དང། སྤོས་དང། ཕྲེང་བ་དང། བྱུག་པ་དང། ཁྱིམ་དང་ནོར་དང། འབྲུ་དང། ནོར་བུ་དང། མེ་ཏོག་དང། བཻ་ཌཱུརྱ་དང་དུང་ དང། མན་ཤེལ་དང། བྱུ་རུ་དང། གསེར་དང། དངུལ་དང། མིའི་རྐྱེན་དང། ཡོ་བྱད་གང་ཅིའང་རུང་བ་རིན་པོ་ཆེ་སྣ་བདུན་གྱི་བར་དུ་ལོང་ཞིག་ཅེས་ནས་དེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ གནས་ཤིང་སེམས་ཅན་དེ་དག་ལ་ཕན་པ་དེ་ལྟ་བུས་ཕན་འདོགས་ཏེ་ཕན་པ་དེ་ལྟ་བུས་ཕན་བཏགས་པས། དེ་དག་བརྩོན་འགྲུས་རྩོམ་སྟེ་ལེ་ལོ་མེད་ཅིང་བརྩོན་འགྲུས་རྩོམ་པར་གྱུར་བ་དེ་ དག་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། ནང་སྟོང་པ་ཉིད་ལ་གནས། ཕྱི་སྟོང་པ་ཉིད་ ལ་གནས། ཕྱི་ནང་སྟོང་པ་ཉིད་ལ་གནས། སྟོང་པ་ཉིད་སྟོང་པ་ཉིད་ལ་གནས། ཆེན་པོ་སྟོང་པ་ཉིད་ལ་གནས། དོན་དམ་པ་སྟོང་པ་ཉིད་ལ་གནས། འདུས་བྱས་སྟོང་པ་ཉིད་ལ་གནས། འདུས་ མ་བྱས་སྟོང་པ་ཉིད་ལ་གནས། མཐའ་ལས་འདས་པ་སྟོང་པ་ཉིད་ལ་གནས། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་གནས། དོར་བ་མེད་པ་སྟོང་པ་ཉིད་ལ་གནས། རང་བཞིན་སྟོང་པ་ [339A]༄༅། །ཉིད་ལ་གནས། ཆོས་ཐམས་ཅད་སྟོང་པ་ཉིད་ལ་གནས་རང་གི་མཚན་ཉིད་སྟོང་པ་ཉིད་ལ་གནས། མི་དམིགས་པ་སྟོང་པ་ཉིད་ལ་གནས། དངོས་པོ་མེད་པ་ སྟོང་པ་ཉིད་ལ་གནས། ངོ་བོ་ཉིད་སྟོང་པ་ཉིད་ལ་གནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་གནས། དྲན་པ་ཉེ་བར་གཞག་པ་བཞི་ལ་གནས། ཡང་དག་པར་སྤོང་བ་བཞི་ལ་གནས་ རྫུ་འཕྲུལ་གྱི་རྐང་པ་བཞི་ལ་གནས། དབང་པོ་ལྔ་ལ་གནས་སྟོབས་ལྔ་ལ་གནས། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་གནས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་གནས། འཕགས་ པའི་བདེན་པ་རྣམས་ལ་གནས། བསམ་གཏན་རྣམས་ལ་གནས། ཚད་མེད་པ་རྣམས་ལ་གནས། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་གནས་རྣམ་པར་ཐར་པ་ བརྒྱད་ལ་གནས། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་གནས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ལ་གནས། མངོན་ པར་ཤེས་པ་རྣམས་ལ་གནས། ཏིང་ངེ་འཛིན་རྣམས་ལ་གནས། གཟུངས་ཀྱི་སྒོ་རྣམས་ལ་གནས། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་གནས། མི་འཇིགས་པ་བཞི་ལ་གནས། སོ་ སོ་ཡང་དག་པར་རིག་པ་བཞི་ལ་གནས། བྱམས་པ་ཆེན་པོ་ལ་གནས་སྙིང་རྗེ་ཆེན་པོ་ལ་གནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་གནས་ཤིང། རྣམ་པ་ཐམས་ཅད་མཁྱེན་པ་ [339B] །རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་སེམས་གཡེངས་པར་གྱུར་བ་ དག་མཐོང་ན། འདི་ལྟར་ཡོངས་སུ་སྨིན་པར་བྱེད་དོ། །རྐྱེན་གང་དང་མ་ལྡན་པས་ཁྱེད་སེམས་གཡེངས་པར་གྱུར་པའི་རྐྱེན་དེ་དག་ངས་ཁྱེད་ལ་བཤུགས་ཀྱི། ཟས་དང། སྐོམ་དང། གོས་དང་ བཞོན་པ་དང། མལ་ཆ་དང། མེ་ཏོག་དང། བདུག་སྤོས་དང། སྤོས་དང། ཕྲེང་བ་དང། བྱུག་པ་དང། ཁྱིམ་དང། ནོར་དང། འབྲུ་དང། ནོར་བུ་དང། མུ་ཏིག་དང། བཻ་ཌཱུརྱ་དང། དུང་དང། མན་ ཤེལ་དང། བྱུ་རུ་དང། གསེར་དང། དངུལ་དང། མིའི་རྐྱེན་དང་ཡོ་བྱད་གང་ཅིའང་རུང་བ་རིན་པོ་ཆེ་སྣ་བདུན་གྱི་བར་དུ་ལོང་ཞིག་ཅེས་ནས་དེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ ཤིང་སེམས་ཅན་དེ་དག་ལ་ཕན་པ་དེ་ལྟ་བུས་ཕན་འདོགས་ཏེ། ཕན་པ་དེ་ལྟ་བུས་ཕན་བཏགས་པས་དེ་དག་བསམ་གཏན་སྒོམ་སྟེ། སེམས་གཡེང་བ་མེད་ཅིང་མཉམ་པར་བཞག་པར་གྱུར་པ་དེ་ དག་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས། བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། ནང་སྟོང་པ་ཉིད་ལ་གནས། ཕྱི་སྟོང་པ་ཉིད་ལ་གནས། ཕྱི་ [340A]༄༅། །ནང་སྟོང་པ་ཉིད་ལ་གནས། སྟོང་པ་ཉིད་སྟོང་པ་ཉིད་ལ་གནས། ཆེན་པོ་སྟོང་པ་ཉིད་ལ་གནས། དོན་དམ་པ་སྟོང་པ་ཉིད་ལ་གནས། འདུས་བྱས་སྟོང་པ་ཉིད་ལ་ གནས༑ འདུས་མ་བྱས་སྟོང་པ་ཉིད་ལ་གནས། མཐའ་ལས་འདས་པ་སྟོང་པ་ཉིད་ལ་གནས། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་གནས། དོར་བ་མེད་པ་སྟོང་པ་ཉིད་ལ་གནས། རང་བཞིན་ སྟོང་པ་ཉིད་ལ་གནས། ཆོས་ཐམས་ཅད་སྟོང་པ་ཉིད་ལ་གནས། རང་གི་མཚན་ཉིད་སྟོང་པ་ཉིད་ལ་གནས། མི་དམིགས་པ་སྟོང་པ་ཉིད་ལ་གནས། དངོས་པོ་མེད་པ་སྟོང་པ་ཉིད་ལ་གནས་ ངོ་བོ་ཉིད་སྟོང་པ་ཉིད་ལ་གནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་གནས། དྲན་པ་ཉེ་བར་གཞག་པ་རྣམས་ལ་གནས་ཡང་དག་པར་སྤོང་བ་རྣམས་ལ་གནས། རྫུ་འཕྲུལ་གྱི་རྐང་པ་ རྣམས་ལ་གནས། དབང་པོ་རྣམས་ལ་གནས། སྟོབས་རྣམས་ལ་གནས། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་གནས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་གནས། འཕགས་པའི་ བདེན་པ་རྣམས་ལ་གནས། བསམ་གཏན་རྣམས་ལ་གནས། ཚད་མེད་པ་རྣམས་ལ་གནས། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་གནས། རྣམ་པར་ཐར་པ་བརྒྱད་ལ་གནས་ མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་གནས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ལ་གནས། མངོན་པར་ཤེས་པ་རྣམས་ལ་གནས་ [340B] གཟུངས་ཀྱི་སྒོ་རྣམས་ལ་གནས་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་གནས། མི་འཇིགས་པ་བཞི་ལ་གནས་སོ་སོ་ཡང་དག་པར་རིག་པ་བཞི་ལ་གནས། བྱམས་ པ་ཆེན་པོ་ལ་གནས། སྙིང་རྗེ་ཆེན་པོ་ལ་གནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་གནས་ཤིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་པར་བྱེད་དེ། རབ་འབྱོར། དེ་ལྟར་ན་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ། དེ་ལྟར་ཡོངས་སུ་སྨིན་པར་བྱས་པ་རྣམས་ངན་སོང་གསུམ་ ལས་ཡོངས་སུ་ཐར་བ་ནས་འཁོར་བ་ཐམས་ཅད་ཀྱི་བར་ལས་ཡོངས་སུ་ཐར་རོ། །རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ སེམས་ཅན་ཤེས་རབ་འཆལ་བར་གྱུར་བ་བློ་ཆུང་བ་དག་མཐོང་ན་འདི་ལྟར་ཡོངས་སུ་སྨིན་པར་བྱེད་དེ། རྐྱེན་གང་དང་མ་ལྡན་པས་ཁྱེད་ཤེས་རབ་འཆལ་བར་གྱུར་པའི་རྐྱེན་དེ་དག་ངས་ཁྱེད་ལ་ བཤུགས་ཀྱི། ཟས་དང། སྐོམ་དང། གོས་དང། བཞོན་པ་དང། མལ་ཆ་དང། མེ་ཏོག་དང། བདུག་སྤོས་དང། སྤོས་དང། ཕྲེང་བ་དང་བྱུག་པ་དང། ཁྱིམ་དང། ནོར་དང། འབྲུ་དང། ནོར་བུ་དང། མུ་ཏིག་ དང། བཻ་ཌཱུརྱ་དང། དུང་དང། མན་ཤེལ་དང། བྱུ་རུ་དང་གསེར་དང། དངུལ་དང། མིའི་རྐྱེན་དང། ཡོ་བྱད་གང་ཅིའང་རུང་བ་རིན་པོ་ཆེ་སྔ་བདུན་གྱི་བར་དུ་ལོང་ཞིག་ཅེས་ནས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ [341A]༄༅། །པ་ལ་གནས་ཤིང་སེམས་ཅན་དེ་དག་ལ་ཕན་པ་དེ་ལྟ་བུས་ཕན་འདོགས་ཏེ། ཕན་པ་དེ་ལྟ་བུས་ཕན་བཏགས་པས། རྨོངས་པ་མེད་ཅིང། ཤེས་རབ་དང་ལྡན་པར་གྱུར་པ་དེ་དག་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལ་གནས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས། ནང་སྟོང་པ་ཉིད་ལ་གནས། ཕྱི་སྟོང་པ་ཉིད་ལ་གནས། ཕྱི་ནང་སྟོང་པ་ཉིད་ལ་གནས། སྟོང་པ་ཉིད་སྟོང་པ་ཉིད་ལ་གནས། ཆེན་པོ་སྟོང་པ་ཉིད་ལ་གནས། དོན་ དམ་པ་སྟོང་པ་ཉིད་ལ་གནས། འདུས་བྱས་སྟོང་པ་ཉིད་ལ་གནས་འདུས་མ་བྱས་སྟོང་པ་ཉིད་ལ་གནས། མཐའ་ལས་འདས་པ་སྟོང་པ་ཉིད་ལ་གནས། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་གནས་དོར་ བ་མེད་པ་སྟོང་པ་ཉིད་ལ་གནས། རང་བཞིན་སྟོང་པ་ཉིད་ལ་གནས། ཆོས་ཐམས་ཅད་སྟོང་པ་ཉིད་ལ་གནས། རང་གི་མཚན་ཉིད་སྟོང་པ་ཉིད་ལ་གནས། མི་དམིགས་པ་སྟོང་པ་ཉིད་ལ་གནས་ དངོས་པོ་མེད་པ་སྟོང་པ་ཉིད་ལ་གནས། ངོ་བོ་ཉིད་སྟོང་པ་ཉིད་ལ་གནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་གནས་དྲན་པ་ཉེ་བར་གཞག་པ་རྣམས་ལ་གནས། ཡང་དག་པར་སྤོང་བ་རྣམས་ ལ་གནས། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་གནས། དབང་པོ་རྣམས་ལ་གནས། སྟོབས་རྣམས་ལ་གནས། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་གནས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་ [341B] འཕགས་པའི་བདེན་པ་རྣམས་ལ་གནས། བསམ་གཏན་རྣམས་ལ་གནས། ཚད་མེད་པ་རྣམས་ལ་གནས། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་གནས། རྣམ་པར་ ཐར་པ་བརྒྱད་ལ་གནས། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་གནས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ལ་གནས་ མངོན་པར་ཤེས་པ་རྣམས་ལ་གནས། ཏིང་ངེ་འཛིན་རྣམས་ལ་གནས་གཟུངས་ཀྱི་སྒོ་རྣམས་ལ་གནས། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་གནས། མི་འཇིགས་པ་བཞི་ལ་ གནས༑ སོ་སོ་ཡང་དག་པར་རིག་པ་བཞི་ལ་གནས། བྱམས་པ་ཆེན་པོ་ལ་གནས། སྙིང་རྗེ་ཆེན་པོ་ལ་གནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་གནས་ཤིང་རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་རྗེས་སུ་ཐོབ་པར་བྱེད་དེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་ བྱེད་དེ༑ དེ་ལྟར་ཡོངས་སུ་སྨིན་པར་བྱས་པ་རྣམས་ངན་སོང་གསུམ་ལས་ཡོངས་སུ་ཐར་བ་ནས་འཁོར་བ་ཐམས་ཅད་ཀྱི་བར་ལས་ཡོངས་སུ་ཐར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ བརྒྱ་པ་ལས། །ལེའུ་དྲུག་ཅུ་རྩ་དྲུག་པའོ།། །།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་འདི་སྙམ་དུ་གྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟ་བུའི་གོ་ཆ་ [342A]༄༅། །བགོ་བར་བྱ་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་ཇི་ལྟ་བུ་ཞིག་ཡོད་སྙམ་པ་དང། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ རབ་འབྱོར་གྱི་སེམས་ཀྱི་ཡོངས་སུ་རྟོག་པ་ཐུགས་སུ་ཆུད་ནས་ཚེ་དང་ལྡན་པ་རབ་འབྱོར་བ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ་།རབ་འབྱོར། བཟོད་པའི་ཕ་རོལ་ཏུ་ཕྱིན་ པ་ནི༑ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་ འབྱོར༑ བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོའི་ལམ་མོ། །རབ་འབྱོར། ནང་སྟོང་པ་ཉིད་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར། ཕྱི་སྟོང་པ་ཉིད་ནི། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོའི་ལམ་མོ། །རབ་འབྱོར། ཕྱི་ནང་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར་སྟོང་པ་ཉིད་སྟོང་པ་ཉིད་ནི། བྱང་ཆུབ་སེམས་ [342B] །རབ་འབྱོར། ཆེན་པོ་སྟོང་པ་ཉིད་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར། དོན་དམ་པ་སྟོང་པ་ཉིད་ནི། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར། འདུས་བྱས་སྟོང་པ་ཉིད་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར། འདུས་མ་བྱས་སྟོང་པ་ཉིད་ནི། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར། མཐའ་ལས་འདས་པ་སྟོང་པ་ཉིད་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར། ཐོག་མ་དང་ ཐ་མ་མེད་པ་སྟོང་པ་ཉིད་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར། དོར་བ་མེད་པ་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་ འབྱོར༑ རང་བཞིན་སྟོང་པ་ཉིད་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར། ཆོས་ཐམས་ཅད་སྟོང་པ་ཉིད་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ ལམ་མོ༑ ༑རབ་འབྱོར། རང་གི་མཚན་ཉིད་སྟོང་པ་ཉིད་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར། མི་དམིགས་པ་སྟོང་པ་ཉིད་ནི། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོའི་ལམ་མོ། །རབ་འབྱོར། དངོས་པོ་མེད་པ་སྟོང་པ་ཉིད་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར་ངོ་བོ་ཉིད་སྟོང་པ་ཉིད་ནི། བྱང་ཆུབ་སེམས་དཔའ་ [343A]༄༅། །སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར། དྲན་པ་ ཉེ་བར་གཞག་པ་བཞི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར། ཡང་དག་པར་སྤོང་བ་བཞི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། ། རབ་འབྱོར། རྫུ་འཕྲུལ་གྱི་རྐང་པ་བཞི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར། དབང་པོ་ལྔ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། ། རབ་འབྱོར། སྟོབས་ལྔ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར། བྱང་ཆུབ་ཀྱི་ཡན་ལག་བདུན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་ མོ༑ ༑རབ་འབྱོར། འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར། འཕགས་པའི་བདེན་པ་བཞི་ནི། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར། བསམ་གཏན་བཞི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར། ཚད་མེད་པ་བཞི་ནི། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར། རྣམ་པར་ [343B] བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་ མོ༑ ༑རབ་འབྱོར། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར། མངོན་པར་ཤེས་པ་ རྣམས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར། ཏིང་ངེ་འཛིན་རྣམས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར། གཟུངས་ ཀྱི་སྒོ་རྣམས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར། དེ་བཞིན་གཤེགས་པའི་སྟོབས་བཅུ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། ། རབ་འབྱོར། མི་འཇིགས་པ་བཞི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར། སོ་སོ་ཡང་དག་པར་རིག་པ་བཞི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོའི་ལམ་མོ། །རབ་འབྱོར། བྱམས་པ་ཆེན་པོ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར། སྙིང་རྗེ་ཆེན་པོ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོའི་ལམ་མོ། །རབ་འབྱོར། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ་།རབ་འབྱོར། གཞན་ཡང་ཆོས་ཐམས་ཅད་ [344A]༄༅། །ནི༑ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ་།རབ་འབྱོར། དེ་ཇི་སྙམ་དུ་སེམས། ཆོས་གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ བསླབ་པར་མི་བྱ་བ་དང། གང་ལམ་བསླབས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དེ་ལྟ་བུའི་ཆོས་གང་ཡང་ཡོད་དམ། རབ་ འབྱོར༑ གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་མི་བྱ་བ་དེ་ལྟ་བུའི་ཆོས་གང་ཡང་མེད་དེ། ཆོས་ཐམས་ཅད་ལ་མ་བསླབས་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོས་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་ནུས་སོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། གལ་ཏེ་ཆོས་ཐམས་ཅད་སྟོང་པ་ལགས་ན་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ལ་ཇི་ལྟར་བསླབ་པར་བགྱི་སྟེ། བཅོམ་ལྡན་འདས། འདི་སྙེད་དོ། །ཞེས་བགྱི་བའམ། འདི་དག་གོ། །ཞེས་བགྱི་ བའམ༑ འཇིག་རྟེན་པའི་ཆོས་ནི། འདི་དག་གོ་འཇིག་རྟེན་ལས་འདས་པའི་ཆོས་ནི། འདི་དག་གོ་ཟག་པ་དང་བཅས་པའི་ཆོས་ནི། འདི་དག་གོ་ཟག་པ་མེད་པའི་ཆོས་ནི། འདི་ དག་གོ་འདུས་བྱས་ཀྱི་ཆོས་ནི། འདི་དག་གོ་འདུས་མ་བྱས་ཀྱི་ཆོས་ནི། འདི་དག་གོ་སོ་སོའི་སྐྱེ་བོའི་ཆོས་ནི། འདི་དག་གོ་རྒྱུན་དུ་ཞུགས་པའི་ཆོས་ནི། འདི་དག་གོ་ལན་ [344B] འདི་དག་གོ་ཕྱིར་མི་འོང་བའི་ཆོས་ནི། འདི་དག་གོ་དགྲ་བཅོམ་པའི་ཆོས་ནི། འདི་དག་གོ་།རང་སངས་རྒྱས་ཀྱི་ཆོས་ནི། འདི་དག་གོ་བྱང་ཆུབ་སེམས་དཔའི་ ཆོས་ནི༑ འདི་དག་གོ་སངས་རྒྱས་ཀྱི་ཆོས་ནི། འདི་དག་གོ་ཞེས་བགྱི་བ་ནི། སྤྲོས་པ་མ་མཆིས་པ་འཕྲོ་བར་བགྱིད་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་དེ་བཞིན་ནོ། ། དེ་དེ་བཞིན་ཏེ། ཆོས་ཐམས་ཅད་ནི། སྟོང་པའོ། །རབ་འབྱོར། གལ་ཏེ་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པ་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་ཆོས་ཐམས་ཅད་ ལ་བསླབས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར། ཆོས་ཐམས་ཅད་སྟོང་པས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོའང་ཆོས་ཐམས་ཅད་ལ་བསླབས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར། ཁྱོད་ཀྱིས་གཞན་ཡང་གང་འདི་ སྐད་དུ་གལ་ཏེ་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་སྙེད་དོ། །ཞེས་བྱ་བའམ་འདི་དག་གོ། །ཞེས་བྱ་བ་དང། འཇིག་རྟེན་པའི་ཆོས་ ནི༑ འདི་དག་གོ་འཇིག་རྟེན་ལས་འདས་པའི་ཆོས་ནི། འདི་དག་གོ་ཟག་པ་དང་བཅས་པའི་ཆོས་ནི། འདི་དག་གོ་ཟག་པ་མེད་པའི་ཆོས་ནི་འདི་དག་གོ་འདུས་བྱས་ཀྱི་ཆོས་ནི། འདི་ [345A]༄༅། །དག་གོ་འདུས་མ་བྱས་ཀྱི་ཆོས་ནི། འདི་དག་གོ་སོ་སོའི་སྐྱེ་བའི་ཆོས་ནི། འདི་དག་གོ་རྒྱུན་དུ་ཞུགས་པའི་ཆོས་ནི། འདི་དག་གོ་ལན་གཅིག་ཕྱིར་འོང་བའི་ ཆོས་ནི། འདི་དག་གོ་ཕྱིར་མི་འོང་བའི་ཆོས་ནི། འདི་དག་གོ་དགྲ་བཅོམ་པའི་ཆོས་ནི། འདི་དག་གོ་རང་སངས་རྒྱས་ཀྱི་ཆོས་ནི། འདི་དག་གོ་བྱང་ཆུབ་སེམས་དཔའ་ཆོས་ནི། འདི་དག་ གོ་སངས་རྒྱས་ཀྱི་ཆོས་ནི། འདི་དག་གོ། །ཞེས་བྱ་བར་ཆོས་རྣམ་པར་དབྱེ་བར་འགྱུར་ཞེས་བྱ་བ་ནི། རབ་འབྱོར། ཅི་སེམས་ཅན་འདི་དག་གིས་དེ་ལྟར་ཆོས་ཐམས་ཅད་སྟོང་ངོ། །ཞེས་བྱ་ བར་ཤེས་སམ། གལ་ཏེ་ཤེས་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་ཆོས་ཐམས་ཅད་ལ་བསླབས་ཤིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་བྱེད་དེ། རབ་ འབྱོར༑ སེམས་ཅན་འདི་དག་ཆོས་ཐམས་ཅད་སྟོང་ངོ། །ཞེས་བྱ་བར་མི་ཤེས་པས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་རྣམ་པར་དགོད་པ་བྱས་ཤིང་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རབ་འབྱོར། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ བྱང་ཆུབ་ཀྱི་ལམ་ལ་སྤྱོད་པས། ཐོག་མ་ཉིད་དུ་འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། མངོན་པར་འདུ་བྱ་བ་མ་གཏོགས་པར་འདི་ལ་ཆོས་གང་ཡང་ངོ་བོ་ཉིད་ཀྱིས་དམིགས་སུ་མེད་ [345B] ༑ཞེས་བྱ་བར་ཡོངས་སུ་བརྟག་པར་བྱའོ། །དེ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ལ་དེ་ལྟར་རྟོག་པས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའམ། བཟོད་པའི་ཕ་ རོལ་ཏུ་ཕྱིན་པའམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱི་པའམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའམ། ནང་སྟོང་པ་ཉིད་དམ། ཕྱི་སྟོང་པ་ཉིད་དམ། ཕྱི་ནང་ སྟོང་པ་ཉིད་དམ། སྟོང་པ་ཉིད་སྟོང་པ་ཉིད་དམ། ཆེན་པོ་སྟོང་པ་ཉིད་དམ། དོན་དམ་པ་སྟོང་པ་ཉིད་དམ། འདུས་བྱས་སྟོང་པ་ཉིད་དམ། འདུས་མ་བྱས་སྟོང་པ་ཉིད་དམ། མཐའ་ལས་འདས་པ་ སྟོང་པ་ཉིད་དམ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དམ་དོར་བ་མེད་པ་སྟོང་པ་ཉིད་དམ། རང་བཞིན་སྟོང་པ་ཉིད་དམ་ཆོས་ཐམས་ཅད་སྟོང་པ་ཉིད་དམ། རང་གི་མཚན་ཉིད་སྟོང་པ་ཉིད་ དམ༑ མི་དམིགས་པ་སྟོང་པ་ཉིད་དམ། དངོས་པོ་མེད་པ་སྟོང་པ་ཉིད་དམ། ངོ་བོ་ཉིད་སྟོང་པ་ཉིད་དམ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམ། དྲན་པ་ཉེ་བར་གཞག་པ་བྮིའམ། ཡང་ དག་པར་སྤོང་བ་བྮིའམ། རྫུ་འཕྲུལ་གྱི་རྐང་པ་བྮིའམ། དབང་པོ་ལྔའམ། སྟོབས་ལྔའམ། བྱང་ཆུབ་ཀྱི་ཡན་ལག་བདུན་ནམ་འཕགས་པའི་ལམ་ཡན་ལག་བརྒྱད་པའམ། འཕགས་ པའི་བདེན་པ་བྮིའམ། བསམ་གཏན་བྮིའམ། ཚད་མེད་པ་བྮིའམ་གཟུགས་མེད་པའི་སྙོམས་པར་འཇུག་པ་བྮིའམ། རྣམ་པར་ཐར་པ་བརྒྱད་དམ། མཐར་གྱིས་གནས་པའི་ [346A]༄༅། །སྙོམས་པར་འཇུག་པ་དྒུའམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའམ། མངོན་པར་ཤེས་པ་རྣམས་སམ། ཏིང་ངེ་འཛིན་ རྣམས་སམ། གཟུངས་ཀྱི་སྒོ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་བྕུའམ། མི་འཇིགས་པ་བྮིའམ། སོ་སོ་ཡང་དག་པར་རིག་པ་བྮིའམ་བྱམས་པ་ཆེན་པོའམ། སྙིང་ རྗེ་ཆེན་པོའམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དམ་རྒྱུན་དུ་ཞུགས་པའི་འབྲས་བུའམ། ལན་གཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུའམ་ དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་བམ། ལམ་གྱི་རྣམ་པ་ཤེས་པ་ཉིད་དམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བམ། ཆོས་གང་ལའང་མངོན་པར་ཆགས་པར་ མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་ཆོས་ཐམས་ཅད་ནི། ངོ་བོ་ཉིད་ཀྱིས་ཆོས་ཐམས་ཅད་ཀྱིས་སྟོང་སྟེ། སྟོང་པ་ཉིད་ནི། སྟོང་པ་ཉིད་ལ་མངོན་པར་ཞེན་པར་མི་འགྱུར་རོ། ། སྟོང་པ་ཉིད་ཀྱང་དམིགས་སུ་མེད་ན། གང་སྟོང་པ་ཉིད་ལ་མངོན་པར་ཞེན་པར་འགྱུར་བ་ལྟ་ཅི་སྨོས་ཏེ། རབ་འབྱོར། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ ཐམས་ཅད་ལ་མངོན་པར་ཞེན་པ་མེད་པར་ཆོས་ཐམས་ཅད་ཀྱིས་རྣམ་པར་སྤྱོད་དོ། །དེ་བསླབ་པ་འདི་ལ་གནས་ཤིང་སེམས་ཅན་འདི་དག་ཅི་ལ་སྤྱོད་ཅེས་སེམས་ཅན་གྱི་སྤྱོད་པ་ལ་ [346B] དེ་འདི་སྙམ་དུ། ཀྱེ་མ་སེམས་ཅན་འདི་དག་ནི། ཡང་དག་པ་མ་ཡིན་པའི་འཛིན་པ་ལ་སྤྱོད་དེ། ཀྱེ་མ་སེམས་ཅན་འདི་དག་ནི། ཡང་དག་པ་མ་ཡིན་པའི་འཛིན་པ་ལས་དགྲོལ་བར་ བྱ་ན་དཀའ་བ་བྱེད་དོ་ཞེས་ནས་དེའི་ཚེ་ཐབས་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། འདི་སྐད་དུ་ཆོས་སྟོན་ཏེ་།ཀྱེ་སེམས་ཅན་དག་ཚུར་ཤེག་སྦྱིན་པ་བྱིན་ཅིག་དེས་ ཁྱེད་ལོངས་སྤྱོད་དང་ལྡན་པར་འགྱུར་གྱི། ལོངས་སྤྱོད་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་ཚུལ་ཁྲིམས་ལ་འདོམས་ཏེ། ཀྱེ་སེམས་ཅན་ དག་ཚུར་ཤེག་ཚུལ་ཁྲིམས་སྲུངས་ཤིག་ཚུལ་ཁྲིམས་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་བཟོད་པ་ལ་འདོམས་ཏེ། ཀྱེ་སེམས་ཅན་དག་ ཚུར་ཤེག་བཟོད་པ་སྒོམས་ཤིག་བཟོད་པ་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་བཙོན་འགྲུས་ལ་འདོམས་ཏེ། ཀྱེ་སེམས་ཅན་དག་ཚུར་ ཤེག་བརྩོན་འགྲུས་རྩོམས་ཤིག་བརྩོན་འགྲུས་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་ཏིང་ངེ་འཛིན་ལ་འདོམས་ཏེ། ཀྱེ་སེམས་ཅན་དག་ཚུར་ ཤེག་ཏིང་ངེ་འཛིན་ལ་མཉམ་པར་གཞོག་ཅིག་ཏིང་ངེ་འཛིན་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་ཡང་མེད་དོ་།དེ་བཞིན་དུ་ཤེས་རབ་ལ་འདོམས་ཏེ། ཀྱེ་སེམས་ཅན་ [347A]༄༅། །དག་ཚུར་ཤེག་ཤེས་རབ་སྒོམས་ཤིག་ཤེས་རབ་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་ནང་སྟོང་པ་ཉིད་ལ་འདོམས་ ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག་ནང་སྟོང་པ་ཉིད་སྒོམས་ཤིག་།ནང་སྟོང་པ་ཉིད་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་ཕྱི་སྟོང་པ་ཉིད་ལ་ འདོམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག་ཕྱི་སྟོང་པ་ཉིད་སྒོམས་ཤིག་ཕྱི་སྟོང་པ་ཉིད་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་ཕྱི་ནང་སྟོང་པ་ ཉིད་ལ་འདོམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག་ཕྱི་ནང་སྟོང་པ་ཉིད་སྒོམས་ཤིག་ཕྱི་ནང་སྟོང་པ་ཉིད་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་ དུ་སྟོང་པ་ཉིད་སྟོང་པ་ཉིད་ལ་འདོམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག་སྟོང་པ་ཉིད་སྟོང་པ་ཉིད་སྒོམས་ཤིག་སྟོང་པ་ཉིད་སྟོང་པ་ཉིད་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་ གང་ཡང་མེད་དོ། །དེ་བཞིན་དུ་ཆེན་པོ་སྟོང་པ་ཉིད་ལ་འདོམས་ཏེ་ཀྱེ་སེམས་ཅན་དག་ཚུར་ཤེག་ཆེན་པོ་སྟོང་པ་ཉིད་སྒོམས་ཤིག་།ཆེན་པོ་སྟོང་པ་ཉིད་དེས་ཀྱང་རློམ་སེམས་སུ་མ་བྱེད་ ཅིག་དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་དོན་དམ་པ་སྟོང་པ་ཉིད་ལ་འདོམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག་དོན་དམ་པ་སྟོང་པ་ཉིད་སྒོམས་ཤིག་དོན་དམ་པ་སྟོང་པ་ [347B]དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་འདུས་བྱས་སྟོང་པ་ཉིད་ལ་འདོམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག་འདུས་བྱས་སྟོང་པ་ཉིད་སྒོམས་ ཤིག་འདུས་བྱས་སྟོང་པ་ཉིད་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་འདུས་མ་བྱས་སྟོང་པ་ཉིད་ལ་འདོམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག་ འདུས་མ་བྱས་སྟོང་པ་ཉིད་སྒོམས་ཤིག་འདུས་མ་བྱས་སྟོང་པ་ཉིད་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་མཐའ་ལས་འདས་པ་སྟོང་པ་ཉིད་ལ་ འདོམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག་མཐའ་ལས་འདས་པ་སྟོང་པ་ཉིད་སྒོམས་ཤིག་མཐའ་ལས་འདས་པ་སྟོང་པ་ཉིད་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་ཡང་མེད་ དོ༑ ༑དེ་བཞིན་དུ་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་འདོམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་སྒོམས་ཤིག་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་དོར་བ་མེད་པ་སྟོང་པ་ཉིད་ལ་འདོམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག་དོར་བ་མེད་པ་སྟོང་པ་ཉིད་སྒོམས་ ཤིག་དོར་བ་མེད་པ་སྟོང་པ་ཉིད་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་རང་བཞིན་སྟོང་པ་ཉིད་ལ་འདོམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག་ [348A]༄༅། །རང་བཞིན་སྟོང་པ་ཉིད་སྒོམས་ཤིག་རང་བཞིན་སྟོང་པ་ཉིད་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་ཆོས་ཐམས་ཅད་སྟོང་པ་ ཉིད་ལ་འདོམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག་ཆོས་ཐམས་ཅད་སྟོང་པ་ཉིད་སྒོམས་ཤིག་ཆོས་ཐམས་ཅད་སྟོང་པ་ཉིད་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་ཡང་ མེད་དོ༑ ༑དེ་བཞིན་དུ་རང་གི་མཚན་ཉིད་སྟོང་པ་ཉིད་ལ་འདོམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག་རང་གི་མཚན་ཉིད་སྟོང་པ་ཉིད་སྒོམས་ཤིག་རང་གི་མཚན་ཉིད་སྟོང་པ་ཉིད་དེས་ ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་ཡང་མེད་དོ་།དེ་བཞིན་དུ་མི་དམིགས་པ་སྟོང་པ་ཉིད་ལ་འདོམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག་མི་དམིགས་པ་སྟོང་པ་ཉིད་ སྒོམས་ཤིག་མི་དམིགས་པ་སྟོང་པ་ཉིད་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་དངོས་པོ་མེད་པ་སྟོང་པ་ཉིད་ལ་འདོམས་ཏེ། ཀྱེ་སེམས་ཅན་ དག་ཚུར་ཤེག་དངོས་པོ་མེད་པ་སྟོང་པ་ཉིད་སྒོམས་ཤིག་དངོས་པོ་མེད་པ་སྟོང་པ་ཉིད་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་ངོ་བོ་ཉིད་ སྟོང་པ་ཉིད་ལ་འདོམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག་ངོ་བོ་ཉིད་སྟོང་པ་ཉིད་སྒོམས་ཤིག་ངོ་བོ་ཉིད་སྟོང་པ་ཉིད་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་ཡང་མེད་ [348B] ༑དེ་བཞིན་དུ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་འདོམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྒོམས་ཤིག་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ ཉིད་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་ལ་འདོམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག་དྲན་པ་ཉེ་བར་གཞག་ པ་རྣམས་སྒོམས་ཤིག་དྲན་པ་ཉེ་བར་གཞག་པ་དེ་དག་གིས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་ཡང་དག་པར་སྤོང་བ་རྣམས་ལ་འདོམས་ཏེ། ཀྱེ་ སེམས་ཅན་དག་ཚུར་ཤེག་ཡང་དག་པར་སྤོང་བ་རྣམས་སྒོམས་ཤིག་།ཡང་དག་པར་སྤོང་བ་དེ་དག་གིས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་།དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་རྫུ་ འཕྲུལ་གྱི་རྐང་པ་རྣམས་ལ་འདོམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག་།རྫུ་འཕྲུལ་གྱི་རྐང་པ་རྣམས་སྒོམས་ཤིག་རྫུ་འཕྲུལ་གྱི་རྐང་པ་དེ་དག་གིས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་ སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་དབང་པོ་རྣམས་ལ་འདོམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག་དབང་པོ་རྣམས་སྒོམས་ཤིག་དབང་པོ་དེ་དག་གིས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་སྟོབས་རྣམས་ལ་འདོམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག་སྟོབས་རྣམས་སྒོམས་ཤིག་སྟོབས་དེ་དག་གིས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་ [349A]༄༅། །སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་འདོམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག་བྱང་ཆུབ་ཀྱི་ཡན་ལག་རྣམས་སྒོམས་ཤིག་ བྱང་ཆུབ་ཀྱི་ཡན་ལག་དེ་དག་གིས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་།དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་འདོམས་ཏེ། ཀྱེ་སེམས་ ཅན་དག་ཚུར་ཤེག་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམས་ཤིག་།འཕགས་པའི་ལམ་ཡན་ལག་བརྒྱད་པ་དེ་དག་གིས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་ ཡང་མེད་དོ། །དེ་བཞིན་དུ་འཕགས་པའི་བདེན་པ་རྣམས་ལ་འདོམས་ཏེ་ཀྱེ་སེམས་ཅན་དག་ཚུར་ཤེག་འཕགས་པའི་བདེན་པ་རྣམས་སྒོམས་ཤིག་།འཕགས་པའི་བདེན་པ་དེ་དག་ གིས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་བསམ་གཏན་རྣམས་ལ་འདོམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག་བསམ་གཏན་རྣམས་སྒོམས་ ཤིག་བསམ་གཏན་དེ་དག་གིས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་ཚད་མེད་པ་རྣམས་ལ་འདོམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག་ ཚད་མེད་པ་རྣམས་སྒོམས་ཤིག་ཚད་མེད་པ་དེ་དག་གིས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ [349B] ཀྱེ་སེམས་ཅན་དག་ཚུར་ཤེག་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སྒོམས་ཤིག་གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་གིས་ཀྱང་རློམ་སེམས་སུ་མ་ བྱེད་ཅིག་དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་རྣམ་པར་ཐར་པ་རྣམས་ལ་འདོམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག་རྣམ་པར་ཐར་པ་རྣམས་སྒོམས་ཤིག་རྣམ་པར་ཐར་པ་དེ་དག་ གིས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་འདོམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག་ མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སྒོམས་ཤིག་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དེ་དག་གིས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་ཡང་ མེད་དོ༑ ༑དེ་བཞིན་དུ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང། སྨོན་པ་མེད་པ་ལ་འདོམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་ མཚན་མ་མེད་པ་དང། སྨོན་པ་མེད་པ་སྒོམས་ཤིག་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་དེ་དག་གིས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་ པོ་གང་ཡང་མེད་དོ། །དེ་བཞིན་དུ་མངོན་པར་ཤེས་པ་རྣམས་ལ་འདོམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག་མངོན་པར་ཤེས་པ་རྣམས་སྒོམས་ཤིག་མངོན་པར་ཤེས་པ་དེ་དག་གིས་ཀྱང་ [350A]༄༅། །རློམ་སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་ཏིང་ངེ་འཛིན་རྣམས་ལ་འདོམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག་ཏིང་ངེ་འཛིན་རྣམས་ སྒོམས་ཤིག་ཏིང་ངེ་འཛིན་དེ་དག་གིས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་གཟུངས་ཀྱི་སྒོ་རྣམས་ལ་འདོམས་ཏེ། ཀྱེ་སེམས་ཅན་དག་ཚུར་ ཤེག་གཟུངས་ཀྱི་སྒོ་རྣམས་སྒོམས་ཤིག་གཟུངས་ཀྱི་སྒོ་དེ་དག་གིས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་ཡང་མེད་དོ་།དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་ ལ་འདོམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག་དེ་བཞིན་གཤེགས་པའི་སྟོབས་བཅུ་སྒོམས་ཤིག་དེ་བཞིན་གཤེགས་པའི་སྟོབས་བཅུ་པོ་དེ་དག་གིས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་ དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་མི་འཇིགས་པ་བཞི་ལ་འདོམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག་མི་འཇིགས་པ་བཞི་སྒོམས་ཤིག་མི་འཇིགས་པ་དེ་དག་གིས་ཀྱང་རློམ་ སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་སོ་སོ་ཡང་དག་པར་རིག་པ་བཞི་ལ་འདོམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག་སོ་སོ་ཡང་དག་པར་རིག་པ་བཞི་ སྒོམས་ཤིག་སོ་སོ་ཡང་དག་པར་རིག་པ་དེ་དག་གིས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་བྱམས་པ་ཆེན་པོ་ལ་འདོམས་ཏེ། ཀྱེ་སེམས་ཅན་དག་ [350B]བྱམས་པ་ཆེན་པོ་སྒོམས་ཤིག་བྱམས་པ་ཆེན་པོ་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་སྙིང་རྗེ་ཆེན་པོ་ལ་འདོམས་ཏེ། ཀྱེ་སེམས་ ཅན་དག་ཚུར་ཤེག་སྙིང་རྗེ་ཆེན་པོ་སྒོམས་ཤིག་སྙིང་རྗེ་ཆེན་པོ་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ ལ་འདོམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྒོམས་ཤིག་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དེ་དག་གིས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་ སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་འདོམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག་རྒྱུན་དུ་ཞུགས་པའི་འབྲས་བུ་སྒོམས་ཤིག་རྒྱུན་དུ་ཞུགས་པའི་ འབྲས་བུ་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་འདོམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག་ལན་ གཅིག་ཕྱིར་འོང་བའི་འབྲས་བུ་སྒོམས་ཤིག་ལན་གཅིག་ཕྱིར་འོང་བའི་འབྲས་བུ་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་ཕྱིར་མི་འོང་བའི་ འབྲས་བུ་ལ་འདོམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག་ཕྱིར་མི་འོང་བའི་འབྲས་བུ་སྒོམས་ཤིག་ཕྱིར་མི་འོང་བའི་འབྲས་བུ་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་ཡང་མེད་ [351A]༄༅། །དོ༑ ༑དེ་བཞིན་དུ་དགྲ་བཅོམ་པ་ཉིད་ལ་འདོམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག་དགྲ་བཅོམ་པ་ཉིད་སྒོམས་ཤིག་དགྲ་བཅོམ་པ་ཉིད་དེས་ཀྱང་རློམ་སེམས་སུ་ མ་བྱེད་ཅིག་དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་རང་བྱང་ཆུབ་ལ་འདོམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག་རང་བྱང་ཆུབ་སྒོམས་ཤིག་རང་བྱང་ཆུབ་དེས་ཀྱང་རློམ་སེམས་ སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་འདོམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག་ལམ་གྱི་རྣམ་པ་ཤེས་པ་ཉིད་སྒོམས་ཤིག་ ལམ་གྱི་རྣམ་པ་ཤེས་པ་ཉིད་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་།དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་འདོམས་ཏེ། ཀྱེ་སེམས་ཅན་དག་ ཚུར་ཤེག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྒོམས་ཤིག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག་དེ་ལ་སྙིང་པོ་གང་ཡང་མེད་དོ། །ཞེས་དེ་དེ་ལྟར་ སེམས་ཅན་རྣམས་ལ་འདོམས་པ་དང། རྗེས་སུ་སྟོན་པ་བྱེད་ཅིང། བྱང་ཆུབ་སེམས་དཔའི་ལམ་ལ་སྤྱོད་ཀྱང་གང་ལའང་མངོན་པར་ཞེན་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ ཅད་ནི༑ མངོན་པར་ཞེན་པ་མེད་པ་སྟེ། དེ་ནི། འདི་ལྟར་དེ་དག་ལ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་གང་གིས་མངོན་པར་ཞེན་པར་བྱ་བའི་ངོ་བོ་ཉིད་མེད་དོ།། །།ཤེས་རབ་ཀྱི་ [351B] །བམ་པོ་ཉིས་བརྒྱ་གོ་དྲུག་པ། རབ་འབྱོར། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ལ་སྤྱོད་ཀྱང་གང་ལའང་མི་གནས་ ཏེ༑ དེ་གནས་པ་མེད་པའི་ཚུལ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་དེ་ལ་མི་གནས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་དེ་ལ་མི་གནས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ ལ་སྤྱོད་ཀྱང་དེ་ལ་མི་གནས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་དེ་ལ་མི་གནས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་དེ་ལ་མི་གནས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་སྤྱོད་ཀྱང་དེ་ལ་མི་གནས་སོ། །དེ་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་ཀྱང་དེ་ལ་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན་དེ་ནི། འདི་ལྟར་བསམ་གཏན་དང་པོ་ནི། བསམ་གཏན་ གྱི་རང་བཞིན་གྱིས་སྟོང་ངོ། །གང་མཉམ་པར་གཞོག་པ་དེའང་རང་བཞིན་གྱིས་སྟོང་ངོ། །རྣམ་པ་གང་གིས་མཉམ་པར་བཞག་པའི་རྣམ་པ་དེ་དག་ཀྱང་རང་བཞིན་གྱིས་སྟོང་ངོ། །དེ་བསམ་ གཏན་གཉིས་པ་ལ་སྙོམས་པར་འཇུག་ཀྱང་དེ་ལ་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་བསམ་གཏན་གཉིས་པ་ནི། བསམ་གཏན་གྱི་རང་བཞིན་གྱིས་སྟོང་ངོ། །གང་མཉམ་ པར་གཞོག་པ་དེའང་རང་བཞིན་གྱིས་སྟོང་ངོ། །རྣམ་པ་གང་གིས་མཉམ་པར་བཞག་པའི་རྣམ་པ་དེ་དག་ཀྱང་རང་བཞིན་གྱིས་སྟོང་ངོ། །དེ་བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་ [352A]༄༅། །ཀྱང་དེ་ལ་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བསམ་གཏན་གསུམ་པ་ནི། བསམ་གཏན་གྱི་རང་བཞིན་གྱིས་སྟོང་ངོ། །གང་མཉམ་པར་གཞོག་ པ་དེའང་རང་བཞིན་གྱིས་སྟོང་ངོ། །རྣམ་པ་གང་གིས་མཉམ་པར་བཞག་པའི་རྣམ་པ་དེ་དག་ཀྱང་རང་བཞིན་གྱིས་སྟོང་ངོ། །དེ་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་ཀྱང་དེ་ལ་ མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་བསམ་གཏན་བཞི་པ་ནི། བསམ་གཏན་གྱི་རང་བཞིན་གྱིས་སྟོང་ངོ། །གང་མཉམ་པར་གཞོག་པ་དེའང་རང་བཞིན་གྱིས་སྟོང་ངོ། ། རྣམ་པ་གང་གིས་མཉམ་པར་བཞག་པའི་རྣམ་པ་དེ་དག་ཀྱང་རང་བཞིན་གྱིས་སྟོང་ངོ། །དེ་བྱམས་པ་ལ་སྙོམས་པར་འཇུག་ཀྱང་དེ་ལ་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ ལྟར་བྱམས་པ་ནི། བྱམས་པའི་རང་བཞིན་གྱིས་སྟོང་ངོ། །གང་མཉམ་པར་གཞོག་པ་དེའང་རང་བཞིན་གྱིས་སྟོང་ངོ། །རྣམ་པ་གང་གིས་མཉམ་པར་བཞག་པའི་རྣམ་པ་དེ་དག་ཀྱང་ རང་བཞིན་གྱིས་སྟོང་ངོ། །དེ་སྙིང་རྗེ་ལ་སྙོམས་པར་འཇུག་ཀྱང་དེ་ལ་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་སྙིང་རྗེ་ནི། སྙིང་རྗེའི་རང་བཞིན་གྱིས་སྟོང་ངོ། །གང་མཉམ་ པར་གཞོག་པ་དེའང་རང་བཞིན་གྱིས་སྟོང་ངོ། །རྣམ་པ་གང་གིས་མཉམ་པར་བཞག་པའི་རྣམ་པ་དེ་དག་ཀྱང་རང་བཞིན་གྱིས་སྟོང་ངོ། །དེ་དགའ་བ་ལ་སྙོམས་པར་འཇུག་ཀྱང་དེ་ལ་ [352B] དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་དགའ་བ་ནི། དགའ་བའི་རང་བཞིན་གྱིས་སྟོང་ངོ། །གང་མཉམ་པར་གཞོག་པ་དེའང་རང་བཞིན་གྱིས་སྟོང་ངོ། །རྣམ་པ་གང་གིས་མཉམ་ པར་བཞག་པའི་རྣམ་པ་དེ་དག་ཀྱང་རང་བཞིན་གྱིས་སྟོང་ངོ་།དེ་བཏང་སྙོམས་ལ་སྙོམས་པར་འཇུག་ཀྱང་དེ་ལ་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་བཏང་སྙོམས་ནི། བཏང་སྙོམས་ ཀྱི་རང་བཞིན་གྱིས་སྟོང་ངོ། །གང་མཉམ་པར་གཞག་པ་དེའང་རང་བཞིན་གྱིས་སྟོང་ངོ། །རྣམ་པ་གང་གིས་མཉམ་པར་བཞག་པའི་རྣམ་པ་དེ་དག་ཀྱང་རང་བཞིན་གྱིས་སྟོང་ངོ། །དེ་ནམ་ མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་ཀྱང་དེ་ལ་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནི། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ ཀྱི་རང་བཞིན་གྱིས་སྟོང་ངོ། །གང་མཉམ་པར་གཞོག་པ་དེའང་རང་བཞིན་གྱིས་སྟོང་ངོ། །རྣམ་པ་གང་གིས་མཉམ་པར་བཞག་པའི་རྣམ་པ་དེ་དག་ཀྱང་རང་བཞིན་གྱིས་སྟོང་ངོ། །དེ་རྣམ་ ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་ཀྱང་དེ་ལ་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ནི། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ རང་བཞིན་གྱིས་སྟོང་ངོ། །གང་མཉམ་པར་གཞོག་པ་དེའང་རང་བཞིན་གྱིས་སྟོང་ངོ། །རྣམ་པ་གང་གིས་མཉམ་པར་བཞག་པའི་རྣམ་པ་དེ་དག་ཀྱང་རང་བཞིན་གྱིས་སྟོང་ངོ། །དེ་ཅུང་ཟད་ [353A]༄༅། །མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་ཀྱང་དེ་ལ་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་ཅུང་ཟད་མེད་པའི་སྐྱེ་མཆེད་ནི། ཅུང་ཟད་མེད་པའི་སྐྱེ་མཆེད་ ཀྱི་རང་བཞིན་གྱིས་སྟོང་ངོ། །གང་མཉམ་པར་གཞོག་པ་དེའང་རང་བཞིན་གྱིས་སྟོང་ངོ། །རྣམ་པ་གང་གིས་མཉམ་པར་བཞག་པའི་རྣམ་པ་དེ་དག་ཀྱང་རང་བཞིན་གྱིས་སྟོང་ངོ། །དེ་ འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་ཀྱང་དེ་ལ་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ནི། འདུ་ ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་རང་བཞིན་གྱིས་སྟོང་ངོ། །གང་མཉམ་པར་གཞོག་པ་དེའང་རང་བཞིན་གྱིས་སྟོང་ངོ་།རྣམ་པ་གང་གིས་མཉམ་པར་བཞག་པའི་རྣམ་པ་ དེ་དག་ཀྱང་རང་བཞིན་གྱིས་སྟོང་ངོ། །དེ་རྣམ་པར་ཐར་པ་བརྒྱད་ལ་སྙོམས་པར་འཇུག་ཀྱང་དེ་ལ་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་རྣམ་པར་ཐར་པ་རྣམས་ནི། རྣམ་ པར་ཐར་པ་རྣམས་ཀྱི་རང་བཞིན་གྱིས་སྟོང་ངོ། །གང་མཉམ་པར་གཞོག་པ་དེའང་རང་བཞིན་གྱིས་སྟོང་ངོ། །རྣམ་པ་གང་གིས་མཉམ་པར་བཞག་པའི་རྣམ་པ་དེ་དག་ཀྱང་རང་བཞིན་ གྱིས་སྟོང་ངོ། །དེ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་ཀྱང་དེ་ལ་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན་དེ་ནི། འདི་ལྟར་མཐར་གྱིས་གནས་པའི་ [353B] མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་རང་བཞིན་གྱིས་སྟོང་ངོ། །གང་མཉམ་པར་གཞོག་པ་དེའང་རང་བཞིན་གྱིས་སྟོང་ངོ། །རྣམ་པ་ གང་གིས་མཉམ་པར་བཞག་པའི་རྣམ་པ་དེ་དག་ཀྱང་རང་བཞིན་གྱིས་སྟོང་ངོ། །དེ་དྲན་པ་ཉེ་བར་གཞག་པ་བཞི་ལ་སྙོམས་པར་འཇུག་ཀྱང་དེ་ལ་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་ འདི་ལྟར་དྲན་པ་ཉེ་བར་གཞག་པ་རྣམས་ནི། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་རང་བཞིན་གྱིས་སྟོང་ངོ། །གང་མཉམ་པར་གཞོག་པ་དེའང་རང་བཞིན་གྱིས་སྟོང་ངོ། །རྣམ་པ་གང་གིས་ མཉམ་པར་བཞག་པའི་རྣམ་པ་དེ་དག་ཀྱང་རང་བཞིན་གྱིས་སྟོང་ངོ། །དེ་ཡང་དག་པར་སྤོང་བ་བཞི་ལ་སྙོམས་པར་འཇུག་ཀྱང་དེ་ལ་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་ ཡང་དག་པར་སྤོང་བ་རྣམས་ནི། ཡང་དག་པར་སྤོང་བ་རྣམས་ཀྱི་རང་བཞིན་གྱིས་སྟོང་ངོ། །གང་མཉམ་པར་གཞོག་པ་དེའང་རང་བཞིན་གྱིས་སྟོང་ངོ། །རྣམ་པ་གང་གིས་མཉམ་པར་ བཞག་པའི་རྣམ་པ་དེ་དག་ཀྱང་རང་བཞིན་གྱིས་སྟོང་ངོ། །དེ་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སྙོམས་པར་འཇུག་ཀྱང་དེ་ལ་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་རྫུ་འཕྲུལ་གྱི་ རྐང་པ་རྣམས་ནི། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་རང་བཞིན་གྱིས་སྟོང་ངོ། །གང་མཉམ་པར་གཞོག་པ་དེའང་རང་བཞིན་གྱིས་སྟོང་ངོ། །རྣམ་པ་གང་གིས་མཉམ་པར་བཞག་པའི་རྣམ་པ་ [354A]༄༅། །དེ་དག་ཀྱང་རང་བཞིན་གྱིས་སྟོང་ངོ། །དེ་དབང་པོ་ལྔ་ལ་སྙོམས་པར་འཇུག་ཀྱང་དེ་ལ་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་དབང་པོ་རྣམས་ནི། དབང་པོ་རྣམས་ཀྱི་ རང་བཞིན་གྱིས་སྟོང་ངོ། །གང་མཉམ་པར་གཞོག་པ་དེའང་རང་བཞིན་གྱིས་སྟོང་ངོ། །རྣམ་པ་གང་གིས་མཉམ་པར་བཞག་པའི་རྣམ་པ་དེ་དག་ཀྱང་རང་བཞིན་གྱིས་སྟོང་ངོ། །དེ་སྟོབས་ལྔ་ ལ་སྙོམས་པར་འཇུག་ཀྱང་དེ་ལ་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན་དེ་ནི། འདི་ལྟར་སྟོབས་རྣམས་ནི། སྟོབས་རྣམས་ཀྱི་རང་བཞིན་གྱིས་སྟོང་ངོ། །གང་མཉམ་པར་གཞོག་པ་དེའང་རང་ བཞིན་གྱིས་སྟོང་ངོ། །རྣམ་པ་གང་གིས་མཉམ་པར་བཞག་པའི་རྣམ་པ་དེ་དག་ཀྱང་རང་བཞིན་གྱིས་སྟོང་ངོ། །དེ་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྙོམས་པར་འཇུག་ཀྱང་དེ་ལ་མི་གནས་ ཏེ༑ དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་བྱང་ཆུབ་ཀྱི་ཡན་ལག་རྣམས་ནི། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་རང་བཞིན་གྱིས་སྟོང་ངོ། །གང་མཉམ་པར་གཞོག་པ་དེའང་རང་བཞིན་གྱིས་ སྟོང་ངོ། །རྣམ་པ་གང་གིས་མཉམ་པར་བཞག་པའི་རྣམ་པ་དེ་དག་ཀྱང་རང་བཞིན་གྱིས་སྟོང་ངོ། །དེ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྙོམས་པར་འཇུག་ཀྱང་དེ་ལ་མི་གནས་ ཏེ༑ དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི། འཕགས་པའི་ལམ་ཡན་ལག་བརྒྱད་པའི་རང་བཞིན་གྱིས་སྟོང་ངོ། །གང་མཉམ་པར་གཞོག་པ་ [354B] །རྣམ་པ་གང་གིས་མཉམ་པར་བཞག་པའི་རྣམ་པ་དེ་དག་ཀྱང་རང་བཞིན་གྱིས་སྟོང་ངོ་།དེ་འཕགས་པའི་བདེན་པ་བཞི་ལ་སྙོམས་པར་འཇུག་ཀྱང་དེ་ལ་མི་ གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་འཕགས་པའི་བདེན་པ་རྣམས་ནི། འཕགས་པའི་བདེན་པ་རྣམས་ཀྱི་རང་བཞིན་གྱིས་སྟོང་ངོ། །གང་མཉམ་པར་གཞོག་པ་དེའང་རང་བཞིན་ གྱིས་སྟོང་ངོ། །རྣམ་པ་གང་གིས་མཉམ་པར་བཞག་པའི་རྣམ་པ་དེ་དག་ཀྱང་རང་བཞིན་གྱིས་སྟོང་ངོ། །དེ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ལ་སྙོམས་ པར་འཇུག་ཀྱང་དེ་ལ་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ནི། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་ མཚན་མ་མེད་པ་དང། སྨོན་པ་མེད་པའི་རང་བཞིན་གྱིས་སྟོང་ངོ་།གང་མཉམ་པར་གཞོག་པ་དེའང་རང་བཞིན་གྱིས་སྟོང་ངོ། །རྣམ་པ་གང་གིས་མཉམ་པར་བཞག་པའི་རྣམ་པ་དེ་དག་ཀྱང་ རང་བཞིན་གྱིས་སྟོང་ངོ། །དེ་མངོན་པར་ཤེས་པ་རྣམས་ལ་སྙོམས་པར་འཇུག་ཀྱང་དེ་ལ་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་མངོན་པར་ཤེས་པ་རྣམས་ནི། མངོན་པར་ཤེས་པ་ རྣམས་ཀྱི་རང་བཞིན་གྱིས་སྟོང་ངོ། །གང་མཉམ་པར་གཞོག་པ་དེའང་རང་བཞིན་གྱིས་སྟོང་ངོ། །རྣམ་པ་གང་གིས་མཉམ་པར་བཞག་པའི་རྣམ་པ་དེ་དག་ཀྱང་རང་བཞིན་གྱིས་སྟོང་ངོ། །དེ་ [355A]༄༅། །རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་ཀྱང་དེ་ལ་མི་གནས་སོ། །དེ་ལན་གཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་ཀྱང་དེ་ལ་མི་གནས་སོ། །དེ་ཕྱིར་མི་འོང་བའི་འབྲས་བུ་ཐོབ་ཀྱང་ དེ་ལ་མི་གནས་སོ། །དེ་དགྲ་བཅོམ་པ་ཉིད་ཐོབ་ཀྱང་དེ་ལ་མི་གནས་སོ། །དེ་རང་བྱང་ཆུབ་ཐོབ་ཀྱང་དེ་ལ་མི་གནས་སོ། །གསོལ་པ་ཅིའི་སླད་དུ་མི་གནས། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ༑ རྣམ་པ་གཉིས་ཀྱི་ཕྱིར་མི་གནས་ཏེ། གཉིས་གང་ཞེ་ན་ངོ་བོ་ཉིད་དང། ངོ་བོ་ཉིད་མེད་པ་སྟེ། དེ་གཉིས་ཀྱི་ཕྱིར་གང་ལ་གནས་པའམ། གང་གིས་གནས་པའམ། གང་ གནས་པར་འགྱུར་བ་དེ་ལྟ་བུའི་འབྲས་བུ་དེ་དག་ལ་མེད་དོ། །དེ་ཙམ་གྱིས་དགའ་བར་ཡང་མི་འཛིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་འདི་སྙམ་དུ་བདག་གིས་རྒྱུན་དུ་ཞུགས་པའི་ འབྲས་བུ་ཐོབ་པར་མི་བྱ་བ་མ་ཡིན་ཏེ། དེ་ལ་གནས་པར་མི་བྱའོ་།བདག་གིས་ལན་གཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་མི་བྱ་བ་མ་ཡིན་ཏེ། དེ་ལ་གནས་པར་མི་བྱའོ། །བདག་ གིས་ཕྱིར་མི་འོང་བའི་འབྲས་བུ་ཐོབ་པར་མི་བྱ་བ་མ་ཡིན་ཏེ། དེ་ལ་གནས་པར་མི་བྱའོ། །བདག་གིས་དགྲ་བཅོམ་པ་ཉིད་ཐོབ་པར་མི་བྱ་བ་མ་ཡིན་ཏེ། དེ་ལ་གནས་པར་མི་བྱའོ། ། བདག་གིས་རང་སངས་རྒྱས་ཀྱི་སའི་བར་དུ་ཐོབ་པར་མི་བྱ་བ་མ་ཡིན་ཏེ། དེ་ལ་གནས་པར་མི་བྱའི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་མངོན་པར་རྫོགས་པར་ [355B] །དེ་ཅིའི་ཕྱིར་ཞེ་ན། བདག་གིས་ནི་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་མ་གཏོགས་པར་ སེམས་གཞན་གང་ཡང་མ་བསྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། བདག་གིས་ནི། ས་དང་པོ་ནས་ཉེ་བར་བཟུང་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་མ་གཏོགས་པར་ སེམས་གཞན་གང་ཡང་མ་བསྐྱེད་དོ། །བདག་གིས་ནི། ས་གཉིས་པ་ནས་ཉེ་བར་བཟུང་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་མ་གཏོགས་པར་སེམས་གཞན་གང་ ཡང་མ་བསྐྱེད་དོ། །བདག་གིས་ནི། ས་གསུམ་པ་ནས་ཉེ་བར་བཟུང་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་མ་གཏོགས་པར་སེམས་གཞན་གང་ཡང་མ་བསྐྱེད་དོ། ། བདག་གིས་ནི། ས་བཞི་པ་ནས་ཉེ་བར་བཟུང་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་མ་གཏོགས་པར་སེམས་གཞན་གང་ཡང་མ་བསྐྱེད་དོ། །བདག་གིས་ནི། ས་ ལྔ་པ་ནས་ཉེ་བར་བཟུང་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་མ་གཏོགས་པར་སེམས་གཞན་གང་ཡང་མ་བསྐྱེད་དོ། །བདག་གིས་ནི། ས་དྲུག་པ་ནས་ཉེ་བར་ བཟུང་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་མ་གཏོགས་པར་སེམས་གཞན་གང་ཡང་མ་བསྐྱེད་དོ་།བདག་གིས་ནི། ས་བདུན་པ་ནས་ཉེ་བར་བཟུང་སྟེ་བླ་ན་མེད་ [356A]༄༅། །པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་མ་གཏོགས་པར་སེམས་གཞན་གང་ཡང་མ་བསྐྱེད་དོ། །བདག་གིས་ནི་ས་བརྒྱད་པ་ནས་ཉེ་བར་བཟུང་སྟེ་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་མ་གཏོགས་པར་སེམས་གཞན་གང་ཡང་མ་བསྐྱེད་དོ། །བདག་གིས་ནི་ས་དགུ་པ་ནས་ཉེ་བར་བཟུང་སྟེ་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་མ་གཏོགས་པར་སེམས་གཞན་གང་ཡང་མ་བསྐྱེད་དོ། །བདག་གིས་ནི། ས་བཅུ་པ་ནས་ཉེ་བར་བཟུང་སྟེ་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་མ་གཏོགས་པར་སེམས་གཞན་གང་ཡང་མ་བསྐྱེད་དོ། །བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་མ་གཏོགས་པར་སེམས་གཞན་གང་ཡང་མ་བསྐྱེད་དོ། །སྙམ་སྟེ། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སེམས་གཡེང་བ་མེད་ པར་ལུས་སམ། ངག་གམ། ཡིད་ཀྱིས་གང་སྤྱོད་ཀྱང་རུང་སྟེ། བྱང་ཆུབ་ཀྱི་སེམས་ཀྱིས་མི་སྤྱོད་པ་མེད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། བྱང་ཆུབ་ཀྱི་སེམས་ལ་ གནས་ནས་ཡིད་གཡེང་བ་མེད་པར་བྱང་ཆུབ་ཀྱི་ལམ་སྒྲུབ་བོ། །གསོལ་པ། བཅོམ་ལྡན་འདས། གལ་ཏེ་ཆོས་ཐམས་ཅད་མ་སྐྱེས་པ་ལགས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ [356B] བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཆོས་ཐམས་ཅད་ནི། མ་སྐྱེས་པ་སྟེ། ཇི་ལྟ་བུ་ ཞེས་བྱས་ན། གང་མངོན་པར་འདུ་མི་བྱེད་པ་དེ་དག་ནི། ཆོས་ཐམས་ཅད་མ་སྐྱེས་པའོ། །གསོལ་པ། བཅོམ་ལྡན་འདས། འོ་ན་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང། དེ་བཞིན་གཤེགས་ པ་རྣམས་མ་བྱུང་ཡང་རུང་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་དེ་བཞིན་དུ་གནས་པ་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་རབ་འབྱོར། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དེ་ བཞིན་གཤེགས་པ་རྣམས་བྱུང་ཡང་རུང། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། ཆོས་རྣམས་ཀྱི་གནས་ཉིད་ནི། དེ་བཞིན་དུ་གནས་སོ། །དེ་ལའང་གང་ཆོས་ཀྱི་གནས་ཉིད་དེ་ ལྟ་བུ་མི་ཤེས་པ་དེ་དག་གི་དོན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་བསྐྱེད་དེ། ལམ་དེས་སེམས་ཅན་རྣམས་འཁོར་བ་ལས་ཡོངས་སུ་ཐར་བར་བྱེད་དོ། །གསོལ་པ། བཅོམ་ ལྡན་འདས། ཅི་ལགས། སྐྱེས་པར་གྱུར་པའི་ལམ་གྱིས་བྱང་ཆུབ་ཐོབ་པར་འགྱུར་བ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ འོ་ན་མ་སྐྱེས་པའི་ལམ་གྱིས་བྱང་ཆུབ་ཐོབ་པར་འགྱུར་བ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས། འོ་ན་སྐྱེས་ཀྱང་སྐྱེས་ལ་མ་སྐྱེས་ [357A]༄༅། །ཀྱང་མ་སྐྱེས་པའི་ལམ་གྱིས་བྱང་ཆུབ་ཐོབ་པར་འགྱུར་བ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས། འོ་ན་སྐྱེས་ པའང་མ་ལགས། མ་སྐྱེས་པའང་མ་ལགས་པའི་ལམ་གྱིས་བྱང་ཆུབ་ཐོབ་པར་འགྱུར་བ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ཡིན་ནོ། །གསོལ་པ། བཅོམ་ལྡན་ འདས༑ འོ་ན་བྱང་ཆུབ་ཇི་ལྟར་ཐོབ་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། བྱང་ཆུབ་ནི། ལམ་གྱིས་ཐོབ་པའང་མ་ཡིན། ལམ་མ་ཡིན་པས་ཐོབ་པའང་མ་ཡིན་ ཏེ༑ བྱང་ཆུབ་ཉིད་ཀྱང་ལམ་མོ། །ལམ་ཉིད་ཀྱང་བྱང་ཆུབ་བོ་།གསོལ་པ། བཅོམ་ལྡན་འདས། གལ་ཏེ་དེ་ལྟར་བྱང་ཆུབ་ཉིད་ཀྱང་ལམ་ལ། ལམ་ཉིད་ཀྱང་བྱང་ཆུབ་ལགས་ན། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོས་བྱང་ཆུབ་སྔ་ནས་ཐོབ་པར་འགྱུར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་མི་ཆེན་པོའི་མཚན་སུམ་ཅུ་རྩ་ གཉིས་དང། དཔེ་བྱད་བཟང་པོ་བརྒྱད་ཅུ་དང། དེ་བཞིན་གཤེགས་པའི་སྟོབས་བཅུ་དང། མི་འཇིགས་པ་བཞི་དང། སོ་སོ་ཡང་དག་པར་རིག་པ་བཞི་དང། ཐུགས་རྗེ་ཆེན་པོ་དང། སངས་ རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱིས་བརྗོད་དོ། །ཞེས་ཀྱང་ཅིའི་སླད་དུ་བསྟན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སངས་རྒྱས་ཤིག་བྱང་ [357B] གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །སངས་རྒྱས་ནི། བྱང་ཆུབ་ཐོབ་པར་མི་མཛད་དེ་སངས་རྒྱས་ཉིད་ཀྱང་བྱང་ཆུབ་བོ། །བྱང་ཆུབ་ཉིད་ཀྱང་ སངས་རྒྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གང་ཁྱོད་ཀྱིས་འདི་སྐད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱང་ཆུབ་སྔ་ནས་ཐོབ་པར་འགྱུར་རོ། །ཞེས་ སྨྲས་པ༑ རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་ བྱས༑ བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས། ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱས། ཕྱི་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱས། ཕྱི་ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱས་ སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱས། ཆེན་པོ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱས། དོན་དམ་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱས། འདུས་བྱས་སྟོང་པ་ཉིད་ཡོངས་སུ་ རྫོགས་པར་བྱས། འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱས། མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱས་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་ [358A]༄༅། །པར་བྱས། དོར་བ་མེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱས། རང་བཞིན་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱས། ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་ རྫོགས་པར་བྱས། རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱས། མི་དམིགས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱས་དངོས་པོ་མེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་ བྱས༑ ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱས་དྲན་པ་ཉེ་བར་གཞག་པ་བཞི་ཡོངས་སུ་རྫོགས་པར་བྱས་ ཡང་དག་པར་སྤོང་བ་བཞི་ཡོངས་སུ་རྫོགས་པར་བྱས། རྫུ་འཕྲུལ་གྱི་རྐང་པ་བཞི་ཡོངས་སུ་རྫོགས་པར་བྱས། དབང་པོ་ལྔ་ཡོངས་སུ་རྫོགས་པར་བྱས། སྟོབས་ལྔ་ཡོངས་སུ་རྫོགས་ པར་བྱས། བྱང་ཆུབ་ཀྱི་ཡན་ལག་བདུན་ཡོངས་སུ་རྫོགས་པར་བྱས་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་རྫོགས་པར་བྱས་འཕགས་པའི་བདེན་པ་བཞི་ཡོངས་སུ་ རྫོགས་པར་བྱས། བསམ་གཏན་བཞི་ཡོངས་སུ་རྫོགས་པར་བྱས། ཚད་མེད་པ་བཞི་ཡོངས་སུ་རྫོགས་པར་བྱས། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ཡོངས་སུ་རྫོགས་པར་ བྱས༑ རྣམ་པར་ཐར་པ་བརྒྱད་ཡོངས་སུ་རྫོགས་པར་བྱས། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོངས་སུ་རྫོགས་པར་བྱས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་ [358B] སྨོན་པ་མེད་པ་ཡོངས་སུ་རྫོགས་པར་བྱས། མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པར་བྱས། ཏིང་ངེ་འཛིན་རྣམས་ཡོངས་སུ་རྫོགས་པར་བྱས། གཟུངས་ཀྱི་སྒོ་རྣམས་ ཡོངས་སུ་རྫོགས་པར་བྱས། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱས། མི་འཇིགས་པ་བཞི་ཡོངས་སུ་རྫོགས་པར་བྱས། སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་ རྫོགས་པར་བྱས། བྱམས་པ་ཆེན་པོ་ཡོངས་སུ་རྫོགས་པར་བྱས་སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པར་བྱས་ཤིང་རྡོ་ རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཕྱིན་ཆད་དེ་བཞིན་གཤེགས་པ་ཐམས་ཅད་གཟིགས་པ་ཆོས་ཐམས་ཅད་ལ་དབང་སྒྱུར་བ་ཞེས་བྱའོ། རབ་འབྱོར་གྱིས་གསོལ་ པ༑ བཅོམ་ལྡན་འདས། གལ་ཏེ་ཆོས་ཐམས་ཅད་རང་བཞིན་གྱིས་དབེན་པ་ལགས་ན། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱི་ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་བདག་དང། གཞན་གྱི་ལུས་ཀྱི་ [359A]༄༅། །གནས་ངན་ལེན་དང། ངག་གི་གནས་ངན་ལེན་དང། ཡིད་ཀྱི་གནས་ངན་ལེན་ཡོངས་སུ་སྦྱོང་སྟེ། དེ་ཡོངས་སུ་དག་པར་བྱ་བས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་ པར་བྱེད་དོ། །གསོལ་པ། བཅོམ་ལྡན་འདས། ལུས་ཀྱི་གནས་ངན་ལེན་ནི་གང་ལགས། ངག་གི་གནས་ངན་ལེན་ནི། གང་ལགས། ཡིད་ཀྱི་གནས་ངན་ལེན་ནི། གང་ལགས། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། ལུས་ཀྱི་ལས་མི་དགེ་བ་སྲོག་གཅོད་པ་དང། མ་བྱིན་པར་ལེན་པ་དང། འདོད་པས་ལོག་པར་སྤྱོད་པ་ནི་བྱང་ཆུབ་སེམས་དཔའི་ལུས་ཀྱི་གནས་ངན་ ལེན་ཏོ༑ ༑ངག་གི་ལས་མི་དགེ་བ་བརྫུན་དུ་སྨྲ་བ་དང། ཕྲ་མ་དང། ཞེ་གཅོད་པའི་ཚིག་དང། ཚིག་བཀྱལ་པ་ནི། བྱང་ཆུབ་སེམས་དཔའ་ངག་གི་གནས་ངན་ལེན་ཏོ། །ཡིད་ཀྱི་ལས་ མི་དགེ་བ་ཆགས་སེམས་དང། གནོད་སེམས་དང། ལོག་པར་ལྟ་བ་ནི་བྱང་ཆུབ་སེམས་དཔའི་ཡིད་ཀྱི་གནས་ངན་ལེན་ཏོ། །རབ་འབྱོར། གཞན་ཡང་སེར་སྣའི་སེམས་ནི། བྱང་ཆུབ་ སེམས་དཔའི་ཡིད་ཀྱི་གནས་ངན་ལེན་ཏོ། །ཚུལ་ཁྲིམས་ངན་པའི་སེམས་ནི། བྱང་ཆུབ་སེམས་དཔའི་ཡིད་ཀྱི་གནས་ངན་ལེན་ཏོ། །སེམས་འཁྲུག་པ་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་ དཔའི་ཡིད་ཀྱི་གནས་ངན་ལེན་ཏོ། །ལེ་ལོའི་སེམས་ནི། བྱང་ཆུབ་སེམས་དཔའི་ཡིད་ཀྱི་གནས་ངན་ལེན་ཏོ། །གཡེང་བའི་སེམས་ནི། བྱང་ཆུབ་སེམས་དཔའི་ཡིད་ཀྱི་གནས་ངན་ལེན་ཏོ། ། [359B] བྱང་ཆུབ་སེམས་དཔའི་ཡིད་ཀྱི་གནས་ངན་ལན་ཏོ། །ཤེས་རབ་འཆལ་བའི་སེམས་ནི། བྱང་ཆུབ་སེམས་དཔའི་ཡིད་ཀྱི་གནས་ངན་ལེན་ཏོ། །རབ་འབྱོར། གཞན་ ཡང་ཚུལ་ཁྲིམས་ཡོངས་སུ་མ་དག་པ་ནི། བྱང་ཆུབ་སེམས་དཔའི་གནས་ངན་ལེན་ཏོ། །རབ་འབྱོར། གཞན་ཡང་དྲན་པ་ཉེ་བར་གཞག་པ་བཞི་དང་བྲལ་བ་ནི། བྱང་ཆུབ་སེམས་དཔའི་གནས་ངན་ ལེན་ཏོ༑ ༑ཡང་དག་པར་སྤོང་བ་བཞི་དང་བྲལ་བ་ནི། བྱང་ཆུབ་སེམས་དཔའི་གནས་ངན་ལེན་ཏོ། །རྫུ་འཕྲུལ་གྱི་རྐང་པ་བཞི་དང་བྲལ་བ་ནི། བྱང་ཆུབ་སེམས་དཔའི་གནས་ངན་ལེན་ཏོ། །དབང་པོ་ ལྔ་དང་བྲལ་བ་ནི། བྱང་ཆུབ་སེམས་དཔའི་གནས་ངན་ལེན་ཏོ་།སྟོབས་ལྔ་དང་བྲལ་བ་ནི། བྱང་ཆུབ་སེམས་དཔའི་གནས་ངན་ལེན་ཏོ། །བྱང་ཆུབ་ཀྱི་ཡན་ལག་བདུན་དང་བྲལ་བ་ནི། བྱང་ཆུབ་ སེམས་དཔའི་གནས་ངན་ལེན་ཏོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་བྲལ་བ་ནི། བྱང་ཆུབ་སེམས་དཔའི་གནས་ངན་ལེན་ཏོ། །འཕགས་པའི་བདེན་པ་བཞི་དང་བྲལ་བ་ནི། བྱང་ཆུབ་ སེམས་དཔའི་གནས་ངན་ལེན་ཏོ། །བསམ་གཏན་བཞི་དང་བྲལ་བ་ནི་བྱང་ཆུབ་སེམས་དཔའི་གནས་ངན་ལེན་ཏོ། །ཚད་མེད་པ་བཞི་དང་བྲལ་བ་ནི། བྱང་ཆུབ་སེམས་དཔའི་གནས་ངན་ལེན་ ཏོ༑ ༑གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་བྲལ་བ་ནི་བྱང་ཆུབ་སེམས་དཔའི་གནས་ངན་ལེན་ཏོ། །རྣམ་པར་ཐར་པ་བརྒྱད་དང་བྲལ་བ་ནི། བྱང་ཆུབ་སེམས་དཔའི་གནས་ངན་ [360A]༄༅། །ལེན་ཏོ༑ ༑མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་བྲལ་བ་ནི། བྱང་ཆུབ་སེམས་དཔའི་གནས་ངན་ལེན་ཏོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ དང། མཚན་མ་མེད་པ་དང། སྨོན་པ་མེད་པ་དང་བྲལ་བ་ནི། བྱང་ཆུབ་སེམས་དཔའི་གནས་ངན་ལེན་ཏོ། །རབ་འབྱོར། གཞན་ཡང་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱེད་པའམ་ དེ་ལ་འདོད་པ་སྐྱེད་པ་ནི། བྱང་ཆུབ་སེམས་དཔའི་གནས་ངན་ལེན་ཏོ། །རབ་འབྱོར། གཞན་ཡང་ལན་གཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱེད་པའམ། དེ་ལ་འདོད་པ་སྐྱེད་པ་ནི་ བྱང་ཆུབ་སེམས་དཔའི་གནས་ངན་ལེན་ཏོ། །རབ་འབྱོར། གཞན་ཡང་ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱེད་པའམ། དེ་ལ་འདོད་པ་སྐྱེད་པ་ནི། བྱང་ཆུབ་སེམས་དཔའི་གནས་ངན་ ལེན་ཏོ༑ ༑རབ་འབྱོར། གཞན་ཡང་དགྲ་བཅོམ་པ་ཉིད་མངོན་དུ་བྱེད་པའམ། དེ་ལ་འདོད་པ་སྐྱེད་པ་ནི། བྱང་ཆུབ་སེམས་དཔའི་གནས་ངན་ལེན་ཏོ། །རབ་འབྱོར། གཞན་ཡང་རང་བྱང་ ཆུབ་མངོན་དུ་བྱེད་པའམ། དེ་ལ་འདོད་པ་སྐྱེད་པ་ནི། བྱང་ཆུབ་སེམས་དཔའི་གནས་ངན་ལེན་ཏོ། །རབ་འབྱོར། གཞན་ཡང་གཟུགས་ཀྱི་འདུ་ཤེས་ནི། གནས་ངན་ལེན་ཏོ། །ཚོར་བའི་འདུ་ ཤེས་ནི། གནས་ངན་ལེན་ཏོ། །འདུ་ཤེས་ཀྱི་འདུ་ཤེས་ནི། གནས་ངན་ལེན་ཏོ། །འདུ་བྱེད་ཀྱི་འདུ་ཤེས་ནི། གནས་ངན་ལེན་ཏོ། །རྣམ་པར་ཤེས་པའི་འདུ་ཤེས་ནི། གནས་ངན་ལེན་ཏོ། །མིག་ [360B] གནས་ངན་ལེན་ཏོ། །རྣ་བའི་འདུ་ཤེས་ནི་གནས་ངན་ལེན་ཏོ། །སྣའི་འདུ་ཤེས་ནི། གནས་ངན་ལེན་ཏོ། །ལྕེའི་འདུ་ཤེས་ནི། གནས་ངན་ལེན་ཏོ། །ལུས་ཀྱི་འདུ་ཤེས་ནི། གནས་ ངན་ལེན་ཏོ། །ཡིད་ཀྱི་འདུ་ཤེས་ནི། གནས་ངན་ལེན་ཏོ། །གཟུགས་ཀྱི་འདུ་ཤེས་ནི། གནས་ངན་ལེན་ཏོ། །སྒྲའི་འདུ་ཤེས་ནི། གནས་ངན་ལེན་ཏོ། །དྲིའི་འདུ་ཤེས་ནི། གནས་ངན་ལེན་ཏོ། །རོའི་ འདུ་ཤེས་ནི། གནས་ངན་ལེན་ཏོ། །རེག་གི་འདུ་ཤེས་ནི། གནས་ངན་ལེན་ཏོ། །ཆོས་ཀྱི་འདུ་ཤེས་ནི། གནས་ངན་ལེན་ཏོ། །མིག་གི་རྣམ་པར་ཤེས་པའི་འདུ་ཤེས་ནི། གནས་ངན་ལེན་ཏོ། །རྣ་བའི་ རྣམ་པར་ཤེས་པའི་འདུ་ཤེས་ནི། གནས་ངན་ལེན་ཏོ། །སྣའི་རྣམ་པར་ཤེས་པའི་འདུ་ཤེས་ནི། གནས་ངན་ལེན་ཏོ། །ལྕེའི་རྣམ་པར་ཤེས་པའི་འདུ་ཤེས་ནི། གནས་ངན་ལེན་ཏོ། །ལུས་ཀྱི་རྣམ་ པར་ཤེས་པའི་འདུ་ཤེས་ནི། གནས་ངན་ལེན་ཏོ། །ཡིད་ཀྱི་རྣམ་པར་ཤེས་པའི་འདུ་ཤེས་ནི། གནས་ངན་ལེན་ཏོ། །མིག་གི་འདུས་ཏེ་རེག་པའི་འདུ་ཤེས་ནི། གནས་ངན་ལེན་ཏོ། །རྣ་བའི་འདུས་ ཏེ་རེག་པའི་འདུ་ཤེས་ནི། གནས་ངན་ལེན་ཏོ། །སྣའི་འདུས་ཏེ་རེག་པའི་འདུ་ཤེས་ནི། གནས་ངན་ལེན་ཏོ། །ལྕེའི་འདུས་ཏེ་རེག་པའི་འདུ་ཤེས་ནི། གནས་ངན་ལེན་ཏོ། །ལུས་ཀྱི་འདུས་ཏེ་རེག་པའི་ འདུ་ཤེས་ནི། གནས་ངན་ལེན་ཏོ། །ཡིད་ཀྱི་འདུས་ཏེ་རེག་པའི་འདུ་ཤེས་ནི། གནས་ངན་ལེན་ཏོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་འདུ་ཤེས་ནི། གནས་ངན་ལེན་ཏོ། །རྣ་བའི་འདུས་ [361A]༄༅། །ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་འདུ་ཤེས་ནི། གནས་ངན་ལེན་ཏོ། །སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་འདུ་ཤེས་ནི་གནས་ངན་ལེན་ཏོ། །ལྕེའི་འདུས་ཏེ་རེག་ པའི་རྐྱེན་གྱིས་ཚོར་བའི་འདུ་ཤེས་ནི། གནས་ངན་ལེན་ཏོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་འདུ་ཤེས་ནི། གནས་ངན་ལེན་ཏོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་ འདུ་ཤེས་ནི། གནས་ངན་ལེན་ཏོ། །སའི་ཁམས་ཀྱི་འདུ་ཤེས་ནི། གནས་ངན་ལེན་ཏོ། །ཆུའི་ཁམས་ཀྱི་འདུ་ཤེས་ཀྱི་ནི། གནས་ངན་ལེན་ཏོ་།མེའི་ཁམས་ཀྱི་འདུ་ཤེས་ནི། གནས་ངན་ལེན་ ཏོ༑ ༑རླུང་གི་ཁམས་ཀྱི་འདུ་ཤེས་ནི། གནས་ངན་ལེན་ཏོ། །ནམ་མཁའི་ཁམས་ཀྱི་འདུ་ཤེས་ནི། གནས་ངན་ལེན་ཏོ། །རྣམ་པར་ཤེས་པའི་ཁམས་ཀྱི་འདུ་ཤེས་ནི། གནས་ངན་ལེན་ཏོ། །མ་ རིག་པའི་འདུ་ཤེས་ནི། གནས་ངན་ལེན་ཏོ། །འདུ་བྱེད་ཀྱི་འདུ་ཤེས་ནི། གནས་ངན་ལེན་ཏོ། །རྣམ་པར་ཤེས་པའི་འདུ་ཤེས་ནི། གནས་ངན་ལེན་ཏོ། །མིང་དང་གཟུགས་ཀྱི་འདུ་ཤེས་ནི་ གནས་ངན་ལེན་ཏོ། །སྐྱེ་མཆེད་དྲུག་གི་འདུ་ཤེས་ནི། གནས་ངན་ལེན་ཏོ། །རེག་པའི་འདུ་ཤེས་ནི། གནས་ངན་ལེན་ཏོ། །ཚོར་བའི་འདུ་ཤེས་ནི། གནས་ངན་ལེན་ཏོ། །སྲེད་པའི་འདུ་ཤེས་ནི་ གནས་ངན་ལེན་ཏོ། །ལེན་པའི་འདུ་ཤེས་ནི། གནས་ངན་ལེན་ཏོ། །སྲིད་པའི་འདུ་ཤེས་ནི། གནས་ངན་ལེན་ཏོ། །སྐྱེ་བའི་འདུ་ཤེས་ནི། གནས་ངན་ལེན་ཏོ། །རྒ་ཤིའི་འདུ་ཤེས་ནི། གནས་ངན་ [361B] ༑བུད་མེད་ཀྱི་འདུ་ཤེས་ནི། གནས་ངན་ལེན་ཏོ། །སྐྱེས་པའི་འདུ་ཤེས་ནི། གནས་ངན་ལེན་ཏོ། །འདོད་པའི་ཁམས་ཀྱི་འདུ་ཤེས་ནི། གནས་ངན་ལེན་ཏོ། །གཟུགས་ཀྱི་ཁམས་ཀྱི་འདུ་ཤེས་ནི་ གནས་ངན་ལེན་ཏོ། །གཟུགས་མེད་པའི་ཁམས་ཀྱི་འདུ་ཤེས་ནི། གནས་ངན་ལེན་ཏོ། །དགེ་བའི་འདུ་ཤེས་ནི། གནས་ངན་ལེན་ཏོ། །མི་དགེ་བའི་འདུ་ཤེས་ནི། གནས་ངན་ལེན་ཏོ། །འཇིག་རྟེན་ པའི་འདུ་ཤེས་ནི། གནས་ངན་ལེན་ཏོ། །འཇིག་རྟེན་ལས་འདས་པའི་འདུ་ཤེས་ནི། གནས་ངན་ལེན་ཏོ། །ཟག་པ་དང་བཅས་པའི་འདུ་ཤེས་ནི་གནས་ངན་ལེན་ཏོ། །ཟག་པ་མེད་པའི་འདུ་ཤེས་ ནི༑ གནས་ངན་ལེན་ཏོ། །འདུས་བྱས་ཀྱི་འདུ་ཤེས་ནི། གནས་ངན་ལེན་ཏོ། །འདུས་མ་བྱས་ཀྱི་འདུ་ཤེས་ནི། གནས་ངན་ལེན་ཏོ། །རབ་འབྱོར་དེ་དག་ནི། བྱང་ཆུབ་སེམས་དཔའི་ལུས་ཀྱི་ གནས་ངན་ལེན་དང། ངག་གི་གནས་ངན་ལེན་དང། ཡིད་ཀྱི་གནས་ངན་ལེན་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་གནས་ངན་ ལེན་དེ་དག་ཐམས་ཅད་རྣམ་པར་སྤངས་ཤིང་བདག་ཀྱང་སྦྱིན་པ་ཡོངས་སུ་གཏོང་ལ། གཞན་ཡང་སྦྱིན་པ་ལ་ཡང་དག་པར་སྐུལ་ཏེ་དེ་ཟས་འདོད་པ་ལ་ནི། ཟས་ཡོངས་སུ་གཏོང་ངོ། །སྐོམ་འདོད་ པ་ལ་ནི། སྐོམ། གོས་འདོད་པ་ལ་ནི། གོས། བཞོན་པ་འདོད་པ་ལ་ནི་བཞོན་པ། མལ་ཆ་འདོད་པ་ལ་ནི། མལ་ཆ། མེ་ཏོག་འདོད་པ་ལ་ནི་མེ་ཏོག་བདུག་སྤོས་འདོད་པ་ལ་ནི། བདུག་སྤོས་ [362A]༄༅། །སྤོས་འདོད་པ་ལ་ནི། སྤོས། ཕྲེང་བ་འདོད་པ་ལ་ནི་ཕྲེང་བ། བྱུག་པ་འདོད་པ་ལ་ནི། བྱུག་པ། གནས་འདོད་པ་ལ་ནི་གནས། ནོར་དང། འབྲུ་དང། ནོར་བུ་དང། མུ་ ཏིག་དང། བཻ་ཌཱུརྱ་དང། དུང་དང། མན་ཤེལ་དང། བྱུ་རུ་དང་གསེར་དང། དངུལ་འདོད་པ་ལ་ནི། ནོར་དང། འབྲུ་དང། ནོར་བུ་དང་མུ་ཏིག་དང། བཻ་ཌཱུརྱ་དང། དུང་དང། མན་ཤེལ་ དང། བྱུ་རུ་དང། གསེར་དང། དངུལ་ཡོངས་སུ་གཏོང་ངོ། །མིའི་རྐྱེན་དང། ཡོ་བྱད་གང་ཅིའང་རུང་བའི་བར་དུ་འདོད་པ་ལ་ནི་དེ་དག་ཡོངས་སུ་གཏོང་སྟེ། གཞན་ཡང་མིའི་རྐྱེན་དང་ ཡོ་བྱད་གང་ཅིའང་རུང་བའི་བར་དུ་ཡོངས་སུ་གཏོང་བ་ལ་ཡང་དག་པར་སྐུལ་ཞིང་རབ་ཏུ་བཀོད་དེ། དེའི་དགེ་བའི་རྩ་བ་གང་ཇི་སྙེད་པ་དེ་དག་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་ བྱས་ཤིང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་ཕྱིར་ཡོངས་སུ་སྔོའོ། །དེ་བདག་ཉིད་ཀྱང་ཚུལ་ཁྲིམས་སྲུང་ངོ་།གཞན་ཡང་ཚུལ་ཁྲིམས་ལ་ཡང་དག་པར་སྐུལ་ལོ། །བདག་ཀྱང་ བཟོད་པ་བསྒོམ་མོ། །གཞན་ཡང་བཟོད་པ་ལ་ཡང་དག་པར་སྐུལ་ལོ་།བདག་ཀྱང་བརྩོན་འགྲུས་རྩོམ་མོ། །གཞན་ཡང་བརྩོན་འགྲུས་ལ་ཡང་དག་པར་སྐུལ་ལོ། །བདག་ཀྱང་བསམ་གཏན་ ལ་སྙོམས་པར་འཇུག་གོ་གཞན་ཡང་བསམ་གཏན་ལ་ཡང་དག་པར་སྐུལ་ལོ། །བདག་ཀྱང་ཤེས་རབ་སྒོམ་མོ། །གཞན་ཡང་ཤེས་རབ་ལ་ཡང་དག་པར་སྐུལ་ཞིང། གཞོག་གོ་འདུལ་ལོ། ། [362B] །དགེ་བའི་རྩ་བ་དེ་དག་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་སྟེ། སྟོང་གསུམ་གྱི་སྟོང་ ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་ཞིང་དཀོན་མཆོག་གསུམ་ལ་དབུལ་བ་བྱེད་ཀྱང་དེ་འདི་སྙམ་དུ། དགེ་བའི་རྩ་བ་འདིས་བདག་གི་སངས་རྒྱས་ཀྱི་ཞིང་རིན་ པོ་ཆེ་སྣ་བདུན་གྱི་རྒྱུ་ལས་གྲུབ་པར་གྱུར་ཅིག་ཅེས་བྱ་བར་སེམས་བསྐྱེད་དོ། །རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་སྤྱན་སྔའམ། སངས་རྒྱས་ཀྱི་ མཆོད་རྟེན་གྱི་དྲུང་དུ་ལྷ་རྫས་ཀྱི་རོལ་མོ་བརྡུང་བ་དང་དཀྲོལ་བ་བྱེད་ཀྱང་དེ་འདི་སྙེམ་དུ། དགེ་བའི་རྩ་བ་འདིས་བདག་གི་སངས་རྒྱས་ཀྱི་ཞིང་དུ་ལྷ་རྫས་ཀྱི་སྒྲ་ཡིད་དུ་འོང་བ་རྟག་ཏུ་རྒྱུན་མི་ཆད་པར་ འབྱུང་བར་གྱུར་ཅིག་ཅེས་བྱ་བར་སེམས་བསྐྱེད་དོ། །རབ་འབྱོར། གཞན་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལྷ་རྫས་ཀྱི་སྤོས་ཀྱིས་ཡོངས་སུ་བཀང་ཞིང་སངས་རྒྱས་རྣམས་ སམ། སངས་རྒྱས་ཀྱི་མཆོད་རྟེན་དག་ལ་དབུལ་བ་བྱེད་ཀྱང་དེ་འདི་སྙམ་དུ། དགེ་བའི་རྩ་བ་འདིས་བདག་གི་སངས་རྒྱས་ཀྱི་ཞིང་དེར་རྟག་ཏུ་རྒྱུན་མི་ཆད་པར་ལྷ་རྫས་ཀྱི་སྤོས་ཀྱི་ངད་ལྡང་བར་ གྱུར་ཅིག་ཅེས་བྱ་བར་སེམས་བསྐྱེད་དོ། །རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རོ་བརྒྱ་དང་ལྡན་པའི་ཁ་ཟས་དེ་བཞིན་གཤེགས་པ་རྣམས་སམ། དེ་བཞིན་ [363A]༄༅། །གཤེགས་པའི་ཉན་ཐོས་ལ་དབུལ་བར་བྱེད་ཀྱང་དེ་འདི་སྙམ་དུ། དགེ་བའི་རྩ་བ་འདིས་བདག་གི་སངས་རྒྱས་ཀྱི་ཞིང་དེར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་པ་དང། ཉན་ཐོས་ཀྱི་དགེ་འདུན་དུ་བཅས་པའི་ཞལ་ཟས་རོ་བརྒྱ་དང་ལྡན་པ་མངོན་པར་གྲུབ་པར་གྱུར་ཅིག་ཅེས་བྱ་བར་སེམས་བསྐྱེད་དོ། །རབ་ འབྱོར༑ གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་རྣམས་སམ། དེ་བཞིན་གཤེགས་པའི་མཆོད་རྟེན་དག་ལ་ལྷ་རྫས་ཀྱི་བྱུག་པ་ཡོངས་སུ་དབུལ་ བར་བྱེད་ཀྱང་དེ་འདི་སྙམ་དུ། དགེ་བའི་རྩ་བ་འདིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེའི་སེམས་ཅན་ ཐམས་ཅད་ལྷ་རྫས་ཀྱི་རེག་བྱ་དང་ལྡན་པར་གྱུར་ཅིག་ཅེས་བྱ་བར་སེམས་བསྐྱེད་དོ། །རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་འདི་སྙམ་དུ། ཡིད་ཀྱིས་ བསམ་པ་ཙམ་གྱིས་ཡིད་དུ་འོང་བའི་གཟུགས་དང། སྒྲ་དང། དྲི་དང། རོ་དང། རེག་དག་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ཉན་ཐོས་རྣམས་དང། སེམས་ཅན་ཐམས་ཅད་ལ་དབུལ་ ཞིང་ཡོངས་སུ་བཏང་བར་བྱའོ། །སྙམ་དུ་སེམས་ཏེ། དེ་དེ་ལྟར་སེམས་པའི་ཚེ་འདི་སྙམ་དུ། དགེ་བའི་རྩ་བ་འདིས་བདག་གི་སངས་རྒྱས་ཀྱི་ཞིང་དེར་བདག་བླ་ན་མེད་པ་ཡང་དག་པར་ [363B]པ་དང། ཉན་ཐོས་ཀྱི་དགེ་འདུན་དུ་བཅས་པ་དང། སེམས་ཅན་ཐམས་ཅད་ཀྱང་ཡིད་ཀྱིས་བསམས་པ་ཙམ་གྱིས་ཡིད་དུ་འོང་བའི་ གཟུགས་དང། །སྒྲ་དང། དྲི་དང། རོ་དང། རེག་ཡོངས་སུ་གྲུབ་པར་གྱུར་ཅིག་ཅེས་བྱ་བར་སེམས་བསྐྱེད་དོ། །རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འདི་སྙམ་དུ་སེམས་ཏེ། མ་ལ་བདག་ཉིད་ཀྱིས་ཀྱང་བསམ་གཏན་དང་པོ་ལ་མཉམ་པར་བཞག་གོ་སེམས་ཅན་ཐམས་ཅད་ཀྱང་བསམ་གཏན་དང་པོ་ ལ་དགོད་དོ། །མ་ལ་བདག་ཉིད་ཀྱིས་ཀྱང་བསམ་གཏན་གཉིས་པ་ལ་མཉམ་པར་གཞག་གོ་སེམས་ཅན་ཐམས་ཅད་ཀྱང་བསམ་གཏན་གཉིས་པ་ལ་དགོད་དོ། །མ་ལ་བདག་ཉིད་ཀྱིས་ཀྱང་བསམ་ གཏན་གསུམ་པ་ལ་མཉམ་པར་བཞག་གོ་སེམས་ཅན་ཐམས་ཅད་ཀྱང་བསམ་གཏན་གསུམ་པ་ལ་དགོད་དོ། །མ་ལ་བདག་ཉིད་ཀྱིས་ཀྱང་བསམ་གཏན་བཞི་པ་ལ་མཉམ་པར་གཞག་གོ་ སེམས་ཅན་ཐམས་ཅད་ཀྱང་བསམ་གཏན་བཞི་པ་ལ་དགོད་དོ། །མ་ལ་བདག་ཉིད་ཀྱིས་ཀྱང་བྱམས་པ་ལ་མཉམ་པར་གཞག་གོ་སེམས་ཅན་ཐམས་ཅད་ཀྱང་བྱམས་པ་ལ་དགོད་དོ། །མ་ལ་ བདག་ཉིད་ཀྱིས་ཀྱང་སྙིང་རྗེ་ལ་མཉམ་པར་གཞག་གོ་སེམས་ཅན་ཐམས་ཅད་ཀྱང་སྙིང་རྗེ་ལ་དགོད་དོ། །མ་ལ་བདག་ཉིད་ཀྱིས་ཀྱང་དགའ་བ་ལ་མཉམ་པར་གཞག་གོ་སེམས་ཅན་ཐམས་ཅད་ [364A]༄༅། །ཀྱང་དགའ་བ་ལ་དགོད་དོ། །མ་ལ་བདག་ཉིད་ཀྱིས་ཀྱང་བཏང་སྙོམས་ལ་མཉམ་པར་གཞག་གོ་སེམས་ཅན་ཐམས་ཅད་ཀྱང་བཏང་སྙོམས་ལ་དགོད་དོ། །མ་ལ་བདག་ ཉིད་ཀྱིས་ཀྱང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་མཉམ་པར་གཞག་གོ་སེམས་ཅན་ཐམས་ཅད་ཀྱང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་དགོད་དོ། །མ་ལ་བདག་ཉིད་ཀྱིས་ཀྱང་རྣམ་ཤེས་མཐའ་ ཡས་སྐྱེ་མཆེད་ལ་མཉམ་པར་གཞག་གོ་སེམས་ཅན་ཐམས་ཅད་ཀྱང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་དགོད་དོ། །མ་ལ་བདག་ཉིད་ཀྱིས་ཀྱང་ཅུང་ཟད་མེད་པའི་སྐྱེ་མཆེད་ལ་མཉམ་པར་གཞག་ གོ་སེམས་ཅན་ཐམས་ཅད་ཀྱང་ཅུང་ཟད་མེད་པའི་སྐྱེ་མཆེད་ལ་དགོད་དོ། །མ་ལ་བདག་ཉིད་ཀྱིས་ཀྱང་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་མཉམ་པར་བཞག་གོ་སེམས་ཅན་ཐམས་ ཅད་ཀྱང་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་དགོད་དོ་།མ་ལ་བདག་ཉིད་ཀྱིས་ཀྱང་དྲན་པ་ཉེ་བར་གཞག་པ་རྣམས་བསྒོམ་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་དྲན་པ་ཉེ་བར་ གཞག་པ་རྣམས་ལ་དགོད་དོ། །མ་ལ་བདག་ཉིད་ཀྱིས་ཀྱང་ཡང་དག་པར་སྤོང་བ་རྣམས་བསྒོམ་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་ཡང་དག་པར་སྤོང་བ་རྣམས་ལ་དགོད་དོ། །མ་ལ་བདག་ ཉིད་ཀྱིས་ཀྱང་རྫུ་འཕྲུལ་གྱི་རྐང་པ་རྣམས་བསྒོམ་པར་བྱའོ་།སེམས་ཅན་ཐམས་ཅད་ཀྱང་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་དགོད་དོ། །མ་ལ་བདག་ཉིད་ཀྱིས་ཀྱང་དབང་པོ་རྣམས་བསྒོམ་པར་ [364B] ༑སེམས་ཅན་ཐམས་ཅད་ཀྱང་དབང་པོ་རྣམས་ལ་དགོད་དོ་།མ་ལ་བདག་ཉིད་ཀྱིས་ཀྱང་སྟོབས་རྣམས་བསྒོམ་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་སྟོབས་རྣམས་ལ་དགོད་དོ། །མ་ལ་ བདག་ཉིད་ཀྱིས་ཀྱང་བྱང་ཆུབ་ཀྱི་ཡན་ལག་རྣམས་བསྒོམ་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་དགོད་དོ། །མ་ལ་བདག་ཉིད་ཀྱིས་ཀྱང་འཕགས་པའི་ལམ་ ཡན་ལག་བརྒྱད་པ་བསྒོམ་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་དགོད་དོ། །མ་ལ་བདག་ཉིད་ཀྱིས་ཀྱང་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་ མ་མེད་པ་དང། སྨོན་པ་མེད་པ་བསྒོམ་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ལ་དགོད་དོ་སྙམ་སྟེ། དེ་དེ་ལྟར་སེམས་ པའི་ཚེ་དེ་འདི་སྙམ་དུ་དགེ་བའི་རྩ་བ་འདིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེའི་སེམས་ཅན་ཐམས་ཅད་བསམ་ གཏན་བཞི་དང་མི་འབྲལ་ཞིང། ཚད་མེད་པ་བཞི་དང་མི་འབྲལ་བ་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང། རྣམ་པར་ཐར་པའི་ སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་དག་དང་མི་འབྲལ་བར་ཤོག་ཅིག་ཅེས་བྱ་བར་སེམས་སྐྱེད་དོ། །རབ་འབྱོར་དེ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ [365A]༄༅། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད། དེ་ནས་བསམ་པ་དེ་དག་ཐམས་ཅད་ཡོངས་སུ་རྫོགས་པར་མ་གྱུར་གྱི་བར་དུ་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། དེ་བདག་ཉིད་ཀྱང་དགེ་བའི་རྩ་བ་ཐམས་ཅད་དང་ལྡན་པ་ཡིན། སེམས་ཅན་ཐམས་ཅད་ཀྱང་དགེ་བའི་རྩ་ བ་དང་ལྡན་པ་ཡིན། སེམས་ཅན་དེ་དག་ཐམས་ཅད་དགེ་བའི་རྩ་བ་དང་ལྡན་པར་བྱད་པ་ཡིན་ཏེ། དེ་བདག་ཉིད་ཀྱི་ལུས་ཀྱང་མཛེས་པ་ཡིན། སེམས་ཅན་གང་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་དེས་ཡོངས་སུ་སྨིན་པར་བྱས་པ་དེ་དག་ཀྱང་འདི་ལྟ་སྟེ། བསོད་ནམས་ཀྱིས་ཡོངས་སུ་བཟུང་བའི་ཕྱིར་གཟུགས་བཟང་ཞིང་མཛེས་ལ་ཡིད་དུ་འོང་བའི་གཟུགས་མངོན་པར་འགྲུབ་ སྟེ༑ རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སངས་རྒྱས་ཀྱི་ཞིང་དེ་ལྟར་ཡོངས་སུ་དག་པར་བྱེད་དེ། ཅི་ནས་ཀྱང་ངན་སོང་གསུམ་དུ་གདགས་པའི་མིང་ཡང་མི་སྲིད་པ་ དང། ལྟ་བར་རྣམ་པར་གདགས་པའི་མིང་ཡང་མི་སྲིད་པ་དང། འདོད་ཆགས་དང། ཞེ་སྡང་དང། གཏི་མུག་ཏུ་གདགས་པའི་མིང་ཡང་མི་སྲིད་པ་དང། བུད་མེད་དང། སྐྱེས་པར་གདགས་ པའི་མིང་ཡང་མི་སྲིད་པ་དང། ཐེག་པ་གཉིས་སུ་གདགས་པའི་མིང་ཡང་མི་སྲིད་པ་དང། མི་རྟག་པ་དང། སྡུག་བསྔལ་བ་དང། བདག་མེད་པར་གདགས་པའི་མིང་ཡང་མི་སྲིད་པ་དང། ཡོངས་ [365B] བདག་དང་བདག་གིར་བྱ་བར་གདགས་པའི་མིང་ཡང་མི་སྲིད་པ་དང། བག་ལ་ཉལ་བ་དང། ཀུན་ནས་ལྡང་བར་གདགས་པའི་མིང་ཡང་ མི་སྲིད་པ་དང། ཕྱིན་ཅི་ལོག་ཏུ་གདགས་པའི་མིང་ཡང་མི་སྲིད་པ་དང། འབྲས་བུར་གདགས་པའི་མིང་ཡང་མི་སྲིད་ཅིང། གཞན་དུ་ན་སེམས་ཅན་དེ་དག་འདོད་པ་བཞིན་དུ་ཤིང་རླུང་གིས་བཏབ་ པའམ༑ ཕྱི་ནང་གི་དངོས་པོ་དག་ལས་འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་སྒྲ་དང། མཚན་མ་མེད་པའི་སྒྲ་དང། སྨོན་པ་མེད་པའི་སྒྲ་དང། མི་སྐྱེ་མི་འགག་པའི་སྒྲ་དང། ཆོས་ཐམས་ཅད་ངོ་བོ་ཉིད་མེད་ པའི་སྒྲ་དང། ཆོས་ཐམས་ཅད་ཆོས་ཐམས་ཅད་ཀྱིས་སྟོང་པའི་སྒྲ་འབྱུང་བ་དང། ཆོས་དེ་དག་གི་ངོ་བོ་ཉིད་ཇི་ལྟ་བ་བཞིན་དུ་ངོ་བོ་ཉིད་མེད་པའི་སྒྲ་དང། དེ་བཞིན་གཤེགས་པ་རྣམས་བྱུང་ ཡང་རུང། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། ཆོས་ཐམས་ཅད་ཆོས་ཐམས་ཅད་ཀྱིས་སྟོང་ངོ། །གང་སྟོང་པ་དེ་ལ་ནི་མཚན་མ་མེད་དོ། །གང་ལ་མཚན་མ་མེད་པ་དེ་ལ་ནི་ སྨོན་པ་མེད་དོ། །ཞེས་བྱ་བར་ཆོས་བསྟན་པའི་སྒྲ་ཉིན་མཚན་རྒྱུན་མི་ཆད་པར་འྒྲོའང་རུང། འདུག་ཀྱང་རུང། སྡོད་ཀྱང་རུང། ཉལ་ཡང་རུང་སྟེ། རྟག་ཏུ་འབྱུང་བར་འགྱུར་བ་དེ་ལྟ་བུར་སངས་ རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་ངོ། །དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་དེར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་དེ་བཞིན་གཤེགས་པ་དགྲ་ [366A]༄༅། །བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་པ་དེ་ཐམས་ ཅད་ལེགས་པ་བརྗོད་པར་འགྱུར་ཏེ། སེམས་ཅན་གང་གིས་དེ་བཞིན་གཤེགས་པ་དེའི་མཚན་ཐོས་པ་དེ་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་ ཏེ༑ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེས་ཆོས་བསྟན་པ་ན། སེམས་ཅན་གང་ཡང་འདི་ནི། ཆོས་སོ། །འདི་ནི། ཆོས་མ་ཡིན་ནོ། །ཞེས་བྱ་བར་ ཐེ་ཚོམ་ཟ་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ལ་ནི། ཆོས་མ་ཡིན་པ་གང་ཡང་མེད་དེ། ཐམས་ཅད་ཀྱང་ཆོས་སོ། །དེ་ལ་སེམས་ ཅན་གང་མི་དགེ་བའི་རྩ་བས་ནོན་པ་དང། སངས་རྒྱས་སམ་སངས་རྒྱས་ཀྱི་ཉན་ཐོས་རྣམས་ལ་དགེ་བའི་རྩ་བ་མ་བསྐྱེད་པ་མི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་བདག་ཏུ་ལྟ་ བར་བྱེད་པ་ནས་ལྟ་བའི་རྣམ་པ་ཐམས་ཅད་ཀྱི་བར་དུ་བྱིང་བ་རྟག་པའམ་ཆད་པའི་མཐའ་ལ་གནས་པ། ལོག་པར་འཛིན་པས་ཡང་དག་པར་རྫོགས་བའི་སངས་རྒྱས་མ་ཡིན་པ་ལ་ནི་ ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་པར་འདུ་ཤེས་པ། ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་པ་ལ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་མ་ཡིན་པར་འདུ་ཤེས་པ་དེ་ [366B] ཆོས་མ་ཡིན་པ་ལའང་ཆོས་སོ། །ཞེས་ཟེར། ཆོས་ལའང་ཆོས་མ་ཡིན་ནོ། །ཞེས་ཟེར་ཏེ། དེ་དག་ཆོས་ལ་སྤོང་བར་འགྱུར་ཏེ། དེ་ལྟར་ཆོས་སྤངས་ནས་ལུས་ཞིག་པའི་འོག་ཏུ་ཤི་ནས་ངན་ སོང་དང། ངན་འགྲོ་དང། ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་བར་འགྱུར་ཏེ། དེ་ལྟ་བུ་དག་ལའང་སངས་རྒྱས་བཅོམ་ལྡན་འདས་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཤིང། འཁོར་བའི་ཁོངས་སུ་ཆུད་པའི་སེམས་ཅན་དེ་དག་སྡིག་པར་ལྟ་བུའི་རྣམ་པ་དེ་དག་ལས་རྣམ་པར་འགྲོལ་ཏེ། དེ་ལྟར་རྣམ་པར་བཀྲོལ་ ནས་ངེས་པའི་ཕུང་པོར་རབ་ཏུ་འགོད་དེ། དེར་བཀོད་པ་རྣམས་ཕྱིན་ཆད་ངན་སོང་དུ་ལྟུང་བར་མི་འགྱུར་རོ། །རབ་འབྱོར། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ ཞིང་ཡོངས་སུ་དག་པར་བྱེད་པ་ཡིན་ཏེ། དེ་ལྟར་ཡོངས་སུ་སྦྱངས་པས་སེམས་ཅན་རྣམས་འཇིག་རྟེན་པའི་ཆོས་སམ། འཇིག་རྟེན་ལས་འདས་པའི་ཆོས་སམ། ཟག་པ་དང་བཅས་པའི་ཆོས་སམ་ ཟག་པ་མེད་པའི་ཆོས་སམ། འདུས་བྱས་ཀྱི་ཆོས་སམ། འདུས་མ་བྱས་ཀྱི་ཆོས་གང་ལའང་གནས་པར་མི་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ངེས་པར་འགྱུར་ རོ༑ ༑ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས་ལེའུ་དྲུག་ཅུ་རྩ་བདུན་པའོ།། །།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། [367A]༄༅། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ངེས་ཞེས་བྒྱིའམ། མ་ངེས་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ངེས་པ་སྟེ། མ་ངེས་པ་མ་ཡིན་ནོ། །གསོལ་པ། ཉན་ཐོས་ཀྱི་ཕུང་པོའམ། རང་སངས་རྒྱས་ཀྱི་ཕུང་པོའམ། སངས་རྒྱས་ཀྱི་ཕུང་པོའམ། ཕུང་པོ་གང་དུ་ ངེས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཉན་ཐོས་ཀྱི་ཕུང་པོར་ངེས་པའམ། རང་སངས་རྒྱས་ཀྱི་ཕུང་པོར་ ངེས་པ་མ་ཡིན་གྱི། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སངས་རྒྱས་ཀྱི་ཕུང་པོར་ངེས་པའོ། །གསོལ་པ། བཅོམ་ལྡན་འདས། སེམས་དང་པོ་བསྐྱེད་པའི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ངེས་ཞེས་བྒྱིའམ། འོན་ཏམ་ཕྱིར་མི་ལྡོག་པ་ངེས་ཞེས་བྒྱིའམ། འོན་ཏམ་སྲིད་པ་ཐ་མ་པ་ངེས་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ༑ རབ་འབྱོར། སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ངེས་པའོ། །ཕྱིར་མི་ལྡོག་པ་ནི། ངེས་པའོ་།སྲིད་པ་གཅིག་གིས་ཐོགས་པ་ནི། ངེས་ པའོ༑ ༑གསོལ་པ། བཅོམ་ལྡན་འདས། ངེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ངན་སོང་རྣམས་སུ་སྐྱེ་བར་འགྱུར་རམ་མི་འགྱུར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ [367B] དེ་ནི། མ་ཡིན་ཏེ། རབ་འབྱོར། ངེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ངན་སོང་དུ་མི་སྐྱེའོ། །རབ་འབྱོར། དེ་ཇི་སྙམ་དུ་སེམས། བརྒྱད་པའམ། རྒྱུན་དུ་ཞུགས་ པའམ༑ ལན་གཅིག་ཕྱིར་འོང་བའམ། ཕྱིར་མི་འོང་བའམ། དགྲ་བཅོམ་པའམ། རང་སངས་རྒྱས་ངན་སོང་དུ་སྐྱེ་བར་འགྱུར་རམ། གསོལ་པ་བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་སྦྱིན་པ་གཏོང་བ་དང། ཚུལ་ཁྲིམས་ སྲུང་བ་དང། བཟོད་པ་སྒྲུབ་པ་དང། བརྩོན་འགྲུས་རྩོམ་པ་དང་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་དང། ཤེས་རབ་སྒོམ་པ་དང་མི་དགེ་བའི་ཆོས་ཐམས་ཅད་སྤང་བའི་དོན་དུ་གནས་ པ་དེ་ནི། ངན་སོང་དུ་སྐྱེ་བར་འགྱུར་བའི་གནས་མེད་དོ། །ལྷ་ཚེ་རིང་པོར་སྐྱེ་བའི་གནས་མེད་དོ། །གང་ན་དགེ་བའི་ཆོས་རྣམས་མི་སྤྱོད་པ་དེ་ལྟ་བུ་སྐྱེ་བའི་གནས་མེད་དོ། །གླེན་པ་དང་ལྐུག་ པར་འགྱུར་བའི་ཡུལ་དུ་སྐྱེ་བའི་གནས་མེད་དོ། །མཐའ་འཁོབ་ཀྱི་ཀླ་ཀློ་དང་མི་སྲུན་ཞིང་འཁོར་བཞི་རྒྱུར་མེད་པའི་ཡུལ་དུ་སྐྱེ་བའི་གནས་མེད་དོ། །ལོག་པར་ལྟ་བའི་རིགས་སུ་སྐྱེ་བའི་ གནས་མེད་དོ། །གང་ན་སངས་རྒྱས་ཀྱི་སྒྲ་མི་གྲག་པ་དང། ཆོས་ཀྱི་སྒྲ་མི་གྲག་པ་དང། དགེ་འདུན་གྱི་སྒྲ་མི་གྲག་པ་དེ་ལྟ་བུར་སྐྱེ་བའི་གནས་མེད་དོ། །བྱ་བ་མ་ཡིན་པའི་ལྟ་བར་ལྟུང་བའི་ [368A]༄༅། །གནས་མེད་དོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ཏུ་ལྷག་པའི་བསམ་པས་ཡང་དག་པར་ཞུགས་པ་ནི། མི་དགེ་བ་བཅུའི་ལས་ཀྱི་ལམ་ལ་སྤྱོད་ཅེས་བྱ་བའི་གནས་མེད་དོ། །གསོལ་པ་བཅོམ་ལྡན་འདས། གལ་ཏེ་དེ་ལྟར་ངེས་པའི་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟ་བུའི་དགེ་བའི་རྩ་བ་དང་ལྡན་ཞིང། ཚུལ་དང་མི་འདྲ་བའི་གནས་སུ་མི་སྐྱེ་བ་ལགས་ན། གང་འདི་ལྟར་དེ་བཞིན་གཤེགས་པ་ཉིད་ཀྱང་ བྱོལ་སོང་གི་རྒྱུད་དུ་སྐྱེས་པའི་རབས་བསྟན་ན། དེའི་ཚེ་དགེ་བའི་རྩ་བ་དེ་དག་གང་དུ་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ནི། མི་དགེ་བའི་ལས་ཀྱིས་བྱོལ་སོང་གི་རྒྱུད་དུ་སྐྱེ་བ་མ་ཡིན་གྱི། ལུས་གང་དང་གང་གིས་སེམས་ཅན་རྣམས་ཀྱི་དོན་དུ་འགྱུར་བ་དེ་དང་དེ་ལྟ་བུའི་ལུས་ཆེད་དུ་བསམས་ ཤིང་སེམས་ཅན་རྣམས་ཀྱི་དོན་དུ་སྐྱེ་བ་ཡོངས་སུ་འཛིན་ཅིང། རབ་འབྱོར། དེ་ལྟར་ཐབས་མཁས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱོལ་སོང་གི་སྐྱེ་གནས་སུ་སྐྱེས་ཤིང་ དེ་ལ་ལ་ལ་ཞིག་གསོད་དུ་འོངས་ཀྱང་བླ་ན་མེད་པའི་བཟོད་པས་བདག་ཡོངས་སུ་གཏོང་ཞིང། སེམས་ཅན་དེ་དག་ལ་གནོད་པར་མི་བྱེད་པ་དེ་ལྟ་བུའི་ཐབས་མཁས་པ་དག་དགྲ་བཅོམ་ [368B] རང་སངས་རྒྱས་དག་ལ་ཡོད་དམ། རབ་འབྱོར། དེ་བས་ན། རྣམ་གྲངས་དེས་ཀྱང་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སེམས་ཅན་རྣམས་ཀྱི་ཕྱིར་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཀྱི་དོན་དུ་སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་ཅིང། བྱོལ་སོང་གི་སྐྱེ་གནས་སུ་སྐྱེའང་བྱོལ་སོང་གི་སྐྱེ་གནས་ཀྱི་རྒྱུད་ཀྱི་ཉེས་པས་མི་གོས་པར་རིག་པར་བྱའོ། ། གསོལ་པ། བཅོམ་ལྡན་འདས། དགེ་བའི་ཆོས་གང་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟ་བུའི་ལུས་ཡོངས་སུ་འཛིན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་རྫོགས་པར་མི་བྱ་བའི་དགེ་བའི་ཆོས་དེ་ལྟ་བུ་གང་ཞིག་ཡོད་དེ་དེ་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པ་ ནི༑ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་སྙིང་པོ་བྱང་ཆུབ་ལ་འདུག་ གི་བར་དུ་དགེ་བའི་ཆོས་གང་ཡང་ཡོངས་སུ་རྫོགས་པར་མི་བྱ་བ་མེད་དོ། །དགེ་བའི་ཆོས་གང་ཡོངས་སུ་རྫོགས་པར་མ་བྱས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་ པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་ལྟ་བུ་མེད་དེ། དེ་ནི་གནས་མ་ཡིན་ནོ། །རབ་འབྱོར། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་དང་པོ་བསྐྱེད་པ་ནས་ [369A]༄༅། །ཉེ་བར་བཟུང་སྟེ་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་ལ་བསླབ་པར་བྱ་སྟེ། དེ་ལ་བསླབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ འཐོབ་བོ། །བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ཀྱང་ཡོངས་སུ་སྤོང་ངོ། །གསོལ་པ། བཅོམ་ལྡན་འདས། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་ པའི་ཆོས་དཀར་པོ་ཟག་པ་མ་མཆིས་པ་དེ་ལྟ་བུ་དང་ལྡན་པ་ངན་སོང་ངམ། བྱོལ་སོང་གི་སྐྱེ་གནས་སུ་སྐྱེ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་བཞིན་ གཤེགས་པ་འཕགས་པ་ཟག་པ་མེད་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས། དེ་དེ་ལགས། བདེ་བར་གཤེགས་པ། དེ་དེ་ལགས་ཏེ།དེ་བཞིན་གཤེགས་པ་ནི། འཕགས་ ཤིང་ཟག་པ་མི་མངའ་བའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་རབ་འབྱོར། དེ་བཞིན་གཤེགས་པས་བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་མངོན་པར་སྤྲུལ་ པ་མཛད་ཅིང། དེ་མངོན་པར་སྤྲུལ་ནས་སངས་རྒྱས་ཀྱི་འཕྲིན་ལས་མཛད་པ་དེ་ལྟ་བུ་ཡོད་དམ་མེད། གསོལ་པ། བཅོམ་ལྡན་འདས། མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ༑ རབ་འབྱོར། དེས་དེ་བཞིན་གཤེགས་པ་བྱོལ་སོང་གི་སྐྱེ་གནས་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ [369B] རབ་འབྱོར། དེ་བཞིན་གཤེགས་པས་བྱོལ་སོང་གི་སྐྱེ་གནས་ཀྱི་སྡུག་བསྔལ་མྱོང་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། རབ་འབྱོར། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པའི་ཆོས་ཟག་པ་མེད་པ་དང་ལྡན་པའང་ཆེད་དུ་བསམས་ཤིང་དེ་ལྟ་བུའི་ལུས་ཡོངས་སུ་འཛིན་ ཏེ༑ ལུས་དེ་དག་གིས་སེམས་ཅན་རྣམས་ཅི་རིགས་ཅི་ཚུལ་དུ་ཡོངས་སུ་སྨིན་པར་བྱེད་དོ། །རབ་འབྱོར། དེ་ཇི་སྙོམ་དུ་སེམས། དགྲ་བཅོམ་པས་སྤྲུལ་པ་མངོན་པར་སྤྲུལ་ན། སྤྲུལ་པ་དེས་དགྲ་ བཅོམ་པའི་ལས་བྱས་ཤིང། ལས་དེས་གཞན་གྱི་དགེ་བ་སྐྱེ་བར་འགྱུར་བ་ཡོད་དམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། དེ་དེ་བཞིན་ཏེ། མཆིས་སོ། །བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། རབ་འབྱོར། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པའི་ཆོས་ཟག་པ་མེད་པ་དང་ལྡན་པའང་ཆེད་དུ་བསམས་ཤིང་དེ་ལྟ་བུའི་ལུས་ཡོངས་ སུ་འཛིན་ཏེ་ཅི་རིགས་ཅི་ཚུལ་དུ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །དེ་ལྟ་བུའི་ལུས་དེས་སྡུག་བསྔལ་དུའང་མི་འགྱུར་ཏེ་སྡུག་བསྔལ་གྱི་ཚོར་པའང་ཉམས་སུ་མི་མྱོང་ངོ། །རབ་ འབྱོར༑ དེ་ཇི་སྙམ་དུ་སེམས། སྒྱུ་མའི་མཁན་པོས་སྒྱུ་མ་ལས་གླང་པོའི་གཟུགས་སམ། རྟའི་གཟུགས་སམ། གླང་གི་གཟུགས་ཤིག་བསྟན་ཏམ་གཞན་ཡང་སྒྱུ་མ་རྣམ་པ་སྣ་ཚོགས་ [370A]༄༅། །བསྟན་ན། དེ་དག་གླང་པོའི་གཟུགས་སམ། རྟའི་གཟུགས་སམ་གླང་གི་གཟུགས་སམ། སྲོག་ཆགས་ཀྱི་རིགས་གཞན་དག་ཏུའང་འགྱུར་བ་ཡོད་དམ། གསོལ་ པ༑ བཅོམ་ལྡན་འདས། དེ་ནི། མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པའི་ཆོས་ཟག་པ་ མེད་པ་དང་ལྡན་པའང་ཆེད་དུ་བསམས་ཤིང་དེ་ལྟ་བུའི་ལུས་ཡོངས་སུ་འཛིན་ཏེ། ལུས་དེ་དག་གིས་སེམས་ཅན་རྣམས་ཀྱི་དོན་བྱེད་དེ། སྡུག་བསྔལ་གྱི་ཚོར་བར་འགྱུར་བ་གང་ཡང་མེད་ དོ༑ ༑རབ་འབྱོར་གྱིས་གསོལ་པ། ཀྱེ་མ་བཅོམ་ལྡན་འདས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པའི་ཡེ་ཤེས་ཟག་པ་མ་མཆིས་པ་དང་དེ་ལྟར་ལྡན་ཞིང་ ལུས་གང་དང་གང་གིས་སེམས་ཅན་རྣམས་ཀྱི་དོན་དུ་འགྱུར་བ་དེ་དང་དེ་ལྟ་བུའི་ལུས་ཡོངས་སུ་འཛིན་པ་ནི། ཐབས་ཤིན་ཏུ་མཁས་པ་སྟེ་དེ་ནི། ངོ་མཚར་ཆེའོ། །བཅོམ་ལྡན་འདས་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་དཀར་པོ་གང་དང་གང་ལ་གནས་ཤིང་དེ་ལྟ་བུའི་ཐབས་མཁས་པ་བགྱིད་ཀྱང་ལས་དེ་ལྟ་བུས་མི་གོས་པར་སྤྱོད་པ་ལགས། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟ་བུའི་ཐབས་མཁས་པ་ལ་སྤྱོད་དེ་ [370B]རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སེམས་ཅན་རྣམས་ཀྱི་དོན་བྱེད་ཀྱང་དེས་དེ་ལ་གང་ཡང་རེག་པར་འགྱུར་བ་ མེད་དོ༑ ༑དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་རེག་པར་བྱེད་པ་དང། གང་གིས་རེག་པར་བྱ་བ་དང། གང་ལ་རེག་པར་བྱ་བ་དེ་ལྟ་བུའི་ཆོས་ གསུམ་པོ་དེ་དག་ཐམས་ཅད་མི་དམིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་ཆོས་གསུམ་པོ་དེ་དག་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པས། སྟོང་པ་ཉིད་ནི། སྟོང་པ་ཉིད་ལ་རེག་པར་མི་བྱེད་ དོ༑ ༑སྟོང་པ་ཉིད་ཀྱིས་ཆོས་གང་ལའང་རེག་པར་མི་འགྱུར་རོ་།སྟོང་པ་ཉིད་ཀྱང་རེག་པར་བྱ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་སྟོང་པ་ཉིད་ལ་སྟོང་པ་ཉིད་མི་དམིགས་སོ་།དེ་ ནི༑ མི་དམིགས་པ་སྟོང་པ་ཉིད་དེ། དེ་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། ། གསོལ་པ། བཅོམ་ལྡན་འདས། ཅི་ལགས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གཞན་ལ་མི་གནས་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབའ་ཞིག་ལ་གནས་ཤིང་རྣམ་པ་ དེ་ལྟ་བུའི་ཐབས་མཁས་པ་ལ་སྤྱོད་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། ཆོས་གང་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཁོངས་སུ་མ་ཆུད་པ་དེ་ལྟ་བུ་ཡོད་ [371A]༄༅། །དམ༑ གསོལ་པ། བཅོམ་ལྡན་འདས། གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ངོ་བོ་ཉིད་ཀྱིས་སྟོང་ན། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཁོངས་སུ་ཆོས་ ཐམས་ཅད་འདུ་བ་ལགས། བཅོམ་ལྡན་འདས། སྟོང་པ་ཉིད་ལ་ནི། ཆོས་གང་ཡང་ཁོངས་སུ་ཆུད་པའམ། ཁོངས་སུ་མ་ཆུད་པ་ཞེས་བགྱི་བ་མ་མཆིས་སོ། །བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། རབ་འབྱོར། ཆོས་ཐམས་ཅད་ཆོས་ཐམས་ཅད་ཀྱིས་མི་སྟོང་ངམ། གསོལ་པ། བཅོམ་ལྡན་འདས། སྟོང་ངོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ རབ་འབྱོར། དེ་སྟེ་ཆོས་ཐམས་ཅད་ཆོས་ཐམས་ཅད་ཀྱིས་སྟོང་ན་ཆོས་ཐམས་ཅད་སྟོང་པ་ཉིད་དུ་མ་འདུས་སམ། གསོལ་པ། བཅོམ་ལྡན་འདས། དེ་དེ་ལགས་སོ། །བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། རྣམ་གྲངས་དེས་ན། ཁྱོད་ཀྱིས་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ དེ་ལྟ་བུའི་ཐབས་མཁས་པ་ལ་སྤྱོད་པར་རིག་པར་བྱའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། བཅོམ་ལྡན་འདས། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཆོས་ཐམས་ཅད་སྟོང་པ་ཉིད་ལ་གནས་ཏེ། མངོན་པར་ཤེས་པ་གང་ལ་གནས་ཤིང་ཕྱོགས་བཅུའི་ཕྱོགས་རེ་ [371B]དག་ཏུ་མཆི་བ་དང། འཇིག་རྟེན་གྱི་ཁམས་དེ་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་ ཆོས་སྟོན་པ་དེ་དག་ལ་བསྙེན་བཀུར་བགྱིད་པ་དང། ཆོས་ཉན་ཅིང་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་དགེ་བའི་རྩ་བ་བསྐྱེད་པའི་མངོན་པར་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་མངོན་པར་སྒྲུབ་ པ་ལགས། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་སེམས་དཔའ་ཆེན་ པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཕྱོགས་བཅུའི་ཕྱོགས་རེ་རེའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པར་མཐོང་ངོ། །འཇིག་ རྟེན་གྱི་ཁམས་དེ་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་ངོ་བོ་ཉིད་ཀྱིས་སྟོང་པར་མཐོང་ངོ། །གཞན་དུ་ན་མིང་དང་ བརྡར་གདགས་པ་ཉེ་བར་བཟུང་ཞིང་བསྟན་པ་མ་གཏོགས་ཏེ། གདགས་པ་ཀུན་ཀྱང་ངོ་བོ་ཉིད་ཀྱིས་སྟོང་ངོ། །གལ་ཏེ་འཇིག་རྟེན་གྱི་ཁམས་དེ་དག་ཀྱང་ངོ་བོ་ཉིད་ཀྱིས་མི་སྟོང་ལ། སངས་རྒྱས་ བཅོམ་ལྡན་འདས་དེ་དག་ཀྱང་ངོ་བོ་ཉིད་ཀྱིས་མི་སྟོང་སྟེ། གདགས་པའི་རྒྱུད་དེ་དག་ཀྱང་ངོ་བོ་ཉིད་ཀྱིས་མི་སྟོང་པ་ཞིག་ཡིན་ན་ནི། ཉི་ཚེ་བའི་སྟོང་པ་ཉིད་དུ་འགྱུར་ཏེ། དེའང་སྟོང་པ་ཉི་ཚེ་ [372A]༄༅། །པ་མ་ཡིན་ནོ། །དེའི་ཕྱིར་ཆོས་ཐམས་ཅད་ཆོས་ཐམས་ཅད་ཀྱིས་སྟོང་སྟེ། དེ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པས། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་མངོན་པར་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་མངོན་པར་སྒྲུབ་སྟེ། མངོན་པར་ཤེས་པ་དེ་དག་ལ་གནས་ཤིང་ལྷའི་མིག་དང། ལྷའི་རྣ་བ་དང། རྫུ་འཕྲུལ་ གྱི་རྣམ་པ་དང། ཕ་རོལ་གྱི་སེམས་ཤེས་པ་དང། སྔོན་གྱི་གནས་དྲན་པ་དང། འཆི་འཕོ་ཤེས་པ་མངོན་པར་སྒྲུབ་སྟེ། མངོན་པར་ཤེས་པ་མེད་པར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོའི་བྱང་ཆུབ་ནི། མངོན་པར་ཤེས་པའི་ཕ་རོལ་ཏུ་ཕྱིན་པར་འདུས་པ་སྟེ། མངོན་པར་ཤེས་པ་དེ་དག་ལས་བྱང་ཆུབ་ཡོངས་སུ་བཙལ་བར་བྱའོ། །དེ་ཚོལ་བའི་ཚེ་ལྷའི་མིག་རྣམ་ པར་དག་པ་མི་ལས་འདས་པས་བདག་ཉིད་ཀྱིས་ཀྱང་དགེ་བའི་ཆོས་ཐམས་ཅད་མཐོང། གཞན་ཡང་དགེ་བའི་ཆོས་ཐམས་ཅད་ལ་སྦྱོར་ཏེ་དགེ་བའི་ཆོས་དེ་དག་ལ་མངོན་པར་ཞེན་ པར་འགྱུར་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དགེ་བའི་ཆོས་དེ་དག་ཐམས་ཅད་ནི། ངོ་བོ་ཉིད་ཀྱིས་སྟོང་པ་སྟེ། སྟོང་པ་ཉིད་ནི་གང་ལ་མངོན་པར་ཞེན་ཅིང། རོ་མྱོང་བར་བྱེད་པར་མངོན་ [372B] སྟོང་པ་ཉིད་ནི། རོ་མྱོང་བར་བྱེད་པ་མེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། །བམ་པོ་ཉིས་བརྒྱ་གོ་བདུན་པ། །དེ་ལྟར་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ལྷའི་མིག་མངོན་པར་སྒྲུབ་སྟེ། ལྷའི་མིག་དེས་ཆོས་ཐམས་ཅད་ཀྱང་སྟོང་པ་ཉིད་དུ་མཐོང་སྟེ། དེ་ཆོས་དེ་དག་ ལ་གནས་ཤིང་ལས་མངོན་པར་སྒྲུབ་བོ། །ལས་མངོན་པར་སྒྲུབ་པ་དེས་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། སེམས་ཅན་ནམ་སེམས་ཅན་དུ་གདགས་པར་དམིགས་པ་མེད་དོ། །དེ་ལྟར་ མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་མངོན་པར་སྒྲུབ་སྟེ་མངོན་པར་ཤེས་པ་དེ་དག་གིས་མངོན་པར་ཤེས་པར་ བྱ་བའི་ཆོས་གང་ཇི་སྙེད་པ་དེ་དག་བྱེད་དོ། །དེ་ལྷའི་མིག་རྣམ་པར་དག་པ་མི་ལས་འདས་པ་དེ་ཉིད་ཀྱིས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་མཐོང་སྟེ། དེ་དེ་དག་ཏུ་རྫུ་འཕྲུལ་ གྱིས་སོང་ཞིང་སྦྱིན་པའམ། ཚུལ་ཁྲིམས་སམ། བཟོད་པའམ། བརྩོན་འགྲུས་སམ། བསམ་གཏན་ནམ། ཤེས་རབ་བམ། དྲན་པ་ཉེ་བར་གཞག་པ་རྣམས་སམ། ཡང་དག་པར་སྤོང་བ་ རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། དབང་པོ་རྣམས་སམ། སྟོབས་རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པའམ། རྣམ་ [373A]༄༅། །པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའམ། བསམ་གཏན་རྣམས་སམ། ཚད་མེད་པ་རྣམས་སམ། གཟུགས་མེད་པའི་སྙོམས་ པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་ སམ༑ མི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ་བྱམས་པ་ཆེན་པོའམ། སྙིང་རྗེ་ཆེན་པོའམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སམ། ཉན་ཐོས་ཀྱི་ ཆོས་སམ། རང་སངས་རྒྱས་ཀྱི་ཆོས་སམ། བྱང་ཆུབ་སེམས་དཔའི་ཆོས་སམ། སངས་རྒྱས་ཀྱི་ཆོས་ཀྱིས་སེམས་ཅན་རྣམས་ཀྱི་དོན་བྱེད་ཅིང་སེམས་ཅན་དེ་དག་གི་བྱ་བ་བྱེད་དེ། དེ་ལ་ སེམས་ཅན་སེར་སྣ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཅིང་སྦྱིན་པ་བྱིན་ཅིག་ཕོངས་པ་ནི། སྡུག་བསྔལ་བ་སྟེ་ཕོངས་པས་ནི། བདག་གི་དོན་ཀྱང་བྱ་བར་མི་ནུས་ན་ གཞན་གྱི་དོན་ལྟ་ཅི་སྨོས་ཀྱིས། དེ་ལྟར་ཁྱེད་ཀྱིས་སྦྱིན་པ་བྱིན་ལ་བདག་ཀྱང་བདེ་བར་གྱིས་ཤིག་གཞན་ཡང་བདེ་བར་གྱིས་ཤིག་།ཕོངས་པས་ཟིལ་གྱིས་ནོན་ཅིང་ཉིང་ཤ་ཉིང་གིས་ ཟོས་ཏེ་ངན་སོང་གསུམ་ལས་མི་ཐར་པར་གྱུར་ཏེ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ཚུལ་ཁྲིམས་ངན་པ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་ཚུལ་ [373B] སྡུག་བསྔལ་བ་སྟེ། ཚུལ་ཁྲིམས་ངན་པས་ནི། བདག་གི་དོན་ཀྱང་བྱ་བར་མི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཏེ། ཚུལ་ཁྲིམས་ངན་པའི་རྣམ་པར་སྨིན་པ་ནི། སེམས་ཅན་ དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱོད་ངན་སོང་གསུམ་དུ་ལྷུང་ན་བདག་ཅག་ཀྱང་གདོན་པར་མི་ནུས་ན། གཞན་གདོན་པར་ལྟ་ཅི་སྨོས་ ཀྱི༑ དེའི་ཕྱིར་ཁྱེད་ཀྱིས་ཚུལ་ཁྲིམས་ངན་པའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ཕན་ཚུན་གནོད་སེམས་སུ་ གྱུར་པ་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། དེ་ལྟར་ཁྱེད་གཅིག་ལ་གཅིག་གནོད་སེམས་སུ་མ་བྱེད་ཅིག་སེམས་འཁྲུགས་པར་གྱུར་པ་ལ་དགེ་བའི་ཆོས་གང་ཡང་སྐྱེ་བར་མི་ འགྱུར་ཏེ། དེ་ལྟ་བས་ན། ཁྱེད་ཕན་ཚུན་སེམས་འཁྲུགས་པར་གྱུར་ན། སེམས་ཅན་དམྱལ་བར་སྐྱེ་བའམ། བྱོལ་སོང་གི་སྐྱེ་གནས་སུ་སྐྱེ་བའམ། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བའི་གང་ གནས་ཡོད་ཀྱི། དེ་བས་ན། ཁྱེད་ཀྱིས་འཁྲུག་པའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ལེ་ལོ་ཅན་གང་ཇི་ སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་ལེ་ལོ་ནི། སྡུག་བསྔལ་བ་སྟེ། ལེ་ལོས་ནི། བདག་གི་དོན་ཀྱང་བྱ་བར་མི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཏེ། ལེ་ལོའི་རྣམ་ [374A]༄༅། །པར་སྨིན་པ་ནི། སེམས་ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ངན་སོང་གསུམ་དུ་ལྷུང་ན་བདག་ཅག་ཀྱང་གདོན་ པར་མི་ནུས་ན། གཞན་གདོན་པར་ལྟ་ཅི་སྨོས་ཏེ། དེའི་ཕྱིར་ཁྱེད་ཀྱིས་ལེ་ལོའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ ཅན་སེམས་གཡེངས་པ་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་སེམས་གཡེང་བ་ནི། སྡུག་བསྔལ་བ་སྟེ་གང་སེམས་གཡེང་བའི་རྣམ་པར་སྨིན་པ་ནི་ སེམས་ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ངན་སོང་གསུམ་དུ་ལྷུང་ན་བདག་ཅག་ཀྱང་གདོན་པར་མི་ནུས་ན། གཞན་གདོན་ པར་ལྟ་ཅི་སྨོས་ཀྱི། དེའི་ཕྱིར་ཁྱེད་ཀྱིས་གཡེང་བའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ཤེས་རབ་འཆལ་བ་ཅན་ གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་ཤེས་རབ་འཆལ་བ་ནི། སྡུག་བསྔལ་བ་སྟེ། ཤེས་རབ་འཆལ་བས་ནི། བདག་གི་དོན་ཀྱང་བྱ་བར་མི་ནུས་ན། གཞན་ གྱི་དོན་ལྟ་ཅི་སྨོས་ཏེ། དེ་ལྟར་ན། ཤེས་རབ་འཆལ་བའི་རྣམ་པར་སྨིན་པ་ནི། སེམས་ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ་གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ [374B]ཀྱང་མི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །འདོད་ཆགས་ཀྱི་སྤྱོད་པ་ཅན་གང་ཇི་སྙེད་པ་དེ་དག་མི་སྡུག་ པ་ལ་སྦྱོར་རོ། །ཞེ་སྡང་གི་སྤྱོད་པ་ཅན་གང་ཇི་སྙེད་པ་དེ་དག་བྱམས་པ་ལ་སྦྱོར་རོ། །གཏི་མུག་གི་སྤྱོད་པ་ཅན་གང་ཇི་སྙེད་པ་དེ་དག་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སྦྱོར་རོ། །ལམ་ངན་པར་ ཞུགས་པ་ལ་སྤྱོད་པ་དེ་དག་ནི། ཡང་དག་པའི་ལམ་ལ་སྦྱོར་ཏེ་ཉན་ཐོས་ཀྱི་ལམ་མམ། རང་སངས་རྒྱས་ཀྱི་ལམ་མམ། སངས་རྒྱས་ཀྱི་ལམ་ལ་སྦྱོར་ཞིང་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ་ ཁྱེད་ཆོས་གང་ལ་མངོན་པར་ཞེན་པར་གྱུར་པའི་ཆོས་དེ་དག་ནི་ངོ་བོ་ཉིད་ཀྱིས་སྟོང་སྟེ། ངོ་བོ་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ལ་ནི། མངོན་པར་ཞེན་པར་མི་ནུས་ཏེ། སྟོང་པ་ཉིད་ལ་མངོན་པར་ ཞེན་པ་མེད་དོ། །ཞེས་ཆོས་སྟོན་ཏེ། རབ་འབྱོར། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པའི་ཚེ་མངོན་པར་ཤེས་པ་རྣམས་ལ་གནས་ཤིང་ སེམས་ཅན་རྣམས་ཀྱི་དོན་བྱེད་པ་ཡིན་ནོ། །དེ་ལྟའི་མིག་རྣམ་པར་དག་པ་མི་ལས་འདས་པ་དེ་ཉིད་ཀྱིས་ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་མཐོང་སྟེ། དེ་དེ་དག་ཏུ་རྫུ་འཕྲུལ་གྱིས་ སོང་ཞིང་སྦྱིན་པའམ། ཚུལ་ཁྲིམས་སམ། བཟོད་པའམ། བརྩོན་འགྲུས་སམ། བསམ་གཏན་ནམ། ཤེས་རབ་བམ། དྲན་པ་ཉེ་བར་གཞག་པ་རྣམས་སམ། ཡང་དག་པར་སྤོང་བ་རྣམས་སམ་ [375A]༄༅། །རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། དབང་པོ་རྣམས་སམ་སྟོབས་རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པའམ་ རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང་སྨོན་པ་མེད་པའམ། བསམ་གཏན་རྣམས་སམ། ཚད་མེད་པ་རྣམས་སམ་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ སམ༑ རྣམ་པར་ཐར་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། མི་འཇིགས་ པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། བྱམས་པ་ཆེན་པོའམ། སྙིང་རྗེ་ཆེན་པོའམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སམ། ཉན་ཐོས་ཀྱི་ཆོས་སམ། རང་སངས་ རྒྱས་ཀྱི་ཆོས་སམ། བྱང་ཆུབ་སེམས་དཔའི་ཆོས་སམ། སངས་རྒྱས་ཀྱི་ཆོས་ཀྱིས་སེམས་ཅན་རྣམས་ཀྱི་དོན་བྱེད་ཅིང་སེམས་ཅན་དེ་དག་གི་བྱ་བ་བྱེད་དེ། དེ་ལ་སེམས་ཅན་སེར་སྣ་ཅན་ གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ་སྦྱིན་པ་བྱིན་ཅིག་ཕོངས་པ་ནི། སྡུག་བསྔལ་བ་སྟེ། ཕོངས་པས་ནི། བདག་གི་དོན་ཀྱང་བྱ་བར་མི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ ཀྱི༑ དེ་ལྟར་ཁྱེད་ཀྱིས་སྦྱིན་པ་བྱིན་ལ་བདག་ཅག་ཀྱང་བདེ་བར་གྱིས་ཤིག་གཞན་ཡང་བདེ་བར་གྱིས་ཤིག་ཕོངས་པས་ཟིལ་གྱིས་ནོན་ཅིང་ཉིང་ཤ་ཉིང་གིས་ཟོས་ཏེ་ངན་སོང་གསུམ་ [375B] །སེམས་ཅན་ཚུལ་ཁྲིམས་ངན་པ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་ཚུལ་ཁྲིམས་ངན་པ་ནི། སྡུག་བསྔལ་ བ་སྟེ༑ ཚུལ་ཁྲིམས་ངན་པས་ནི། བདག་གི་དོན་ཀྱང་བྱ་བར་མི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཏེ། ཚུལ་ཁྲིམས་ངན་པའི་རྣམ་པར་སྨིན་པ་ནི། སེམས་ཅན་དམྱལ་བའམ། བྱོལ་སོང་གི་ སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ངན་སོང་གསུམ་དུ་ལྷུང་ན་བདག་ཅག་ཀྱང་གདོན་པར་མི་ནུས་ན། གཞན་གདོན་པར་ལྟ་ཅི་སྨོས་ཀྱི། དེའི་ཕྱིར་ཁྱོད་ཀྱིས་ ཚུལ་ཁྲིམས་ངན་པའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ་།སེམས་ཅན་ཕན་ཚུན་གནོད་སེམས་སུ་གྱུར་པ་གང་ཇི་སྙེད་པ་དེ་ དག་ལ་འདི་སྐད་དུ་ཆོས་སྟོན་ཏེ་དེ་ལྟར་ཁྱེད་གཅིག་ལ་གཅིག་གནོད་སེམས་སུ་མ་བྱེད་ཅིག་སེམས་འཁྲུགས་པར་གྱུར་པ་ལ་དགེ་བའི་ཆོས་གང་ཡང་སྐྱེ་བར་མི་འགྱུར་ཏེ། དེ་ལྟ་བས་ན་ ཁྱེད་ཕན་ཚུན་སེམས་འཁྲུགས་པར་གྱུར་ན། སེམས་ཅན་དམྱལ་བར་སྐྱེ་བའམ། བྱོལ་སོང་གི་སྐྱེ་གནས་སུ་སྐྱེ་བའམ། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བའི་གནས་ཡོད་ཀྱི། དེ་བས་ན། ཁྱེད་ ཀྱིས་འཁྲུགས་པའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མི་དབྱེའོ་།ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ལེ་ལོ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་ [376A]༄༅། །སྟོན་ཏེ། ཀྱེ་སྐྱེས་བུ་དག་ལེ་ལོ་ནི། སྡུག་བསྔལ་བ་སྟེ། ལེ་ལོས་ནི། བདག་གི་དོན་ཀྱང་བྱ་བར་མི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཏེ། ལེ་ལོའི་རྣམ་པར་སྨིན་པ་ ནི༑ སེམས་ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ངན་སོང་གསུམ་དུ་ལྷུང་ན་བདག་ཅག་ཀྱང་གདོན་པར་མི་ནུས་ན། གཞན་ གདོན་པར་ལྟ་ཅི་སྨོས་ཀྱི། དེའི་ཕྱིར་ཁྱེད་ཀྱི་ལེ་ལོའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་སེམས་གཡེང་བ་ གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་སེམས་གཡེང་བ་ནི། སྡུག་བསྔལ་བ་སྟེ། གང་སེམས་གཡེང་བའི་རྣམ་པར་སྨིན་པ་ནི། སེམས་ཅན་དམྱལ་བའམ་ བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ངན་སོང་གསུམ་དུ་ལྷུང་ན་བདག་ཅག་ཀྱང་གདོན་པར་མི་ནུས་ན། གཞན་གདོན་པར་ལྟ་ཅི་སྨོས་ཀྱི། དེའི་ ཕྱིར་ཁྱེད་ཀྱིས་གཡེང་བའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ་།སེམས་ཅན་ཤེས་རབ་འཆལ་བ་ཅན་གང་ཇི་སྙེད་པ་དེ་དག་ ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་ཤེས་རབ་འཆལ་བ་ནི། སྡུག་བསྔལ་བ་སྟེ། ཤེས་རབ་འཆལ་བས་ནི། བདག་གི་དོན་ཀྱང་བྱ་བར་མི་ནུས་ན། གཞན་གྱི་དོན་ལྟ་ཅི་ [376B] ཤེས་རབ་འཆལ་བའི་རྣམ་པར་སྨིན་པ་ནི། སེམས་ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ཀྱིས་ཤེས་རབ་འཆལ་ བའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །འདོད་ཆགས་ཀྱི་སྤྱོད་པ་ཅན་གང་ཇི་སྙེད་པ་དེ་དག་མི་སྡུག་པ་ལ་སྦྱོར་རོ། །ཞེ་ སྡང་གི་སྤྱོད་པ་ཅན་གང་ཇི་སྙེད་པ་དེ་དག་བྱམས་པ་ལ་སྦྱོར་རོ། །གཏི་མུག་གི་སྤྱོད་པ་ཅན་གང་ཇི་སྙེད་པ་དེ་དག་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སྦྱོར་རོ། །ལམ་ངན་པར་ཞུགས་པ་གང་ཇི་ སྙེད་པ་དེ་དག་ཡང་དག་པའི་ལམ་ལ་སྦྱོར་ཏེ། ཉན་ཐོས་ཀྱི་ལམ་མམ། རང་སངས་རྒྱས་ཀྱི་ལམ་མམ། སངས་རྒྱས་ཀྱི་ལམ་ལ་སྦྱོར་ཞིང་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཁྱེད་ཆོས་གང་ ལ་མངོན་པར་ཞེན་པར་གྱུར་པའི་ཆོས་དེ་དག་ནི། ངོ་བོ་ཉིད་ཀྱིས་སྟོང་སྟེ། ངོ་བོ་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ནི། མངོན་པར་ཞེན་པར་མི་ནུས་ཏེ། སྟོང་པ་ཉིད་ལ་མངོན་པར་ཞེན་པ་མེད་ དོ༑ ༑ཞེས་ཆོས་སྟོན་ཏོ། །རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་མངོན་པར་ཤེས་པ་རྣམས་ལ་གནས་ཤིང་སེམས་ ཅན་རྣམས་ཀྱི་དོན་བྱེད་པ་ཡིན་ནོ། །དེ་ལྷའི་མིག་རྣམ་པར་དག་པ་མི་ལས་འདས་པ་དེ་ཉིད་ཀྱིས་ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་མཐོང་སྟེ། དེ་དེ་དག་ཏུ་རྫུ་འཕྲུལ་གྱིས་སོང་ [377A]༄༅། །ཞིང་སྦྱིན་པའམ། ཚུལ་ཁྲིམས་སམ། བཟོད་པའམ། བརྩོན་འགྲུས་སམ། བསམ་གཏན་ནམ། ཤེས་རབ་བམ། དྲན་པ་ཉེ་བར་གཞག་པ་རྣམས་སམ་ ཡང་དག་པར་སྤོང་བ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། དབང་པོ་རྣམས་སམ། སྟོབས་རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་སམ། འཕགས་པའི་ལམ་ཡན་ ལག་བརྒྱད་པའམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང། སྨོན་པ་མེད་པའམ། བསམ་གཏན་རྣམས་སམ་ཚད་མེད་པ་རྣམས་སམ། གཟུགས་མེད་པའི་ སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། དེ་བཞིན་གཤེགས་ པའི་སྟོབས་རྣམས་སམ། མི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། བྱམས་པ་ཆེན་པོའམ། སྙིང་རྗེ་ཆེན་པོའམ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ སམ༑ ཉན་ཐོས་ཀྱི་ཆོས་སམ། རང་སངས་རྒྱས་ཀྱི་ཆོས་སམ། བྱང་ཆུབ་སེམས་དཔའི་ཆོས་སམ། སངས་རྒྱས་ཀྱི་ཆོས་ཀྱིས་སེམས་ཅན་རྣམས་ཀྱི་དོན་བྱེད་ཅིང་སེམས་ཅན་དེ་དག་གི་ བྱ་བ་བྱེད་དེ། དེ་ལ་སེམས་ཅན་སེར་སྣ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ་སྦྱིན་པ་བྱིན་ཅིག་ཕོངས་པ་ནི་སྡུག་བསྔལ་བ་སྟེ། ཕོངས་པས་ནི། བདག་གི་དོན་ཀྱང་བྱ་བར་ [377B] གཞན་གྱི་དོན་ལྟ་ཅི་སྨོས་ཀྱིས། དེ་ལྟར་ཁྱེད་ཀྱིས་སྦྱིན་པ་བྱིན་ལ་བདག་ཅག་ཀྱང་བདེ་བར་གྱིས་ཤིག་གཞན་ཡང་བདེ་བར་གྱིས་ཤིག་ཕོངས་པས་ཟིལ་གྱིས་ནོན་ཅིང་ཉིང་ ཤ་ཉིང་གིས་ཟོས་ཏེ་ངན་སོང་གསུམ་ལས་མི་ཐར་པར་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ཚུལ་ཁྲིམས་ངན་པ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། །ཀྱེ་སྐྱེས་བུ་ དག་ཚུལ་ཁྲིམས་ངན་པ་ནི། སྡུག་བསྔལ་བ་སྟེ། ཚུལ་ཁྲིམས་ངན་པས་ནི། བདག་གི་དོན་ཀྱང་བྱ་བར་མི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཏེ། ཚུལ་ཁྲིམས་ངན་པའི་རྣམ་པར་སྨིན་པ་ ནི༑ སེམས་ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ངན་སོང་གསུམ་དུ་ལྷུང་ན་བདག་ཅག་ཀྱང་གདོན་པར་མི་ནུས་ན། གཞན་གདོན་ པར་ལྟ་ཅི་སྨོས་ཀྱི། དེའི་ཕྱིར་ཁྱེད་ཀྱིས་ཚུལ་ཁྲིམས་ངན་པའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ཕན་ཚུན་ གནོད་སེམས་སུ་གྱུར་པ་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། དེ་ལྟར་ཁྱེད་གཅིག་ལ་གཅིག་གནོད་སེམས་སུ་མ་བྱེད་ཅིག་།སེམས་འཁྲུགས་པར་གྱུར་པ་ལ་དགེ་བའི་ཆོས་ གང་ཡང་སྐྱེ་བར་མི་འགྱུར་ཏེ། དེ་ལྟ་བས་ན། ཁྱེད་ཕན་ཚུན་སེམས་འཁྲུགས་པར་གྱུར་ན། སེམས་ཅན་དམྱལ་བར་སྐྱེ་བའམ། བྱོལ་སོང་གི་སྐྱེ་གནས་སུ་སྐྱེ་བའམ། གཤིན་རྗེའི་ [378A]༄༅། །འཇིག་རྟེན་དུ་སྐྱེ་བའི་གནས་ཡོད་ཀྱིས། དེ་བས་ན། ཁྱེད་ཀྱིས་འཁྲུག་པའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མི་དབྱེའོ་།ཕྱིས་འགྱོད་པ་ཅན་དུ་གྱུར་ཏེ་རེ་ཞེས་ཆོས་ སྟོན་ཏོ། །སེམས་ཅན་ལེ་ལོ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་ལེ་ལོ་ནི། སྡུག་བསྔལ་བ་སྟེ་ལེ་ལོས་ནི། བདག་གི་དོན་ཀྱང་བྱ་བར་མི་ནུས་ན་ གཞན་གྱི་དོན་ལྟ་ཅི་སྨོས་ཏེ། ལེ་ལོའི་རྣམ་པར་སྨིན་པ་ནི། སེམས་ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ངན་སོང་གསུམ་དུ་ ལྷུང་ན་བདག་ཅག་ཀྱང་གདོན་པར་མི་ནུས་ན། གཞན་གདོན་པར་ལྟ་ཅི་སྨོས་ཀྱི། དེའི་ཕྱིར་ཁྱེད་ཀྱིས་ལེ་ལོའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་ གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་སེམས་གཡེང་བ་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏོ། ཀྱེ་སྐྱེས་བུ་དག་།སེམས་གཡེང་བ་ནི། སྡུག་བསྔལ་བ་སྟེ། གང་སེམས་ གཡེང་བའི་རྣམ་པར་སྨིན་པ་ནི། སེམས་ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ངན་སོང་གསུམ་དུ་ལྷུང་ན་བདག་ཅག་ཀྱང་ གདོན་པར་མི་ནུས་ན། གཞན་གདོན་པར་ལྟ་ཅི་སྨོས་ཀྱི། དེའི་ཕྱིར་ཁྱེད་ཀྱིས་གཡེང་བའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་ [378B] ༑སེམས་ཅན་ཤེས་རབ་འཆལ་པ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་ཤེས་རབ་འཆལ་བ་ནི། སྡུག་བསྔལ་བ་སྟེ། ཤེས་རབ་འཆལ་བས་ནི་ བདག་གི་དོན་ཀྱང་བྱ་བར་མི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཏེ། གང་ཤེས་རབ་འཆལ་བའི་རྣམ་པར་སྨིན་པ་ནི། སེམས་ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་ རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ཀྱིས་ཤེས་རབ་འཆལ་བའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །འདོད་ཆགས་ཀྱི་སྤྱོད་ པ་ཅན་གང་ཇི་སྙེད་པ་དེ་དག་མི་སྡུག་པ་ལ་སྦྱོར་རོ། །ཞེ་སྡང་གི་སྤྱོད་པ་ཅན་གང་ཇི་སྙེད་པ་དེ་དག་བྱམས་པ་ལ་སྦྱོར་རོ་།གཏི་མུག་གི་སྤྱོད་པ་ཅན་གང་ཇི་སྙེད་པ་དེ་དག་རྟེན་ཅིང་འབྲེལ་པར་ འབྱུང་བ་ལ་སྦྱོར་རོ། །ལམ་ངན་པར་ཞུགས་པ་གང་ཇི་སྙེད་པ་དེ་དག་ཡང་དག་པའི་ལམ་ལ་སྦྱོར་ཏེ། ཉན་ཐོས་ཀྱི་ལམ་མམ། རང་སངས་རྒྱས་ཀྱི་ལམ་མམ། སངས་རྒྱས་ཀྱི་ལམ་ལ་སྦྱོར་ ཞིང་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཁྱེད་ཆོས་གང་ལ་མངོན་པར་ཞེན་པར་གྱུར་པའི་ཆོས་དེ་དག་ནི། ངོ་བོ་ཉིད་ཀྱིས་སྟོང་སྟེ། ངོ་བོ་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ནི། མངོན་པར་ཞེན་པར་ མི་ནུས་ཏེ། སྟོང་པ་ཉིད་ལ་མངོན་པར་ཞེན་པ་མེད་དོ། །ཞེས་ཆོས་སྟོན་ཏོ། །རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ [379A]༄༅། །མངོན་པར་ཤེས་པ་རྣམས་ལ་གནས་ཤིང་སེམས་ཅན་རྣམས་ཀྱི་དོན་བྱེད་པ་ཡིན་ནོ། །དེ་ལྷའི་མིག་རྣམ་པར་དག་པ་མི་ལས་འདས་པ་དེ་ཉིད་ཀྱིས་བྱང་ཕྱོགས་ ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་མཐོང་སྟེ། དེ་དེ་དག་ཏུ་རྫུ་འཕྲུལ་གྱིས་སོང་ཞིང་སྦྱིན་པའམ། ཚུལ་ཁྲིམས་སམ། བཟོད་པའམ་བརྩོན་འགྲུས་སམ། བསམ་གཏན་ནམ་ ཤེས་རབ་བམ། དྲན་པ་ཉེ་བར་གཞག་པ་རྣམས་སམ། ཡང་དག་པར་སྤོང་བ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། དབང་པོ་རྣམས་སམ། སྟོབས་རྣམས་སམ། བྱང་ཆུབ་ ཀྱི་ཡན་ལག་རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པའམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའམ། བསམ་གཏན་རྣམས་ སམ༑ ཚད་མེད་པ་རྣམས་སམ། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ་མཐར་གྱིས་གནས་པའི་སྙོམས་པར་ འཇུག་པ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། མི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། བྱམས་པ་ཆེན་པོའམ། སྙིང་རྗེ་ཆེན་ པོའམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སམ། ཉན་ཐོས་ཀྱི་ཆོས་སམ། རང་སངས་རྒྱས་ཀྱི་ཆོས་སམ། བྱང་ཆུབ་སེམས་དཔའི་ཆོས་སམ། སངས་རྒྱས་ཀྱི་ཆོས་ཀྱིས་སེམས་ཅན་ [379B]དེ་ལ་སེམས་ཅན་སེར་སྣ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ་སྦྱིན་པ་བྱིན་ཅིག་ཕོངས་པ་ནི། སྡུག་བསྔལ་བ་ སྟེ༑ ཕོངས་པས་ནི། བདག་གི་དོན་ཀྱང་བྱ་བར་མི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཀྱི། དེ་ལྟར་ཁྱེད་ཀྱིས་སྦྱིན་པ་བྱིན་ལ་བདག་ཅག་ཀྱང་བདེ་བར་གྱིས་ཤིག་གཞན་ཡང་བདེ་བར་ གྱིས་ཤིག་ཕོངས་པས་ཟིལ་གྱིས་ནོན་ཅིང་ཉིད་ཤ་ཉིང་གིས་ཟོས་ཏེ་ངན་སོང་གསུམ་ལས་མི་ཐར་བར་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ་།སེམས་ཅན་ཚུལ་ཁྲིམས་ངན་པ་ཅན་གང་ཇི་སྙེད་པ་དེ་ དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་ཚུལ་ཁྲིམས་ངན་པ་ནི། སྡུག་བསྔལ་བ་སྟེ། ཚུལ་ཁྲིམས་ངན་པས་ནི། བདག་གི་དོན་ཀྱང་བྱ་བར་མི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ ཏེ༑ ཚུལ་ཁྲིམས་ངན་པའི་རྣམ་པར་སྨིན་པ་ནི། སེམས་ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ་དེ་ལྟར་ཁྱེད་ངན་སོང་གསུམ་དུ་ལྷུང་ན་བདག་ ཅག་ཀྱང་གདོན་པར་མི་ནུས་ན། གཞན་གདོན་པར་ལྟ་ཅི་སྨོས་ཀྱི་དེའི་ཕྱིར་ཁྱེད་ཀྱིས་ཚུལ་ཁྲིམས་ངན་པའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ ཞེས་ཆོས་སྟོན་ཏོ། །སེམས་ཅན་ཕན་ཚུན་གནོད་སེམས་སུ་གྱུར་པ་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། དེ་ལྟར་ཁྱེད་གཅིག་ལ་གཅིག་གནོད་སེམས་སུ་མ་བྱེད་ཅིག་སེམས་ [380A]༄༅། །འཁྲུགས་པར་གྱུར་པ་ལ་དགེ་བའི་ཆོས་གང་ཡང་སྐྱེ་བར་མི་འགྱུར་ཏེ། དེ་ལྟ་བས་ན། ཁྱེད་ཕན་ཚུན་དུ་སེམས་འཁྲུགས་པར་གྱུར་ན། སེམས་ཅན་དམྱལ་བར་སྐྱེ་བའམ་ བྱོལ་སོང་གི་སྐྱེ་གནས་སུ་སྐྱེ་བའམ། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བའི་གནས་ཡོད་ཀྱི། དེ་བས་ན། ཁྱེད་ཀྱིས་འཁྲུག་པའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མི་དབྱེའོ། །ཕྱིས་འགྱོད་ པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ལེ་ལོ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་།ལེ་ལོ་ནི། སྡུག་བསྔལ་བ་སྟེ། ལེ་ལོས་ནི། བདག་ གི་དོན་ཀྱང་བྱ་བར་མི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཏེ། ལེ་ལོའི་རྣམ་པར་སྨིན་པ་ནི། སེམས་ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ་ དེ་ལྟར་ཁྱེད་ངན་སོང་གསུམ་དུ་ལྷུང་ན་བདག་ཅག་ཀྱང་གདོན་པར་མི་ནུས་ན། གཞན་གདོན་པར་ལྟ་ཅི་སྨོས་ཀྱི། དེའི་ཕྱིར་ཁྱེད་ཀྱིས་ལེ་ལོའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མི་ དབྱེའོ༑ ༑ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ་།སེམས་ཅན་སེམས་གཡེང་བ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་སེམས་གཡེང་བ་ནི་ སྡུག་བསྔལ་བ་སྟེ། གང་སེམས་གཡེང་བའི་རྣམ་པར་སྨིན་པ་ནི་སེམས་ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ངན་སོང་ [380B] གཞན་གདོན་པར་ལྟ་ཅི་སྨོས་ཀྱི། དེའི་ཕྱིར་ཁྱེད་ཀྱིས་གཡེང་བའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མི་དབྱེའོ། །ཕྱིས་འགྱོད་པ་ ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ཤེས་རབ་འཆལ་བ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་ཤེས་རབ་འཆལ་བ་ནི། སྡུག་བསྔལ་བ་སྟེ་ ཤེས་རབ་འཆལ་བས་ནི། བདག་གི་དོན་ཀྱང་བྱ་བར་མི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཏེ། ཤེས་རབ་འཆལ་བའི་རྣམ་པར་སྨིན་པ་ནི་སེམས་ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་ གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ཀྱིས་ཤེས་རབ་འཆལ་བའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མི་དབྱེའོ་།ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ ཏོ༑ ༑འདོད་ཆགས་ཀྱི་སྤྱོད་པ་ཅན་གང་ཇི་སྙེད་པ་དེ་དག་མི་སྡུག་བ་ལ་སྦྱོར་རོ། །ཞེ་སྡང་གི་སྤྱོད་པ་ཅན་གང་ཇི་སྙེད་པ་དེ་དག་བྱམས་པ་ལ་སྦྱོར་རོ། །གཏི་མུག་གི་སྤྱོད་པ་ཅན་གང་ཇི་སྙེད་པ་དེ་ དག་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སྦྱོར་རོ། །ལམ་ངན་པར་ཞུགས་པ་གང་ཇི་སྙེད་པ་དེ་དག་ཡང་དག་པའི་ལམ་ལ་སྦྱོར་ཏེ་ཉན་ཐོས་ཀྱི་ལམ་མམ། རང་སངས་རྒྱས་ཀྱི་ལམ་མམ་ སངས་རྒྱས་ཀྱི་ལམ་ལ་སྦྱོར་ཞིང་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཁྱེད་ཆོས་གང་ལ་མངོན་པར་ཞེན་པར་གྱུར་པའི་ཆོས་དེ་དག་ནི། ངོ་བོ་ཉིད་ཀྱིས་སྟོང་སྟེ། ངོ་བོ་ཉིད་ཀྱིས་སྟོང་པའི་ [381A]༄༅། །ཆོས་རྣམས་ལ་ནི། མངོན་པར་ཞེན་པར་མི་ནུས་ཏེ། སྟོང་པ་ཉིད་ལ་མངོན་པར་ཞེན་པ་མེད་དོ་ཞེས་ཆོས་སྟོན་ཏོ། །རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་མངོན་པར་ཤེས་པ་རྣམས་ལ་གནས་ཤིང་སེམས་ཅན་རྣམས་ཀྱི་དོན་བྱེད་པ་ཡིན་ནོ། །དེ་ལྷའི་མིག་རྣམ་པར་དག་པ་ མི་ལས་འདས་པ་དེ་ཉིད་ཀྱིས་བྱང་ཤར་གྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་མཐོང་སྟེ། དེ་དེ་དག་ཏུ་རྫུ་འཕྲུལ་གྱིས་སོང་ཞིང་སྦྱིན་པའམ། ཚུལ་ཁྲིམས་སམ་ བཟོད་པའམ། བརྩོན་འགྲུས་སམ། བསམ་གཏན་ནམ། ཤེས་རབ་བམ། དྲན་པ་ཉེ་བར་གཞག་པ་རྣམས་སམ། ཡང་དག་པར་སྤོང་བ་རྣམས་སམ་རྫུ་འཕྲུལ་གྱི་རྐང་པ་རྣམས་ སམ༑ དབང་པོ་རྣམས་སམ། སྟོབས་རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པའམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་ མ་མེད་པ་དང། སྨོན་པ་མེད་པའམ། བསམ་གཏན་རྣམས་སམ། ཚད་མེད་པ་རྣམས་སམ། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་སམ་ ཏིང་ངེ་འཛིན་རྣམས་སམ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། མི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་ [381B] བྱམས་པ་ཆེན་པོའམ། སྙིང་རྗེ་ཆེན་པོའམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སམ། ཉན་ཐོས་ཀྱི་ཆོས་སམ། རང་སངས་རྒྱས་ཀྱི་ཆོས་སམ། བྱང་ཆུབ་ སེམས་དཔའི་ཆོས་སམ། སངས་རྒྱས་ཀྱི་ཆོས་ཀྱིས་སེམས་ཅན་རྣམས་ཀྱི་དོན་བྱེད་ཅིང་སེམས་ཅན་དེ་དག་གི་བྱ་བ་བྱེད་དེ། དེ་ལ་སེམས་ཅན་སེར་སྣ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་ སྐད་དུ་ཆོས་སྟོན་ཏེ། སྦྱིན་པ་བྱིན་ཅིག་ཕོངས་པ་ནི། སྡུག་བསྔལ་བ་སྟེ། ཕོངས་པས་ནི། བདག་གི་དོན་ཀྱང་བྱ་བར་མི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཀྱི། དེ་ལྟར་ཁྱེད་ཀྱིས་སྦྱིན་ པ་བྱིན་ལ་བདག་ཅག་ཀྱང་བདེ་བར་གྱིས་ཤིག་གཞན་ཡང་བདེ་བར་གྱིས་ཤིག་ཕོངས་པས་ཟིལ་གྱིས་ནོན་ཅིང་ཉིང་ཤ་ཉིང་གིས་ཟོས་ཏེ་ངན་སོང་གསུམ་ལས་མི་ཐར་བར་གྱུར་ཏ་རེ་ ཞེས་ཆོས་སྟོན་ཏོ། །སེམས་ཅན་ཚུལ་ཁྲིམས་ངན་པ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་།ཚུལ་ཁྲིམས་ངན་པ་ནི། སྡུག་བསྔལ་བ་སྟེ། ཚུལ་ཁྲིམས་ ངན་པས་ནི། བདག་གི་དོན་ཀྱང་བྱ་བར་མི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཏེ། གང་ཚུལ་ཁྲིམས་ངན་པའི་རྣམ་པར་སྨིན་པ་ནི་སེམས་ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་ སམ༑ གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ངན་སོང་གསུམ་དུ་ལྷུང་ན་བདག་ཅག་ཀྱང་གདོན་པར་མི་ནུས་ན། གཞན་གདོན་པར་ལྟ་ཅི་སྨོས་ཀྱིས། དེའི་ཕྱིར་ཁྱེད་ཀྱིས་ཚུལ་ཁྲིམས་ [382A]༄༅། །ངན་པའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མི་དབྱེའོ་།ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ཕན་ཚུན་གནོད་སེམས་སུ་གྱུར་པ་གང་ཇི་ སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། དེ་ལྟར་ཁྱེད་གཅིག་ལ་གཅིག་གནོད་སེམས་སུ་མ་བྱེད་ཅིག་སེམས་འཁྲུགས་པར་གྱུར་པ་ལ་དགེ་བའི་ཆོས་གང་ཡང་སྐྱེ་བར་མི་འགྱུར་ཏེ་ དེ་ལྟ་བས་ན། ཁྱེད་ཕན་ཚུན་སེམས་འཁྲུགས་པར་གྱུར་ན། སེམས་ཅན་དམྱལ་བར་སྐྱེ་བའམ། བྱོལ་སོང་གི་སྐྱེ་གནས་སུ་སྐྱེ་བའམ། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བའི་གནས་ཡོད་ཀྱི་ དེ་བས་ན། ཁྱེད་ཀྱིས་འཁྲུག་པའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ལེ་ལོ་ཅན་གང་ཇི་སྙེད་པ་དེ་དག་ལ་ འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་ལེ་ལོ་ནི། སྡུག་བསྔལ་བ་སྟེ། ལེ་ལོས་ནི། བདག་གི་དོན་ཀྱང་བྱ་བར་མི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཏེ། ལེ་ལོའི་རྣམ་པར་ སྨིན་པ་ནི། སེམས་ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ་གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ངན་སོང་གསུམ་དུ་ལྷུང་ན་བདག་ཅག་ཀྱང་གདོན་པར་མི་ནུས་ན་ གཞན་གདོན་པར་ལྟ་ཅི་སྨོས་ཀྱི། དེའི་ཕྱིར་ཁྱེད་ཀྱིས་ལེ་ལོའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་སེམས་ [382B]ཏེ། ཀྱེ་སྐྱེས་བུ་དག་སེམས་གཡེང་བ་ནི། སྡུག་བསྔལ་བ་སྟེ། གང་སེམས་གཡེང་བའི་རྣམ་པར་སྨིན་པ་ནི། སེམས་ཅན་དམྱལ་ བའམ༑ བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་ཡིན་ཏེ། དེ་ལྟར་ཁྱེད་ངན་སོང་གསུམ་དུ་ལྷུང་ན་བདག་ཅག་ཀྱང་གདོན་པར་མི་ནུས་ན། གཞན་གདོན་པར་ལྟ་ཅི་སྨོས་ཀྱི། དེའི་ ཕྱིར་ཁྱེད་ཀྱིས་གཡེང་བའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ་།སེམས་ཅན་ཤེས་རབ་འཆལ་པ་ཅན་གང་ཇི་སྙེད་པ་དེ་དག་ ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་ཤེས་རབ་འཆལ་བ་ནི། སྡུག་བསྔལ་བ་སྟེ། ཤེས་རབ་འཆལ་བས་ནི། བདག་གི་དོན་ཀྱང་བྱ་བར་མི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཏེ། ཤེས་ རབ་འཆལ་བའི་རྣམ་པར་སྨིན་པ་ནི། སེམས་ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ཀྱིས་ཤེས་རབ་འཆལ་བའི་སེམས་འགའ་ཙམ་ གྱི་གོ་སྐབས་ཀྱང་མི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །འདོད་ཆགས་ཀྱི་སྤྱོད་པ་ཅན་གང་ཇི་སྙེད་པ་དེ་དག་མི་སྡུག་པ་ལ་སྦྱོར་རོ། །ཞེ་སྡང་གི་སྤྱོད་པ་ཅན་གང་ཇི་སྙེད་ པ་དེ་དག་བྱམས་པ་ལ་སྦྱོར་རོ། །གཏི་མུག་གི་སྤྱོད་པ་ཅན་གང་ཇི་སྙེད་པ་དེ་དག་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སྦྱོར་རོ། །ལམ་ངན་པར་ཞུགས་པ་གང་ཇི་སྙེད་པ་དེ་དག་ཡང་དག་པའི་ལམ་ལ་ [383A]༄༅། །སྦྱོར་ཏེ༑ ཉན་ཐོས་ཀྱི་ལམ་མམ། རང་སངས་རྒྱས་ཀྱི་ལམ་མམ། སངས་རྒྱས་ཀྱི་ལམ་ལ་སྦྱོར་ཞིང་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཁྱེད་ཆོས་གང་ལ་མངོན་པར་ ཞེན་པར་གྱུར་པའི་ཆོས་དེ་དག་ནི། ངོ་བོ་ཉིད་ཀྱིས་སྟོང་སྟེ་ངོ་བོ་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ལ་ནི་མངོན་པར་ཞེན་པར་མི་ནུས་ཏེ། སྟོང་པ་ཉིད་ལ་མངོན་པར་ཞེན་པ་མེད་དོ་ཞེས་ཆོས་ སྟོན་ཏོ༑ ༑རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་མངོན་པར་ཤེས་པ་རྣམས་ལ་གནས་ཤིང་སེམས་ཅན་རྣམས་ ཀྱི་དོན་བྱེད་པ་ཡིན་ནོ། །དེ་ལྷའི་མིག་རྣམ་པར་དག་པ་མི་ལས་འདས་པ་དེ་ཉིད་ཀྱིས་ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་མཐོང་སྟེ། དེ་དེ་དག་ཏུ་རྫུ་འཕྲུལ་ གྱིས་སོང་ཞིང་སྦྱིན་པའམ། ཚུལ་ཁྲིམས་སམ། བཟོད་པའམ། བརྩོན་འགྲུས་སམ། བསམ་གཏན་ནམ། ཤེས་རབ་བམ། དྲན་པ་ཉེ་བར་གཞག་པ་རྣམས་སམ། ཡང་དག་པར་སྤོང་ བ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། དབང་པོ་རྣམས་སམ། སྟོབས་རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པའམ། རྣམ་ པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའམ། བསམ་གཏན་རྣམས་སམ། ཚད་མེད་པ་རྣམས་སམ། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ [383B] རྣམ་པར་ཐར་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། མི་འཇིགས་པ་ རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། བྱམས་པ་ཆེན་པོའམ། སྙིང་རྗེ་ཆེན་པོའམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སམ། ཉན་ཐོས་ཀྱི་ཆོས་སམ། རང་སངས་ རྒྱས་ཀྱི་ཆོས་སམ། བྱང་ཆུབ་སེམས་དཔའི་ཆོས་སམ། སངས་རྒྱས་ཀྱི་ཆོས་ཀྱིས་སེམས་ཅན་རྣམས་ཀྱི་དོན་བྱེད་ཅིང་སེམས་ཅན་དེ་དག་གི་བྱ་བ་བྱེད་དེ། དེ་ལ་སེམས་ཅན་སེར་སྣ་ཅན་ གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ་སྦྱིན་པ་བྱིན་ཅིག་ཕོངས་པ་ནི། སྡུག་བསྔལ་པ་སྟེ། ཕོངས་པས་ནི། བདག་གི་དོན་ཀྱང་བྱ་བར་མི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ ཀྱི༑ དེ་ལྟར་ཁྱེད་ཀྱིས་སྦྱིན་པ་བྱིན་ལ་བདག་ཅག་ཀྱང་བདེ་བར་གྱིས་ཤིག་གཞན་ཡང་བདེ་བར་གྱིས་ཤིག་ཕོངས་པས་ཟིལ་གྱིས་ནོན་ཅིང་ཉིང་ཤ་ཉིང་གིས་ཟོས་ཏེ་ངན་སོང་གསུམ་ལས་ མི་ཐར་བར་གྱུར་ཏ་རེ་ཞེས་ཆོས་སྟོན་ཏེ། སེམས་ཅན་ཚུལ་ཁྲིམས་ངན་པ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ་ཀྱེ་སྐྱེས་བུ་དག་ཚུལ་ཁྲིམས་ངན་པ་ནི། སྡུག་བསྔལ་བ་ སྟེ༑ ཚུལ་ཁྲིམས་ངན་པས་ནི། བདག་གི་དོན་ཀྱང་བྱ་བར་མི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཏེ། ཚུལ་ཁྲིམས་ངན་པའི་རྣམ་པར་སྨིན་པ་ནི། སེམས་ཅན་དམྱལ་བའམ། བྱོལ་སོང་གི་ [384A]༄༅། །སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ངན་སོང་གསུམ་དུ་ལྷུང་ན་བདག་ཅག་ཀྱང་གདོན་པར་མི་ནུས་ན། གཞན་གདོན་པར་ལྟ་ཅི་སྨོས་ཀྱི་ དེའི་ཕྱིར་ཁྱེད་ཀྱིས་ཚུལ་ཁྲིམས་ངན་པའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ཕན་ཚུན་གནོད་སེམས་སུ་ གྱུར་པ་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། དེ་ལྟར་ཁྱེད་གཅིག་ལ་གཅིག་གནོད་སེམས་སུ་མ་བྱེད་ཅིག་སེམས་འཁྲུགས་པར་འགྱུར་པ་ལ་དགེ་བའི་ཆོས་གང་ཡང་སྐྱེ་བར་ མི་འགྱུར་ཏེ། དེ་ལྟ་བས་ན། ཁྱེད་ཕན་ཚུན་སེམས་འཁྲུགས་པར་གྱུར་ན། སེམས་ཅན་དམྱལ་བར་སྐྱེ་བའམ། བྱོལ་སོང་གི་སྐྱེ་གནས་སུ་སྐྱེ་བའམ། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བའི་ གནས་ཡོད་ཀྱི། དེ་བས་ན། ཁྱེད་ཀྱིས་འཁྲུག་པའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ལེ་ལོ་ཅན་གང་ཇི་ སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་ལེ་ལོ་ནི། སྡུག་བསྔལ་བ་སྟེ། ལེ་ལོས་ནི། བདག་གི་དོན་ཀྱང་བྱ་བར་མི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཏེ། ལེ་ལོའི་ རྣམ་པར་སྨིན་པ་ནི། སེམས་ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ངན་སོང་གསུམ་དུ་ལྷུང་ན་བདག་ཅག་ཀྱང་གདོན་པར་ [384B] གཞན་གདོན་པར་ལྟ་ཅི་སྨོས་ཀྱི། དེའི་ཕྱིར་ཁྱེད་ཀྱིས་ལེ་ལོའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ སེམས་གཡེང་བ་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་སེམས་གཡེང་བ་ནི། སྡུག་བསྔལ་བ་སྟེ། གང་སེམས་གཡེང་བའི་རྣམ་པར་སྨིན་པ་ནི། སེམས་ཅན་ དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ངན་སོང་གསུམ་དུ་ལྷུང་ན་བདག་ཅག་ཀྱང་གདོན་པར་མི་ནུས་ན། གཞན་གདོན་པར་ལྟ་ཅི་སྨོས་ ཀྱི༑ དེའི་ཕྱིར་ཁྱེད་ཀྱིས་གཡེང་བའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མི་དབྱེའོ། །ཕྱི་ས་འགྱོད་པ་ཅན་དུ་གྱུར་ཏེ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ཤེས་རབ་འཆལ་པ་ཅན་གང་ཇི་སྙེད་པ་ དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་ཤེས་རབ་འཆལ་བ་ནི། སྡུག་བསྔལ་བ་སྟེ། ཤེས་རབ་འཆལ་བས་ནི། བདག་གི་དོན་ཀྱང་བྱ་བར་མི་ནུས་ན། གཞན་གྱི་དོན་ལྟ་ཅི་ སྨོས་ཏེ༑ ཤེས་རབ་འཆལ་བའི་རྣམ་པར་སྨིན་པ་ནི། སེམས་ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ་དེ་ལྟར་ཁྱེད་ཀྱིས་ཤེས་རབ་འཆལ་བའི་ སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏེ་རེ་ཞེས་ཆོས་སྟོན་ཏོ། །འདོད་ཆགས་ཀྱི་སྤྱོད་པ་ཅན་གང་ཇི་སྙེད་པ་དེ་དག་མི་སྡུག་པ་ལ་སྦྱོར་རོ། །ཞེ་སྡང་གི་སྤྱོད་ [385A]༄༅། །པ་ཅན་གང་ཇི་སྙེད་པ་དེ་དག་བྱམས་པ་ལ་སྦྱོར་རོ་།གཏི་མུག་གི་སྤྱོད་པ་ཅན་གང་ཇི་སྙེད་པ་དེ་དག་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སྦྱོར་རོ། །ལམ་ངན་པར་ཞུགས་ པ་གང་ཇི་སྙེད་པ་དེ་དག་ཡང་དག་པའི་ལམ་ལ་སྦྱོར་ཏེ། ཉན་ཐོས་ཀྱི་ལམ་མམ། རང་སངས་རྒྱས་ཀྱི་ལམ་མམ། སངས་རྒྱས་ཀྱི་ལམ་ལ་སྦྱོར་ཞིང་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཁྱེད་ ཆོས་གང་ལ་མངོན་པར་ཞེན་པར་གྱུར་པའི་ཆོས་དེ་དག་ནི། ངོ་བོ་ཉིད་ཀྱིས་སྟོང་སྟེ། ངོ་བོ་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ལ་ནི་མངོན་པར་ཞེན་པར་མི་ནུས་ཏེ། སྟོང་པ་ཉིད་ལ་མངོན་པར་ ཞེན་པ་མེད་དོ། །ཞེས་ཆོས་སྟོན་ཏོ། །རབ་འབྱོར། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་མངོན་པར་ཤེས་པ་རྣམས་ལ་གནས་ ཤིང་སེམས་ཅན་རྣམས་ཀྱི་དོན་བྱེད་པ་ཡིན་ནོ། །དེ་ལྕའི་མིག་རྣམ་པར་དག་པ་མི་ལས་འདས་པ་དེ་ཉིད་ཀྱིས་ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་མཐོང་སྟེ་ དེ་དེ་དག་ཏུ་རྫུ་འཕྲུལ་གྱིས་སོང་ཞིང་སྦྱིན་པའམ། ཚུལ་ཁྲིམས་སམ། བཟོད་པའམ། བརྩོན་འགྲུས་སམ། བསམ་གཏན་ནམ། ཤེས་རབ་བམ་དྲན་པ་ཉེ་བར་གཞག་པ་རྣམས་སམ་ ཡང་དག་པར་སྤོང་བ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། དབང་པོ་རྣམས་སམ། སྟོབས་རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་སམ། འཕགས་པའི་ལམ་ཡན་ལག་ [385B] རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང། སྨོན་པ་མེད་པའམ། བསམ་གཏན་རྣམས་སམ་ཚད་མེད་པ་རྣམས་སམ། གཟུགས་མེད་པའི་སྙོམས་པར་ འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ་ མི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། བྱམས་པ་ཆེན་པོའམ། སྙིང་རྗེ་ཆེན་པོའམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སམ། ཉན་ཐོས་ཀྱི་ཆོས་སམ་ རང་སངས་རྒྱས་ཀྱི་ཆོས་སམ། བྱང་ཆུབ་སེམས་དཔའི་ཆོས་སམ་སངས་རྒྱས་ཀྱི་ཆོས་རྣམས་ཀྱིས་སེམས་ཅན་རྣམས་ཀྱི་དོན་བྱེད་ཅིང་སེམས་ཅན་དེ་དག་གི་བྱ་བ་བྱེད་དེ། དེ་ལ་སེམས་ཅན་ སེར་སྣ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ་སྦྱིན་པ་བྱིན་ཅིག་ཕོངས་པ་ནི། སྡུག་བསྔལ་བ་སྟེ། ཕོངས་པས་ནི། བདག་གི་དོན་ཀྱང་བྱ་བར་མི་ནུས་ན། གཞན་གྱི་དོན་ལྟ་ཅི་ སྨོས་ཀྱི༑ དེ་ལྟར་ཁྱེད་ཀྱིས་སྦྱིན་པ་བྱིན་ལ་བདག་ཅག་ཀྱང་བདེ་བར་གྱིས་ཤིག་གཞན་ཡང་བདེ་བར་གྱིས་ཤིག་ཕོངས་པས་ཟིལ་གྱིས་ནོན་ཅིང་ཉིང་ཤ་ཉིང་གིས་ཟོས་ཏེ་ངན་སོང་གསུམ་ ལས་མི་ཐར་པར་གྱུར་ཏ་རེ་ཞེས་ཆོས་སྟོན་ཏེ། སེམས་ཅན་ཚུལ་ཁྲིམས་ངན་པ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་ཚུལ་ཁྲིམས་ངན་པ་ནི། སྡུག་ [386A]༄༅། །བསྔལ་བ་སྟེ། ཚུལ་ཁྲིམས་ངན་པས་ནི། བདག་གི་དོན་ཀྱང་བྱ་བར་མི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཏེ། ཚུལ་ཁྲིམས་ངན་པའི་རྣམ་པར་སྨིན་པ་ནི། སེམས་ཅན་དམྱལ་ བའམ༑ བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ་དེ་ལྟར་ཁྱེད་ངན་སོང་གསུམ་དུ་ལྷུང་ན་བདག་ཅག་ཀྱང་གདོན་པར་མི་ནུས་ན། གཞན་གདོན་པར་ལྟ་ཅི་སྨོས་ཀྱི་ དེའི་ཕྱིར་བྱེད་ཀྱིས་ཚུལ་ཁྲིམས་ངན་པའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ཕན་ཚུན་གནོད་སེམས་སུ་གྱུར་ པ་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། དེ་ལྟར་ཁྱེད་གཅིག་ལ་གཅིག་གནོད་སེམས་སུ་མ་བྱེད་ཅིག་སེམས་འཁྲུགས་པར་གྱུར་པ་ལ་དགེ་བའི་ཆོས་གང་ཡང་སྐྱེ་བར་མི་ འགྱུར་ཏེ། དེ་ལྟ་བས་ན། ཁྱེད་ཕན་ཚུན་སེམས་འཁྲུགས་པར་གྱུར་ན། སེམས་ཅན་དམྱལ་བར་སྐྱེ་བའམ། བྱོལ་སོང་གི་སྐྱེ་གནས་སུ་སྐྱེ་བའམ། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བའི་ གནས་ཡོད་ཀྱི། དེ་བས་ན། ཁྱེད་ཀྱིས་འཁྲུག་པའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ལེ་ལོ་ཅན་གང་ཇི་ སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་ལེ་ལོ་ནི། སྡུག་བསྔལ་བ་སྟེ། ལེ་ལོས་ནི། བདག་གི་དོན་ཀྱང་བྱ་བར་མི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཏེ། ལེ་ལོའི་ [386B] སེམས་ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱོད་ངན་སོང་གསུམ་དུ་ལྷུང་ན་བདག་ཅག་ཀྱང་གདོན་པར་མི་ནུས་ན་ གཞན་གདོན་པར་ལྟ་ཅི་སྨོས་ཀྱི། དེའི་ཕྱིར་ཁྱེད་ཀྱིས་ལེ་ལོའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་སེམས་གཡེང་ བ་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་སེམས་གཡེང་བ་ནི། སྡུག་བསྔལ་བ་སྟེ། གང་སེམས་གཡེང་བའི་རྣམ་པར་སྨིན་པ་ནི། སེམས་ཅན་དམྱལ་བའམ་ བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ངན་སོང་གསུམ་དུ་ལྷུང་ན་བདག་ཅག་ཀྱང་གདོན་པར་མི་ནུས་ན། གཞན་གདོན་པར་ལྟ་ཅི་སྨོས་ཀྱི། དེའི་ཕྱིར་ ཁྱེད་ཀྱིས་གཡེང་བའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ་།སེམས་ཅན་ཤེས་རབ་འཆལ་བ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་ སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་ཤེས་རབ་འཆལ་བ་ནི་སྡུག་བསྔལ་བ་སྟེ། ཤེས་རབ་འཆལ་པས་ནི། བདག་གི་དོན་ཀྱང་བྱ་བར་མི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཏེ། གང་ ཤེས་རབ་འཆལ་བའི་རྣམ་པར་སྨིན་པ་ནི། སེམས་ཅན་དམྱལ་བའམ་བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ཀྱིས་ཤེས་རབ་འཆལ་བའི་ [387A]༄༅། །སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །འདོད་ཆགས་ཀྱི་སྤྱོད་པ་ཅན་ གང་ཇི་སྙེད་པ་དེ་དག་མི་སྡུག་པ་ལ་སྦྱོར་རོ། །ཞེ་སྡང་གི་སྤྱོད་པ་ཅན་གང་ཇི་སྙེད་པ་དེ་དག་བྱམས་པ་ལ་སྦྱོར་རོ། །གཏི་མུག་གི་སྤྱོད་པ་ཅན་གང་ཇི་སྙེད་པ་དེ་དག་ རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སྦྱོར་རོ། །ལམ་ངན་པར་ཞུགས་པ་གང་ཇི་སྙེད་པ་དེ་དག་ཡང་དག་པའི་ལམ་ལ་སྦྱོར་ཏེ། ཉན་ཐོས་ཀྱི་ལམ་མམ། རང་སངས་རྒྱས་ཀྱི་ལམ་མམ་ སངས་རྒྱས་ཀྱི་ལམ་ལ་སྦྱོར་ཞིང་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཁྱེད་ཆོས་གང་ལ་མངོན་པར་ཞེན་པར་གྱུར་བའི་ཆོས་དེ་དག་ནི། ངོ་བོ་ཉིད་ཀྱིས་སྟོང་སྟེ། ངོ་བོ་ཉིད་ཀྱིས་སྟོང་པའི་ ཆོས་རྣམས་ལ་ནི་མངོན་པར་ཞེན་པར་མི་ནུས་ཏེ། སྟོང་པ་ཉིད་ལ་མངོན་པར་ཞེན་པ་མེད་དོ། །ཞེས་ཆོས་སྟོན་ཏོ། །རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་མངོན་པར་ཤེས་པ་རྣམས་ལ་གནས་ཤིང་སེམས་ཅན་རྣམས་ཀྱི་དོན་བྱེད་པ་ཡིན་ནོ། །དེ་ལྷའི་མིག་རྣམ་པར་དག་པ་མི་ལས་འདས་པ་ དེ་ཉིད་ཀྱིས་ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་མཐོང་སྟེ། དེ་དེ་དག་ཏུ་རྫུ་འཕྲུལ་གྱིས་སོང་ཞིང་སྦྱིན་པའམ། ཚུལ་ཁྲིམས་སམ། བཟོད་པའམ། བརྩོན་ [387B] བསམ་གཏན་ནམ། ཤེས་རབ་བམ། དྲན་པ་ཉེ་བར་གཞག་པ་རྣམས་སམ། ཡང་དག་པར་སྤོང་བ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། དབང་པོ་རྣམས་སམ་ སྟོབས་རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པའམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་ པའམ༑ བསམ་གང་ན་རྣམས་སམ། ཚད་མེད་པ་རྣམས་སམ། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་སམ་ཏིང་ངེ་འཛིན་རྣམས་སམ། མཐར་ གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། མི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། བྱམས་པ་ ཆེན་པོའམ། སྙིང་རྗེ་ཆེན་པོའམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སམ། ཉན་ཐོས་ཀྱི་ཆོས་སམ། རང་སངས་རྒྱས་ཀྱི་ཆོས་སམ། བྱང་ཆུབ་སེམས་དཔའི་ཆོས་སམ། སངས་ རྒྱས་ཀྱི་ཆོས་རྣམས་ཀྱིས་སེམས་ཅན་རྣམས་ཀྱི་དོན་བྱེད་ཅིང་སེམས་ཅན་དེ་དག་གི་བྱ་བ་བྱེད་དེ། དེ་ལ་སེམས་ཅན་སེར་སྣ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ་སྦྱིན་པ་བྱིན་ ཅིང། ཕོངས་པ་ནི། སྡུག་བསྔལ་བ་སྟེ། ཕོངས་པས་ནི། བདག་གི་དོན་ཀྱང་བྱ་བར་མི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཀྱི། དེ་ལྟར་ཁྱེད་ཀྱིས་སྦྱིན་པ་བྱིན་ལ་བདག་ཅག་ཀྱང་བདེ་བར་ [388A]༄༅། །གྱིས་ཤིག་གཞན་ཡང་བདེ་བར་གྱིས་ཤིག་ཕོངས་པས་ཟིལ་གྱིས་ནོན་ཅིང་ཉིང་ཤ་ཉིང་གིས་ཟོས་ཏེ་ངན་སོང་གསུམ་ལས་མི་ཐར་པར་གྱུར་ཏ་རེ་ཞེས་ཆོས་ སྟོན་ཏོ༑ ༑སེམས་ཅན་ཚུལ་ཁྲིམས་ངན་པ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག། ཚུལ་ཁྲིམས་ངན་པ་ནི། སྡུག་བསྔལ་བ་སྟེ། ཚུལ་ཁྲིམས་ངན་པས་ ནི༑ བདག་གི་དོན་ཀྱང་བྱ་བར་མི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཏེ། ཚུལ་ཁྲིམས་ངན་པའི་རྣམ་པར་སྨིན་པ་ནི། སེམས་ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ་ གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ངན་སོང་གསུམ་དུ་ལྷུང་ན་བདག་ཅག་ཀྱང་གདོན་པར་མི་ནུས་ན། གཞན་གདོན་པར་ལྟ་ཅི་སྨོས་ཀྱི། དེའི་ཕྱིར་ཁྱེད་ཀྱིས་ཚུལ་ཁྲིམས་ ངན་པའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ཕན་ཚུན་གནོད་སེམས་སུ་གྱུར་པ་གང་ཇི་སྙེད་པ་དེ་དག་ལ་ འདི་སྐད་དུ་ཆོས་སྟོན་ཏེ། དེ་ལྟར་ཁྱེད་གཅིག་ལ་གཅིག་གནོད་སེམས་སུ་མ་བྱེད་ཅིག་སེམས་འཁྲུགས་པར་གྱུར་པ་ལ་དགེ་བའི་ཆོས་གང་ཡང་སྐྱེ་བར་མི་འགྱུར་ཏེ། དེ་ལྟ་བས་ན་ ཁྱེད་ཕན་ཚུན་སེམས་འཁྲུགས་པར་གྱུར་ན། སེམས་ཅན་དམྱལ་བར་སྐྱེ་བའམ། བྱོལ་སོང་གི་སྐྱེ་གནས་སུ་སྐྱེ་བའམ། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བའི་གནས་ཡོད་ཀྱི། དེ་བས་ [388B] ཁྱེད་ཀྱིས་འཁྲུག་པའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ལེ་ལོ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་ལེ་ལོ་ནི། སྡུག་བསྔལ་བ་སྟེ། ལེ་ལོས་ནི། བདག་གི་དོན་ཀྱང་བྱ་བར་མི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཏེ། ལེ་ལོའི་རྣམ་པར་སྨིན་པ་ནི། སེམས་ ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ངན་སོང་གསུམ་དུ་ལྷུང་ན་བདག་ཅག་ཀྱང་གདོན་པར་མི་ནུས་ན། གཞན་གདོན་པར་ལྟ་ ཅི་སྨོས་ཀྱི། དེའི་ཕྱིར་ཁྱེད་ཀྱིས་ལེ་ལོའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་སེམས་གཡེང་བ་གང་ཇི་སྙེད་པ་ དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་སེམས་གཡེང་བ་ནི། སྡུག་བསྔལ་བ་སྟེ། གང་སེམས་གཡེང་བའི་རྣམ་པར་སྨིན་པ་ནི། སེམས་ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་ གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ངན་སོང་གསུམ་དུ་ལྷུང་ན་བདག་ཅག་ཀྱང་གདོན་པར་མི་ནུས་ན། གཞན་གདོན་པར་ལྟ་ཅི་སྨོས་ཀྱི། དེའི་ཕྱིར་ཁྱེད་ཀྱིས་གཡེང་ བའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ཤེས་རབ་འཆལ་བ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་ [389A]༄༅། །སྟོན་ཏེ། ཀྱེ་སྐྱེས་བུ་དག་ཤེས་རབ་འཆལ་བ་ནི། སྡུག་བསྔལ་བ་སྟེ། ཤེས་རབ་འཆལ་བས་ནི། བདག་གི་དོན་ཀྱང་བྱ་བར་མི་ནུས་ན། གཞན་གྱི་དོན་ལྟ་ ཅི་སྨོས་ཏེ། ཤེས་རབ་འཆལ་པའི་རྣམ་པར་སྨིན་པ་ནི། སེམས་ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ཀྱིས་ཤེས་རབ་ འཆལ་བའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏེ་རེ་ཞེས་ཆོས་སྟོན་ཏོ། །འདོད་ཆགས་ཀྱི་སྤྱོད་པ་ཅན་གང་ཇི་སྙེད་པ་དེ་དག་མི་སྡུག་པ་ལ་ སྦྱོར་རོ༑ ༑ཞེ་སྡང་གི་སྤྱོད་པ་ཅན་གང་ཇི་སྙེད་པ་དེ་དག་བྱམས་པ་ལ་སྦྱོར་རོ། །གཏི་མུག་གི་སྤྱོད་པ་ཅན་གང་ཇི་སྙེད་པ་དེ་དག་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སྦྱོར་རོ། །ལམ་ངན་ པར་ཞུགས་པ་གང་ཇི་སྙེད་པ་དེ་དག་ཡང་དག་པའི་ལམ་ལ་སྦྱོར་ཏེ། ཉན་ཐོས་ཀྱི་ལམ་མམ། རང་སངས་རྒྱས་ཀྱི་ལམ་མམ། སངས་རྒྱས་ཀྱི་ལམ་ལ་སྦྱོར་ཞིང་དེ་དག་ལ་འདི་སྐད་དུ་ ཆོས་སྟོན་ཏེ། ཁྱེད་ཆོས་གང་ལ་མངོན་པར་ཞེན་པར་གྱུར་པའི་ཆོས་དེ་དག་ནི། ངོ་བོ་ཉིད་ཀྱིས་སྟོང་སྟེ། ངོ་བོ་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ལ་ནི། མངོན་པར་ཞེན་པར་མི་ནུས་ ཏེ༑ སྟོང་པ་ཉིད་ལ་མངོན་པར་ཞེན་པ་མེད་དོ། །ཞེས་ཆོས་སྟོན་ཏོ། །རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ [389B] མངོན་པར་ཤེས་པ་རྣམས་ལ་གནས་ཤིང་སེམས་ཅན་རྣམས་ཀྱི་དོན་བྱེད་པ་ཡིན་ནོ། །དེ་ལྷའི་མིག་གི་རྣམ་པར་དག་པ་མི་ལས་འདས་པ་དེ་ཉིད་ཀྱིས་འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ ཁམས་ཐམས་ཅད་མཐོང་སྟེ། དེ་དེ་དག་ཏུ་རྫུ་འཕྲུལ་གྱིས་སོང་ཞིང་སྦྱིན་པའམ། ཚུལ་ཁྲིམས་སམ། བཟོད་པའམ། བརྩོན་འགྲུས་སམ་བསམ་གཏན་ནམ། ཤེས་རབ་བམ། དྲན་པ་ ཉེ་བར་གཞག་པ་རྣམས་སམ། ཡང་དག་པར་སྤོང་བ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། དབང་པོ་རྣམས་སམ། སྟོབས་རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་སམ་ འཕགས་པའི་ལམ་ཡན་ལག་བརྒྱད་པའམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའམ། བསམ་གཏན་རྣམས་སམ། ཚད་མེད་པ་རྣམས་སམ་ གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། དེ་བཞིན་ གཤེགས་པའི་སྟོབས་རྣམས་སམ། མི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། བྱམས་པ་ཆེན་པོའམ། སྙིང་རྗེ་ཆེན་པོའམ། སངས་རྒྱས་ཀྱི་ཆོས་མ་འདྲེས་ པ་རྣམས་སམ། ཉན་ཐོས་ཀྱི་ཆོས་སམ། རང་སངས་རྒྱས་ཀྱི་ཆོས་སམ། བྱང་ཆུབ་སེམས་དཔའི་ཆོས་སམ། སངས་རྒྱས་ཀྱི་ཆོས་ཀྱིས་སེམས་ཅན་རྣམས་ཀྱི་དོན་བྱེད་ཅིང། སེམས་ཅན་ [390A]༄༅། །དེ་དག་གི་བྱ་བ་བྱེད་དེ། དེ་ལ་སེམས་ཅན་སེར་སྣ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ་སྦྱིན་པ་བྱིན་ཅིག་ཕོངས་པ་ནི། སྡུག་བསྔལ་བ་སྟེ། ཕོངས་ པས་ནི༑ བདག་གི་དན་ཀྱང་བྱ་བར་མི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཀྱི། དེ་ལྟར་ཁྱེད་ཀྱིས་སྦྱིན་པ་བྱིན་ལ་བདག་ཅག་ཀྱང་བདེ་བར་གྱིས་ཤིག་གཞན་ཡང་བདེ་བར་གྱིས་ཤིག་ ཕོངས་པས་ཟིལ་གྱིས་ནོན་ཅིང་ཉིང་ཤ་ཉིང་གིས་ཟོས་ཏེ་ངན་སོང་གསུམ་ལས་མི་ཐར་བར་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ཚུལ་ཁྲིམས་ངན་པ་ཅན་གང་ཇི་སྙེད་པ་དེ་དག་ལ་ འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་ཚུལ་ཁྲིམས་ངན་པ་ནི། སྡུག་བསྔལ་བ་སྟེ། ཚུལ་ཁྲིམས་ངན་པས་ནི། བདག་གི་དོན་ཀྱང་བྱ་བར་མི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ ཏེ༑ གང་ཚུལ་ཁྲིམས་ངན་པའི་རྣམ་པར་སྨིན་པ་ནི། སེམས་ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ངན་སོང་གསུམ་དུ་ལྟུང་ ན་བདག་ཅག་ཀྱང་གདོན་པར་མི་ནུས་ན། གཞན་གདོན་པར་ལྟ་ཅི་སྨོས་ཀྱི། དེའི་ཕྱིར་ཁྱེད་ཀྱིས་ཚུལ་ཁྲིམས་ངན་པའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་ གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ཕན་ཚུན་གནོད་སེམས་སུ་གྱུར་པ་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། དེ་ལྟར་ཁྱེད་གཅིག་ལ་གཅིག་གནོད་སེམས་སུ་མ་བྱེད་ [390B]སེམས་འཁྲུགས་པར་གྱུར་པ་ལ་དགེ་བའི་ཆོས་གང་ཡང་སྐྱེ་བར་མི་འགྱུར་ཏེ། དེ་ལྟ་བས་ན། ཁྱེད་ཕན་ཚུན་སེམས་འཁྲུགས་པར་གྱུར་ན། སེམས་ཅན་དམྱལ་བར་སྐྱེ་བའམ། བྱོལ་ སོང་གི་སྐྱེ་གནས་སུ་སྐྱེ་བའམ། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བའི་གནས་ཡོད་ཀྱི། དེ་བས་ན། ཁྱེད་ཀྱིས་འཁྲུག་པའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ལེ་ལོ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་ལེ་ལོ་ནི། སྡུག་བསྔལ་བ་སྟེ། ལེ་ལོས་ནི། བདག་གི་དོན་ཀྱང་བྱ་བར་མི་ ནུས་ན༑ གཞན་གྱི་དོན་ལྟ་ཅི་སྨོས་ཏེ། ལེ་ལོའི་རྣམ་པར་སྨིན་པ་ནི། སེམས་ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ངན་སོང་གསུམ་ དུ་ལྷུང་ན་བདག་ཅག་ཀྱང་གདོན་པར་མི་ནུས་ན། གཞན་གདོན་པར་ལྟ་ཅི་སྨོས་ཀྱི། དེའི་ཕྱིར་ཁྱེད་ཀྱིས་ལེ་ལོའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་ རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་སེམས་གཡེང་བ་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་སེམས་གཡེང་བ་ནི། སྡུག་བསྔལ་བ་སྟེ། གང་སེམས་གཡེང་བའི་རྣམ་ པར་སྨིན་པ་ནི། སེམས་ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ་གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ངན་སོང་གསུམ་དུ་ལྟུང་ན་བདག་ཅག་ཀྱང་གདོན་པར་མི་ནུས་ན། གཞན་ [391A]༄༅། །གདོན་པར་ལྟ་ཅི་སྨོས་ཀྱི། དེའི་ཕྱིར་ཁྱེད་ཀྱིས་གཡང་བའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ ཅན་ཤེས་རབ་འཆལ་བ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་ཤེས་རབ་འཆལ་བ་ནི། སྡུག་བསྔལ་བ་སྟེ། ཤེས་རབ་འཆལ་བས་ནི། བདག་གི་དོན་ ཀྱང་བྱ་བར་མི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཏེ། ཤེས་རབ་འཆལ་བའི་རྣམ་པར་སྨོན་པ་ནི། སེམས་ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ ཡིན་ཏེ༑ དེ་ལྟར་ཁྱེད་ཀྱིས་ཤེས་རབ་འཆལ་བའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །འདོད་ཆགས་ཀྱི་སྤྱོད་པ་ཅན་གང་ ཇི་སྙེད་པ་དེ་དག་མི་སྡུག་པ་ལ་སྦྱོར་རོ། །ཞེ་སྡང་གི་སྤྱོད་པ་ཅན་གང་ཇི་སྙད་པ་དེ་དག་བྱམས་པ་ལ་སྦྱོར་རོ། །གཏི་མུག་གི་སྤྱོད་པ་ཅན་གང་ཇི་སྙེད་པ་དེ་དག་རྟེན་ཅིང་འབྲེལ་བར་འབྱུང་བ་ ལ་སྦྱོར་རོ། །ལམ་ངན་པར་ཞུགས་པ་གང་ཇི་སྙེད་པ་དེ་དག་ཡང་དག་པའི་ལམ་ལ་སྦྱོར་ཏེ། ཉན་ཐོས་ཀྱི་ལམ་མམ། རང་སངས་རྒྱས་ཀྱི་ལམ་མམ། སངས་རྒྱས་ཀྱི་ལམ་ལ་སྦྱོར་ཞིང་དེ་ དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཁྱེད་ཆོས་གང་ལ་མངོན་པར་ཞེན་པར་གྱུར་བའི་ཆོས་དེ་དག་ནི། ངོ་བོ་ཉིད་ཀྱིས་སྟོང་སྟེ་ངོ་བོ་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ལ་ནི། མངོན་པར་ཞེན་ [391B] སྟོང་པ་ཉིད་ལ་མངོན་པར་ཞེན་པ་མེད་དོ་།ཞེས་ཆོས་སྟོན་ཏོ། །རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ པའི་ཚེ་མངོན་པར་ཤེས་པ་རྣམས་ལ་གནས་ཤིང་སེམས་ཅན་རྣམས་ཀྱི་དོན་བྱེད་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉིས་བརྒྱ་གོ་བརྒྱད་ པ༑ དེ་ལྷའི་མིག་རྣམ་པར་དག་པ་མི་ལས་འདས་པ་དེ་ཉིད་ཀྱིས་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་མཐོང་སྟེ། དེ་དག་ཏུ་རྫུ་འཕྲུལ་གྱི་སོང་ཞིང་སྦྱིན་པའམ། ཚུལ་ ཁྲིམས་སམ། །བཟོད་པའམ། བརྩོན་འགྲུས་སམ། བསམ་གཏན་ནམ། ཤེས་རབ་བམ། དྲན་པ་ཉེ་བར་གཞག་པ་རྣམས་སམ། ཡང་དག་པར་སྤོང་བ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་ རྣམས་སམ། དབང་པོ་རྣམས་སམ། སྟོབས་རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པའམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་ མཚན་མ་མེད་པ་དང། སྨོན་པ་མེད་པའམ། བསམ་གཏན་རྣམས་སམ་ཚད་མེད་པ་རྣམས་སམ། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་སམ་ ཏིང་ངེ་འཛིན་རྣམས་སམ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། མི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་ [392A]༄༅། །རིག་པ་རྣམས་སམ། བྱམས་པ་ཆེན་པོའམ། སྙིང་རྗེ་ཆེན་པོའམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སམ། ཉན་ཐོས་ཀྱི་ཆོས་སམ། རང་སངས་རྒྱས་ཀྱི་ཆོས་ སམ༑ བྱང་ཆུབ་སེམས་དཔའི་ཆོས་སམ། སངས་རྒྱས་ཀྱི་ཆོས་ཀྱིས་སེམས་ཅན་རྣམས་ཀྱི་དོན་བྱེད་ཅིང་སེམས་ཅན་དེ་དག་གི་བྱ་བ་བྱེད་དེ། དེ་ལ་སེམས་ཅན་སེར་སྣ་ཅན་གང་ཇི་སྙེད་པ་ དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ་སྦྱིན་པ་བྱིན་ཅིག་ཕོངས་པ་ནི། སྡུག་བསྔལ་བ་སྟེ། ཕོངས་པས་ནི། བདག་གི་དོན་ཀྱང་བྱ་བར་མི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཀྱི། དེ་ལྟར་ ཁྱེད་ཀྱིས་སྦྱིན་པ་བྱིན་ལ་བདག་ཅག་ཀྱང་བདེ་བར་གྱིས་ཤིག་།གཞན་ཡང་བདེ་བར་གྱིས་ཤིག། ཕོངས་པས་ཟིལ་གྱིས་ནོན་ཅིང་ཉིང་ཤ་ཉིང་གིས་ཟོས་ཏེ་ངན་སོང་གསུམ་ལས་མི་ཐར་ པར་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ཚུལ་ཁྲིམས་ངན་པ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། །ཀྱེ་སྐྱེས་བུ་དག་ཚུལ་ཁྲིམས་ངན་པ་ནི། སྡུག་བསྔལ་བ་སྟེ་ ཚུལ་ཁྲིམས་ངན་པས་ནི། བདག་གི་དོན་ཀྱང་བྱ་བར་མི་ནུས་ན་གཞན་གྱི་དོན་ལྟ་ཅི་སྨོས་ཏེ། ཚུལ་ཁྲིམས་ངན་པའི་རྣམ་པར་སྨིན་པ་ནི། སེམས་ཅན་དམྱལ་བའམ། བྱོལ་སོང་གི་ སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ངན་སོང་གསུམ་དུ་ལྟུང་ན་བདག་ཅག་ཀྱང་གདོན་པར་མི་ནུས་ན། གཞན་གདོན་པར་ལྟ་ཅི་སྨོས་ཀྱི། དེའི་ཕྱིར་ཁྱེད་ཀྱིས་ [392B]དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ་།སེམས་ཅན་ཕན་ཚུན་གནོད་སེམས་སུ་གྱུར་པ་གང་ཇི་སྙེད་པ་དེ་དག་ ལ་འདི་སྐད་དུ་ཆོས་སྟོན་ཏེ། དེ་ལྟར་ཁྱེད་གཅིག་ལ་གཅིག་གནོད་སེམས་སུ་མ་བྱེད་ཅིག་སེམས་འཁྲུགས་པར་གྱུར་པ་ལ་དགེ་བའི་ཆོས་གང་ཡང་སྐྱེ་བར་མི་འགྱུར་ཏེ། དེ་ལྟ་བས་ན་ ཁྱེད་ཕན་ཚུན་སེམས་འཁྲུགས་པར་གྱུར་ན། སེམས་ཅན་དམྱལ་བར་སྐྱེ་བའམ། བྱོལ་སོང་གི་སྐྱེ་གནས་སུ་སྐྱེ་བའམ། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བའི་གནས་ཡོད་ཀྱི། དེ་བས་ན་ ཁྱོད་ཀྱིས་འཁྲུག་པའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ་།སེམས་ཅན་ལེ་ལོ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་ སྟོན་ཏེ༑ ཀྱེ་སྐྱེས་བུ་དག་ལེ་ལོ་ནི། སྡུག་བསྔལ་བ་སྟེ། ལེ་ལོས་ནི། བདག་གི་དོན་ཀྱང་བྱ་བར་མི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཏེ། ལེ་ལོའི་རྣམ་པར་སྨིན་པ་ནི། སེམས་ཅན་དམྱལ་ བའམ༑ བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ་དེ་ལྟར་ཁྱེད་ངན་སོང་གསུམ་དུ་ལྟུང་ན་བདག་ཅག་ཀྱང་གདོན་པར་མི་ནུས་ན། གཞན་གདོན་པར་ལྟ་ཅི་སྨོས་ཀྱི་ དེའི་ཕྱིར་ཁྱོད་ཀྱིས་ལེ་ལོའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏེ་།སེམས་ཅན་སེམས་གཡེང་བ་གང་ཇི་སྙེད་པ་དེ་དག་ལ་འདི་ [393A]༄༅། །སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་སེམས་གཡེང་བ་ནི། སྡུག་བསྔལ་བ་སྟེ། གང་སེམས་གཡེང་བའི་རྣམ་པར་སྨིན་པ་ནི། སེམས་ཅན་དམྱལ་བའམ། བྱོལ་ སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ངན་སོང་གསུམ་དུ་ལྟུང་ན་བདག་ཅག་ཀྱང་གདོན་པར་མི་ནུས་ན། གཞན་གདོན་པར་ལྟ་ཅི་སྨོས་ཀྱི། དེའི་ཕྱིར་ ཁྱོད་ཀྱིས་གཡེང་བའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ་།སེམས་ཅན་ཤེས་རབ་འཆལ་བ་ཅན་གང་ཇི་སྙེད་པ་དེ་དག་ལ་ འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་ཤེས་རབ་འཆལ་བ་ནི་སྡུག་བསྔལ་བ་སྟེ། ཤེས་རབ་འཆལ་བས་ནི། བདག་གི་དོན་ཀྱང་བྱ་བར་མི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཏེ་ གང་ཤེས་རབ་འཆལ་བའི་རྣམ་པར་སྨིན་པ་དེ་ནི། སེམས་ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ་དེ་ལྟར་ཁྱེད་ཀྱིས་ཤེས་རབ་འཆལ་ བའི་སེམས་ཅན་ཙམ་གྱི་གོ་སྐབས་ཀྱང་མི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །འདོད་ཆགས་ཀྱི་སྤྱོད་པ་ཅན་གང་ཇི་སྙེད་པ་དེ་དག་ནི། མི་སྡུག་པའི་སྦྱོར་རོ། ། ཞེ་སྡང་གི་སྤྱོད་པ་ཅན་གང་ཇི་སྙེད་པ་དེ་དག་ནི། བྱམས་པ་ལ་སྦྱོར་རོ། །གཏི་མུག་གི་སྤྱོད་པ་ཅན་གང་ཇི་སྙེད་པ་དེ་དག་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སྦྱོར་རོ། །ལམ་ངན་པར་ [393B] ཡང་དག་པའི་ལམ་ལ་སྦྱོར་ཏེ། ཉན་ཐོས་ཀྱི་ལམ་མམ། རང་སངས་རྒྱས་ཀྱི་ལམ་མམ་སངས་རྒྱས་ཀྱི་ལམ་ལ་སྦྱོར་ཞིང་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ ཏེ༑ ཁྱེད་ཆོས་གང་ལ་མངོན་པར་ཞེན་པར་གྱུར་པའི་ཆོས་དེ་དག་ནི། ངོ་བོ་ཉིད་ཀྱིས་སྟོང་སྟེ། ངོ་བོ་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ནི། མངོན་པར་ཞེན་པར་མི་ནུས་ཏེ། སྟོང་པ་ཉིད་ལ་མངོན་པར་ ཞེན་པ་མེད་དོ། །ཞེས་ཆོས་སྟོན་ཏོ། །རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་མངོན་པར་ཤེས་པ་རྣམས་ལ་གནས་ ཤིང་སེམས་ཅན་རྣམས་ཀྱི་དོན་བྱེད་པ་ཡིན་ནོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། མངོན་པར་ཤེས་པ་རྣམས་ལ་མ་གནས་པར་སེམས་ཅན་རྣམས་ལ་ཆོས་ བསྟན་པར་མི་ནུས་ཏེ། ལམ་གོལ་བར་ཞུགས་པའི་སེམས་ཅན་རྣམས་ཀྱང་ལམ་དུ་གཟུད་པར་མི་ནུས་སོ། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། བྱ་འདབ་མ་མེད་པས་ནི། ནམ་མཁའ་ལ་འགྲོ་ བར་མི་ནུས་སོ། །རབ་འབྱོར། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་མངོན་པར་ཤེས་པ་རྣམས་ལ་མ་བརྟེན་པར་སེམས་ཅན་རྣམས་ལ་ཆོས་བསྟན་པར་མི་ནུས་སོ། ། རབ་འབྱོར། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་མངོན་པར་ཤེས་པ་རྣམས་མངོན་པར་བསྒྲུབ་པར་བྱ་སྟེ། དེ་མངོན་པར་ [394A]༄༅། །ཤེས་པ་མངོན་པར་བསྒྲུབས་པ་དེ་དག་གིས་སེམས་ཅན་རྣམས་ཀྱི་དོན་ཅི་བྱ་བར་དགའ་བ་དེ་བདེ་བར་བྱེད་དོ། །དེས་ལྷའི་མིག་གིས་ཤར་ཕྱོགས་ཀྱི་འཇིག་རྟེན་ གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་མཐོང་སྟེ། དེ་དག་ཏུ་སེམས་ཅན་གང་ཇི་སྙེད་ཅིག་སྐྱེས་པ་དེ་དག་ཀྱང་མཐོང་ངོ། །དེ་ལྟར་མཐོང་ནས་ཀྱང་རྫུ་འཕྲུལ་གྱིས་དེ་དག་ཏུ་སོང་ཞིང་སེམས་ ཅན་དེ་དག་གི་སེམས་སེམས་ཀྱིས་ཁོང་དུ་ཆུད་པར་བྱས་ནས་དེ་དང་མཐུན་པར་སྦྱིན་པའི་གཏམ་མམ། ཚུལ་ཁྲིམས་ཀྱི་གཏམ་མམ། བཟོད་པའི་གཏམ་མམ། བརྩོན་འགྲུས་ཀྱི་ གཏམ་མམ། བསམ་གཏན་གྱི་གཏམ་མམ། ཤེས་རབ་ཀྱི་གཏམ་མམ། འཕགས་པའི་བདེན་པའི་གཏམ་མམ། འབྱུང་བའི་གཏམ་གྱི་བར་དུ་ཆོས་སྟོན་ཏོ། །དེས་ལྷའི་མིག་ གི་ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་མཐོང་སྟེ། དེ་དག་ཏུ་སེམས་ཅན་གང་ཇི་སྙེད་ཅིག་སྐྱེས་པ་དེ་དག་ཀྱང་མཐོང་ངོ། །དེ་ལྟར་མཐོང་ནས་ཀྱང་རྫུ་འཕྲུལ་ གྱིས་དེ་དག་ཏུ་སོང་ཞིང་སེམས་ཅན་དེ་དག་གི་སེམས་སེམས་ཀྱིས་འཁོར་དུ་ཆུད་པར་བྱས་ནས་དེ་དང་མཐུན་པར་སྦྱིན་པའི་གཏམ་མམ། ཚུལ་ཁྲིམས་ཀྱི་གཏམ་མམ། བཟོད་པའི་གཏམ་ མམ༑ བརྩོན་འགྲུས་ཀྱི་གཏམ་མམ། བསམ་གཏན་གྱི་གཏམ་མམ། ཤེས་རབ་ཀྱི་གཏམ་མམ། འཕགས་པའི་བདེན་པའི་གཏམ་མམ། འབྱུང་བའི་གཏམ་གྱི་བར་དུ་ཆོས་སྟོན་ཏོ། ། [394B]གངྒཱའི་ཀླུང་གི་བྱེ་མ་སྙེད་མཐོང་སྟེ། དེ་དག་ཏུ་སེམས་ཅན་གང་ཇི་སྙེད་ཅིག་སྐྱེས་པ་དེ་དག་ཀྱང་མཐོང་ངོ། །དེ་ལྟར་མཐོང་ནས་ཀྱང་རྫུ་འཕྲུལ་ གྱིས་དེ་དག་ཏུ་སོང་ཞིང་སེམས་ཅན་དེ་དག་གི་སེམས་སེམས་ཀྱི་ཁོང་དུ་ཆུད་པར་བྱས་ནས་དེ་དང་མཐུན་པར་སྦྱིན་པའི་གཏམ་མམ། ཚུལ་ཁྲིམས་ཀྱི་གཏམ་མམ། བཟོད་པའི་གཏམ་མམ་ བརྩོན་འགྲུས་ཀྱི་གཏམ་མམ། བསམ་གཏན་གྱི་གཏམ་མམ། ཤེས་རབ་ཀྱི་གཏམ་མམ། འཕགས་པའི་བདེན་པའི་གཏམ་མམ། འབྱུང་བའི་གཏམ་གྱི་བར་དུ་ཆོས་སྟོན་ཏོ། །དེས་ལྷའི་ མིག་གིས་བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་མཐོང་སྟེ། དེ་དག་ཏུ་སེམས་ཅན་གང་ཇི་སྙེད་ཅིག་སྐྱེས་པ་དེ་དག་ཀྱང་མཐོང་ངོ། །དེ་ལྟར་མཐོང་ནས་ཀྱང་རྫུ་འཕྲུལ་ གྱིས་དེ་དག་ཏུ་སོང་ཞིང་སེམས་ཅན་དེ་དག་གི་སེམས་སེམས་ཀྱིས་ཁོང་དུ་ཆུད་པར་བྱས་ནས་དེ་དང་མཐུན་པར་སྦྱིན་པའི་གཏམ་མམ། ཚུལ་ཁྲིམས་ཀྱི་གཏམ་མམ། བཟོད་པའི་གཏམ་མམ་ བརྩོན་འགྲུས་ཀྱི་གཏམ་མམ། བསམ་གཏན་གྱི་གཏམ་མམ། ཤེས་རབ་ཀྱི་གཏམ་མམ། འཕགས་པའི་བདེན་པའི་གཏམ་མམ། འབྱུང་བའི་གཏམ་གྱི་བར་དུ་ཆོས་སྟོན་ཏོ། །དེས་ལྷའི་མིག་ གིས་བྱང་ཤར་གྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་མཐོང་སྟེ། དེ་དག་ཏུ་སེམས་ཅན་གང་ཇི་སྙེད་ཅིག་སྐྱེས་པ་དེ་དག་ཀྱང་མཐོང་ངོ། །དེ་ལྟར་མཐོང་ནས་ཀྱང་ [395A]༄༅། །རྫུ་འཕྲུལ་གྱིས་དེ་དག་ཏུ་སོང་ཞིང་སེམས་ཅན་དེ་དག་གི་སེམས་སེམས་ཀྱིས་ཁོང་དུ་ཆུད་པར་བྱས་ནས་དེ་དང་མཐུན་པར་སྦྱིན་པའི་གཏམ་མམ། ཚུལ་ཁྲིམས་ཀྱི་ གཏམ་མམ། བཟོད་པའི་གཏམ་མམ། བརྩོན་འགྲུས་ཀྱི་གཏམ་མམ། བསམ་གཏན་གྱི་གཏམ་མམ། ཤེས་རབ་ཀྱི་གཏམ་མམ། འཕགས་པའི་བདེན་པའི་གཏམ་མམ། འབྱུང་ བའི་གཏམ་གྱི་བར་དུ་ཆོས་སྟོན་ཏོ། །དེས་ལྷའི་མིག་གིས་ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་མཐོང་སྟེ། དེ་དག་ཏུ་སེམས་ཅན་གང་ཇི་སྙེད་ ཅིག་སྐྱེས་པ་དེ་དག་ཀྱང་མཐོང་ངོ། །དེ་ལྟར་མཐོང་ནས་ཀྱང་རྫུ་འཕྲུལ་གྱིས་དེ་དག་ཏུ་སོང་ཞིང་སེམས་ཅན་དེ་དག་གི་སེམས་སེམས་ཀྱིས་ཁོང་དུ་ཆུད་པར་བྱས་ནས་དེ་དང་མཐུན་པར་སྦྱིན་ པའི་གཏམ་མམ། ཚུལ་ཁྲིམས་ཀྱི་གཏམ་མམ། བཟོད་པའི་གཏམ་མམ་བརྩོན་འགྲུས་ཀྱི་གཏམ་མམ། བསམ་གཏན་གྱི་གཏམ་མམ། ཤེས་རབ་ཀྱི་གཏམ་མམ། འཕགས་པའི་ བདེན་པའི་གཏམ་མམ། འབྱུང་བའི་གཏམ་གྱི་བར་དུ་ཆོས་སྟོན་ཏོ་།དེས་ལྷའི་མིག་གིས་ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་མཐོང་སྟེ། དེ་དག་ ཏུ་སེམས་ཅན་གང་ཇི་སྙེད་ཅིག་སྐྱེས་པ་དེ་དག་ཀྱང་མཐོང་ངོ་།དེ་ལྟར་མཐོང་ནས་ཀྱང་རྫུ་འཕྲུལ་གྱིས་དེ་དག་ཏུ་སོང་ཞིང་སེམས་ཅན་དེ་དག་གི་སེམས་སེམས་ཀྱིས་ཁོང་དུ་ཆུད་པར་བྱས་ [395B] ཚུལ་ཁྲིམས་ཀྱི་གཏམ་མམ། བཟོད་པའི་གཏམ་མམ། བརྩོན་འགྲུས་ཀྱི་གཏམ་མམ། བསམ་གཏན་གྱི་གཏམ་མམ། ཤེས་རབ་ཀྱི་གཏམ་ མམ༑ འཕགས་པའི་བདེན་པའི་གཏམ་མམ། འབྱུང་བའི་གཏམ་གྱི་བར་དུ་ཆོས་སྟོན་ཏོ། །དེས་ལྷའི་མིག་གིས་ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་ མ་སྙེད་མཐོང་སྟེ། དེ་དག་ཏུ་སེམས་ཅན་གང་ཇི་སྙེད་ཅིག་སྐྱེས་པ་དེ་དག་ཀྱང་མཐོང་ངོ། །དེ་ལྟར་མཐོང་ནས་ཀྱང་རྫུ་འཕྲུལ་གྱིས་དེ་དག་ཏུ་སོང་ཞིང་སེམས་ཅན་དེ་དག་གིས་སེམས་སེམས་ ཀྱིས་ཁོང་དུ་ཆུད་པར་བྱས་ནས་དེ་དང་མཐུན་པར་སྦྱིན་པའི་གཏམ་མམ། ཚུལ་ཁྲིམས་ཀྱི་གཏམ་མམ། བཟོད་པའི་གཏམ་མམ། བརྩོན་འགྲུས་ཀྱི་གཏམ་མམ། བསམ་ གཏན་གྱི་གཏམ་མམ། ཤེས་རབ་ཀྱི་གཏམ་མམ། འཕགས་པའི་བདེན་པའི་གཏམ་མམ། འབྱུང་བའི་གཏམ་གྱི་བར་དུ་ཆོས་སྟོན་ཏོ། །དེས་ལྷའི་མིག་གིས་འོག་གི་ ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་མཐོང་སྟེ། དེ་དག་ཏུ་སེམས་ཅན་གང་ཇི་སྙེད་ཅིག་སྐྱེས་པ་དེ་དག་ཀྱང་མཐོང་ངོ། །དེ་ལྟར་མཐོང་ནས་ཀྱང་རྫུ་འཕྲུལ་གྱིས་དེ་དག་ ཏུ་སོང་ཞིང་སེམས་ཅན་དེ་དག་གི་སེམས་སེམས་ཀྱིས་ཁོང་དུ་ཆུད་པར་བྱས་ནས་དེ་དང་མཐུན་པར་སྦྱིན་པའི་གཏམ་མམ། ཚུལ་ཁྲིམས་ཀྱི་གཏམ་མམ། བཟོད་པའི་གཏམ་མམ། བརྩོན་ [396A]༄༅། །འགྲུས་ཀྱི་གཏམ་མམ། བསམ་གཏན་གྱི་གཏམ་མམ། ཤེས་རབ་ཀྱི་གཏམ་མམ། འཕགས་པའི་བདེན་པའི་གཏམ་མམ། འབྱུང་བའི་གཏམ་གྱི་བར་དུ་ཆོས་ སྟོན་ཏོ༑ ༑དེས་ལྷའི་མིག་གིས་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་མཐོང་སྟེ། དེ་དག་ཏུ་སེམས་ཅན་གང་ཇི་སྙེད་ཅིག་སྐྱེས་པ་དེ་དག་ཀྱང་མཐོང་ངོ། །དེ་ལྟར་ མཐོང་ནས་ཀྱང་རྫུ་འཕྲུལ་གྱིས་དེ་དག་ཏུ་སོང་ཞིང་སེམས་ཅན་དེ་དག་གིས་སེམས་སེམས་ཀྱིས་ཁོང་དུ་ཆུད་པར་བྱས་ནས་དེ་དང་མཐུན་པར་སྦྱིན་པའི་གཏམ་མམ། ཚུལ་ཁྲིམས་ཀྱི་གཏམ་ མམ༑ བཟོད་པའི་གཏམ་མམ། བརྩོན་འགྲུས་ཀྱི་གཏམ་མམ། བསམ་གཏན་གྱི་གཏམ་མམ། ཤེས་རབ་ཀྱི་གཏམ་མམ། འཕགས་པའི་བདེན་པའི་གཏམ་མམ་འབྱུང་བའི་ གཏམ་གྱི་བར་དུ་ཆོས་སྟོན་ཏོ། །དེའི་ལྷའི་རྣ་བའི་ཁམས་ཀྱིས་འདི་ལྟ་སྟེ། ལྷ་དང་མི་གཉིས་ཀའི་སྒྲའང་ཐོས་ཏེ། དེ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ དག་ན་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་ཆོས་སྟོན་པ་དེ་དག་གི་ཆོས་ལྷའི་རྣ་བས་ཉན་ཏེ་ཐོས་ནས་ཀྱང་དེ་བཞིན་ཉིད་དུ་འཛིན་ཏོ། །དེ་བཞིན་ཉིད་དུ་བཟུང་ནས་དེ་བཞིན་ ཉིད་དུ་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། སྦྱིན་པའི་གཏམ་མམ། ཚུལ་ཁྲིམས་ཀྱི་གཏམ་མམ། བཟོད་པའི་གཏམ་མམ། བརྩོན་འགྲུས་ཀྱི་གཏམ་མམ། བསམ་གཏན་གྱི་གཏམ་ [396B] ཤེས་རབ་ཀྱི་གཏམ་མམ། འཕགས་པའི་བདེན་པའི་གཏམ་མམ་འབྱུང་བའི་གཏམ་གྱི་བར་དུ་ཆོས་སྟོན་ཏོ། །དེ་ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ དག་ན་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་ཆོས་སྟོན་པ་དེ་དག་གི་ཆོས་ལྷའི་རྣ་བས་ཉན་ཏེ་ཐོས་ནས་ཀྱང་དེ་བཞིན་ཉིད་དུ་འཛིན་ཏོ། །དེ་བཞིན་ཉིད་དུ་བཟུང་ནས་དེ་བཞིན་ཉིད་དུ་ སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། སྦྱིན་པའི་གཏམ་མམ། ཚུལ་ཁྲིམས་ཀྱི་གཏམ་མམ། བཟོད་པའི་གཏམ་མམ། བརྩོན་འགྲུས་ཀྱི་གཏམ་མམ། བསམ་གཏན་གྱི་གཏམ་མམ་ ཤེས་རབ་ཀྱི་གཏམ་མམ། འཕགས་པའི་བདེན་པའི་གཏམ་མམ། འབྱུང་བའི་གཏམ་གྱི་བར་དུ་ཆོས་སྟོན་ཏོ། །དེ་ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་ སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་ཆོས་སྟོན་པ་དེ་དག་གི་ཆོས་ལྷའི་རྣ་བས་ཉན་ཏེ་ཐོས་ནས་ཀྱང་དེ་བཞིན་ཉིད་དུ་འཛིན་ཏེ། །དེ་བཞིན་ཉིད་དུ་བཟུང་ནས་དེ་བཞིན་ཉིད་དུ་སེམས་ ཅན་རྣམས་ལ་ཆོས་སྟོན་ཏེ། སྦྱིན་པའི་གཏམ་མམ། ཚུལ་ཁྲིམས་ཀྱི་གཏམ་མམ། བཟོད་པའི་གཏམ་མམ། བརྩོན་འགྲུས་ཀྱི་གཏམ་མམ། བསམ་གཏན་གྱི་གཏམ་མམ། ཤེས་རབ་ཀྱི་ གཏམ་མམ། འཕགས་པའི་བདེན་པའི་གཏམ་མམ། འབྱུང་བའི་གཏམ་གྱི་བར་དུ་ཆོས་སྟོན་ཏོ། །དེ་བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་སངས་རྒྱས་བཅོམ་ [397A]༄༅། །ལྡན་འདས་གང་ཇི་སྙེད་ཅིག་ཆོས་སྟོན་པ་དེ་དག་གི་ཆོས་ལྷའི་རྣ་བས་ཉན་ཏེ། ཐོས་ནས་ཀྱང་དེ་བཞིན་ཉིད་དུ་འཛིན་ཏོ་།དེ་བཞིན་ཉིད་དུ་བཟུང་ནས་དེ་བཞིན་ཉིད་དུ་ སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། སྦྱིན་པའི་གཏམ་མམ། ཚུལ་ཁྲིམས་ཀྱི་གཏམ་མམ། བཟོད་པའི་གཏམ་མམ། བརྩོན་འགྲུས་ཀྱི་གཏམ་མམ། བསམ་གཏན་གྱི་གཏམ་མམ་ ཤེས་རབ་ཀྱི་གཏམ་མམ། འཕགས་པའི་བདེན་པའི་གཏམ་མམ། འབྱུང་བའི་གཏམ་གྱི་བར་དུ་ཆོས་སྟོན་ཏོ། །དེ་བྱང་ཤར་གྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ ཀླུང་གི་ཇི་སྙེད་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་ཆོས་སྟོན་པ་དེ་དག་གི་ཆོས་ལྷའི་རྣ་བས་ཉན་ཏེ་ཐོས་ནས་ཀྱང་དེ་བཞིན་ཉིད་དུ་འཛིན་ཏོ། །དེ་བཞིན་ཉིད་དུ་བཟུང་ ནས་དེ་བཞིན་ཉིད་དུ་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། སྦྱིན་པའི་གཏམ་མམ། ཚུལ་ཁྲིམས་ཀྱི་གཏམ་མམ། བཟོད་པའི་གཏམ་མམ། བརྩོན་འགྲུས་ཀྱི་གཏམ་མམ། བསམ་ གཏན་གྱི་གཏམ་མམ། ཤེས་རབ་ཀྱི་གཏམ་མམ། འཕགས་པའི་བདེན་པའི་གཏམ་མམ། འབྱུང་བའི་གཏམ་གྱི་བར་དུ་ཆོས་སྟོན་ཏོ། །དེ་ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་ གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་ཆོས་སྟོན་པ་དེ་དག་གི་ཆོས་ལྷའི་རྣ་བས་ཉན་ཏེ་ཐོས་ནས་ཀྱང་དེ་བཞིན་ཉིད་དུ་འཛིན་ཏོ། །དེ་ [397B]ཆོས་སྟོན་ཏེ། སྦྱིན་པའི་གཏམ་མམ། ཚུལ་ཁྲིམས་ཀྱི་གཏམ་མམ། བཟོད་པའི་གཏམ་མམ། བརྩོན་འགྲུས་ཀྱི་གཏམ་མམ་ བསམ་གཏན་གྱི་གཏམ་མམ། ཤེས་རབ་ཀྱི་གཏམ་མམ། འཕགས་པའི་བདེན་པའི་གཏམ་མམ། འབྱུང་བའི་གཏམ་གྱི་བར་དུ་ཆོས་སྟོན་ཏོ། །དེ་ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་ གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་ཆོས་སྟོན་པ་དེ་དག་གི་ཆོས་ལྷའི་རྣ་བས་ཉན་ཏེ་ཐོས་ནས་ཀྱང་དེ་བཞིན་ཉིད་དུ་འཛིན་ཏོ། །དེ་བཞིན་ ཉིད་དུ་བཟུང་ནས་དེ་བཞིན་ཉིད་དུ་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། སྦྱིན་པའི་གཏམ་མམ། ཚུལ་ཁྲིམས་ཀྱི་གཏམ་མམ། བཟོད་པའི་གཏམ་མམ། བརྩོན་འགྲུས་ཀྱི་གཏམ་མམ། བསམ་ གཏན་གྱི་གཏམ་མམ། ཤེས་རབ་ཀྱི་གཏམ་མམ། འཕགས་པའི་བདེན་པའི་གཏམ་མམ། འབྱུང་བའི་གཏམ་གྱི་བར་དུ་ཆོས་སྟོན་ཏོ། །དེ་ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་ཆོས་སྟོན་པ་དེ་དག་གི་ཆོས་ལྷའི་རྣ་བས་ཉན་ཏེ། ཐོས་ནས་ཀྱང་དེ་བཞིན་ཉིད་དུ་འཛིན་ཏོ། །དེ་བཞིན་ ཉིད་དུ་བཟུང་ནས་དེ་བཞིན་ཉིད་དུ་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། སྦྱིན་པའི་གཏམ་མམ། ཚུལ་ཁྲིམས་ཀྱི་གཏམ་མམ། བཟོད་པའི་གཏམ་མམ། བརྩོན་འགྲུས་ཀྱི་གཏམ་མམ། བསམ་ [398A]༄༅། །གཏན་གྱི་གཏམ་མམ། ཤེས་རབ་ཀྱི་གཏམ་མམ། འཕགས་པའི་བདེན་པའི་གཏམ་མམ། འབྱུང་བའི་གཏམ་གྱི་བར་དུ་ཆོས་སྟོན་ཏོ། །དེ་འོག་གི་ཕྱོགས་ཀྱི་ འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་ཆོས་སྟོན་པ་དེ་དག་གི་ཆོས་ལྷའི་རྣ་བས་ཉན་ཏེ་ཐོས་ནས་ཀྱང་དེ་བཞིན་ཉིད་ དུ་འཛིན་ཏོ། །དེ་བཞིན་ཉིད་དུ་བཟུང་ནས་དེ་བཞིན་ཉིད་དུ་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། སྦྱིན་པའི་གཏམ་མམ། ཚུལ་ཁྲིམས་ཀྱི་གཏམ་མམ། བཟོད་པའི་གཏམ་མམ། བརྩོན་ འགྲུས་ཀྱི་གཏམ་མམ། བསམ་གཏན་གྱི་གཏམ་མམ། ཤེས་རབ་ཀྱི་གཏམ་མམ། འཕགས་པའི་བདེན་པའི་གཏམ་མམ། འབྱུང་བའི་གཏམ་གྱི་བར་དུ་ཆོས་སྟོན་ཏོ། །དེ་སྟེང་ གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་ཆོས་སྟོན་པ་དེ་དག་གི་ཆོས་ལྷའི་རྣ་བས་ཉན་ཏེ་ཐོས་ནས་ཀྱང་དེ་ བཞིན་ཉིད་དུ་འཛིན་ཏོ། །དེ་བཞིན་ཉིད་དུ་བཟུང་ནས་དེ་བཞིན་ཉིད་དུ་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ་སྦྱིན་པའི་གཏམ་མམ། ཚུལ་ཁྲིམས་ཀྱི་གཏམ་མམ། བཟོད་པའི་གཏམ་ མམ༑ བརྩོན་འགྲུས་ཀྱི་གཏམ་མམ། བསམ་གཏན་གྱི་གཏམ་མམ། ཤེས་རབ་ཀྱི་གཏམ་མམ། འཕགས་པའི་བདེན་པའི་གཏམ་མམ། འབྱུང་བའི་གཏམ་གྱི་བར་དུ་ཆོས་སྟོན་ [398B] ༑དེ་སེམས་ཀྱི་རྣམ་གྲངས་ཤེས་པ་ཤིན་ཏུ་རྣམ་པར་དག་པ་དང་ལྡན་པ་ཡིན་ཏེ། དེ་སེམས་ཀྱི་རྣམ་གྲངས་ཤེས་པ་དེས་སེམས་ཅན་རྣམས་ཀྱི་སེམས་ཤེས་པར་བྱས་ཤིང་དེ་དག་ལ་དེ་བཞིན་ཉིད་དུ་ཆོས་ སྟོན་ཏེ༑ སྦྱིན་པའི་གཏམ་མམ། ཚུལ་ཁྲིམས་ཀྱི་གཏམ་མམ། བཟོད་པའི་གཏམ་མམ། བརྩོན་འགྲུས་ཀྱི་གཏམ་མམ། བསམ་གཏན་གྱི་གཏམ་མམ། ཤེས་རབ་ཀྱི་གཏམ་མམ། འཕགས་ པའི་བདེན་པའི་གཏམ་མམ། འབྱུང་བའི་གཏམ་གྱི་བར་དུ་ཆོས་སྟོན་ཏོ། །དེ་བདག་གམ་གཞན་གྱི་སྔོན་གྱི་གནས་རྣམ་པ་དུ་མར་རྗེས་སུ་དྲན་ཏེ་སྔོན་གནས་རྗེས་སུ་དྲན་པའི་ཤེས་པ་དེས་སྔོན་ གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་འདི་ཞེས་བྱ་བ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བྱུང་ངོ། །ཞེས་བྱ་བར་ཡང་ཤེས་ཏེ། སེམས་ཅན་ སྔོན་གྱི་གནས་རྗེས་སུ་དྲན་པ་ལ་མོས་པ་གང་ཇི་སྙེད་པ་དེ་དག་ལ་ཡང་དག་པ་ཉིད་དུ་ཆོས་སྟོན་ཏེ། སྦྱིན་པའི་གཏམ་མམ། ཚུལ་ཁྲིམས་ཀྱི་གཏམ་མམ། བཟོད་པའི་གཏམ་མམ། བརྩོན་ འགྲུས་ཀྱི་གཏམ་མམ། བསམ་གཏན་གྱི་གཏམ་མམ། ཤེས་རབ་ཀྱི་གཏམ་མམ། འཕགས་པའི་བདེན་པའི་གཏམ་མམ། འབྱུང་བའི་གཏམ་གྱི་བར་དུ་ཆོས་སྟོན་ཏོ། །དེ་རྫུ་འཕྲུལ་གྱིས་ ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སོང་ཞིང་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱེད་དེ། བསྙེན་བཀུར་བྱས་ནས་མངོན་པར་ཤེས་ [399A]༄༅། །པའི་ཡེ་ཤེས་ཀྱིས་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། སྦྱིན་པའི་གཏམ་མམ། ཚུལ་ཁྲིམས་ཀྱི་གཏམ་མམ། བཟོད་པའི་གཏམ་མམ་བརྩོན་འགྲུས་ཀྱི་གཏམ་ མམ༑ བསམ་གཏན་གྱི་གཏམ་མམ། ཤེས་རབ་ཀྱི་གཏམ་མམ། འཕགས་པའི་བདེན་པའི་གཏམ་མམ། འབྱུང་བའི་གཏམ་གྱི་བར་དུ་ཆོས་སྟོན་ཏོ། །དེ་ཟག་པ་མེད་པ་མངོན་དུ་ བྱ་བའི་ཤེས་པ་ཤིན་ཏུ་རྣམ་པར་དག་པ་དང་ལྡན་པ་ཡིན་ཏེ། དེ་ཟག་པ་མེད་པ་མངོན་དུ་བྱ་བའི་ཤེས་པ་ཤིན་ཏུ་རིག་པ་དེས་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། སྦྱིན་པའི་གཏམ་མམ་ ཚུལ་ཁྲིམས་ཀྱི་གཏམ་མམ། བཟོད་པའི་གཏམ་མམ། བརྩོན་འགྲུས་ཀྱི་གཏམ་མམ། བསམ་གཏན་གྱི་གཏམ་མམ། ཤེས་རབ་ཀྱི་གཏམ་མམ། འཕགས་པའི་བདེན་པའི་གཏམ་ མམ༑ འབྱུང་བའི་གཏམ་གྱི་བར་དུ་ཆོས་སྟོན་ཏོ། །རབ་འབྱོར། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་མངོན་པར་ཤེས་པ་ རྣམས་མངོན་པར་བསྒྲུབ་པར་བྱ་སྟེ། དེ་མངོན་པར་ཤེས་པ་ཤིན་ཏུ་འདྲིས་པ་དེ་དག་གིས་ལུས་ཅི་དང་ཅི་ལྟ་བུ་ཡོངས་སུ་གཟུང་བར་འདོད་པ་དེ་དང་དེ་ལྟ་བུའི་ལུས་ཡོངས་སུ་གཟུང་ཞིང་ མོས་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ཀྱི་དོན་བྱེད་དེ། བདེ་བའམ། སྡུག་བསྔལ་བ་དེ་དག་གིས་གོས་པར་མི་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ། དཔེར་ན། དེ་བཞིན་གཤེགས་ [399B] དགོས་པ་ཐམས་ཅད་བྱེད་ཀྱང་བདེ་བའམ། སྡུག་བསྔལ་བ་དེས་གོས་པར་འགྱུར་བ་མེད་དོ། །རབ་འབྱོར། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་མངོན་པར་ཤེས་པས་རྣམ་པར་རྩེ་ཞིང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་མོས་པ་ཇི་ལྟ་བ་བཞིན་དུ་ཆོས་ སྟོན་ཀྱང་བདེ་བའམ། སྡུག་བསྔལ་བ་དེས་ཕྲོགས་བར་མི་འགྱུར་རོ་།རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་དེ་ལྟར་ མངོན་པར་ཤེས་པས་རྣམ་པར་རྩེ་བར་བྱས་ཏེ། ཅི་ནས་ཀྱང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འགྱུར་བ་དང། སེམས་ཅན་ཡོངས་སུ་སྨིན་པར་འགྱུར་བ་དེ་ལྟར་བརྩེ་བར་བྱས་ཏེ། རབ་ འབྱོར༑ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་གྱུར་བ་དང། སེམས་ཅན་ཡོངས་སུ་སྨིན་པར་མ་བྱས་པར་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ། །རབ་འབྱོར། དེ་ཅིའི་ཕྱིར་ཞེ་ན། ལམ་གྱི་ཡན་ལག་དང་མི་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མེད་དོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལམ་གྱི་ཡན་ལག་ཡོངས་སུ་ [400A]༄༅། །རྫོགས་པར་བགྱིས་ཤིང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་ལམ་དེ་དག་གང་ལགས། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དགེ་བའི་ཆོས་ཐམས་ཅད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་གྱི་ཡན་ལག་གོ་གསོལ་པ། བཅོམ་ལྡན་འདས། ལམ་ གྱི་ཡན་ལག་གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་ལམ་གྱི་ཡན་ལག་དགེ་བའི་ཆོས་དེ་དག་གང་ལགས་ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་དགེ་བའི་ཆོས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་དེ་ལ་མི་རྟོག་ཅིང་དེ་ཡོངས་སུ་གཏོང་བའི་ ཚེ་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི། སྦྱིན་པའོ་།འདི་ལ་ཡོངས་སུ་གཏོང་བར་བྱའོ། །བདག་གིས་སྦྱིན་པར་བྱའོ་།ཞེས་གསུམ་པོ་དེ་དག་ལ་མི་རྟོག་པ་སྟེ། སྦྱིན་པའི་ཕ་རོལ་ ཏུ་ཕྱིན་པ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང། གཞན་ཡང་སྒྲོལ་བ་འདི་ནི། ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་དགེ་བའི་ ཆོས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་དེ་ལ་མི་རྟོག་ཅིང། དེ་ཚུལ་ཁྲིམས་སྲུང་བའི་ཚེ་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི། ཚུལ་ཁྲིམས་སོ། །བདག་གིས་ཚུལ་ཁྲིམས་ [400B] །འདིའི་དོན་དུ་ཚུལ་ཁྲིམས་བསྲུང་ངོ། །ཞེས་གསུམ་པོ་དེ་དག་ལ་མི་རྟོག་པ་སྟེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང། གཞན་ཡང་སྒྲོལ་བ་ འདི་ནི༑ ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་དགེ་བའི་ཆོས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་དེ་ལ་མི་རྟོག་ཅིང་དེ་བཟོད་པ་སྒོམ་པའི་ཚེ་ ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི། བཟོད་པའོ། །བདག་གིས་བཟོད་པ་བསྒོམ་མོ། །འདིའི་དོན་དུ་བཟོད་པ་བསྒོམ་པར་བྱའོ་།ཞེས་གསུམ་པོ་དེ་དག་ལ་མི་རྟོག་པ་སྟེ། བཟོད་པའི་ཕ་རོལ་ཏུ་ ཕྱིན་པ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང། གཞན་ཡང་སྒྲོལ་བ་འདི་ནི། ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་དགེ་བའི་ཆོས་བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་དེ་ལ་མི་རྟོག་ཅིང་དེ་བརྩོན་འགྲུས་རྩོམ་པའི་ཚེ་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི། བརྩོན་འགྲུས་སོ། །བདག་གིས་བརྩོན་འགྲུས་བརྩམ་མོ། ། འདིའི་དོན་དུ་བརྩོན་འགྲུས་བརྩམ་མོ། །ཞེས་གསུམ་པོ་དེ་དག་ལ་མི་རྟོག་པ་སྟེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང། གཞན་ཡང་སྒྲོལ་བ་འདི་ ནི༑ ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་དགེ་བའི་ཆོས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་དེ་ལ་མི་རྟོག་ཅིང། དེ་བསམ་གཏན་ [401A]༄༅། །ལ་མཉམ་པར་གཞོག་པའི་ཚེ་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི། བསམ་གཏན་ནོ། །བདག་གིས་བསམ་གཏན་ལ་མཉམ་པར་གཞག་གོ་འདིའི་ དོན་དུ་བསམ་གཏན་ལ་མཉམ་པར་གཞག་གོ་ཞེས་གསུམ་པོ་དེ་དག་ལ་མི་རྟོག་པ་སྟེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང། གཞན་ ཡང་སྒྲོལ་བ་འདི་ནི། ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་དགེ་བའི་ཆོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་དེ་ལ་མི་རྟོག་ཅིང་དེ་ ཤེས་རབ་སྒོམ་པའི་ཚེ་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི། ཤེས་རབ་བོ། །བདག་གིས་ནི། ཤེས་རབ་བསྒོམ་མོ། །འདིའི་དོན་དུ་ཤེས་རབ་བསྒོམ་མོ། །ཞེས་གསུམ་པོ་དེ་དག་ལ་ མི་རྟོག་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང། གཞན་ཡང་སྒྲོལ་བ་འདི་ནི། ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་ པ་ནས་ཉེ་བར་བཟུང་སྟེ་དགེ་བའི་ཆོས་ནང་སྟོང་པ་ཉིད་ལ་སྤྱོད་ཀྱང་དེ་ལ་མི་རྟོག་ཅིང། ནང་སྟོང་པ་ཉིད་བསྒོམ་པའི་ཚེ་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི། ནང་སྟོང་པ་ཉིད་དོ། །བདག་ གིས་ནང་སྟོང་པ་ཉིད་བསྒོམ་པར་བྱའོ། །འདིའི་དོན་དུ་ནང་སྟོང་པ་ཉིད་བསྒོམ་མོ། །ཞེས་གསུམ་པོ་དེ་དག་ལ་མི་རྟོག་པ་སྟེ། ནང་སྟོང་པ་ཉིད་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ [401B] གཞན་ཡང་སྒྲོལ་བ་འདི་ནི། ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་དགེ་བའི་ཆོས་ཕྱི་སྟོང་པ་ཉིད་ལ་སྤྱོད་ཀྱང་དེ་ལ་མི་རྟོག་ཅིང། ཕྱི་སྟོང་ པ་ཉིད་བསྒོམ་པའི་ཚེ་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི། ཕྱི་སྟོང་པ་ཉིད་དོ། །བདག་གིས་ཕྱི་སྟོང་པ་ཉིད་བསྒོམ་པར་བྱའོ། །འདིའི་དོན་དུ་ཕྱི་སྟོང་པ་ཉིད་བསྒོམ་མོ། །ཞེས་གསུམ་པོ་དེ་ དག་ལ་མི་རྟོག་པ་སྟེ། ཕྱི་སྟོང་པ་ཉིད་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང། གཞན་ཡང་སྒྲོལ་བ་འདི་ནི། ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་ བར་བཟུང་སྟེ་དགེ་བའི་ཆོས་ཕྱི་ནང་སྟོང་པ་ཉིད་ལ་སྤྱོད་ཀྱང་དེ་ལ་མི་རྟོག་ཅིང། ཕྱི་ནང་སྟོང་པ་ཉིད་བསྒོམ་པའི་ཚེ་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི། ཕྱི་ནང་སྟོང་པ་ཉིད་དོ། །བདག་གིས་ཕྱི་ནང་སྟོང་པ་ ཉིད་བསྒོམ་པར་བྱའོ། །འདིའི་དོན་དུ་ཕྱི་ནང་སྟོང་པ་ཉིད་བསྒོམ་མོ། །ཞེས་གསུམ་པོ་དེ་དག་ལ་མི་རྟོག་པ་སྟེ། ཕྱི་ནང་སྟོང་པ་ཉིད་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང། གཞན་ཡང་ སྒྲོལ་བ་འདི་ནི། ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་དགེ་བའི་ཆོས་སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱོད་ཀྱང་དེ་ལ་མི་རྟོག་ཅིང། སྟོང་པ་ཉིད་ སྟོང་པ་ཉིད་སྒོམ་པའི་ཚེ་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི། སྟོང་པ་ཉིད་སྟོང་པ་ཉིད་དོ། །བདག་གིས་སྟོང་པ་ཉིད་སྟོང་པ་ཉིད་བསྒོམ་པར་བྱའོ། །འདིའི་དོན་དུ་སྟོང་པ་ཉིད་སྟོང་པ་ཉིད་ [402A]༄༅། །བསྒོམ་མོ། །ཞེས་གསུམ་པོ་དེ་དག་ལ་མི་རྟོག་པ་སྟེ། སྟོང་པ་ཉིད་སྟོང་པ་ཉིད་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང། གཞན་ཡང་སྒྲོལ་བ་འདི་ནི། ལམ་གྱི་ ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་དགེ་བའི་ཆོས་ཆེན་པོ་སྟོང་པ་ཉིད་ལ་སྤྱོད་ཀྱང་དེ་ལ་མི་རྟོག་ཅིང། ཆེན་པོ་སྟོང་པ་ཉིད་བསྒོམ་པའི་ཚེ་ངོ་བོ་ཉིད་ཀྱིས་ སྟོང་པ་ཉིད་ཀྱི་ཕྱིར་འདི་ནི། ཆེན་པོ་སྟོང་པ་ཉིད་དོ། །བདག་གིས་ཆེན་པོ་སྟོང་པ་ཉིད་བསྒོམ་པར་བྱའོ། །འདིའི་དོན་དུ་ཆེན་པོ་སྟོང་པ་ཉིད་བསྒོམ་མོ། །ཞེས་གསུམ་པོ་དེ་དག་ལ་མི་རྟོག་བ་ སྟེ༑ ཆེན་པོ་སྟོང་པ་ཉིད་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང། གཞན་ཡང་སྒྲོལ་བ་འདི་ནི། ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་ སྟེ་དགེ་བའི་ཆོས་དོན་དམ་པ་སྟོང་པ་ཉིད་ལ་སྤྱོད་ཀྱང་དེ་ལ་མི་རྟོག་ཅིང། དོན་དམ་པ་སྟོང་པ་ཉིད་བསྒོམ་པའི་ཚེ་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི། དོན་དམ་པ་སྟོང་པ་ཉིད་དོ། ། བདག་གིས་དོན་དམ་པ་སྟོང་པ་ཉིད་བསྒོམ་པར་བྱའོ། །འདིའི་དོན་དུ་དོན་དམ་པ་སྟོང་པ་ཉིད་བསྒོམ་མོ། །ཞེས་གསུམ་པོ་དེ་དག་ལ་མི་རྟོག་པ་སྟེ། དོན་དམ་པ་སྟོང་པ་ཉིད་གང་གིས་ བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་དགེ་བའི་ཆོས་འདུས་བྱས་ [402B] འདུས་བྱས་སྟོང་པ་ཉིད་བསྒོམ་པའི་ཚེ་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི། འདུས་བྱས་སྟོང་པ་ཉིད་དོ། །བདག་གིས་འདུས་བྱས་སྟོང་པ་ ཉིད་བསྒོམ་པར་བྱའོ། །འདིའི་དོན་དུ་འདུས་བྱས་སྟོང་པ་ཉིད་བསྒོམ་མོ། །ཞེས་གསུམ་པོ་དེ་དག་ལ་མི་རྟོག་པ་སྟེ། འདུས་བྱས་སྟོང་པ་ཉིད་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་ གཞན་ཡང་སྒྲོལ་བ་འདི་ནི། ལམ་གྱི་ཡན་ལག་དགེ་བའི་ཆོས་སོ་།སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་དགེ་བའི་ཆོས་འདུས་མ་བྱས་སྟོང་པ་ཉིད་ལ་སྤྱོད་ཀྱང་དེ་ལ་མི་རྟོག་ཅིང་ འདུས་མ་བྱས་སྟོང་པ་ཉིད་བསྒོམ་པའི་ཚེ་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི། འདུས་མ་བྱས་སྟོང་པ་ཉིད་དོ། །བདག་གིས་འདུས་མ་བྱས་སྟོང་པ་ཉིད་བསྒོམ་པར་བྱའོ། །འདིའི་དོན་དུ་ འདུས་མ་བྱས་སྟོང་པ་ཉིད་བསྒོམ་མོ། །ཞེས་གསུམ་པོ་དེ་དག་ལ་མི་རྟོག་པ་སྟེ། འདུས་མ་བྱས་སྟོང་པ་ཉིད་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང། གཞན་ཡང་སྒྲོལ་བ་འདི་ནི་ ལམ་གྱི་ཡན་ལག་དགེ་བར་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་དགེ་བའི་ཆོས་མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྤྱོད་ཀྱང་དེ་ལ་མི་རྟོག་ཅིང། མཐའ་ལས་འདས་ པ་སྟོང་པ་ཉིད་བསྒོམ་པའི་ཚེ་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི། མཐའ་ལས་འདས་པ་སྟོང་པ་ཉིད་དོ། །བདག་གིས་མཐའ་ལས་འདས་པ་སྟོང་པ་ཉིད་བསྒོམ་པར་བྱའོ། །འདིའི་དོན་ [403A]༄༅། །དུ་མཐའ་ལས་འདས་པ་སྟོང་པ་ཉིད་བསྒོམ་མོ། །ཞེས་གསུམ་པོ་དེ་དག་ལ་མི་རྟོག་པ་སྟེ། མཐའ་ལས་འདས་པ་སྟོང་པ་ཉིད་གང་གིས་བདག་ཀྱང་འཁོར་བ་ལས་ སྒྲོལ་ཞིང། གཞན་ཡང་སྒྲོལ་བ་འདི་ནི། ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་བ་ནས་ཉེ་བར་བཟུང་སྟེ་དགེ་བའི་ཆོས་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་སྤྱོད་ ཀྱང་དེ་ལ་མི་རྟོག་ཅིང། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་བསྒོམ་པའི་ཚེ་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དོ། །བདག་གིས་ཐོག་མ་དང་ཐ་མ་ མེད་པ་སྟོང་པ་ཉིད་བསྒོམ་པར་བྱའོ། །འདིའི་དོན་དུ་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་བསྒོམ་མོ། །ཞེས་གསུམ་པོ་དེ་དག་ལ་མི་རྟོག་པ་སྟེ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་གང་ གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང། གཞན་ཡང་སྒྲོལ་བ་འདི་ནི། ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་དགེ་བའི་ཆོས་དོར་བ་མེད་ པ་སྟོང་པ་ཉིད་ལ་སྤྱོད་ཀྱང་དེ་ལ་མི་རྟོག་ཅིང། དོར་བ་མེད་པ་སྟོང་པ་ཉིད་བསྒོམ་པའི་ཚེ་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི། དོར་བ་མེད་པ་སྟོང་པ་ཉིད་དོ། །བདག་གིས་དོར་བ་མེད་པ་སྟོང་པ་ཉིད་ བསྒོམ་པར་བྱའོ། །འདིའི་དོན་དུ་དོར་བ་མེད་པ་སྟོང་པ་ཉིད་བསྒོམ་མོ། །ཞེས་གསུམ་པོ་དེ་དག་ལ་མི་རྟོག་པ་སྟེ། དོར་བ་མེད་པ་སྟོང་པ་ཉིད་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ [403B] ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་དགེ་བའི་ཆོས་རང་བཞིན་སྟོང་པ་ཉིད་ལ་སྤྱོད་ཀྱང་དེ་ལ་མི་རྟོག་ཅིང་ རང་བཞིན་སྟོང་པ་ཉིད་བསྒོམ་པའི་ཚེ་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི། རང་བཞིན་སྟོང་པ་ཉིད་དོ། །བདག་གིས་རང་བཞིན་སྟོང་པ་ཉིད་བསྒོམ་པར་བྱའོ། །འདིའི་དོན་དུ་རང་བཞིན་སྟོང་ པ་ཉིད་བསྒོམ་མོ། །ཞེས་གསུམ་པོ་དེ་དག་ལ་མི་རྟོག་པ་སྟེ། རང་བཞིན་སྟོང་པ་ཉིད་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་གཞན་ཡང་སྒྲོལ་བ་འདི་ནི། ལམ་གྱི་ཡན་ལག་དགེ་ བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་དགེ་བའི་ཆོས་ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱོད་ཀྱང་དེ་ལ་མི་རྟོག་ཅིང། ཆོས་ཐམས་ཅད་སྟོང་པ་ཉིད་བསྒོམ་པའི་ཚེ་ངོ་བོ་ཉིད་ཀྱིས་ སྟོང་པ་ཉིད་ཀྱི་ཕྱིར་འདི་ནི། ཆོས་ཐམས་ཅད་སྟོང་པ་ཉིད་དོ་།བདག་གིས་ཆོས་ཐམས་ཅད་སྟོང་པ་ཉིད་བསྒོམ་པར་བྱའོ། །འདིའི་དོན་དུ་ཆོས་ཐམས་ཅད་སྟོང་པ་ཉིད་བསྒོམ་མོ། །ཞེས་གསུམ་པོ་ དེ་དག་ལ་མི་རྟོག་པ་སྟེ། ཆོས་ཐམས་ཅད་སྟོང་པ་ཉིད་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་ བསྐྱེད་པ་ནས་ཉེ་བར་བཟུང་སྟེ་དགེ་བའི་ཆོས་རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྤྱོད་ཀྱང་དེ་ལ་མི་རྟོག་ཅིང། རང་གི་མཚན་ཉིད་སྟོང་པ་ཉིད་བསྒོམ་པའི་ཚེ་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ [404A]༄༅། །ནི༑ རང་གི་མཚན་ཉིད་སྟོང་པ་ཉིད་དོ། །བདག་གིས་རང་གི་མཚན་ཉིད་སྟོང་པ་ཉིད་བསྒོམ་པར་བྱའོ། །འདིའི་དོན་དུ་རང་གི་མཚན་ཉིད་སྟོང་པ་ཉིད་བསྒོམ་མོ། ། ཞེས་གསུམ་པོ་དེ་དག་ལ་མི་རྟོག་པ་སྟེ། རང་གི་མཚན་ཉིད་སྟོང་པ་ཉིད་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང། གཞན་ཡང་སྒྲོལ་བ་འདི་ནི། ལམ་གྱི་ཡན་ལག་དགེ་བའི་ ཆོས་སོ༑ ༑སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་དགེ་བའི་ཆོས་མི་དམིགས་པ་སྟོང་པ་ཉིད་ལ་སྤྱོད་ཀྱང་དེ་ལ་མི་རྟོག་ཅིང་མི་དམིགས་པ་སྟོང་པ་ཉིད་བསྒོམ་པའི་ཚེ་ངོ་བོ་ཉིད་ ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི། མི་དམིགས་པ་སྟོང་པ་ཉིད་དོ། །བདག་གིས་མི་དམིགས་པ་སྟོང་པ་ཉིད་བསྒོམ་པར་བྱའོ། །འདིའི་དོན་དུ་མི་དམིགས་པ་སྟོང་པ་ཉིད་བསྒོམ་མོ། །ཞེས་ གསུམ་པོ་དེ་དག་ལ་མི་རྟོག་པ་སྟེ། མི་དམིགས་པ་སྟོང་པ་ཉིད་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང། གཞན་ཡང་སྒྲོལ་བ་འདི་ནི། ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་དགེ་བའི་ཆོས་དངོས་པོ་མེད་པ་སྟོང་པ་ཉིད་ལ་སྤྱོད་ཀྱང་དེ་ལ་མི་རྟོག་ཅིང། དངོས་པོ་མེད་པ་སྟོང་པ་ཉིད་བསྒོམ་པའི་ཚེ་ངོ་བོ་ཉིད་ཀྱིས་སྟོང་པ་ ཉིད་ཀྱི་ཕྱིར་འདི་ནི། དངོས་པོ་མེད་པ་སྟོང་པ་ཉིད་དོ། །བདག་གིས་དངོས་པོ་མེད་པ་སྟོང་པ་ཉིད་བསྒོམ་པར་བྱའོ། །འདིའི་དོན་དུ་དངོས་པོ་མེད་པ་སྟོང་པ་ཉིད་བསྒོམ་མོ། །ཞེས་གསུམ་པོ་ [404B] དངོས་པོ་མེད་པ་སྟོང་པ་ཉིད་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང། གཞན་ཡང་སྒྲོལ་བ་འདི་ནི། ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་ བསྐྱེད་པ་ནས་ཉེ་བར་བཟུང་སྟེ་དགེ་བའི་ཆོས་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་ཀྱང་དེ་ལ་མི་རྟོག་ཅིང། ངོ་བོ་ཉིད་ཀྱི་སྟོང་པ་ཉིད་བསྒོམ་པའི་ཚེ་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི། ངོ་བོ་ཉིད་སྟོང་ པ་ཉིད་དོ། །བདག་གིས་ངོ་བོ་ཉིད་སྟོང་པ་ཉིད་བསྒོམ་པར་བྱའོ་།འདིའི་དོན་དུ་ངོ་བོ་ཉིད་སྟོང་པ་ཉིད་བསྒོམ་མོ། །ཞེས་གསུམ་པོ་དེ་དག་ལ་མི་རྟོག་པ་སྟེ། ངོ་བོ་ཉིད་སྟོང་པ་ཉིད་གང་གིས་བདག་ ཀྱང་འཁོར་བ་ལས་སྒྲོལ་ཞིང། གཞན་ཡང་སྒྲོལ་བ་འདི་ནི། ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་དགེ་བའི་ཆོས་དངོས་པོ་མེད་པའི་ངོ་བོ་ཉིད་ སྟོང་པ་ཉིད་ལ་སྤྱོད་ཀྱང་དེ་ལ་མི་རྟོག་ཅིང། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བསྒོམ་པའི་ཚེ་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །བདག་ གིས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བསྒོམ་པར་བྱའོ་།འདིའི་དོན་དུ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བསྒོམ་མོ། །ཞེས་གསུམ་པོ་དེ་དག་ལ་མི་རྟག་སྟེ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་ པ་ཉིད་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང། གཞན་ཡང་སྒྲོལ་བ་འདི་ནི། ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་བྱང་ཆུབ་སེམས་ [405A]༄༅། །དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་དྲན་པ་ཉེ་བར་གཞག་པ་བཞི་ལ་སྤྱོད་ཀྱང་དེ་ལ་མི་རྟོག་ཅིང། དྲན་པ་ཉེ་བར་གཞག་པ་རྣམས་བསྒོམ་པའི་ཚེ་ངོ་བོ་ ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་དག་ནི། དྲན་པ་ཉེ་བར་གཞག་པ་རྣམས་སོ། །བདག་གིས་དྲན་པ་ཉེ་བར་གཞག་པ་རྣམས་བསྒོམ་པར་བྱའོ། །འདིའི་དོན་དུ་དྲན་པ་ཉེ་བར་གཞག་པ་ རྣམས་བསྒོམ་མོ། །ཞེས་གསུམ་པོ་དེ་དག་ལ་མི་རྟོག་པ་སྟེ། དྲན་པ་ཉེ་བར་གཞག་པ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་གཞན་ཡང་སྒྲོལ་བ་འདི་ནི། ལམ་གྱི་ཡན་ལག་ དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་ཡང་དག་པར་སྤོང་བ་བཞི་ལ་སྤྱོད་ཀྱང་དེ་ལ་མི་རྟོག་ཅིང་ ཡང་དག་པར་སྤོང་བ་རྣམས་བསྒོམ་པའི་ཚེ་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་དག་ནི། ཡང་དག་པར་སྤོང་བ་རྣམས་སོ་།བདག་གིས་ཡང་དག་པར་སྤོང་བ་རྣམས་བསྒོམ་པར་བྱའོ། ། འདིའི་དོན་དུ་ཡང་དག་པར་སྤོང་བ་རྣམས་བསྒོམ་མོ། །ཞེས་གསུམ་པོ་དེ་དག་ལ་མི་རྟོག་པ་སྟེ། ཡང་དག་པར་སྤོང་བ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང། གཞན་ཡང་སྒྲོལ་ བ་འདི་ནི། ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་རྫུ་འཕྲུལ་གྱི་རྐང་པ་བཞི་ [405B] རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམ་པའི་ཚེ་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་དག་ནི། རྫུ་འཕྲུལ་གྱི་རྐང་པ་རྣམས་སོ། །བདག་གིས་རྫུ་འཕྲུལ་གྱི་རྐང་པ་རྣམས་ བསྒོམ་པར་བྱའོ། །འདིའི་དོན་དུ་རྫུ་འཕྲུལ་གྱི་རྐང་པ་རྣམས་བསྒོམ་མོ། །ཞེས་གསུམ་པོ་དེ་དག་ལ་མི་རྟོག་པ་སྟེ། རྫུ་འཕྲུལ་གྱི་རྐང་པ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང། གཞན་ ཡང་སྒྲོལ་བ་འདི་ནི། ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་དབང་པོ་ལྔ་ལ་སྤྱོད་ ཀྱང་དེ་ལ་མི་རྟོག་ཅིང་དབང་པོ་ལྔ་བསྒོམ་པའི་ཚེ་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་དག་ནི། དབང་པོ་རྣམས་སོ། །བདག་གིས་དབང་པོ་རྣམས་བསྒོམ་པར་བྱའོ། །འདིའི་དོན་དུ་དབང་པོ་རྣམས་ བསྒོམ་མོ། །ཞེས་གསུམ་པོ་དེ་དག་ལ་མི་རྟོག་པ་སྟེ། དབང་པོ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང། གཞན་ཡང་སྒྲོལ་བ་འདི་ནི། ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་སྟོབས་ལྔ་ལ་སྤྱོད་ཀྱང་དེ་ལ་མི་རྟོག་ཅིང། སྟོབས་རྣམས་སྒོམ་པའི་ཚེ་ངོ་བོ་ ཉིད་ཀྱི་ཕྱིར་འདི་དག་ནི། སྟོབས་རྣམས་སོ། །བདག་གིས་སྟོབས་རྣམས་བསྒོམ་པར་བྱའོ། །འདིའི་དོན་དུ་སྟོབས་རྣམས་བསྒོམ་མོ། །ཞེས་གསུམ་པོ་དེ་དག་ལ་མི་རྟོག་པ་སྟེ། སྟོབས་གང་ [406A]༄༅། །གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང། གཞན་ཡང་སྒྲོལ་བ་འདི་ནི། ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་ སྟེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཀྱང་དེ་ལ་མི་རྟོག་ཅིང། བྱང་ཆུབ་ཀྱི་ཡན་ལག་རྣམས་བསྒོམ་པའི་ཚེ་ངོ་བོ་ཉིད་ ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་དག་ནི། བྱང་ཆུབ་ཀྱི་ཡན་ལག་རྣམས་སོ། །བདག་གིས་བྱང་ཆུབ་ཀྱི་ཡན་ལག་རྣམས་བསྒོམ་པར་བྱའོ་།འདིའི་དོན་དུ་བྱང་ཆུབ་ཀྱི་ཡན་ལག་རྣམས་ བསྒོམ་མོ། །ཞེས་གསུམ་པོ་དེ་དག་ལ་མི་རྟོག་པ་སྟེ། བྱང་ཆུབ་ཀྱི་ཡན་ལག་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་གཞན་ཡང་སྒྲོལ་བ་འདི་ནི། ལམ་གྱི་ཡན་ལག་དགེ་ བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད་ཀྱང་དེ་ལ་མི་རྟོག་ཅིང་ འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པའི་ཚེ་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི། འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །བདག་གིས་འཕགས་པའི་ལམ་ཡན་ ལག་བརྒྱད་པ་བསྒོམ་པར་བྱའོ། །འདིའི་དོན་དུ་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་མོ། །ཞེས་གསུམ་པོ་དེ་དག་ལ་མི་རྟོག་པ་སྟེ་འཕགས་པའི་ལམ་ཡན་ལག་བརྒྱད་ [406B] གཞན་ཡང་སྒྲོལ་བ་འདི་ནི། ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་འཕགས་པའི་བདེན་པ་བཞི་ལ་སྤྱོད་ཀྱང་དེ་ལ་མི་རྟོག་ཅིང། འཕགས་པའི་བདེན་པ་རྣམས་བསྒོམ་པའི་ཚེ་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་ འདི་དག་ནི། འཕགས་པའི་བདེན་པ་རྣམས་སོ། །བདག་གིས་འཕགས་པའི་བདེན་པ་རྣམས་བསྒོམ་པར་བྱའོ། །འདིའི་དོན་དུ་འཕགས་པའི་བདེན་པ་རྣམས་བསྒོམ་མོ། །ཞེས་གསུམ་ པོ་དེ་དག་ལ་མི་རྟོག་པ་སྟེ། འཕགས་པའི་བདེན་པ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང། གཞན་ཡང་སྒྲོལ་བ་འདི་ནི། ལམ་གྱི་ཡན་ལག་དག་པའི་ཆོས་སོ། །སེམས་དང་ པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་བསམ་གཏན་བཞི་ལ་སྤྱོད་ཀྱང་དེ་ལ་མི་རྟོག་ཅིང། བསམ་གཏན་རྣམས་བསྒོམ་པའི་ཚེ་ངོ་བོ་ ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་དག་ནི། བསམ་གཏན་རྣམས་སོ་།བདག་གིས་བསམ་གཏན་རྣམས་བསྒོམ་པར་བྱའོ། །འདིའི་དོན་དུ་བསམ་གཏན་རྣམས་བསྒོམ་མོ། །ཞེས་གསུམ་པོ་ དེ་དག་ལ་མི་རྟོག་པ་སྟེ། བསམ་གཏན་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང། གཞན་ཡང་སྒྲོལ་བ་འདི་ནི། ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ [407A]༄༅། །ཉེ་བར་བཟུང་སྟེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་ཚད་མེད་པ་བཞི་ལ་སྤྱོད་ཀྱང་དེ་ལ་མི་རྟོག་ཅིང། ཚད་མེད་པ་རྣམས་བསྒོམ་པའི་ཚེ་ངོ་བོ་ཉིད་ཀྱིས་ སྟོང་པ་ཉིད་ཀྱི་ཕྱིར་འདི་དག་ནི། ཚད་མེད་པ་རྣམས་སོ། །བདག་གིས་ཚད་མེད་པ་རྣམས་བསྒོམ་པར་བྱའོ། །འདིའི་དོན་དུ་ཚད་མེད་པ་རྣམས་བསྒོམ་མོ། །ཞེས་གསུམ་པོ་དེ་དག་ལ་མི་རྟོག་པ་ སྟེ༑ ཚད་མེད་པ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་གཞན་ཡང་སྒྲོལ་བ་འདི་ནི། ལམ་གྱི་ཡན་ལག་དགེ་བའི་ཆོས་སོ་།སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་སྤྱོད་ཀྱང་དེ་ལ་མི་རྟོག་ཅིང། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སྒོམ་ པའི་ཚེ་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་དག་ནི་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སོ། །བདག་གིས་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་བསྒོམ་པར་ བྱའོ༑ ༑འདིའི་དོན་དུ་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་བསྒོམ་མོ། །ཞེས་གསུམ་པོ་དེ་དག་ལ་མ་རྟོག་པ་སྟེ། གཟུགས་མེད་པའི་སྙོམས་པར་འཇུག་པ་གང་གིས་བདག་ཀྱང་ འཁོར་བ་ལས་སྒྲོལ་ཞིང། གཞན་ཡང་སྒྲོལ་བ་འདི་ནི། ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ [407B]དེ་ལ་མི་རྟོག་ཅིང། རྣམ་པར་ཐར་པ་བརྒྱད་བསྒོམ་པའི་ཚེ་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་དག་ནི། རྣམ་པར་ཐར་པ་བརྒྱད་དོ། །བདག་ གིས་རྣམ་པར་ཐར་པ་བརྒྱད་བསྒོམ་པར་བྱའོ། །འདིའི་དོན་དུ་རྣམ་པར་ཐར་པ་བརྒྱད་བསྒོམ་མོ། །ཞེས་གསུམ་པོ་དེ་དག་ལ་མི་རྟོག་པ་སྟེ། རྣམ་པར་ཐར་པ་བརྒྱད་གང་གིས་བདག་ཀྱང་འཁོར་ བ་ལས་སྒྲོལ་ཞིང། གཞན་ཡང་སྒྲོལ་བ་འདི་ནི། ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་ བའི་ཆོས་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྤྱོད་ཀྱང་དེ་ལ་མི་རྟོག་ཅིང། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་བསྒོམ་པའི་ཚེ་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ ཕྱིར་འདི་དག་ནི། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སོ། །བདག་གིས་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་བསྒོམ་པར་བྱའོ། །འདིའི་དོན་དུ་མཐར་གྱིས་ གནས་པའི་སྙོམས་པར་འཇུག་པ་རྣམས་བསྒོམ་མོ། །ཞེས་གསུམ་པོ་དེ་དག་ལ་མི་རྟོག་པ་སྟེ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ ཞིང། གཞན་ཡང་སྒྲོལ་བ་འདི་ནི། ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་རྣམ་ [408A]༄༅། །པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ལ་སྤྱོད་ཀྱང་དེ་ལ་མི་རྟོག་ཅིང། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་ དང། སྨོན་པ་མེད་པ་བསྒོམ་པའི་ཚེ་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་དག་ནི། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའོ། །བདག་གིས་རྣམ་པར་ ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་བསྒོམ་པར་བྱའོ། །འདིའི་དོན་དུ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ བསྒོམ་མོ། །ཞེས་གསུམ་པོ་དེ་དག་ལ་མི་རྟོག་པ་སྟེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་ གཞན་ཡང་སྒྲོལ་བ་འདི་ནི། ལམ་གྱི་ཡན་ལག་དགེ་བའི་ཆོས་སོ་།སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་མངོན་ པར་ཤེས་པ་རྣམས་ལ་སྤྱོད་ཀྱང་དེ་ལ་མི་རྟོག་ཅིང། མངོན་པར་ཤེས་པ་རྣམས་བསྒོམ་པའི་ཚེ་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་དག་ནི། མངོན་པར་ཤེས་པ་རྣམས་སོ། །བདག་གིས་ མངོན་པར་ཤེས་པ་རྣམས་བསྒོམ་པར་བྱའོ། །འདིའི་དོན་དུ་མངོན་པར་ཤེས་པ་རྣམས་བསྒོམ་མོ། །ཞེས་གསུམ་པོ་དེ་དག་ལ་མི་རྟོག་པ་སྟེ་མངོན་པར་ཤེས་པ་གང་གིས་བདག་ཀྱང་ [408B] གཞན་ཡང་སྒྲོལ་བ་འདི་ནི། ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ དགེ་བའི་ཆོས་ཏིང་ངེ་འཛིན་རྣམས་ལ་སྤྱོད་ཀྱང་དེ་ལ་མི་རྟོག་ཅིང། ཏིང་ངེ་འཛིན་རྣམས་བསྒོམ་པའི་ཚེ་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་དག་ནི། ཏིང་ངེ་འཛིན་རྣམས་སོ། །བདག་གིས་ཏིང་ངེ་ འཛིན་རྣམས་བསྒོམ་པར་བྱའོ། །འདིའི་དོན་དུ་ཏིང་ངེ་འཛིན་རྣམས་བསྒོམ་མོ། །ཞེས་གསུམ་པོ་དེ་དག་ལ་མི་རྟོག་པ་སྟེ། ཏིང་ངེ་འཛིན་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང། གཞན་ ཡང་སྒྲོལ་བ་འདི་ནི། ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་གཟུངས་ཀྱི་སྒོ་རྣམས་ ལ་སྤྱོད་ཀྱང་དེ་ལ་མི་རྟོག་ཅིང། གཟུངས་ཀྱི་སྒོ་རྣམས་བསྒོམ་པའི་ཚེ་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་དག་ནི་གཟུངས་ཀྱི་སྒོ་རྣམས་སོ། །བདག་གིས་གཟུངས་ཀྱི་སྒོ་རྣམས་བསྒོམ་པར་ བྱའོ༑ ༑འདིའི་དོན་དུ་གཟུངས་ཀྱི་སྒོ་རྣམས་བསྒོམ་མོ། །ཞེས་གསུམ་པོ་དེ་དག་ལ་མི་རྟོག་པ་སྟེ། གཟུངས་ཀྱི་སྒོ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང། གཞན་ཡང་སྒྲོལ་བ་འདི་ནི་ ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་ [409A]༄༅། །སྤྱོད་ཀྱང་དེ་ལ་མི་རྟོག་ཅིང། དེ་བཞིན་གཤེགས་པའི་སྟོབས་བཅུ་བསྒོམ་པའི་ཚེ་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་དག་ནི། དེ་བཞིན་གཤེགས་པའི་སྟོབས་ རྣམས་སོ། །བདག་གིས་དེ་བཞིན་གཤེགས་པའི་སྟོབས་བཅུ་བསྒོམ་པར་བྱའོ། །འདིའི་དོན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་བསྒོམ་མོ་།ཞེས་གསུམ་པོ་དེ་དག་ལ་མི་རྟོག་པ་ སྟེ༑ དེ་བཞིན་གཤེགས་པའི་སྟོབས་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང། གཞན་ཡང་སྒྲོལ་བ་འདི་ནི། ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ ནས་ཉེ་བར་བཟུང་སྟེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་མི་འཇིགས་པ་རྣམས་ལ་སྤྱོད་ཀྱང་དེ་དག་ལ་མི་རྟོག་ཅིང། མི་འཇིགས་པ་རྣམས་སྒོམ་པའི་ཚེ་ངོ་ བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་དག་ནི། མི་འཇིགས་པ་རྣམས་སོ། །བདག་གིས་མི་འཇིགས་པ་རྣམས་བསྒོམ་པར་བྱའོ། །འདིའི་དོན་དུ་མི་འཇིགས་པ་རྣམས་བསྒོམ་མོ། །ཞེས་ གསུམ་པོ་དེ་དག་ལ་མི་རྟོག་པ་སྟེ། མི་འཇིགས་པ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང། གཞན་ཡང་སྒྲོལ་བ་འདི་ནི། ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་ བསྐྱེད་པ་ནས་ཉེ་བར་བཟུང་སྟེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་སོ་སོ་ཡང་དག་པར་རིག་པ་རྣམས་ལ་སྤྱོད་ཀྱང་དེ་ལ་མི་རྟོག་ཅིང། སོ་སོ་ཡང་དག་པར་ [409B]ཀྱི་ཕྱིར་འདི་དག་ནི། སོ་སོ་ཡང་དག་པར་རིག་པ་རྣམས་སོ། །བདག་གིས་སོ་སོ་ཡང་དག་པར་རིག་པ་རྣམས་བསྒོམ་པར་བྱའོ། །འདིའི་དོན་ དུ་སོ་སོ་ཡང་དག་པར་རིག་པ་རྣམས་བསྒོམ་མོ། །ཞེས་གསུམ་པོ་དེ་དག་ལ་མི་རྟོག་པ་སྟེ། སོ་སོ་ཡང་དག་པར་རིག་པ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང། གཞན་ཡང་སྒྲོལ་བ་ འདི་ནི༑ ལམ་གྱི་ཡན་ལག་དག་པའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་བྱམས་པ་ཆེན་པོ་ལ་སྤྱོད་ཀྱང་དེ་ ལ་མི་རྟོག་ཅིང། བྱམས་པ་ཆེན་པོ་བསྒོམ་པའི་ཚེ་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི། བྱམས་པ་ཆེན་པོའོ། །བདག་གིས་བྱམས་པ་ཆེན་པོ་བསྒོམ་པར་བྱའོ། །འདིའི་དོན་དུ་བྱམས་པ་ཆེན་ པོ་བསྒོམ་མོ། །ཞེས་གསུམ་པོ་དེ་དག་ལ་མི་རྟོག་པ་སྟེ། བྱམས་པ་ཆེན་པོ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང། གཞན་ཡང་སྒྲོལ་བ་འདི་ནི། ལམ་གྱི་ཡན་ལག་དགེ་བའི་ཆོས་ སོ༑ ༑སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་སྙིང་རྗེ་ཆེན་པོ་ལ་སྤྱོད་ཀྱང་དེ་ལ་མི་རྟོག་ཅིང། སྙིང་རྗེ་ཆེན་པོ་བསྒོམ་པའི་ཚེ་ ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི། སྙིང་རྗེ་ཆེན་པོའོ། །བདག་གིས་སྙིང་རྗེ་ཆེན་པོ་བསྒོམ་པར་བྱའོ། །འདིའི་དོན་དུ་སྙིང་རྗེ་ཆེན་པོ་བསྒོམ་མོ། །ཞེས་གསུམ་པོ་དེ་དག་ལ་མི་རྟོག་པ་སྟེ་ [410A]༄༅། །སྙིང་རྗེ་ཆེན་པོ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང། གཞན་ཡང་སྒྲོལ་བ་འདི་ནི། ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་ བར་བཟུང་སྟེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སྤྱོད་ཀྱང་དེ་ལ་མི་རྟོག་ཅིང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་ བརྒྱད་སྒོམ་པའི་ཚེ་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་དག་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སོ། །བདག་གིས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་བསྒོམ་པར་བྱའོ། ། འདིའི་དོན་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་བསྒོམ་མོ་།ཞེས་གསུམ་པོ་དེ་དག་ལ་མི་རྟོག་པ་སྟེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་ གཞན་ཡང་སྒྲོལ་བ་འདི་ནི། ལམ་གྱི་ཡན་ལག་དགེ་བའི་ཆོས་སོ་།རབ་འབྱོར། དགེ་བའི་ཆོས་དེ་དག་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཀྱི་ལམ་སྟེ། ལམ་དེས་འདས་པ་དང། མ་འོངས་པ་དང། ད་ལྟར་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སེམས་ཅན་ཚད་མེད་པ་དེ་དག་འཁོར་ བའི་རྒྱ་མཚོ་ལས་བརྒལ་བར་གྱུར་པ་དང། བརྒལ་བ་དང། རྒལ་བར་འགྱུར་བ་སྟེ། ལམ་དེ་ཡོངས་སུ་རྫོགས་པར་བྱས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ [410B] །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱས་ནས་ཆོས་ཀྱི་འཁོར་ལོ་སྐོར་རོ་།ཆོས་ཀྱི་འཁོར་ལོ་བསྐོར་ཏེ་སེམས་ཅན་རྣམས་ཀྱི་དོན་ བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་དྲུག་ཅུ་བརྒྱད་པའོ།། །།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ ཅེས་གསོལ་ཏོ། །བཅོམ་ལྡན་འདས། གལ་ཏེ་ཆོས་དེ་དག་བྱང་ཆུབ་སེམས་དཔའི་ཆོས་ལགས་ན། སངས་རྒྱས་ཀྱི་ཆོས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་ འབྱོར༑ གང་འདི་སྐད་དུ་གལ་ཏེ་ཆོས་དེ་དག་བྱང་ཆུབ་སེམས་དཔའི་ཆོས་ཡིན་ན། སངས་རྒྱས་ཀྱི་ཆོས་གང་ཡིན་ཞེས་ཟེར་བ་ནི། རབ་འབྱོར། སངས་རྒྱས་ཀྱི་ཆོས་ཀྱང་ཆོས་དེ་དག་ཉིད་ རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་ཟད་དེ་དེ་རྣམས་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ཡོངས་སུ་སྤོང་ངོ། །དེ་ལ་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། མངོན་པར་རྫོགས་པར་འཚང་རྒྱའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི། ཆོས་ཐམས་ཅད་ སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པས། དེ་བཞིན་གཤེགས་པ་ཞེས་བྱ་བའི་གྲངས་སུ་འགྲོ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ [411A]༄༅། །པོ་དང། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཁྱད་པར་དེ་ཡོད་དོ། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། ཞུགས་པའང་གཞན་ ལ༑ འབྲས་བུ་ལ་གནས་པའང་གཞན་ཏེ། དེ་གཉིས་ཀའང་འཕགས་པའི་གང་ཟག་མ་ཡིན་ཞེས་མི་བྱའོ། །རབ་འབྱོར། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ བར་ཆད་མེད་པའི་ལམ་དུ་ཞུགས་པ་ཡིན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི། ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པའི་ཡེ་ཤེས་བརྙེས་པ་ སྟེ༑ རབ་འབྱོར། དེ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཁྱད་པར་རོ། །རབ་འབྱོར་ གྱིས་གསོལ་པ། བཅོམ་ལྡན་འདས། གལ་ཏེ་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ལགས་ན། རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་དེ་དག་ལ་འདི་ནི། སེམས་ཅན་ དམྱལ་བ་པའོ། །འདི་ནི། བྱོལ་སོང་གི་སྐྱེ་གནས་པའོ། །འདི་ནི་གཤིན་རྗེའི་འཇིག་རྟེན་པའོ། །འདི་ནི། ལྷའོ། །འདི་ནི། མིའོ། །འདི་ནི། རིགས་ཀྱི་སའོ། །འདི་ནི། བརྒྱད་པའོ། ། འདི་ནི། རྒྱུན་དུ་ཞུགས་པའོ། །འདི་ནི། ལན་གཅིག་ཕྱིར་འོང་བའོ་།འདི་ནི། ཕྱིར་མི་འོང་བའོ། །འདི་ནི། དགྲ་བཅོམ་པའོ། །འདི་ནི་རང་སངས་རྒྱས་སོ། །འདི་ནི། བྱང་ཆུབ་སེམས་ [411B] །འདི་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །ཞེས་བྱ་བར་ཁྱད་པར་དང་རྣམ་པར་དབྱེ་བར་ཇི་ལྟར་འགྱུར། བཅོམ་ལྡན་འདས། ཇི་ ལྟར་གང་ཟག་དེ་དག་དམིགས་སུ་མ་མཆིས་པ་དེ་བཞིན་དུ་ལས་ཀྱང་དམིགས་སུ་མ་མཆིས། ལས་ཇི་ལྟར་དམིགས་སུ་མ་མཆིས་པ་དེ་བཞིན་དུ་ལས་ཀྱི་རྣམ་པར་སྨིན་པའང་དམིགས་སུ་མ་ མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ལ་ལས་དང། ལས་ ཀྱི་རྣམ་པར་སྨིན་པའང་མི་དམིགས་སོ། །རབ་འབྱོར། གང་གིས་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་ཐམས་ཅད་དེ་ལྟར་མ་ཤེས་པ་དེ་དག་ནི། ངན་པར་སྤྱོད་པའམ། ལེགས་པར་སྤྱད་པའམ་ མི་གཡོ་བའི་ལས་མངོན་པར་འདུ་བྱེད་དེ། དེ་དག་ངན་པར་སྤྱད་པའི་ལས་ཀྱིས་ངན་སང་གསུམ་དུ་ལྷུང་ངོ། །ལེགས་པར་སྤྱད་པའི་ལས་ཀྱིས་ལྷ་དང། མིར་སྐྱེའོ། །ཉམས་པ་མེད་པའི་ལས་ ཀྱིས་གཟུགས་ཀྱི་ཁམས་སམ། གཟུགས་མེད་པའི་ཁམས་སུ་སྐྱེའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་སྤྱད། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་ [412A]༄༅། །ནང་སྟོང་པ་ཉིད་ལ་སྤྱད། ཕྱི་སྟོང་པ་ཉིད་ལ་སྤྱད། ཕྱི་ནང་སྟོང་པ་ཉིད་ལ་སྤྱད། སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱད། ཚན་པོ་སྟོང་པ་ཉིད་ལ་སྤྱད། དོན་དམ་པ་སྟོང་ པ་ཉིད་ལ་སྤྱད། འདུས་བྱས་སྟོང་པ་ཉིད་ལ་སྤྱད། འདུས་མ་བྱས་སྟོང་པ་ཉིད་ལ་སྤྱད། མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྤྱད་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་སྤྱད་ དོར་བ་མེད་པ་སྟོང་པ་ཉིད་ལ་སྤྱད། རང་བཞིན་སྟོང་པ་ཉིད་ལ་སྤྱད། ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱད། རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྤྱད། མི་དམིགས་པ་སྟོང་པ་ཉིད་ལ་ སྤྱད༑ དངོས་པོ་མེད་པ་སྟོང་པ་ཉིད་ལ་སྤྱད། ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱད། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱད། དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱད། ཡང་དག་ པར་སྤོང་བ་རྣམས་ལ་སྤྱད། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་སྤྱད། དབང་པོ་རྣམས་ལ་སྤྱད། སྟོབས་རྣམས་ལ་སྤྱད། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སྤྱད། འཕགས་པའི་ལམ་ ཡན་ལག་བརྒྱད་པ་ལ་སྤྱད། འཕགས་པའི་བདེན་པ་རྣམས་ལ་སྤྱད་བསམ་གཏན་རྣམས་ལ་སྤྱད། ཚད་མེད་པ་རྣམས་ལ་སྤྱད། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ ལ་སྤྱད༑ རྣམ་པར་ཐར་པ་རྣམས་ལ་སྤྱད། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱད། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་ [412B] མངོན་པར་ཤེས་པ་རྣམས་ལ་སྤྱད། ཏིང་ངེ་འཛིན་རྣམས་ལ་སྤྱད། གཟུངས་ཀྱི་སྒོ་རྣམས་ལ་སྤྱད། དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་སྤྱད། མི་འཇིགས་པ་ རྣམས་ལ་སྤྱད། སོ་སོ་ཡང་དག་པར་རིག་པ་རྣམས་ལ་སྤྱད། བྱམས་པ་ཆེན་པོ་ལ་སྤྱད། སྙིང་རྗེ་ཆེན་པོ་ལ་སྤྱད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སྤྱད་དེ། ཉམས་པ་མེད་ པའི་སྤྱོད་པས་བྱང་ཆུབ་ཀྱི་ལམ་བསྐྱེད་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བྱང་ཆུབ་ཀྱི་ཡན་ལག་གི་འཁོར་དང་ལྡན་པ་ལ་མཉམ་པར་བཞག་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །དོན་བྱས་ནས་ཅི་ནས་ཀྱང་ཕྱིས་ཆུད་མི་ཟ་ཤིང་རྒྱུད་ལྔའི་འཁོར་བར་ མི་ལྷུང་བར་དེ་ལྟར་དོན་བྱེད་དོ། །གསོལ་པ། བཅོམ་ལྡན་འདས། ཅི་ལགས། བཅོམ་ལྡན་འདས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་ པར་སངས་རྒྱས་ནས་རྒྱུད་ལྔའི་འཁོར་བ་གཟིགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས། ཅི་ལགས། དེ་བཞིན་ གཤེགས་པས་ཆོས་ནག་པོའམ། དཀར་པོའམ། ནག་པ་དང་དཀར་བའམ། མི་ནག་མི་དཀར་བ་དམིགས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་མ་ཡིན་ནོ། །གསོལ་པ་ [413A]༄༅། །བཅོམ་ལྡན་འདས། དེ་སྟེ་མ་དམིགས་ན། སེམས་ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་དུ་ཇི་ལྟར་གདགས་པ་མཛད་ ལྷ་དང་མིར་ཇི་ལྟར་གདགས་པ་མཛད། རྒྱུན་དུ་ཞུགས་པར་ཇི་ལྟར་གདགས་པ་མཛད། ལན་གཅིག་ཕྱིར་འོང་བར་ཇི་ལྟར་གདགས་པ་མཛད་ཕྱིར་མི་འོང་བར་ཇི་ལྟར་གདགས་པ་ མཛད༑ དགྲ་བཅོམ་པར་ཇི་ལྟར་གདགས་པ་མཛད། རང་སངས་རྒྱས་སུ་ཇི་ལྟར་གདགས་པ་མཛད། བྱང་ཆུབ་སེམས་པར་ཇི་ལྟར་གདགས་པ་མཛད། དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་ཇི་ལྟར་གདགས་པ་མཛད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། ཅི་སེམས་ཅན་འདི་དག་ཆོས་རྣམས་རང་གི་མཚན་ ཉིད་ཀྱིས་སྟོང་པར་ཤེས་སམ། གསོལ་པ། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། གལ་ཏེ་སེམས་ཅན་དེ་དག་འདི་ལྟར་ཆོས་རྣམས་རང་གི་མཚན་ ཉིད་ཀྱིས་སྟོང་ངོ། །ཞེས་བྱ་བར་ཤེས་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མི་འཇུག་སྟེ། བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་མ་ཞུགས་ན། སེམས་ཅན་རྣམས་ཀྱང་ངན་སོང་གསུམ་དང། འཁོར་བའི་རྒྱུད་རྣམས་ནས་མི་འགྲོལ་ཏེ། རབ་འབྱོར། སེམས་ཅན་དེ་དག་ཆོས་ [413B] རྒྱུད་ལྔའི་འཁོར་བ་ལས་ཡོངས་སུ་མི་འགྲོལ་བས། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་སངས་རྒྱས་བཅོམ་ ལྡན་འདས་དེ་དག་ལས་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པར་ཐོས་ནས་སེམས་ཅན་རྣམས་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཇུག་སྟེ། ཆོས་འདི་དག་ ནི༑ ཇི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་མངོན་པར་ཆགས་པར་བྱ་བ་དེ་ལྟར་ཡོད་པ་མ་ཡིན་ན། དེ་དག་ནི། མེད་ཅིང་ཡང་དག་པ་མ་ཡིན་པའི་ཆོས་རྣམས་ལ་ཡོད་པར་བརྟགས་ཤིང་ སེམས་ཅན་མེད་པ་ལ་སེམས་ཅན་དུ་འདུ་ཤེས། གཟུགས་མེད་པ་ལ་གཟུགས་སུ་འདུ་ཤེས། ཚོར་བ་མེད་པ་ལ་ཚོར་བར་འདུ་ཤེས། འདུ་ཤེས་མེད་པ་ལ་འདུ་ཤེས་སུ་འདུ་ཤེས། འདུ་ བྱེད་མེད་པ་ལ་འདུ་བྱེད་དུ་འདུ་ཤེས། རྣམ་པར་ཤེས་པ་མེད་པ་ལ་རྣམ་པར་ཤེས་པར་འདུ་ཤེས། མིག་མེད་པ་ལ་མིག་ཏུ་འདུ་ཤེས། རྣ་བ་མེད་པ་ལ་རྣ་བར་འདུ་ཤེས། སྣ་མེད་པ་ལ་ སྣར་འདུ་ཤེས། ལྕེ་མེད་པ་ལ་ལྕེར་འདུ་ཤེས། ལུས་མེད་པ་ལ་ལུས་སུ་འདུ་ཤེས། ཡིད་མེད་པ་ལ་ཡིད་དུ་འདུ་ཤེས། གཟུགས་མེད་པ་ལ་གཟུགས་སུ་འདུ་ཤེས། སྒྲ་མེད་པ་ལ་སྒྲར་ འདུ་ཤེས། དྲི་མེད་པ་ལ་དྲིར་འདུ་ཤེས། རོ་མེད་པ་ལ་རོར་འདུ་ཤེས་རེག་མེད་པ་ལ་རེག་ཏུ་འདུ་ཤེས། ཆོས་མེད་པ་ལ་ཆོས་སུ་འདུ་ཤེས་མིག་གི་རྣམ་པར་ཤེས་པ་མེད་པ་ལ་མིག་ [414A]༄༅། །གི་རྣམ་པར་ཤེས་པར་འདུ་ཤེས། རྣ་བའི་རྣམ་པར་ཤེས་པ་མེད་པ་ལ་རྣ་བའི་རྣམ་པར་ཤེས་པར་འདུ་ཤེས། སྣའི་རྣམ་པར་ཤེས་པ་མེད་པ་ལ་སྣའི་རྣམ་ པར་ཤེས་པར་འདུ་ཤེས། ལྕེའི་རྣམ་པར་ཤེས་པ་མེད་པ་ལ་ལྕེའི་རྣམ་པར་ཤེས་པར་འདུ་ཤེས། ལུས་ཀྱི་རྣམ་པར་ཤེས་པ་མེད་པ་ལ་ལུས་ཀྱི་རྣམ་པར་ཤེས་པར་འདུ་ཤེས་ ཡིད་ཀྱི་རྣམ་པར་ཤེས་པ་མེད་པ་ལ་ཡིད་ཀྱི་རྣམ་པར་ཤེས་པར་འདུ་ཤེས། མིག་གི་འདུས་ཏེ་རེག་པ་མེད་པ་ལ་མིག་གི་འདུས་ཏེ་རེག་པར་འདུ་ཤེས། རྣ་བའི་འདུས་ཏེ་རེག་པ་མེད་པ་ ལ་རྣ་བའི་འདུས་ཏེ་རེག་པར་འདུ་ཤེས། སྣའི་འདུས་ཏེ་རེག་པ་མེད་པ་ལ་སྣའི་འདུས་ཏེ་རེག་པར་འདུ་ཤེས། ལྕེའི་འདུས་ཏེ་རེག་པ་མེད་པ་ལ་ལྕེའི་འདུས་ཏེ་རེག་པར་འདུ་ཤེས། ལུས་ ཀྱི་འདུས་ཏེ་རེག་པ་མེད་པ་ལ་ལུས་ཀྱི་འདུས་ཏེ་རེག་པར་འདུ་ཤེས་ཡིད་ཀྱི་འདུས་ཏེ་རེག་པ་མེད་པ་ལ་ཡིད་ཀྱི་འདུས་ཏེ་རེག་པར་འདུ་ཤེས། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ ཚོར་བ་མེད་པ་ལ་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བར་འདུ་ཤེས། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མེད་པ་ལ་རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བར་འདུ་ ཤེས། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མེད་པ་ལ་སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བར་འདུ་ཤེས། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མེད་པ་ལ་ལྕེའི་འདུས་ཏེ་ [414B] ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མེད་པ་ལ་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བར་འདུ་ཤེས། ཡིད་ཀྱི་འདུས་ཏེ་རེག་པའི་ རྐྱེན་གྱིས་ཚོར་བ་མེད་པ་ལ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བར་འདུ་ཤེས། སའི་ཁམས་མེད་པ་ལ་སའི་ཁམས་སུ་འདུ་ཤེས་ཆུའི་ཁམས་མེད་པ་ལ་ཆུའི་ཁམས་སུ་འདུ་ ཤེས༑ མེའི་ཁམས་མེད་པ་ལ་མེའི་ཁམས་སུ་འདུ་ཤེས། རླུང་གི་ཁམས་མེད་པ་ལ་རླུང་གི་ཁམས་སུ་འདུ་ཤེས། ནམ་མཁའི་ཁམས་མེད་པ་ལ་ནམ་མཁའི་ཁམས་སུ་འདུ་ཤེས་ རྣམ་པར་ཤེས་པའི་ཁམས་མེད་པ་ལ་རྣམ་པར་ཤེས་པའི་ཁམས་སུ་འདུ་ཤེས། མ་རིག་པ་མེད་པ་ལ་མ་རིག་པར་འདུ་ཤེས། འདུ་བྱེད་མེད་པ་ལ་འདུ་བྱེད་དུ་འདུ་ཤེས། རྣམ་པར་ཤེས་ པ་མེད་པ་ལ་རྣམ་པར་ཤེས་པར་འདུ་ཤེས། མིང་དང་གཟུགས་མེད་པ་ལ་མིང་དང་གཟུགས་སུ་འདུ་ཤེས། སྐྱེ་མཆེད་དྲུག་མེད་པ་ལ་སྐྱེ་མཆེད་དྲུག་ཏུ་འདུ་ཤེས། རེག་པ་མེད་པ་ལ་རེག་ པར་འདུ་ཤེས། ཚོར་བ་མེད་པ་ལ་ཚོར་བར་འདུ་ཤེས། སྲེད་པ་མེད་པ་ལ་སྲེད་པར་འདུ་ཤེས། ལེན་པ་མེད་པ་ལ་ལེན་པར་འདུ་ཤེས། སྲིད་པ་མེད་པ་ལ་སྲིད་པར་འདུ་ཤེས། སྐྱེ་བ་མེད་པ་ ལ་སྐྱེ་བར་འདུ་ཤེས། རྒ་ཤི་མེད་པ་ལ་རྒ་ཤིར་འདུ་ཤེས། འཇིག་རྟེན་པའི་ཆོས་མེད་པ་ལ་འཇིག་རྟེན་པའི་ཆོས་སུ་འདུ་ཤེས། འཇིག་རྟེན་ལས་འདས་པའི་ཆོས་མེད་པ་ལ་འཇིག་རྟེན་ [415A]༄༅། །ལས་འདས་པའི་ཆོས་སུ་འདུ་ཤེས། ཟག་པ་དང་བཅས་པའི་ཆོས་མེད་པ་ལ། ཟག་པ་དང་བཅས་པའི་ཆོས་སུ་འདུ་ཤེས། ཟག་པ་མེད་པའི་ཆོས་མེད་པ་ལ་ཟག་པ་མེད་ པའི་ཆོས་སུ་འདུ་ཤེས། འདུས་བྱས་ཀྱི་ཆོས་མེད་པ་ལ་འདུས་བྱས་ཀྱི་ཆོས་སུ་འདུ་ཤེས། འདུས་མ་བྱས་ཀྱི་ཆོས་མེད་པ་ལ་འདུས་མ་བྱས་ཀྱི་ཆོས་སུ་འདུ་ཤེས་ནས་ཡོད་པ་མ་ཡིན་པའི་ཕྱིན་ཅི་ ལོག་གིས་ཕྱིན་ཅི་ལོག་ཏུ་གྱུར་བའི་སེམས་དང་ལྡན་པ་རྣམས། ལུས་དང། ངག་དང། ཡིད་ཀྱི་ལས་མངོན་པར་འདུ་བྱེད་པ་དེ་དག་རྒྱུད་ལྔའི་འཁོར་བ་ལས་ཡོངས་སུ་མི་ འགྲོལ་བའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་དགེ་བའི་ཆོས་ཐམས་ཅད་འདུས་པར་བྱས་ཏེ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང་བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་སངས་རྒྱས་ནས་རྒྱུད་ལྔའི་འཁོར་བ་ལས་སེམས་ཅན་རྣམས་ཡོངས་སུ་འགྲོལ་ཏོ།། །། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། །བམ་པོ་ཉིས་བརྒྱ་གོ་དགུ་པ། རབ་འབྱོར་གྱིས་གསོལ་པ། གལ་ཏེ་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ལགས་ན། ཇི་ ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ་རྒྱུད་ལྔའི་འཁོར་བ་ལས་སེམས་ཅན་རྣམས་ [415B] བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ་སྡུག་བསྔལ་བ་དང། སྡུག་བསྔལ་ཀུན་འབྱུང་བ་དང། སྡུག་བསྔལ་འགོག་པ་དང། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་སེམས་ཅན་རྣམས་ ལ་སྟོན་ཏོ། །འཆད་དོ། །འཇོག་གོ་འགོད་དོ། །འགྲེལ་ཏོ། །རྣམ་པར་འགྲེལ་ཏོ། །གསལ་བར་བྱེད་དོ། །ཡང་དག་པར་བརྗོད་དོ། །འཕགས་པའི་བདེན་པ་བཞིན་པོ་འདིར་དགེ་བའི་ཆོས་བྱང་ ཆུབ་ཀྱི་ཕྱོགས་གང་ཇི་སྙེད་པ་གང་གིས་དཀོན་མཆོག་གསུམ་རྣམ་པར་འགོད་པ་དེ་ཐམས་ཅད་ཡོངས་སུ་འདུས་ཏེ། སངས་རྒྱས་དཀོན་མཆོག་དང། ཆོས་དཀོན་མཆོག་དང། དགེ་འདུན་ དཀོན་མཆོག་གསུམ་འཇིག་རྟེན་དུ་བྱུང་བས། སེམས་ཅན་རྣམས་ལམ་རྒྱུད་ལྔའི་འཁོར་བ་ལས་ཡོངས་སུ་འགྲོལ་ཏོ། །རབ་འབྱོར་གྱིས་གསོལ་པ་བཅོམ་ལྡན་འདས། སྡུག་བསྔལ་ འཚལ་བས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རམ། འོན་ཏེ་སྡུག་བསྔལ་གྱིས་མྱ་ངན་ལས་འདའ་བར་འགྱུར། ཀུན་འབྱུང་བ་འཚལ་བས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ རམ༑ འོན་ཏེ་ཀུན་འབྱུང་བས་མྱ་ངན་ལས་འདའ་བར་འགྱུར། སྡུག་བསྔལ་འགོག་པ་འཚལ་བས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རམ། འོན་ཏེ་སྡུག་བསྔལ་འགོག་པས་མྱ་ [416A]༄༅། །ངན་ལས་འདའ་བར་འགྱུར། ལམ་འཚལ་བས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རམ། འོན་ཏེ་ལམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། སྡུག་བསྔལ་ཤེས་པས་ཡོངས་སུ་མྱ་ངན་ལས་མི་འདའ་སྟེ། སྡུག་བསྔལ་གྱིས་ཀྱང་མ་ཡིན་ནོ། །ཀུན་འབྱུང་བ་ཤེས་པས་ཡོངས་སུ་མྱ་ ངན་ལས་མི་འདའ་སྟེ། ཀུན་འབྱུང་བས་ཀྱང་མ་ཡིན་ནོ། །སྡུག་བསྔལ་འགོག་པ་ཤེས་པས་ཡོངས་སུ་མྱ་ངན་ལས་མི་འདའ་སྟེ། སྡུག་བསྔལ་འགོག་པས་ཀྱང་མ་ཡིན་ནོ། །ལམ་ཤེས་ པས་ཡོངས་སུ་མྱ་ངན་ལས་མི་འདའ་སྟེ། ལམ་གྱིས་ཀྱང་མ་ཡིན་ནོ་།རབ་འབྱོར། འཕགས་པའི་བདེན་པ་བཞི་པོ་དེ་དག་མཉམ་པ་ཉིད་གང་ཡིན་པ་དེ་ནི། མྱ་ངན་ལས་འདའ་བར་ ངས་གསུངས་ཏེ། སྡུག་བསྔལ་ཤེས་པས་ཡོངས་སུ་མྱ་ངན་ལས་འདའ་བ་མ་ཡིན་ནོ། །སྡུག་བསྔལ་གྱིས་ཀྱང་མ་ཡིན་ནོ། །ཀུན་འབྱུང་བ་ཤེས་པས་ཡོངས་སུ་མྱ་ངན་ལས་འདའ་བ་མ་ ཡིན༑ ཀུན་འབྱུང་བས་ཀྱང་མ་ཡིན་ནོ། །སྡུག་བསྔལ་འགོག་པ་ཤེས་པས། ཡོངས་སུ་མྱ་ངན་ལས་འདའ་བ་མ་ཡིན། སྡུག་བསྔལ་འགོག་པས་ཀྱང་མ་ཡིན་ནོ། །ལམ་ཤེས་པས་ཡོངས་ སུ་མྱ་ངན་ལས་འདའ་བ་མ་ཡིན། ལམ་གྱིས་ཀྱང་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས། གང་ལ་སྡུག་བསྔལ་ཡང་མ་མཆིས། སྡུག་བསྔལ་འཚལ་བའང་མ་མཆིས། ཀུན་ [416B] ཀུན་འབྱུང་བ་འཚལ་བའང་མ་མཆིས། འགོག་པའང་མ་མཆིས། འགོག་པ་འཚལ་བའང་མ་མཆིས། ལམ་ཡང་མ་མཆིས། ལམ་འཚལ་བའང་མ་མཆིས་པའི་ འཕགས་པའི་བདེན་པ་བཞི་མཉམ་པ་ཉིད་ཅེས་བགྱི་བ་དེ་གང་ལགས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི། འཕགས་པའི་བདེན་པ་བཞི་པོ་དེ་དག་གི་དེ་བཞིན་ཉིད་དང་ མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་ལ་དེ་བཞིན་ཉིད་དང་ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང་ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དེ་ནི་ དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། དེ་བཞིན་གཤེགས་པའི་དབྱིངས་ཆོས་ཀྱི་དབྱིངས་མི་ཉམས་མི་འགྲིབ་པར་འདུག་པ་སྟེ། དེའི་ ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་བདེན་པ་ཁོང་དུ་ཆུད་པར་ཇི་ལྟར་བྱ་བ་བཞིན་དུ་བདེན་པ་ཁོང་དུ་ཆུད་པར་བྱ་བའི་དོན་དུ་སྤྱོད་དོ། ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་སྤྱོད་ན། བདེན་པ་རྟོགས་པའི་དོན་དུ་སྤྱོད་པ་ལགས་ ཇི་ལྟར་སྤྱོད་ན། བདེན་པ་རྟོགས་ཤིང་འཚལ་ཏེ་ཁོང་དུ་ཆུད་ནས་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་མི་ལྟུང་ཞིང་བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་འཇུག་པ་ལགས། བཅོམ་ [417A]༄༅། །ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཆོས་དེ་དག་ཅི་ནས་ཀྱང་ ཆོས་གང་ཡང་དམིགས་སུ་མེད་པ་དེ་ལྟར་མཐོང་སྟེ། ཆོས་ཐམས་ཅད་མ་དམིགས་པས་བདེན་པར་རྟོགས་པའམ། བདེན་པར་མ་རྟོགས་པའི་ཆོས་ཐམས་ཅད་སྟོང་པར་མཐོང་སྟེ། དེས་ དེ་ལྟར་མཐོང་བས་སྐྱོན་མེད་པར་ཆུད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིགས་ཀྱི་ས་ལ་གནས་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེ་རིགས་ཀྱི་ས་ལ་གནས་པར་ གྱུར་ནས་སྤྱི་བོར་ལྟུང་བར་མི་འགྱུར་ཏེ། དེ་ན་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ལྟུང་བའི་སྤྱི་བོར་ལྟུང་བ་མེད་དོ། །དེ་བྱང་ཆུབ་སེམས་དཔའི་རིགས་ཀྱི་ས་དེ་ལ་གནས་ཤིང་ བསམ་གཏན་བཞི་སྒྲུབ་བོ། །ཚད་མེད་པ་བཞི་སྒྲུབ་བོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་སྒྲུབ་བོ། །དེ་ལྷག་མཐོང་གིས་དེ་ལ་གནས་ཤིང། ཆོས་ཐམས་ཅད་རབ་ཏུ་ ཤེས་པར་བྱེད་དེ། འཕགས་པའི་བདེན་པ་བཞི་ཁོང་དུ་ཆུད་པར་བྱེད་དོ། །དེ་སྡུག་བསྔལ་ཡོངས་སུ་ཤེས་ཀྱང་སྡུག་བསྔལ་ལ་དམིགས་པའི་སེམས་མི་སྐྱེད་དོ། །ཀུན་འབྱུང་བ་རབ་ཏུ་ སྤངས་ཀྱང་ཀུན་འབྱུང་བ་ལ་དམིགས་པའི་སེམས་མི་སྐྱེད་དོ། །འགོག་པ་མངོན་དུ་བྱེད་ཀྱང་འགོག་པ་ལ་དམིགས་པའི་སེམས་མི་སྐྱེད་དོ་།ལམ་སྒོམ་ཡང་ལམ་ལ་དམིགས་པའི་ [417B] །གཞན་དུ་ན་བྱང་ཆུབ་ལ་གཞོལ་བའི་སེམས་ཀྱིས་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་བྱེད་པ་མཐོང་བར་བྱེད་དོ། །གསོལ་པ། བཅོམ་ལྡན་འདས། ཆོས་ ཐམས་ཅད་ཀྱི་ཡང་དག་པ་ཇི་ལྟ་བ་བཞིན་ཞེས་བྱ་བ་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟོང་པ་ཉིད་དོ། །གསོལ་པ། སྟོང་པ་ཉིད་གང་ལགས། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། རང་གི་མཚན་ཉིད་སྟོང་པ་ཉིད་དེ། རྣམ་པ་དེ་ལྟ་བུའི་ལྷག་མཐོང་གིས་ཆོས་ཐམས་ཅད་སྟོང་པའོ། །ཞེས་བྱ་བར་ལྟ་སྟེ། ངོ་བོ་ཉིད་གང་ལ་གནས་ཤིང་བྱང་ཆུབ་ཏུ་ མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བ་དེ་ལྟ་བུའི་ངོ་བོ་ཉིད་ཆོས་གང་ལའང་ངོ་བོ་ཉིད་ཡོད་པར་མི་མཐོང་ངོ། །དངོས་པོ་མེད་པ་ནི། བྱང་ཆུབ་སྟེ། དེ་ནི། སངས་རྒྱས་ཀྱིས་མ་མཛད་རང་ སངས་རྒྱས་ཀྱིས་མ་བྱས། དགྲ་བཅོམ་པས་མ་བྱས། ཕྱིར་མི་འོང་བས་མ་བྱས། ལན་གཅིག་ཕྱིར་འོང་བས་མ་བྱས། རྒྱུན་དུ་ཞུགས་པས་མ་བྱས། དེ་དག་ལ་ཞུགས་པས་ཀྱང་མ་བྱས་ གང་བྱང་ཆུབ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་ཀྱང་མ་བྱས་ཏེ། གཞན་དུ་ན་ཡང་དག་པ་ཇི་ལྟ་བ་དེ་སེམས་ཅན་རྣམས་ཀྱིས་མི་ཤེས་མི་མཐོང་ བས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཐབས་མཁས་པས་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ [418A]༄༅། །སྟོང་ཕྲག་བརྒྱ་པ་ལས། །ལེའུ་དྲུག་ཅུ་དགུ་པའོ།། །།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་ འདས༑ གལ་ཏེ་ཆོས་ཐམས་ཅད་དངོས་པོ་མ་མཆིས་ཏེ། དེ་དག་སངས་རྒྱས་ཀྱིས་ཀྱང་མ་མཛད། རང་སངས་རྒྱས་ཀྱིས་ཀྱང་མ་བགྱིས་དགྲ་བཅོམ་པས་ཀྱང་མ་བགྱིས། ཕྱིར་མི་འོང་ བས་ཀྱང་མ་བགྱིས། ལན་གཅིག་ཕྱིར་འོང་བས་ཀྱང་མ་བགྱིས། རྒྱུན་དུ་ཞུགས་པས་ཀྱང་མ་བགྱིས། དེ་དག་ལ་ཞུགས་པས་ཀྱང་མ་བགྱིས་གང་བྱང་ཆུབ་འདི་ལ་སྤྱོད་པའི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་ཀྱང་མ་བགྱིས་ན། ཆོས་དེ་དག་ལ་འདི་དག་ནི། སེམས་ཅན་དམྱལ་བ་པའོ། །འདི་དག་ནི། བྱོལ་སོང་གི་སྐྱེ་གནས་པའོ། །འདི་དག་ནི་ གཤིན་རྗེའི་འཇིག་རྟེན་པའོ། །འདི་དག་ནི། ལྷའོ། །འདི་དག་ནི་མིའོ། །ལས་འདིས་ནི། སེམས་ཅན་དམྱལ་བ་པ་དང། བྱོལ་སོང་གི་སྐྱེ་གནས་པ་དང། གཤིན་རྗེའི་འཇིག་རྟེན་ པར་འགྱུར་རོ། །ལས་འདིས་ནི། མིར་འགྱུར་རོ། །ལས་འདིས་ནི། རྒྱལ་ཆེན་བཞིའི་རིས་ཀྱི་ལྷར་འགྱུར་རོ། །ལས་འདིས་ནི། སུམ་ཅུ་རྩ་གསུམ་གྱི་ལྷར་འགྱུར་རོ། །ལས་འདིས་ནི་ མཚེ་མའི་ལྷར་འགྱུར་རོ། །ལས་འདིས་ནི། དགའ་ལྡན་གྱི་ལྷར་འགྱུར་རོ། །ལས་འདིས་ནི། འཕྲུལ་དགའི་ལྷར་འགྱུར་རོ། །ལས་འདིས་ནི། གཞན་འཕྲུལ་དབང་བྱེད་ཀྱི་ལྷར་འགྱུར་ [418B] ༑ལས་འདིས་ནི། ཚངས་རིས་ཀྱི་ལྷར་འགྱུར་རོ། །ལས་འདིས་ནི། ཚངས་ལྷ་ཉེ་ཕན་གྱི་ལྷར་འགྱུར་རོ། །ལས་འདིས་ནི། ཚངས་པ་ཀུན་འཁོར་གྱི་ལྷར་འགྱུར་རོ། །ལས་འདིས་ནི། ཚངས་ ཆེན་གྱི་ལྷར་འགྱུར་རོ། །ལས་འདིས་ནི། སྣང་བའི་ལྷར་འགྱུར་རོ་།ལས་འདིས་ནི། ཆུང་སྣང་གི་ལྷར་འགྱུར་རོ། །ལས་འདིས་ནི། ཚད་མེད་སྣང་བའི་ལྷར་འགྱུར་རོ། །ལས་འདིས་ནི། ཀུན་སྣང་ དང་བའི་ལྷར་འགྱུར་རོ། །ལས་འདིས་ནི། དགེ་བའི་ལྷར་འགྱུར་རོ་།ལས་འདིས་ནི། ཆུང་དགེའི་ལྷར་འགྱུར་རོ། །ལས་འདིས་ནི། ཚད་མེད་དགེ་བའི་ལྷར་འགྱུར་རོ། །ལས་འདིས་ནི། དགེ་ རྒྱས་ཀྱི་ལྷར་འགྱུར་རོ། །ལས་འདིས་ནི། ཆེ་བའི་ལྷར་འགྱུར་རོ་།ལས་འདིས་ནི། ཆུང་ཆེའི་ལྷར་འགྱུར་རོ། །ལས་འདིས་ནི། ཚད་མེད་ཆེ་བའི་ལྷར་འགྱུར་རོ། །ལས་འདིས་ནི། འབྲས་བུ་ཆེ་ བའི་ལྷར་འགྱུར་རོ། ལས་འདིས་ནི། མི་ཆེ་བའི་ལྷར་འགྱུར་རོ། །ལས་འདིས་ནི། མི་གདུང་བའི་ལྷར་འགྱུར་རོ། །ལས་འདིས་ནི། ཤིན་ཏུ་མཐོང་བའི་ལྷར་འགྱུར་རོ། །ལས་འདིས་ནི་ གྱ་ནོམ་སྣང་བའི་ལྷར་འགྱུར་རོ། །ལས་འདིས་ནི། འོག་མིན་གྱི་ལྷར་འགྱུར་རོ། །ལས་འདིས་ནི། ནམ་མཁའ་ཡས་སྐྱེ་མཆེད་ཀྱི་ལྷར་འགྱུར་རོ། །ལས་འདིས་ནི། རྣམ་ཤེས་མཐའ་ ཡས་སྐྱེ་མཆེད་ཀྱི་ལྷར་འགྱུར་རོ། །ལས་འདིས་ནི། ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་ལྷར་འགྱུར་རོ། །ལས་འདིས་ནི། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷར་འགྱུར་རོ། །ལས་ [419A]༄༅། །འདིས་ནི། རྒྱུན་དུ་ཞུགས་པའི་འབྲས་བུར་འགྱུར་རོ། །ལས་འདིས་ནི། ལན་གཅིག་ཕྱིར་འོང་བའི་འབྲས་བུར་འགྱུར་རོ། །ལས་འདིས་ནི། ཕྱིར་མི་འོང་བའི་འབྲས་ བུར་འགྱུར་རོ། །ལས་འདི་ནི། དགྲ་བཅོམ་པར་འགྱུར་རོ། །ལས་འདིས་ནི་རང་སངས་རྒྱས་སུ་འགྱུར་རོ། །ལས་འདིས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་འགྱུར་རོ། ། ལས་འདིས་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ། །ཞེས་བགྱི་བར་ཐ་དད་དུ་དབྱེ་བའམ། རྣམ་པར་དགོད་པར་ཡང་ཇི་ལྟར་འགྱུར་ བཅོམ་ལྡན་འདས། དངོས་པོ་མ་མཆིས་པ་ལ་ནི། བགྱི་བ་གང་ཡང་མ་མཆིས་ཏེ། བགྱི་བ་གང་གིས་སེམས་ཅན་དམྱལ་བར་མཆི་བའམ། བྱོལ་སོང་གི་སྐྱེ་གནས་སུ་མཆི་བའམ་ གཤིན་རྗེའི་འཇིག་རྟེན་དུ་མཆི་བའམ། མིར་སྐྱེ་བའམ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷར་སྐྱེ་བའམ། སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེ་བའམ། མཚེ་མའི་ལྷར་སྐྱེ་བའམ། དགའ་ལྡན་ གྱི་ལྷར་སྐྱེ་བའམ། འཕྲུལ་དགའི་ལྷར་སྐྱེ་བའམ། གཞན་འཕྲུལ་དབང་བྱེད་ཀྱི་ལྷར་སྐྱེ་བའམ། ཚངས་རིས་ཀྱི་ལྷར་སྐྱེ་བའམ་ཚངས་ལྷ་ཉེ་ཕན་གྱི་ལྷར་སྐྱེ་བའམ། ཚངས་པ་ཀུན་ འཁོར་གྱི་ལྷར་སྐྱེ་བའམ། ཚངས་ཆེན་གྱི་ལྷར་སྐྱེ་བའམ། སྣང་བའི་ལྷར་སྐྱེ་བའམ། ཆུང་སྣང་གི་ལྷར་སྐྱེ་བའམ། ཚད་མེད་སྣང་བའི་ལྷར་སྐྱེ་བའམ། ཀུན་སྣང་དང་བའི་ལྷར་སྐྱེ་ [419B] དགེ་བའི་ལྷར་སྐྱེ་བའམ། ཆུང་དགེའི་ལྷར་སྐྱེ་བའམ། ཚད་མེད་དགེ་བའི་ལྷར་སྐྱེ་བའམ། དགེ་རྒྱས་ཀྱི་ལྷར་སྐྱེ་བའམ། ཆེ་བའི་ལྷར་སྐྱེ་བའམ། ཆུང་ཆེའི་ལྷར་སྐྱེ་བའམ་ཚད་ མེད་ཆེ་བའི་ལྷར་སྐྱེ་བའམ། འབྲས་བུ་ཆེ་བའི་ལྷར་སྐྱེ་བའམ་མི་ཆེ་བའི་ལྷར་སྐྱེ་བའམ། མི་གདུང་བའི་ལྷར་སྐྱེ་བའམ། ཤིན་ཏུ་མཐོང་བའི་ལྷར་སྐྱེ་བའམ། གྱ་ནོམ་སྣང་བའི་ལྷར་སྐྱེ་ བའམ༑ འོག་མིན་གྱི་ལྷར་སྐྱེ་བའམ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའམ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའམ། ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་ལྷར་ སྐྱེ་བའམ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའམ། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་བའམ་ལན་གཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་འགྱུར་ བའམ། ཕྱིར་མི་འོང་བའི་འབྲས་བུ་ཐོབ་པར་འགྱུར་བའམ། དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་བའམ། རང་བྱང་ཆུབ་ཐོབ་པར་འགྱུར་བའམ། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོའི་ལམ་ལ་སྤྱོད་པར་འགྱུར་བའམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བའམ། ཐོབ་པར་གྱུར་ནས་སེམས་ཅན་རྣམས་འཁོར་བ་ལས་ཡོངས་སུ་དགྲོལ་བར་འགྱུར་ རོ༑ ༑ཞེས་བྱ་བ་དེ་ལྟ་བུ་གང་ཡང་མ་མཆིས་སོ། །དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར། དེ་དེ་བཞིན་ [420A]༄༅། །ནོ༑ ༑དེ་དེ་བཞིན་ཏེ། ཇི་སྐད་དུ་སྨྲས་པ་བཞིན་ཏེ། རབ་འབྱོར། དངོས་པོ་མེད་པ་ལ་ནི། ལས་ཀྱང་མེད། བྱ་བའང་མེད་འབྲས་བུའང་མེད་ན། འོན་ཀྱང་བྱིས་པ་སོ་ སོའི་སྐྱེ་བོ་འཕགས་པའི་ཆོས་ལ་མི་མཁས་པ་རྣམས་ཀྱིས་ཆོས་རྣམས་དངོས་པོ་མེད་པའི་ངོ་བོ་ཉིད་དུ་མི་ཤེས་ཏེ། ཕྱིན་ཅི་ལོག་ལས་བྱུང་བའི་སེམས་ཀྱིས་ལས་སྣ་ཚོགས་མངོན་པར་ འདུ་བྱེད་པས་དེ་དག་གི་ལུས་རྣམ་པ་དེ་བཞིན་དུ་མངོན་པར་འགྲུབ་སྟེ། སེམས་ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ནམ། མིའམ། རྒྱལ་ ཆེན་བཞིའི་རིས་ཀྱི་ལྷའམ། སུམ་ཅུ་རྩ་གསུམ་གྱི་ལྷའམ། མཚེ་མའི་ལྷའམ། དགའ་ལྡན་གྱི་ལྷའམ། འཕྲུལ་དགའི་ལྷའམ། གཞན་འཕྲུལ་དབང་བྱེད་ཀྱི་ལྷའམ། ཚངས་རིས་ ཀྱི་ལྷའམ། ཚངས་ལྷ་ཉེ་ཕན་གྱི་ལྷའམ། ཚངས་པ་ཀུན་འཁོར་གྱི་ལྷའམ། ཚངས་ཆེན་གྱི་ལྷའམ། སྣང་བའི་ལྷའམ། ཆུང་སྣང་གི་ལྷའམ། ཚད་མེད་སྣང་བའི་ལྷའམ། ཀུན་སྣང་ དང་བའི་ལྷའམ། དགེ་བའི་ལྷའམ། ཆུང་དགེའི་ལྷའམ། ཚད་མེད་དགེ་བའི་ལྷའམ། དགེ་རྒྱས་ཀྱི་ལྷའམ། ཆེ་བའི་ལྷའམ། ཆུང་ཆེའི་ལྷའམ། ཚད་མེད་ཆེ་བའི་ལྷའམ། འབྲས་བུ་ཆེ་ བའི་ལྷའམ། མི་ཆེ་བའི་ལྷའམ། མི་གདུང་བའི་ལྷའམ། ཤིན་ཏུ་མཐོང་བའི་ལྷའམ། གྱ་ནོམ་སྣང་བའི་ལྷའམ། འོག་མིན་གྱི་ལྷའམ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ [420B] རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷའམ། ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་ལྷའམ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷའི་ནང་དུ་ལུས་མངོན་པར་འགྲུབ་སྟེ་ དངོས་པོ་མེད་པ་ལ་ནི། ལས་སམ། བྱ་བའམ། འབྲས་བུ་མེད་དེ། དངོས་པོ་མེད་པ་གང་ཡིན་པ་དེ་ནི། དངོས་པོ་མེད་པ་ཉིད་དོ། །རབ་འབྱོར་དེ་ལ་འདི་སྐད་དུ་དངོས་པོ་མེད་པ་ལ་ནི་ བྱ་བ་གང་ཡང་མེད་དེ། བྱ་བ་གང་གིས་སེམས་ཅན་དམྱལ་བར་འགྲོ་བའམ། བྱོལ་སོང་གི་སྐྱེ་གནས་སུ་འགྲོ་བའམ། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བའམ། མིར་སྐྱེ་བའམ། རྒྱལ་ ཆེན་བཞིའི་རིས་ཀྱི་ལྷར་སྐྱེ་བའམ། སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེ་བའམ། མཚེ་མའི་ལྷར་སྐྱེ་བའམ། དགའ་ལྡན་གྱི་ལྷར་སྐྱེ་བའམ། འཕྲུལ་དགའི་ལྷར་སྐྱེ་བའམ། གཞན་འཕྲུལ་ དབང་བྱེད་ཀྱི་ལྷར་སྐྱེ་བའམ། ཚངས་རིས་ཀྱི་ལྷར་སྐྱེ་བའམ་ཚངས་ལྷ་ཉེ་ཕན་གྱི་ལྷར་སྐྱེ་བའམ། ཚངས་པ་ཀུན་འཁོར་གྱི་ལྷར་སྐྱེ་བའམ། ཚངས་ཆེན་གྱི་ལྷར་སྐྱེ་བའམ། སྣང་བའི་ ལྷར་སྐྱེ་བའམ། ཆུང་སྣང་གི་ལྷར་སྐྱེ་བའམ། ཚད་མེད་སྣང་བའི་ལྷར་སྐྱེ་བའམ། ཀུན་སྣང་དང་བའི་ལྷར་སྐྱེ་བའམ། དགེ་བའི་ལྷར་སྐྱེ་བའམ། ཆུང་དགེའི་ལྷར་སྐྱེ་བའམ། ཚད་ མེད་དགེ་བའི་ལྷར་སྐྱེ་བའམ། དགེ་རྒྱས་ཀྱི་ལྷར་སྐྱེ་བའམ། ཆེ་བའི་ལྷར་སྐྱེ་བའམ། ཆུང་ཆེའི་ལྷར་སྐྱེ་བའམ། ཚད་མེད་ཆེ་བའི་ལྷར་སྐྱེ་བའམ། འབྲས་བུ་ཆེ་བའི་ལྷར་སྐྱེ་བའམ་ [421A]༄༅། །མི་ཆེ་བའི་ལྷར་སྐྱེ་བའམ། མི་གདུང་བའི་ལྷར་སྐྱེ་བའམ། ཤིན་ཏུ་མཐོང་བའི་ལྷར་སྐྱེ་བའམ། གྱ་ནོམ་སྣང་བའི་ལྷར་སྐྱེ་བའམ། འོག་མིན་གྱི་ལྷར་སྐྱེ་བའམ་ ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའམ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའམ། ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའམ། འདུ་ཤེས་མེད་འདུ་ཤེས་ མེད་མིན་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའམ། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་བའམ། ལན་གཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་འགྱུར་བའམ། ཕྱིར་མི་འོང་བའི་འབྲས་བུ་ཐོབ་པར་ འགྱུར་བའམ། དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་བའམ། རང་བྱང་ཆུབ་ཐོབ་པར་འགྱུར་བའམ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་ལ་སྤྱོད་པའམ། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བའམ། དེ་ཐོབ་ནས་སེམས་ཅན་རྣམས་འཁོར་བ་ལས་ཡོངས་སུ་དགྲོལ་བར་འགྱུར་བ་དེ་ལྟ་བུའི་བྱ་བ་གང་ཡང་མེད་དོ། །ཞེས་ཟེར་བ་ནི་ རབ་འབྱོར། དེ་ཇི་སྙམ་དུ་སེམས། ལམ་དངོས་པོ་མེད་པ་མ་ཡིན་ནམ་རྒྱུན་དུ་ཞུགས་པའི་འབྲས་བུ་དངོས་པོ་མེད་པ་མ་ཡིན་ནམ། ལན་གཅིག་ཕྱིར་འོང་བའི་འབྲས་བུ་དངོས་ པོ་མེད་པ་མ་ཡིན་ནམ། ཕྱིར་མི་འོང་བའི་འབྲས་བུ་དངོས་པོ་མེད་པ་མ་ཡིན་ནམ། དགྲ་བཅོམ་པ་ཉིད་དངོས་པོ་མེད་པ་མ་ཡིན་ནམ། རང་བྱང་ཆུབ་དངོས་པོ་མེད་པ་མ་ཡིན་ནམ་ [421B]རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དངོས་པོ་མེད་པ་མ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས། ལམ་ནི། དངོས་པོ་མ་མཆིས་ པའོ༑ ༑རྒྱུན་དུ་ཞུགས་པའི་འབྲས་བུ་ནི། དངོས་པོ་མ་མཆིས་པའོ་།ལན་གཅིག་ཕྱིར་འོང་བའི་འབྲས་བུ་ནི། དངོས་པོ་མ་མཆིས་པའོ་།ཕྱིར་མི་འོང་བའི་འབྲས་བུ་ནི། དངོས་པོ་མ་མཆིས་ པའོ༑ ༑དགྲ་བཅོམ་པ་ཉིད་ནི། དངོས་པོ་མ་མཆིས་པའོ། །རང་བྱང་ཆུབ་ནི། དངོས་པོ་མ་མཆིས་པའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི། དངོས་པོ་མ་མཆིས་པའོ། །རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་ནི། དངོས་པོ་མ་མཆིས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས། དངོས་པོ་མེད་པའི་ཆོས་ཤེས་ཤིག་དངོས་པོ་མེད་པའི་ཆོས་ཐོབ་པར་བྱེད་སྙམ་ མམ༑ གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ལྟར་ན་དངོས་པོ་མེད་པ་གང་ཡིན་པ་དང། ལམ་གང་ཡིན་པའི་ ཆོས་དེ་གཉིས་ཀའང་ལྡན་པའང་མ་ཡིན། མི་ལྡན་པའང་མ་ཡིན་གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ། མཚན་ཉིད་མེད་པ། མཚན་མ་མེད་པ་སྟེ། འདི་ལྟར་ མཚན་ཉིད་མེད་པའོ། །རབ་འབྱོར། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མཁས་པས་སེམས་ཅན་ཕྱིན་ཅི་ལོག་ [422A]༄༅། །བཞིས་ཕུང་པོ་ལྔ་ལ་མངོན་པར་ཞེན་པ་མི་རྟག་པ་ལ་རྟག་པའི་འདུ་ཤེས་སུ་གྱུར་པ། སྡུག་བསྔལ་བ་ལ་བདེ་བའི་འདུས་ཤེས་སུ་གྱུར་པ། བདག་མེད་པ་ལ་བདག་ གི་འདུ་ཤེས་སུ་གྱུར་པ། མི་སྡུག་པ་ལ་སྡུག་པའི་འདུ་ཤེས་སུ་གྱུར་པ། དངོས་པོ་ལ་མངོན་པར་ཞེན་པ་རྣམས་དངོས་པོ་ལས་རྣམ་པར་འགྲེལ་ཏོ། །རབ་འབྱོར་གྱིས་གསོལ་པ་ བཅོམ་ལྡན་འདས། ཅི་ལགས། བྱིས་པ་སོ་སོའི་སྐྱེ་བོ་རྣམས་གང་ལ་དངོས་པོ་ཞེན་པའོ། །ཞེས་ནས་མངོན་པར་ཞེན་པར་རྒྱུར་པ་དེ་ལྟ་བུའི་དངོས་པོ་དེ་བཞིན་མ་ནོར་བ་དེ་བཞིན་ ཞེས་བགྱི་བ་མ་མཆིས་སམ། དེ་སྟེ་མ་མཆིས་ན་ནི། མངོན་པར་འདུ་བགྱིད་པར་ཡང་ཇི་ལྟར་འགྱུར། སུག་ལས་དེས་ཀྱང་ཤུལ་རྒྱུད་ལྔའི་འཁོར་བ་ནས་ཅི་སྟེ་མི་འགྲོལ། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། ཕྱིན་ཅི་ལོག་མ་གཏོགས་པར་གང་ལ་གནས་ཏེ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལས་མངོན་པར་འདུ་བྱེད་པའི་དངོས་པོ་ནི། ཆུང་ངུ་ ན་སྐྲའི་རྩེ་མོའི་ཆ་ཤས་བཤགས་པ་ཙམ་ཡང་མེད་དོ། །རབ་འབྱོར། དེ་ལྟ་བས་ན། ཅི་ནས་ཀྱང་དོན་འདི་གསལ་ཞིང་རྫོགས་པ་དང། མཁས་པས་ཤེས་པར་བྱ་བའི་ཕྱིར་ཁྱོད་ལ་ དཔེ་བཤད་དོ། །རབ་འབྱོར། དེ་ཇི་སྙམ་དུ་སེམས། རྨི་ལམ་དུ་མཐོང་བ་ལ་རྨི་ལམ་མཐོང་བ་དེ་གང་ལ་གནས་ཤིང་འདོད་པའི་ཡོན་ཏན་ལྔས་ཡོངས་སུ་སྤྱོད་པ་དེ་ལྟ་བུའི་དངོས་པོ་གང་ [422B] གསོལ་པ། བཅོམ་ལྡན་འདས། རྨི་ལམ་ཉིད་ཀྱང་མ་མཆིས་ན། རྨི་ལམ་མཐོང་བ་དེ་ལ་གནས་ཤིང་འདོད་པའི་ཡོན་ཏན་ལྔས་ཡོངས་སུ་སྤྱོད་པ་ལྟ་སྨོས་ཀྱང་ཅི་འཚལ་ཏེ་ མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས། འཇིག་རྟེན་པའམ། འཇིག་རྟེན་ལས་འདས་པའམ། ཟག་པ་དང་བཅས་པའམ། ཟག་པ་ མེད་པའམ། འདུས་བྱས་སམ། འདུས་མ་བྱས་ཀྱི་ཆོས་གང་ལ་རྨི་ལམ་དང་འདྲ་བ་མ་ཡིན་པ་དེ་ལྟ་བུ་ཡོད་དམ། གསོལ་པ། བཅོམ་ལྡན་འདས། འཇིག་རྟེན་པའམ། འཇིག་རྟེན་ལས་ འདས་པའམ། ཟག་པ་དང་བཅས་པའམ། ཟག་པ་མ་མཆིས་པའམ། འདུས་བྱས་སམ། འདུས་མ་བྱས་ཀྱི་ཆོས་གང་ཡང་རྨི་ལམ་ལྟ་བུ་མ་ལགས་པ་དེ་ལྟ་བུ་མ་མཆིས་སོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། ཅི་རྨི་ལམ་ལ་རྒྱུད་ལྔའི་འཁོར་བ་ཡོད་དམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་ འབྱོར༑ དེ་ཇི་སྙམ་དུ་སེམས། རྨི་ལམ་ལ་ལམ་བསྒོམས་པས་ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར་ལ། རྣམ་པར་བྱང་བར་ཡང་མི་འགྱུར་བ་དེ་ལྟ་བུའི་ལམ་སྒོམ་པ་ཡོད་དམ་ གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་འདས། དེ་ནི། དངོས་པོ་མ་མཆིས་པ་སྟེ། བརྗོད་པ་དང། ཚིག་དང། སྒྲ་དང། ཡི་གེ་ཐམས་ཅད་ཀྱིས་གདགས་སུ་མ་ [423A]༄༅། །མཆིས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས། མེ་ལོང་ལ་གཟུགས་བརྙན་སྣང་བ་དེ་ལ་གང་ལས་མངོན་པར་འདུ་ བྱེད་ཅིང། མངོན་པར་འདུ་བྱས་པས་སེམས་ཅན་དམྱལ་བར་འགྲོ་བའམ་བྱོལ་སོང་གི་སྐྱེ་གནས་སུ་འགྲོ་བའམ། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བའམ། མི་དང་ལྷར་འགྱུར་ བ་དེ་ལྟ་བུའི་དངོས་པོ་ཡོད་དམ། གསོལ་པ། བཅོམ་ལྡན་འདས། དེ་ནི་མ་ལགས་སོ། །བཅོམ་ལྡན་འདས། དེ་ནི། གཞན་དུ་ན་བྱིས་པ་རྣམས་ལ་བསླུ་བ་མ་གཏོགས་པར་དངོས་ པོ་མ་མཆིས་པ་སྟེ། གཟུགས་བརྙན་ཉིད་ཀྱང་མ་མཆིས་ན། གང་མངོན་པར་འདུ་བགྱིད་ཅིང། མངོན་པར་འདུ་བགྱིས་པས་སེམས་ཅན་དམྱལ་བར་མཆི་བའམ། བྱོལ་སོང་གི་སྐྱེ་ གནས་སུ་མཆི་བའམ། གཤིན་རྗེའི་འཇིག་རྟེན་དུ་མཆི་བའམ། མི་དང་ལྷར་འགྱུར་བའི་སུག་ལས་ལྟ་སྨོས་ཀྱང་ཅི་འཚལ་ཏེ། མ་མཆིས་སོ་།བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ༑ རབ་འབྱོར། དེ་ཇི་སྙམ་དུ་སེམས། དེ་ལ་ལམ་གང་བསྒོམས་པས་ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར་ལ། རྣམ་པར་བྱང་བར་ཡང་མི་འགྱུར་བ་དེ་ལྟ་བུའི་ལམ་སྒོམ་ པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་འདས། གཟུགས་བརྙན་ཉིད་ཀྱང་དངོས་པོ་མ་མཆིས་ན། ལམ་བསྒོམས་པས་ཀུན་ནས་ཉོན་ [423B] རྣམ་པར་བྱང་བར་ཡང་མི་འགྱུར་བ་དེ་ལྟ་བུའི་ལམ་བསྒོམ་པ་ལྟ་སྨོས་ཀྱང་ཅི་འཚལ་ཏེ། མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ དེ་ཇི་སྙམ་དུ་སེམས། ནགས་སྟུག་པོ་དང། རི་དང། གཅོང་རོང་དང་ལུང་པ་ནས་སྒྲ་བརྙན་བྱུང་ན། སྒྲ་བརྙན་དེ་ལས་མངོན་པར་འདུ་བྱེད་ཅིང། མངོན་པར་འདུ་བྱས་པས། སེམས་ཅན་ དམྱལ་བར་འགྲོ་བའམ། བྱོལ་སོང་གི་སྐྱེ་གནས་སུ་འགྲོ་བའམ། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བའམ། ལྷ་དང་མིར་འགྱུར་བ་དེ་ལྟ་བུའི་དངོས་པོ་ཡོད་དམ། གསོལ་པ། བཅོམ་ ལྡན་འདས། དེ་ནི། མ་ལགས་ཏེ། བཅོམ་ལྡན་འདས། སྒྲ་བརྙན་དེ་ཉིད་ཀྱང་དངོས་པོ་མ་མཆིས་ན། དེ་ལ་གང་སུག་ལས་མངོན་པར་འདུ་བགྱི་ཞིང་མངོན་པར་འདུ་བགྱིས་ན། སེམས་ ཅན་དམྱལ་བར་མཆིས་པའམ། བྱོལ་སོང་གི་སྐྱེ་གནས་སུ་མཆིས་བའམ་གཤིན་རྗེའི་འཇིག་རྟེན་དུ་མཆིས་བའམ། ལྷ་དང་མིར་སྐྱེ་བའམ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷར་སྐྱེ་བའམ་ སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེ་བའམ། མཚེ་མའི་ལྷར་སྐྱེ་བའམ་དགའ་ལྡན་གྱི་ལྷར་སྐྱེ་བའམ། འཕྲུལ་དགའི་ལྷར་སྐྱེ་བའམ་གཞན་འཕྲུལ་དབང་བྱེད་ཀྱི་ལྷར་སྐྱེ་བའམ་ ཚངས་རིས་ཀྱི་ལྷར་སྐྱེ་བའམ། ཚངས་ལྷ་ཉེ་ཕན་གྱི་ལྷར་སྐྱེ་བའམ། ཚངས་པ་ཀུན་འཁོར་གྱི་ལྷར་སྐྱེ་བའམ། ཚངས་ཆེན་གྱི་ལྷར་སྐྱེ་བའམ། སྣང་བའི་ལྷར་སྐྱེ་བའམ། ཆུང་ [424A]༄༅། །སྣང་གི་ལྷར་སྐྱེ་བའམ། ཚད་མེད་སྣང་བའི་ལྷར་སྐྱེ་བའམ། ཀུན་སྣང་དང་བའི་ལྷར་སྐྱེ་བའམ། དགེ་བའི་ལྷར་སྐྱེ་བའམ། ཆུང་དགེའི་ལྷར་སྐྱེ་བའམ་ ཚད་མེད་དགེ་བའི་ལྷར་སྐྱེ་བའམ། དགེ་རྒྱས་ཀྱི་ལྷར་སྐྱེ་བའམ་ཆེ་བའི་ལྷར་སྐྱེ་བའམ། ཆུང་ཆེའི་ལྷར་སྐྱེ་བའམ། ཚད་མེད་ཆེ་བའི་ལྷར་སྐྱེ་བའམ། འབྲས་བུ་ཆེ་བའི་ལྷར་སྐྱེ་བའམ་ མི་ཆེ་བའི་ལྷར་སྐྱེ་བའམ། མི་གདུང་བའི་ལྷར་སྐྱེ་བའམ། ཤིན་ཏུ་མཐོང་བའི་ལྷར་སྐྱེ་བའམ། གྱ་ནོམ་སྣང་བའི་ལྷར་སྐྱེ་བའམ། འོག་མིན་གྱི་ལྷར་སྐྱེ་བའམ། ནམ་མཁའ་མཐའ་ ཡས་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའམ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའམ། ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའམ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་ མཆེད་ཀྱི་ལྷར་སྐྱེ་བ་ལྟ་སྨོས་ཀྱང་ཅི་འཚལ་ཏེ། མ་མཆིས་སོ་།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས། སྒྲ་བརྙན་གྱི་ལམ་གང་ལ་བསྒོམས་ པས་ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར་ལ། རྣམ་པར་བྱང་བར་ཡང་མི་འགྱུར་བ་དེ་ལྟ་བུའི་ལམ་བསྒོམ་པ་དེ་ལྟ་བུ་ཡོད་དམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་ ཏེ༑ བཅོམ་ལྡན་འདས། སྒྲ་བརྙན་ཉིད་ཀྱང་ཤིན་ཏུ་མ་མཆིས་པ་ལགས་ན། ལམ་གང་བསྒོམས་པས་ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར་ལ། རྣམ་པར་བྱང་བར་ཡང་མི་འགྱུར་ [424B] མ་མཆིས་སོ་།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས། སྨིག་རྒྱུ་ལ་ཆུ་མེད་པར་ཆུའི་འདུ་ཤེས་སུ་གྱུར་པ་ དང། ཆུ་ཀླུང་མེད་པར་ཆུ་ཀླུང་གི་འདུ་ཤེས་སུ་གྱུར་པ་དང་གྲོང་ཁྱེར་མེད་པ་ལ་གྲོང་ཁྱེར་གྱི་འདུ་ཤེས་སུ་གྱུར་པ་དང་སྐྱེད་མོས་ཚལ་མེད་པར་སྐྱེ་མོས་ཚལ་གྱི་འདུ་ཤེས་སུ་གྱུར་པ་དེ་ལ་ འདུ་ཤེས་ཀྱི་ལམ་གང་མངོན་པར་འདུ་བྱས་པས་སེམས་ཅན་དམྱལ་བར་འགྲོ་བའམ། བྱོལ་སོང་གི་སྐྱེ་གནས་སུ་འགྲོ་བའམ། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བའམ། མིར་སྐྱེ་བའམ་ རྒྱལ་ཆེན་བཞིའི་རིས་ཀྱི་ལྷར་སྐྱེ་བའམ། སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེ་བའམ། མཚེ་མའི་ལྷར་སྐྱེ་བའམ། དགའ་ལྡན་གྱི་ལྷར་སྐྱེ་བའམ། འཕྲུལ་དགའི་ལྷར་སྐྱེ་བའམ། གཞན་ འཕྲུལ་དབང་བྱེད་ཀྱི་ལྷར་སྐྱེ་བའམ། ཚངས་རིས་ཀྱི་ལྷར་སྐྱེ་བའམ། ཚངས་ལྷ་ཉེ་ཕན་གྱི་ལྷར་སྐྱེ་བའམ། ཚངས་པ་ཀུན་འཁོར་གྱི་ལྷར་སྐྱེ་བའམ། ཚངས་ཆེན་གྱི་ལྷར་སྐྱེ་བའམ། སྣང་ བའི་ལྷར་སྐྱེ་བའམ། ཆུང་སྣང་གི་ལྷར་སྐྱེ་བའམ། ཚད་མེད་སྣང་བའི་ལྷར་སྐྱེ་བའམ། ཀུན་སྣང་དང་བའི་ལྷར་སྐྱེ་བའམ་དགེ་བའི་ལྷར་སྐྱེ་བའམ། ཆུང་དགེའི་ལྷར་སྐྱེ་བའམ། ཚད་ མེད་དགེ་བའི་ལྷར་སྐྱེ་བའམ། དགེ་རྒྱས་ཀྱི་ལྷར་སྐྱེ་བའམ། ཆེ་བའི་ལྷར་སྐྱེ་བའམ། ཆུང་ཆེའི་ལྷར་སྐྱེ་བའམ། ཚད་མེད་ཆེ་བའི་ལྷར་སྐྱེ་བའམ། འབྲས་བུ་ཆེ་བའི་ལྷར་སྐྱེ་བའམ། མི་ཆེ་ [425A]༄༅། །བའི་ལྷར་སྐྱེ་བའམ། མི་གདུང་བའི་ལྷར་སྐྱེ་བའམ་ཤིན་ཏུ་མཐོང་བའི་ལྷར་སྐྱེ་བའམ། གྱ་ནོམ་སྣང་བའི་ལྷར་སྐྱེ་བའམ། འོག་མིན་གྱི་ལྷར་སྐྱེ་ བའམ༑ ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའམ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའམ། ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའམ། འདུ་ཤེས་ མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷར་སྐྱེ་བ་དེ་ལྟ་བུ་ཡོད་དམ། གསོལ་པ། བཅོམ་ལྡན་འདས། སྨིག་རྒྱུ་ལ་འདུ་ཤེས་ཕྱིན་ཅི་ལོག་ཏུ་གྱུར་པ་དང། མིག་གིས་ལོག་པར་ མཐོང་བ་མ་གཏོགས་པར་ཆུ་ཀླུང་དང། གྲོང་ཁྱེར་དང། སྐྱེད་མོས་ཚལ་ཤིན་ཏུ་མ་མཆིས་ན། སུག་ལས་གང་མངོན་པར་འདུ་བགྱིས་པས་སེམས་ཅན་དམྱལ་བར་མཆི་བའམ་ བྱོལ་སོང་གི་སྐྱེ་གནས་སུ་མཆི་བའམ། གཤིན་རྗེའི་འཇིག་རྟེན་དུ་མཆི་བའམ། མིར་སྐྱེ་བའམ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷར་སྐྱེ་བའམ། སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེ་བའམ་ མཚེ་མའི་ལྷར་སྐྱེ་བའམ། དགའ་ལྡན་གྱི་ལྷར་སྐྱེ་བའམ། འཕྲུལ་དགའི་ལྷར་སྐྱེ་བའམ། གཞན་འཕྲུལ་དབང་བྱེད་ཀྱི་ལྷར་སྐྱེ་བའམ། ཚངས་རིས་ཀྱི་ལྷར་སྐྱེ་བའམ། ཚངས་ལྷ་ ཉེ་ཕན་གྱི་ལྷར་སྐྱེ་བའམ། ཚངས་པ་ཀུན་འཁོར་གྱི་ལྷར་སྐྱེ་བའམ། ཚངས་ཆེན་གྱི་ལྷར་སྐྱེ་བའམ། སྣང་བའི་ལྷར་སྐྱེ་བའམ། ཆུང་སྣང་གི་ལྷར་སྐྱེ་བའམ། ཚད་མེད་སྣང་བའི་ [425B] ཀུན་སྣང་དང་བའི་ལྷར་སྐྱེ་བའམ། དགེ་བའི་ལྷར་སྐྱེ་བའམ། ཆུང་དགེའི་ལྷར་སྐྱེ་བའམ། ཚད་མེད་དགེ་བའི་ལྷར་སྐྱེ་བའམ། དགེ་རྒྱས་ཀྱི་ལྷར་སྐྱེ་བའམ། ཆེ་ བའི་ལྷར་སྐྱེ་བའམ། ཆུང་ཆེའི་ལྷར་སྐྱེ་བའམ། ཚད་མེད་ཆེ་བའི་ལྷར་སྐྱེ་བའམ། འབྲས་བུ་ཆེ་བའི་ལྷར་སྐྱེ་བའམ། མི་ཆེ་བའི་ལྷར་སྐྱེ་བའམ། མི་གདུང་བའི་ལྷར་སྐྱེ་བའམ། ཤིན་ ཏུ་མཐོང་བའི་ལྷར་སྐྱེ་བའམ། གྱ་ནོམ་སྣང་བའི་ལྷར་སྐྱེ་བའམ། འོག་མིན་གྱི་ལྷར་སྐྱེ་བའམ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའམ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ ཀྱི་ལྷར་སྐྱེ་བའམ། ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའམ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷར་སྐྱེ་བར་འགྱུར་བ་ལྟ་སྨོས་ཀྱང་ཅི་འཚལ་ཏེ། མ་མཆིས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས། ཕྱིན་ཅི་ལོག་གི་འདུ་ཤེས་དེ་ལ་ལམ་གང་བསྒོམས་བས་ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར་ལ། རྣམ་པར་ བྱང་བར་ཡང་མི་འགྱུར་བ་དེ་ལྟ་བུའི་ལམ་བསྒོམ་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་ཏེ། བཅོམ་ལྡན་འདས། ཕྱིན་ཅི་ལོག་གི་འདུ་ཤེས་དེ་ཉིད་ཀྱང་དངོས་ པོ་མ་མཆིས་པ་ལགས་ན། ལམ་གང་བསྒོམས་པས་ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར་ལ། རྣམ་པར་བྱང་བར་ཡང་མི་འགྱུར་བའི་ལམ་བསྒོམ་པ་ལྟ་སྨོས་ཀྱང་ཅི་འཚལ་ཏེ། མ་ [426A]༄༅། །མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས། སྒྱུ་མའི་མཁན་པོས་སྒྱུ་མ་སྣ་ཚོགས་གླང་པོའི་ཚོགས་སམ། རྟའི་ ཚོགས་སམ། གླང་གི་ཚོགས་སམ། དཔུང་བུ་ཆུང་གི་ཚོགས་སམ། བུད་མེད་ཀྱི་གཟུགས་སམ། སྐྱེས་པའི་གཟུགས་མངོན་པར་སྤྲུལ་ནས་སུམ་དེ་ལ་གང་མངོན་པར་འདུ་བྱས་ པས༑ སེམས་ཅན་དམྱལ་བར་འགྲོ་བའམ། བྱོལ་སོང་གི་སྐྱེ་གནས་སུ་འགྲོ་བའམ། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བའམ། མིར་སྐྱེ་བའམ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷར་སྐྱེ་ བའམ༑ སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེ་བའམ། མཚེ་མའི་ལྷར་སྐྱེ་བའམ། དགའ་ལྡན་གྱི་ལྷར་སྐྱེ་བའམ། འཕྲུལ་དགའི་ལྷར་སྐྱེ་བའམ། གཞན་འཕྲུལ་དབང་བྱེད་ཀྱི་ལྷར་སྐྱེ་ བའམ༑ ཚངས་རིས་ཀྱི་ལྷར་སྐྱེ་བའམ། ཚངས་ལྷ་ཉེ་ཕན་གྱི་ལྷར་སྐྱེ་བའམ། ཚངས་པ་ཀུན་འཁོར་གྱི་ལྷར་སྐྱེ་བའམ། ཚངས་ཆེན་གྱི་ལྷར་སྐྱེ་བའམ། སྣང་བའི་ལྷར་སྐྱེ་བའམ་ ཆུང་སྣང་གི་ལྷར་སྐྱེ་བའམ། ཚད་མེད་སྣང་བའི་ལྷར་སྐྱེ་བའམ། ཀུན་སྣང་དང་བའི་ལྷར་སྐྱེ་བའམ། དགེ་བའི་ལྷར་སྐྱེ་བའམ། ཆུང་དགེའི་ལྷར་སྐྱེ་བའམ། ཚད་མེད་དགེ་བའི་ ལྷར་སྐྱེ་བའམ། དགེ་རྒྱས་ཀྱི་ལྷར་སྐྱེ་བའམ། ཆེ་བའི་ལྷར་སྐྱེ་བའམ། ཆུང་ཆེའི་ལྷར་སྐྱེ་བའམ། ཚད་མེད་ཆེ་བའི་ལྷར་སྐྱེ་བའམ། འབྲས་བུ་ཆེ་བའི་ལྷར་སྐྱེ་བའམ། མི་ཆེ་བའི་ [426B] མི་གདུང་བའི་ལྷར་སྐྱེ་བའམ། ཤིན་ཏུ་མཐོང་བའི་ལྷར་སྐྱེ་བའམ། གྱ་ནོམ་སྣང་བའི་ལྷར་སྐྱེ་བའམ་འོག་མིན་གྱི་ལྷར་སྐྱེ་བའམ། ནམ་མཁའ་མཐའ་ཡས་སྐྱེ་ མཆེད་ཀྱི་ལྷར་སྐྱེ་བའམ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའམ། ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའམ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷར་ སྐྱེ་བ་དེ་ལྟ་བུའི་དངོས་པོ་ཡོད་དམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་ཏེ། སྒྱུ་མ་དེ་ལ་གང་གནས་ཏེ། སུག་ལས་དེ་གང་མངོན་པར་འདུ་བགྱིད་པ་དང། སུག་ལས་ གང་མངོན་པར་འདུ་བགྱིས་པས་སེམས་ཅན་དམྱལ་བར་མཆི་བའམ། བྱོལ་སོང་གི་སྐྱེ་གནས་སུ་མཆི་བའམ། གཤིན་རྗེའི་འཇིག་རྟེན་དུ་མཆི་བའམ། མིར་སྐྱེ་བའམ། རྒྱལ་ཆེན་ བཞིའི་རིས་ཀྱི་ལྷར་སྐྱེ་བའམ། སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེ་བའམ། མཚེ་མའི་ལྷར་སྐྱེ་བའམ། དགའ་ལྡན་གྱི་ལྷར་སྐྱེ་བའམ་འཕྲུལ་དགའི་ལྷར་སྐྱེ་བའམ། གཞན་འཕྲུལ་དབང་ བྱེད་ཀྱི་ལྷར་སྐྱེ་བའམ། ཚངས་རིས་ཀྱི་ལྷར་སྐྱེ་བའམ། ཚངས་ལྷ་ཉེ་ཕན་གྱི་ལྷར་སྐྱེ་བའམ། ཚངས་པ་ཀུན་འཁོར་གྱི་ལྷར་སྐྱེ་བའམ། ཚངས་ཆེན་གྱི་ལྷར་སྐྱེ་བའམ། སྣང་བའི་ལྷར་ སྐྱེ་བའམ། ཆུང་སྣང་གི་ལྷར་སྐྱེ་བའམ། ཚད་མེད་སྣང་བའི་ལྷར་སྐྱེ་བའམ། ཀུན་སྣང་དང་བའི་ལྷར་སྐྱེ་བའམ། དགེ་བའི་ལྷར་སྐྱེ་བའམ། ཆུང་དགེའི་ལྷར་སྐྱེ་བའམ། ཚད་མེད་དགེ་ [427A]༄༅། །བའི་ལྷར་སྐྱེ་བའམ། དགེ་རྒྱས་ཀྱི་ལྷར་སྐྱེ་བའམ་ཆེ་བའི་ལྷར་སྐྱེ་བའམ། ཆུང་ཆེའི་ལྷར་སྐྱེ་བའམ། ཚད་མེད་ཆེ་བའི་ལྷར་སྐྱེ་བའམ། འབྲས་བུ་ཆེ་བའི་ལྷར་ སྐྱེ་བའམ། མི་ཆེ་བའི་ལྷར་སྐྱེ་བའམ། མི་གདུང་བའི་ལྷར་སྐྱེ་བའམ། ཤིན་ཏུ་མཐོང་བའི་ལྷར་སྐྱེ་བའམ། གྱ་ནོམ་སྣང་བའི་ལྷར་སྐྱེ་བའམ། འོག་མིན་གྱི་ལྷར་སྐྱེ་བའམ། ནམ་ མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའམ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའམ། ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའམ། འདུ་ཤེས་མེད་འདུ་ཤེས་མེད་ མིན་སྐྱེ་མཆེད་ཀྱི་ལྷར་སྐྱེ་བར་འགྱུར་བ་ནི། སྐྲའི་རྩེ་མོའི་ཆ་ཤས་བཤགས་པ་ཙམ་ཡང་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས་ སྒྱུ་མ་ལ་ལམ་གང་བསྒོམས་པས་ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར་ལ་རྣམ་པར་བྱང་བར་ཡང་མི་འགྱུར་བ་དེ་ལྟ་བུའི་ལམ་བསྒོམ་པ་གང་ཡང་ཡོད་དམ། གསོལ་པ། བཅོམ་ ལྡན་འདས། དེ་ནི། མ་ལགས་ཏེ། བཅོམ་ལྡན་འདས། དངོས་པོ་མ་མཆིས་པའི་ཆོས་ལ་ཉོན་མོངས་པའམ། རྣམ་པར་བྱང་བར་འགྱུར་བ་ལྟ་ག་ལ་མཆིས། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པས་སྤྲུལ་པ་མཛད་ན། སྤྲུལ་པ་དེ་ལ་ལས་གང་མངོན་པར་འདུ་བྱས་པས་སེམས་ཅན་དམྱལ་བར་ [427B] བྱོལ་སོང་གི་སྐྱེ་གནས་སུ་འགྲོ་བའམ། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བའམ། མིར་སྐྱེ་བའམ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷར་སྐྱེ་བའམ། སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེ་བའམ་ མཚེ་མའི་ལྷར་སྐྱེ་བའམ། དགའ་ལྡན་གྱི་ལྷར་སྐྱེ་བའམ། འཕྲུལ་དགའི་ལྷར་སྐྱེ་བའམ། གཞན་འཕྲུལ་དབང་བྱེད་ཀྱི་ལྷར་སྐྱེ་བའམ། ཚངས་རིས་ཀྱི་ལྷར་སྐྱེ་བའམ། ཚངས་ལྷ་ཉེ་ཕན་ གྱི་ལྷར་སྐྱེ་བའམ། ཚངས་པ་ཀུན་འཁོར་གྱི་ལྷར་སྐྱེ་བའམ་ཚངས་ཆེན་གྱི་ལྷར་སྐྱེ་བའམ། སྣང་བའི་ལྷར་སྐྱེ་བའམ་ཆུང་སྣང་གི་ལྷར་སྐྱེ་བའམ། ཚད་མེད་སྣང་བའི་ལྷར་སྐྱེ་བའམ་ ཀུན་སྣང་དང་བའི་ལྷར་སྐྱེ་བའམ། དགེ་བའི་ལྷར་སྐྱེ་བའམ་ཆུང་དགེའི་ལྷར་སྐྱེ་བའམ། ཚད་མེད་དགེ་བའི་ལྷར་སྐྱེ་བའམ་དགེ་རྒྱས་ཀྱི་ལྷར་སྐྱེ་བའམ། ཆེ་བའི་ལྷར་སྐྱེ་བའམ། ཆུང་ ཆེའི་ལྷར་སྐྱེ་བའམ། ཚད་མེད་ཆེ་བའི་ལྷར་སྐྱེ་བའམ། འབྲས་བུ་ཆེ་བའི་ལྷར་སྐྱེ་བའམ། མི་ཆེ་བའི་ལྷར་སྐྱེ་བའམ། མི་གདུང་བའི་ལྷར་སྐྱེ་བའམ། ཤིན་ཏུ་མཐོང་བའི་ལྷར་སྐྱེ་བའམ་ གྱ་ནོམ་སྣང་བའི་ལྷར་སྐྱེ་བའམ། འོག་མིན་གྱི་ལྷར་སྐྱེ་བའམ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའམ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའམ། ཅུང་ཟད་ མེད་པའི་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའམ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷར་སྐྱེ་བར་འགྱུར་བ་དེ་ལྟ་བུའི་དངོས་པོ་ཡོད་དམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ [428A]༄༅། །ལགས་ཏེ། བཅོམ་ལྡན་འདས། སྤྲུལ་པ་དེ་ལ་དངོས་པོ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས། སྤྲུལ་པ་དེ་ ལ་ལམ་གང་བསྒོམས་པས་ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར་ལ་རྣམ་པར་བྱང་བར་ཡང་མི་འགྱུར་བ་དེ་ལྟ་བུའི་ལམ་བསྒོམ་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས། དེ་ནི་ མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས། དེ་ལ་གང་ལ་ལ་ཞིག་ཀུན་ནས་ཉོན་མོངས་པའམ་རྣམ་པར་བྱང་བར་འགྱུར་བ་ཡོད་ དམ༑ གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་དེ་བཞིན་ཏེ། ཇི་ལྟར་ཀུན་ནས་ཉོན་མོངས་པའམ། རྣམ་ པར་བྱང་བར་འགྱུར་བ་གང་ཡང་མེད་པ་དེ་བཞིན་དུ་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བའང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། བདག་དང་བདག་གིར་བྱ་བ་ལ་གནས་ཤིང་ སེམས་ཅན་རྣམས་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བར་འགྱུར་གྱི། ཡང་དག་པ་མཐོང་བ་ནི། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བར་འགྱུར་བ་མེད་དོ། །ཇི་ལྟར་ ཡང་དག་པ་མཐོང་བ་ལ་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བར་འགྱུར་བ་མེད་པ་དེ་བཞིན་དུ་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་མེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ [428B] ལེའུ་བདུན་ཅུ་པའོ།། །།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཡང་དག་པ་ མཐོང་བ་ལ་ཀུན་ནས་ཉོན་མོངས་པར་འགྱུར་བའམ། རྣམ་པར་བྱང་བར་འགྱུར་བའང་མ་མཆིས་པ་དེ་བཞིན་དུ་ཡང་དག་པ་མ་མཐོང་བ་ལའང་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་ བར་འགྱུར་བ་མ་མཆིས་ཏེ། དེ་ནི། ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་པས། བཅོམ་ལྡན་འདས། དངོས་པོ་མ་མཆིས་པ་ལ་ནི་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་ བ་མ་མཆིས་ཏེ། བཅོམ་ལྡན་འདས། ངོ་བོ་ཉིད་ལ་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་མ་མཆིས་ཏེ། དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལའང་ཀུན་ནས་ཉོན་མོངས་པ་དང། རྣམ་ པར་བྱང་བ་མ་མཆིས་ན། བཅོམ་ལྡན་འདས་ཀྱིས་རྣམ་པར་བྱང་བར་གསུངས་པ་དེ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་རབ་འབྱོར། ཆོས་ཐམས་ཅད་ཀྱི་མཉམ་པ་ ཉིད་གང་ཡིན་པ་དེ་ནི། གནས་རྣམ་པར་བྱང་བར་གསུངས་སོ། །གསོལ་པ། བཅོམ་ལྡན་འདས། ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་ [429A]༄༅། །དག་པའི་མཐའ་གང་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། དེ་བཞིན་དུ་གནས་པའི་ཆོས་ཀྱི་གནས་ ཉིད་དང། དབྱིངས་འདི་ལྟ་སྟེ། ཆོས་ཀྱི་དབྱིངས་ཞེས་བྱ་བ་འདི་ནི། རབ་འབྱོར། རྣམ་པར་བྱང་བ་སྟེ། དེ་ནི། འཇིག་རྟེན་གྱི་ཐ་སྙད་ཀྱིས་བརྗོད་ཀྱི། དེ་ནི། བརྗོད་དུ་མེད་ཅིང་སྨོས་ སུ་མེད་པ་སྟེ། སྒྲ་དང། ཚིག་ཐམས་ཅད་ཀྱི་ལམ་ལས་འདས་པའི་ཆོས་སོ། །གསོལ་པ། བཅོམ་ལྡན་འདས། གལ་ཏེ་ཆོས་ཐམས་ཅད་རྨི་ལམ་ལྟ་བུ། སྒྲ་བརྙན་ལྟ་བུ། མིག་ ཡོར་ལྟ་བུ། སྨིག་རྒྱུ་ལྟ་བུ། སྒྱུ་མ་ལྟ་བུ་སྤྲུལ་པ་ལྟ་བུ་ལགས་ན། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་དང། ཆོས་ཐམས་ཅད་སྒྲ་ བརྙན་ལྟ་བུ་དང། ཆོས་ཐམས་ཅད་མིག་ཡོར་ལྟ་བུ་དང། ཆོས་ཐམས་ཅད་སྨིག་རྒྱུ་ལྟ་བུ་དང། ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང། ཆོས་ཐམས་ཅད་སྤྲུལ་པ་ལྟ་བུ་སྟེ། དངོས་པོ་ མ་མཆིས་པ། རྫས་མ་མཆིས་པ་ལ་བདག་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །བཟོད་ པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། ། [429B]།ཐབས་མཁས་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ་།སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། ། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱའོ། །ཕྱི་སྟོང་པ་ཉིད་ཡོངས་སུ་ རྫོགས་པར་བྱའོ། །ཕྱི་ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱའོ། །སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱའོ་།ཆེན་པོ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱའོ། །དོན་དམ་པ་ སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱའོ། །འདུས་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱའོ། །འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ ཡོངས་སུ་རྫོགས་པར་བྱའོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱའོ། །དོར་བ་མེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱའོ། །རང་བཞིན་སྟོང་པ་ཉིད་ཡོངས་ སུ་རྫོགས་པར་བྱའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱའོ། །མི་དམིགས་པ་སྟོང་པ་ཉིད་ཡོངས་སུ་ རྫོགས་པར་བྱའོ། །དངོས་པོ་མེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱའོ། །ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱའོ་།དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་ [430A]༄༅། །པར་བྱའོ། །དྲན་པ་ཉེ་བར་གཞག་པ་བཞི་ཡོངས་སུ་རྫོགས་པར་བྱའོ། །ཡང་དག་པར་སྤོང་བ་བཞི་ཡོངས་སུ་རྫོགས་པར་བྱའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ཡོངས་ སུ་རྫོགས་པར་བྱའོ། །དབང་པོ་ལྔ་ཡོངས་སུ་རྫོགས་པར་བྱའོ་།སྟོབས་ལྔ་ཡོངས་སུ་རྫོགས་པར་བྱའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ཡོངས་སུ་རྫོགས་པར་བྱའོ། །འཕགས་པའི་ ལམ་ཡན་ལག་བརྒྱད་པ་ཡོངས་སུ་རྫོགས་པར་བྱའོ། །འཕགས་པའི་བདེན་པ་བཞི་ཡོངས་སུ་རྫོགས་པར་བྱའོ། །བསམ་གཏན་བཞི་ཡོངས་སུ་རྫོགས་པར་བྱའོ། །ཚད་མེད་པ་ བཞི་ཡོངས་སུ་རྫོགས་པར་བྱའོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ཡོངས་སུ་རྫོགས་པར་བྱའོ། །རྣམ་པར་ཐར་པ་བརྒྱད་ཡོངས་སུ་རྫོགས་པར་བྱའོ། །མཐར་གྱིས་ གནས་པའི་སྙོམས་པར་འཇུག་པ་དགུ་ཡོངས་སུ་རྫོགས་པར་བྱའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ཡོངས་སུ་རྫོགས་པར་བྱའོ། ། མངོན་པར་ཤེས་པ་ལྔ་ཡོངས་སུ་རྫོགས་པར་བྱའོ། །ཏིང་ངེ་འཛིན་ཐམས་ཅད་ཡོངས་སུ་རྫོགས་པར་བྱའོ། །གཟུངས་ཀྱི་སྒོ་ཐམས་ཅད་ཡོངས་སུ་རྫོགས་པར་བྱའོ། །དེ་བཞིན་གཤེགས་ པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱའོ། །མི་འཇིགས་པ་བཞི་ཡོངས་སུ་རྫོགས་པར་བྱའོ། །སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་རྫོགས་པར་བྱའོ། །བྱམས་པ་ཆེན་ [430B] །སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པར་བྱའོ། །མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཡོངས་སུ་ རྫོགས་པར་བྱའོ། །དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་རྫོགས་པར་བྱའོ། །འོད་ཆེན་པོ་ཡོངས་སུ་རྫོགས་པར་བྱའོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ཀྱི་སེམས་ཀྱི་ རྟོག་པ་སེམས་ཀྱིས་ཡོངས་སུ་ཤེས་པར་བྱ་སྟེ། དབྱངས་གཅིག་གིས་མོས་པ་ཇི་ལྟ་བ་བཞིན་དུ་ཆོས་བསྟན་པའི་ཚངས་པའི་དབྱངས་ཡོངས་སུ་རྫོགས་པར་བྱའོ། །ཞེས་བགྱི་བར་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས་གང་ཁྱོད་ཀྱིས་བརྗོད་པའི་ཆོས་དེ་དག་རྨི་ལམ་ ལྟ་བུ་དང། སྒྲ་བརྙན་ལྟ་བུ་དང། མིག་ཡོར་ལྟ་བུ་དང། སྨིག་རྒྱུ་ལྟ་བུ་དང། སྒྱུ་མ་ལྟ་བུ་དང། སྤྲུལ་པ་ལྟ་བུ་མ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས། གལ་ཏེ་ཆོས་དེ་དག་རྨི་ལམ་ ལྟ་བུ་དང། སྒྲ་བརྙན་ལྟ་བུ་དང། མིག་ཡོར་ལྟ་བུ་དང། སྨིག་རྒྱུ་ལྟ་བུ་དང། སྒྱུ་མ་ལྟ་བུ་དང། སྤྲུལ་པ་ལྟ་བུ་ལགས་ན་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བགྱི། བཅོམ་ལྡན་འདས། རྨི་ལམ་ནི། ཡང་དག་པ་མ་ལགས། སྒྲ་བརྙན་ནི། ཡང་དག་པ་མ་ལགས་མིག་ཡོར་ནི། ཡང་དག་པ་མ་ལགས། སྨིག་རྒྱུ་ [431A]༄༅། །ནི༑ ཡང་དག་པ་མ་ལགས། སྒྱུ་མ་ནི། ཡང་དག་པ་མ་ལགས། སྤྲུལ་པ་ནི། ཡང་དག་པ་མ་ལགས་ཏེ། བཅོམ་ལྡན་འདས། ཡང་དག་པ་མ་ལགས་པས། སྦྱིན་ པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང་ བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང། ནང་སྟོང་པ་ཉིད་ལ་སྤྱད་པ་དང། ཕྱི་སྟོང་པ་ཉིད་ལ་སྤྱད་པ་དང། ཕྱི་ནང་སྟོང་པ་ཉིད་ ལ་སྤྱད་པ་དང། སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱད་པ་དང་ཆེན་པོ་སྟོང་པ་ཉིད་ལ་སྤྱད་པ་དང། དོན་དམ་པ་སྟོང་པ་ཉིད་ལ་སྤྱད་པ་དང། འདུས་བྱས་སྟོང་པ་ཉིད་ལ་སྤྱད་པ་དང། འདུས་ མ་བྱས་སྟོང་པ་ཉིད་ལ་སྤྱད་པ་དང། མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྤྱད་པ་དང། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་སྤྱད་པ་དང། དོར་བ་མེད་པ་སྟོང་པ་ཉིད་ལ་སྤྱད་པ་དང་ རང་བཞིན་སྟོང་པ་ཉིད་ལ་སྤྱད་པ་དང། ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱད་པ་དང། རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྤྱད་པ་དང། མི་དམིགས་པ་སྟོང་པ་ཉིད་ལ་སྤྱད་པ་དང། དངོས་པོ་ མེད་པ་སྟོང་པ་ཉིད་ལ་སྤྱད་པ་དང། ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱད་པ་དང། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱད་པ་དང། དྲན་པ་ཉེ་བར་གཞག་པ་བཞི་ལ་སྤྱད་པ་དང་ཡང་ [431B] རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སྤྱད་པ་དང། དབང་པོ་ལྔ་ལ་སྤྱད་པ་དང་སྟོབས་ལྔ་ལ་སྤྱད་པ་དང། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱད་པ་དང་ འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱད་པ་དང། འཕགས་པའི་བདེན་པ་བཞི་ལ་སྤྱད་པ་དང། བསམ་གཏན་བཞི་ལ་སྤྱད་པ་དང་ཚད་མེད་པ་བཞི་ལ་སྤྱད་པ་དང། གཟུགས་ མེད་པའི་སྙོམས་པར་འཇུག་པ་བཞི་ལ་སྤྱད་པ་དང། རྣམ་པར་ཐར་པ་བརྒྱད་ལ་སྤྱད་པ་དང། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྤྱད་པ་དང། རྣམ་པར་ཐར་པའི་སྒོ་ སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ལ་སྤྱད་པ་དང། མངོན་པར་ཤེས་པ་ལྔ་ལ་སྤྱད་པ་དང། ཏིང་ངེ་འཛིན་ཐམས་ཅད་ལ་སྤྱད་པ་དང། གཟུངས་ཀྱི་སྒོ་ཐམས་ཅད་ལ་ སྤྱད་པ་དང། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སྤྱད་པ་དང་མི་འཇིགས་པ་བཞི་ལ་སྤྱད་པ་དང། སོ་སོ་ཡང་དག་པར་རིག་པ་བཞི་ལ་སྤྱད་པ་དང། བྱམས་པ་ཆེན་པོ་ལ་སྤྱད་པ་ དང། སྙིང་རྗེ་ཆེན་པོ་ལ་སྤྱད་པ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སྤྱད་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ མི་ནུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་དེ་བཞིན་ཏེ། ཡང་དག་པ་མ་ཡིན་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང། ཚུལ་ཁྲིམས་ཀྱི་ཕ་རོལ་ [432A]༄༅། །ཏུ་ཕྱིན་པ་ལ་སྤྱད་པ་དང། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ སྤྱད་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང་ནང་སྟོང་པ་ཉིད་ལ་སྤྱད་པ་དང། ཕྱི་སྟོང་པ་ཉིད་ལ་སྤྱད་པ་དང། ཕྱི་ནང་སྟོང་པ་ཉིད་ལ་སྤྱད་པ་དང། སྟོང་པ་ཉིད་སྟོང་ པ་ཉིད་ལ་སྤྱད་པ་དང། ཆེན་པོ་སྟོང་པ་ཉིད་ལ་སྤྱད་པ་དང་དོན་དམ་པ་སྟོང་པ་ཉིད་ལ་སྤྱད་པ་དང། འདུས་བྱས་སྟོང་པ་ཉིད་ལ་སྤྱད་པ་དང། འདུས་མ་བྱས་སྟོང་པ་ཉིད་ལ་སྤྱད་པ་དང་ མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྤྱད་པ་དང། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་སྤྱད་པ་དང། དོར་བ་མེད་པ་སྟོང་པ་ཉིད་ལ་སྤྱད་པ་དང། རང་བཞིན་སྟོང་པ་ཉིད་ལ་སྤྱད་ པ་དང། ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱོད་པ་དང། རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྤྱད་པ་དང། མི་དམིགས་པ་སྟོང་པ་ཉིད་ལ་སྤྱད་པ་དང། དངོས་པོ་མེད་པ་སྟོང་པ་ཉིད་ལ་ སྤྱད་པ་དང། ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱད་པ་དང། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱད་པ་དང། དྲན་པ་ཉེ་བར་གཞག་པ་བཞི་ལ་སྤྱད་པ་དང། ཡང་དག་པར་སྤོང་བ་ བཞི་ལ་སྤྱོད་པ་དང། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སྤྱད་པ་དང། དབང་པོ་ལྔ་ལ་སྤྱད་པ་དང། སྟོབས་ལྔ་ལ་སྤྱད་པ་དང། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱད་པ་དང། འཕགས་ [432B] འཕགས་པའི་བདེན་པ་བཞི་ལ་སྤྱོད་པ་དང། བསམ་གཏན་བཞི་ལ་སྤྱད་པ་དང་ཚད་མེད་པ་བཞི་ལ་སྤྱད་པ་དང། གཟུགས་མེད་པའི་ སྙོམས་པར་འཇུག་པ་བཞི་ལ་སྤྱད་པ་དང། རྣམ་པར་ཐར་པ་བརྒྱད་ལ་སྤྱད་པ་དང། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྤྱད་པ་དང། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ལ་སྤྱད་པ་དང་མངོན་པར་ཤེས་པ་ལྔ་ལ་སྤྱད་པ་དང། ཏིང་ངེ་འཛིན་ཐམས་ཅད་ལ་སྤྱད་པ་དང། གཟུངས་ ཀྱི་སྒོ་ཐམས་ཅད་ལ་སྤྱད་པ་དང། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སྤྱད་པ་དང། མི་འཇིགས་པ་བཞི་ལ་སྤྱད་པ་དང། སོ་སོ་ཡང་དག་པར་རིག་པ་བཞི་ལ་སྤྱད་པ་དང། བྱམས་པ་ ཆེན་པོ་ལ་སྤྱད་པ་དང། སྙིང་རྗེ་ཆེན་པ་ལ་སྤྱད་པ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སྤྱད་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་ འཚང་རྒྱ་བར་མི་ནུས་སོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། །བམ་པོ་སུམ་བརྒྱ་པ། །རབ་འབྱོར། དེ་ཇི་སྙམ་དུ་སེམས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ [433A]༄༅། །རབ་འབྱོར། དེ་ཇི་སྙམ་དུ་སེམས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ་ གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་ འབྱོར༑ དེ་ཇི་སྙམ་དུ་སེམས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་རབ་འབྱོར། དེ་ཇི་སྙམ་དུ་སེམས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ་གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ དེ་ཇི་སྙམ་དུ་སེམས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས་ [433B] མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས། ནང་སྟོང་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་ པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ་།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས། ཕྱི་སྟོང་པ་ཉིད་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་ འབྱོར༑ དེ་ཇི་སྙམ་དུ་སེམས། ཕྱི་ནང་སྟོང་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས། སྟོང་པ་ཉིད་སྟོང་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་ འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས་ཆེན་པོ་སྟོང་པ་ཉིད་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ [434A]༄༅། །དེ་ཇི་སྙམ་དུ་སེམས། དོན་དམ་པ་སྟོང་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་རབ་འབྱོར། དེ་ཇི་སྙམ་དུ་སེམས། འདུས་བྱས་སྟོང་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་རབ་འབྱོར། དེ་ཇི་སྙམ་དུ་ སེམས༑ འདུས་མ་བྱས་སྟོང་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ་གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་ སོ༑ ༑བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས། མཐའ་ལས་འདས་པ་སྟོང་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་ པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས། ཐོག་མ་ དང་ཐ་མ་མེད་པ་སྟོང་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ་གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། ། [434B] རབ་འབྱོར། དེ་ཇི་སྙམ་དུ་སེམས། དོར་བ་མེད་པ་སྟོང་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ་ གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས། རང་བཞིན་སྟོང་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ་བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་ སེམས༑ ཆོས་ཐམས་ཅད་སྟོང་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ་གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས་རང་གི་མཚན་ཉིད་སྟོང་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་ རྒྱའམ༑ གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས། མི་དམིགས་པ་སྟོང་པ་ཉིད་བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་ [435A]༄༅། །འབྱོར༑ དེ་ཇི་སྙམ་དུ་སེམས། དངོས་པོ་མེད་པ་སྟོང་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་ པ༑ བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས། ངོ་བོ་ཉིད་སྟོང་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་མངོན་བར་རྫོགས་པར་འཚང་རྒྱའམ། གསོལ་པ་བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་ སེམས༑ དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས། དེ་ནི་ མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས། དྲན་པ་ཉེ་བར་གཞག་པ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས། ཡང་ དག་པར་སྤོང་བ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ [435B] རབ་འབྱོར། དེ་ཇི་སྙམ་དུ་སེམས། རྫུ་འཕྲུལ་གྱི་རྐང་པ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ་ གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས། དབང་པོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ་བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་ སེམས༑ སྟོབས་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས། བྱང་ཆུབ་ཀྱི་ཡན་ལག་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ་ གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས། འཕགས་པའི་ལམ་ཡན་ལག་བརྒྱད་པ་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ [436A]༄༅། །དེ་ཇི་སྙམ་དུ་སེམས། འཕགས་པའི་བདེན་པ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ་ བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས། བསམ་གཏན་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ་བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། རབ་འབྱོར། དེ་ཇི་སྙམ་ དུ་སེམས། ཚད་མེད་པ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས་ རྣམ་པར་ཐར་པ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ [436B] རབ་འབྱོར། དེ་ཇི་སྙམ་དུ་སེམས། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་ རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས། རྣམ་པར་ཐར་པའི་ སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས་ དེ་ནི༑ མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། མངོན་པར་ཤེས་པ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས། ཏིང་ངེ་འཛིན་ རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ༑ རབ་འབྱོར། དེ་ཇི་སྙམ་དུ་སེམས། གཟུངས་ཀྱི་སྒོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་ [437A]༄༅། །འདས༑ དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པའི་སྟོབས་རྣམས་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ་།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ༑ རབ་འབྱོར། དེ་ཇི་སྙམ་དུ་སེམས། མི་འཇིགས་པ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་ འདས༑ དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས། སོ་སོ་ཡང་དག་པར་རིག་པ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་རབ་འབྱོར། དེ་ཇི་སྙམ་དུ་སེམས་ བྱམས་པ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས། སྙིང་རྗེ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ་ [437B] དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་དེ་ བཞིན་ནོ། །དེ་དེ་བཞིན་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་ པར་འཚང་མི་རྒྱའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་ པར་རྫོགས་པར་འཚང་མི་རྒྱའོ། །ནང་སྟོང་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །ཕྱི་སྟོང་པ་ཉིད་བླ་ན་མེད་པ་ཡང་དག་པར་ [438A]༄༅། །རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །ཕྱི་ནང་སྟོང་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་ པར་འཚང་མི་རྒྱའོ། །སྟོང་པ་ཉིད་སྟོང་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །ཆེན་པོ་སྟོང་པ་ཉིད་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱའོ་།དོན་དམ་པ་སྟོང་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱའོ། ། འདུས་བྱས་སྟོང་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །འདུས་མ་བྱས་སྟོང་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །མཐའ་ལས་འདས་པ་སྟོང་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱའོ། ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །དོར་བ་མེད་པ་སྟོང་པ་ཉིད་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱའོ་།རང་བཞིན་སྟོང་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱའོ། ། [438B]རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱའོ་།རང་གི་མཚན་ཉིད་སྟོང་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །མི་དམིགས་པ་སྟོང་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །དངོས་པོ་མེད་ པ་སྟོང་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །ངོ་བོ་ཉིད་སྟོང་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་ པར་རྫོགས་པར་འཚང་མི་རྒྱའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །དྲན་པ་ཉེ་བར་གཞག་ པ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །ཡང་དག་པར་སྤོང་བ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ མངོན་པར་རྫོགས་པར་འཚང་མི་རྒྱའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །དབང་པོ་རྣམས་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །སྟོབས་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །བྱང་ [439A]༄༅། །ཆུབ་ཀྱི་ཡན་ལག་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱའོ་།འཕགས་པའི་ལམ་ཡན་ལག་བརྒྱད་པ་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །འཕགས་པའི་བདེན་པ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་ རྫོགས་པར་འཚང་མི་རྒྱའོ། །བསམ་གཏན་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །ཚད་མེད་པ་རྣམས་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་ པར་རྫོགས་པར་འཚང་མི་རྒྱའོ། །རྣམ་པར་ཐར་པ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །མཐར་གྱིས་གནས་པའི་སྙོམས་ པར་འཇུག་པ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང་ སྨོན་པ་མེད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །མངོན་པར་ཤེས་པ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ [439B] །ཏིང་ངེ་འཛིན་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །གཟུངས་ཀྱི་སྒོ་རྣམས་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་ པར་རྫོགས་པར་འཚང་མི་རྒྱའོ། །མི་འཇིགས་པ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །སོ་སོ་ཡང་དག་པར་རིག་པ་རྣམས་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །བྱམས་པ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་ མི་རྒྱའོ༑ ༑སྙིང་རྗེ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །རབ་འབྱོར། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་དེ་དག་ཐམས་ཅད་ཀྱང་འདུས་བྱས་པ་མངོན་པར་འདུས་བྱས་པ་སྟེ་ འདུས་བྱས་པ་དང། མངོན་པར་འདུས་བྱས་པའི་ཆོས་ཀྱིས་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་ནུས་སོ། །རབ་འབྱོར། འོན་ཀྱང་ཆོས་དེ་དག་ནི། ཐམས་ཅད་ཀྱང་ལམ་སྒྲུབ་ [440A]༄༅། །པ་དང། ལམ་བསྐྱེད་པའི་རྒྱུར་འགྱུར་བ་སྟེ། འབྲས་བུ་ཐོབ་པའི་ཕྱིར་ནི། མ་ཡིན་ནོ། །ཆོས་དེ་དག་གི་མི་སྐྱེ་བ་དང་མི་འབྱུང་བ་གང་ཡིན་པ་ནི། མཚན་ཉིད་མེད་ པའང་དེ་ཡིན་ཏེ། དེ་ལྟ་བས་ན། བྱུང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་དགེ་བའི་ཆོས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའམ། ཚུལ་ ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པའམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པའམ། ནང་སྟོང་པ་ཉིད་དམ། ཕྱི་སྟོང་པ་ཉིད་དམ། ཕྱི་ནང་སྟོང་པ་ཉིད་དམ། སྟོང་པ་ཉིད་སྟོང་པ་ཉིད་དམ། ཆེན་པོ་སྟོང་པ་ཉིད་དམ། དོན་དམ་པ་སྟོང་པ་ཉིད་དམ། འདུས་བྱས་སྟོང་ པ་ཉིད་དམ། འདུས་མ་བྱས་སྟོང་པ་ཉིད་དམ། མཐའ་ལས་འདས་པ་སྟོང་པ་ཉིད་དམ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དམ་དོར་བ་མེད་པ་སྟོང་པ་ཉིད་དམ། རང་བཞིན་སྟོང་ པ་ཉིད་དམ། ཆོས་ཐམས་ཅད་སྟོང་པ་ཉིད་དམ། རང་གི་མཚན་ཉིད་སྟོང་པ་ཉིད་དམ། མི་དམིགས་པ་སྟོང་པ་ཉིད་དམ། དངོས་པོ་མེད་པ་སྟོང་པ་ཉིད་དམ། ངོ་བོ་ཉིད་སྟོང་པ་ཉིད་ དམ༑ དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམ། དྲན་པ་ཉེ་བར་གཞག་པ་རྣམས་སམ། ཡང་དག་པར་སྤོང་བ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། དབང་པོ་རྣམས་ [440B] སྟོབས་རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་སམ་འཕགས་པའི་ལམ་ཡན་ལག་བརྒྱད་པའམ། འཕགས་པའི་བདེན་པ་རྣམས་སམ། བསམ་གཏན་ རྣམས་སམ། ཚད་མེད་པ་རྣམས་སམ། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་སམ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་ རྣམས་སམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའམ། མངོན་པར་ཤེས་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ། གཟུངས་ཀྱི་སྒོ་རྣམས་ སམ༑ དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། མི་འཇིགས་པ་རྣམས་སམ་སོ་སོ་ཡང་དག་པར་རིག་པ་རྣམས་སམ། བྱམས་པ་ཆེན་པོའམ། སྙིང་རྗེ་ཆེན་པོའམ། སངས་རྒྱས་ ཀྱི་ཆོས་མ་འདྲེས་པ་རྣམས་སམ། དགེ་བའི་ཆོས་གང་དང་གང་རྩོམ་ཡང་དེ་ཐམས་ཅད་སྒྱུ་མ་ལྟ་བུ་ཞེས་བྱ་བར་རབ་ཏུ་ཤེས་ཏེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང། ཚུལ་ཁྲིམས་ཀྱི་ཕ་རོལ་ ཏུ་ཕྱིན་པ་དང། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ནང་སྟོང་པ་ ཉིད་དང། ཕྱི་སྟོང་པ་ཉིད་དང། ཕྱི་ནང་སྟོང་པ་ཉིད་དང་སྟོང་པ་ཉིད་སྟོང་པ་ཉིད་དང། ཆེན་པོ་སྟོང་པ་ཉིད་དང། དོན་དམ་པ་སྟོང་པ་ཉིད་དང། འདུས་བྱས་སྟོང་པ་ཉིད་དང། འདུས་མ་ [441A]༄༅། །བྱས་སྟོང་པ་ཉིད་དང། མཐའ་ལས་འདས་པ་སྟོང་པ་ཉིད་དང། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང། དོར་བ་མེད་པ་སྟོང་པ་ཉིད་དང། རང་བཞིན་སྟོང་པ་ ཉིད་དང། ཆོས་ཐམས་ཅད་སྟོང་པ་ཉིད་དང། རང་གི་མཚན་ཉིད་སྟོང་པ་ཉིད་དང། མི་དམིགས་པ་སྟོང་པ་ཉིད་དང། དངོས་པོ་མེད་པ་སྟོང་པ་ཉིད་དང། ངོ་བོ་ཉིད་སྟོང་པ་ཉིད་དང་ དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང། དྲན་པ་ཉེ་བར་གཞག་པ་རྣམས་དང། ཡང་དག་པར་སྤོང་བ་རྣམས་དང། རྫུ་འཕྲུལ་གྱི་རྐང་པ་རྣམས་དང། དབང་པོ་རྣམས་དང། སྟོབས་ རྣམས་དང། བྱང་ཆུབ་ཀྱི་ཡན་ལག་རྣམས་དང། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང། འཕགས་པའི་བདེན་པ་རྣམས་དང། བསམ་གཏན་རྣམས་དང། ཚད་མེད་པ་ རྣམས་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང། རྣམ་པར་ཐར་པ་རྣམས་དང། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དང། རྣམ་པར་ཐར་པའི་ སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་དང། མངོན་པར་ཤེས་པ་རྣམས་དང། ཏིང་ངེ་འཛིན་རྣམས་དང་གཟུངས་ཀྱི་སྒོ་རྣམས་དང། དེ་བཞིན་གཤེགས་པའི་ སྟོབས་རྣམས་དང། མི་འཇིགས་པ་རྣམས་དང། སོ་སོ་ཡང་དག་པར་རིག་པ་རྣམས་དང། བྱམས་པ་ཆེན་པོ་དང། སྙིང་རྗེ་ཆེན་པོ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ [441B]ཡོངས་སུ་སྨིན་པར་བྱ་བའམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བར་མི་ནུས་པས། དེའི་ཕྱིར་དེ་ལྟ་བས་ན་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང། དགེ་བའི་ཆོས་གང་དང་གང་རྩོམ་ཡང་དེ་ཐམས་ཅད་རྨི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུར་ ཤེས་སོ༑ ༑མིག་ཡོར་ལྟ་བུར་ཤེས་སོ། །སྨིག་རྒྱུ་ལྟ་བུར་ཤེས་སོ་།སྒྱུ་མ་ལྟ་བུར་ཤེས་སོ། །སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་སྦྱིན་པའི་ཕ་རོལ་ ཏུ་ཕྱིན་པ་རྨི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང་མིག་ཡོར་ལྟ་བུ་དང། སྨིག་རྒྱུ་ལྟ་བུ་དང། སྒྱུ་མ་ལྟ་བུ་དང་སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ སྤྱོད་པའི་ཚེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྨི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང། མིག་ཡོར་ལྟ་བུ་དང། སྨིག་རྒྱུ་ལྟ་བུ་དང། སྒྱུ་མ་ལྟ་བུ་དང། སྤྲུལ་པ་ལྟ་བུར་ཤེས་སོ། ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྨི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང། མིག་ཡོར་ལྟ་བུ་དང། སྨིག་རྒྱུ་ལྟ་བུ་དང། སྒྱུ་མ་ལྟ་བུ་དང་ སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྨི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང། མིག་ཡོར་ལྟ་བུ་དང། སྨིག་ [442A]༄༅། །རྒྱུ་ལྟ་བུ་དང། སྒྱུ་མ་ལྟ་བུ་དང། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྨི་ལམ་ལྟ་བུར་ ཤེས་སོ༑ ༑སྒྲ་བརྙན་ལྟ་བུ་དང། མིག་ཡོར་ལྟ་བུ་དང། སྨིག་རྒྱུ་ལྟ་བུ་དང། སྒྱུ་མ་ལྟ་བུ་དང། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་རྨི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང། མིག་ཡོར་ལྟ་བུ་དང། སྨིག་རྒྱུ་ལྟ་བུ་དང། སྒྱུ་མ་ལྟ་བུ་དང། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་སྤྱོད་པའི་ཚེ་ནང་སྟོང་པ་ཉིད་རྨི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང། མིག་ཡོར་ལྟ་བུ་དང། སྨིག་རྒྱུ་ལྟ་བུ་དང། སྒྱུ་མ་ལྟ་བུ་དང། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཕྱི་སྟོང་པ་ཉིད་རྨི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང། མིག་ཡོར་ལྟ་བུ་དང། མིག་རྒྱུ་ལྟ་བུ་དང། སྒྱུ་མ་ལྟ་བུ་དང། སྤྲུལ་པ་ལྟ་བུར་ཤེས་ སོ༑ ༑དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཕྱི་ནང་སྟོང་པ་ཉིད་རྨི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང། མིག་ཡོར་ལྟ་བུ་དང། སྨིག་རྒྱུ་ལྟ་བུ་དང། སྒྱུ་མ་ལྟ་བུ་དང་ སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་སྟོང་པ་ཉིད་སྟོང་པ་ཉིད་རྨི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང། མིག་ཡོར་ལྟ་བུ་དང། སྨིག་རྒྱུ་ལྟ་བུ་ [442B] སྒྱུ་མ་ལྟ་བུ་དང། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཆེན་པོ་སྟོང་པ་ཉིད་རྨི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང། མིག་ཡོར་ལྟ་བུ་དང་ སྨིག་རྒྱུ་ལྟ་བུ་དང། སྒྱུ་མ་ལྟ་བུ་དང། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་དོན་དམ་པ་སྟོང་པ་ཉིད་རྨི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང། མིག་ ཡོར་ལྟ་བུ་དང། སྨིག་རྒྱུ་ལྟ་བུ་དང། སྒྱུ་མ་ལྟ་བུ་དང་སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འདུས་བྱས་སྟོང་པ་ཉིད་རྨི་ལམ་ལྟ་བུར་ཤེས་སོ་།སྒྲ་བརྙན་ ལྟ་བུ་དང། མིག་ཡོར་ལྟ་བུ་དང། སྨིག་རྒྱུ་ལྟ་བུ་དང། སྒྱུ་མ་ལྟ་བུ་དང། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འདུས་མ་བྱས་སྟོང་པ་ཉིད་རྨི་ལམ་ལྟ་ བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང། མིག་ཡོར་ལྟ་བུ་དང། སྨིག་རྒྱུ་ལྟ་བུ་དང། སྒྱུ་མ་ལྟ་བུ་དང། སྤྲུལ་པ་ལྟ་བུར་ཤེས་སོ་།དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་མཐའ་ལས་ འདས་པ་སྟོང་པ་ཉིད་རྨི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང། མིག་ཡོར་ལྟ་བུ་དང། སྨིག་རྒྱུ་ལྟ་བུ་དང། སྒྱུ་མ་ལྟ་བུ་དང། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་སྤྱོད་པའི་ཚེ་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་རྨི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང། མིག་ཡོར་ལྟ་བུ་དང། སྨིག་རྒྱུ་ལྟ་བུ་དང། སྒྱུ་མ་ལྟ་བུ་དང། སྤྲུལ་པ་ལྟ་བུར་ཤེས་ [443A]༄༅། །སོ༑ ༑དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་དོར་བ་མེད་པ་སྟོང་པ་ཉིད་རྨི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང། མིག་ཡོར་ལྟ་བུ་དང། སྨིག་ རྒྱུ་ལྟ་བུ་དང། སྒྱུ་མ་ལྟ་བུ་དང། སྤྲུལ་པ་ལྟ་བུར་ཤེས་སོ་།དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་རང་བཞིན་སྟོང་པ་ཉིད་རྨི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང་མིག་ ཡོར་ལྟ་བུ་དང། སྨིག་རྒྱུ་ལྟ་བུ་དང། སྒྱུ་མ་ལྟ་བུ་དང་སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཆོས་ཐམས་ཅད་སྟོང་པ་ཉིད་རྨི་ལམ་ལྟ་བུར་ཤེས་ སོ༑ ༑སྒྲ་བརྙན་ལྟ་བུ་དང། མིག་ཡོར་ལྟ་བུ་དང། སྨིག་རྒྱུ་ལྟ་བུ་དང། སྒྱུ་མ་ལྟ་བུ་དང། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་རང་གི་མཚན་ ཉིད་སྟོང་པ་ཉིད་རྨི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང། མིག་ཡོར་ལྟ་བུ་དང། སྨིག་རྒྱུ་ལྟ་བུ་དང། སྒྱུ་མ་ལྟ་བུ་དང། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་སྤྱོད་པའི་ཚེ་མི་དམིགས་པ་སྟོང་པ་ཉིད་རྨི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང། མིག་ཡོར་ལྟ་བུ་དང། སྨིག་རྒྱུ་ལྟ་བུ་དང། སྒྱུ་མ་ལྟ་བུ་དང། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་དངོས་པོ་མེད་པ་སྟོང་པ་ཉིད་རྨི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང། མིག་ཡོར་ལྟ་བུ་དང། སྨིག་རྒྱུ་ལྟ་བུ་དང། སྒྱུ་མ་ལྟ་བུ་དང་ [443B] །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ངོ་བོ་ཉིད་སྟོང་པ་ཉིད་རྨི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང། མིག་ཡོར་ལྟ་བུ་དང། སྨིག་རྒྱུ་ལྟ་བུ་དང། སྒྱུ་མ་ ལྟ་བུ་དང། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རྨི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང། མིག་ཡོར་ལྟ་ བུ་དང། སྨིག་རྒྱུ་ལྟ་བུ་དང། སྒྱུ་མ་ལྟ་བུ་དང། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་དྲན་པ་ཉེ་བར་གཞག་པ་རྣམས་རྨི་ལམ་ལྟ་བུར་ཤེས་སོ། །སྒྲ་ བརྙན་ལྟ་བུ་དང། མིག་ཡོར་ལྟ་བུ་དང། སྨིག་རྒྱུ་ལྟ་བུ་དང་སྒྱུ་མ་ལྟ་བུ་དང། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཡང་དག་པར་སྤོང་བ་རྣམས་རྨི་ ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང། མིག་ཡོར་ལྟ་བུ་དང། སྨིག་རྒྱུ་ལྟ་བུ་དང། སྒྱུ་མ་ལྟ་བུ་དང། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་རྫུ་འཕྲུལ་ གྱི་རྐང་པ་རྣམས་རྨི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང། མིག་ཡོར་ལྟ་བུ་དང། སྨིག་རྒྱུ་ལྟ་བུ་དང། སྒྱུ་མ་ལྟ་བུ་དང། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་སྤྱོད་པའི་ཚེ་དབང་པོ་རྣམས་རྨི་ལམ་ལྟ་བུར་ཤེས་སོ་།སྒྲ་བརྙན་ལྟ་བུ་དང། མིག་ཡོར་ལྟ་བུ་དང། སྨིག་རྒྱུ་ལྟ་བུ་དང། སྒྱུ་མ་ལྟ་བུ་དང། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ [444A]༄༅། །ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་སྟོབས་རྣམས་རྨི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང། མིག་ཡོར་ལྟ་བུ་དང། སྨིག་རྒྱུ་ལྟ་བུ་དང། སྒྱུ་མ་ལྟ་བུ་དང། སྤྲུལ་ པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་བྱང་ཆུབ་ཀྱི་ཡན་ལག་རྣམས་རྨི་ལམ་ལྟ་བུར་ཤེས་སོ་།སྒྲ་བརྙན་ལྟ་བུ་དང། མིག་ཡོར་ལྟ་བུ་དང། སྨིག་རྒྱུ་ལྟ་ བུ་དང། སྒྱུ་མ་ལྟ་བུ་དང། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འཕགས་པའི་ལམ་ཡན་ལག་བརྒྱད་པ་རྨི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་ དང། མིག་ཡོར་ལྟ་བུ་དང། སྨིག་རྒྱུ་ལྟ་བུ་དང། སྒྱུ་མ་ལྟ་བུ་དང། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འཕགས་པའི་བདེན་པ་རྣམས་རྨི་ལམ་ལྟ་ བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང། མིག་ཡོར་ལྟ་བུ་དང། སྨིག་རྒྱུ་ལྟ་བུ་དང། སྒྱུ་མ་ལྟ་བུ་དང། སྤྲུལ་པ་ལྟ་བུར་ཤེས་སོ་།དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་བསམ་ གཏན་རྣམས་རྨི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང། མིག་ཡོར་ལྟ་བུ་དང། སྨིག་རྒྱུ་ལྟ་བུ་དང། སྒྱུ་མ་ལྟ་བུ་དང་སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ སྤྱོད་པའི་ཚེ་ཚད་མེད་པ་རྣམས་རྨི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང། མིག་ཡོར་ལྟ་བུ་དང། སྨིག་རྒྱུ་ལྟ་བུ་དང་སྒྱུ་མ་ལྟ་བུ་དང། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ [444B]པར་འཇུག་པ་རྣམས་རྨི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང། མིག་ཡོར་ལྟ་བུ་དང། སྨིག་རྒྱུ་ལྟ་བུ་དང། སྒྱུ་མ་ལྟ་བུ་དང་ སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་རྣམ་པར་ཐར་པ་རྣམས་རྨི་ལམ་ལྟ་བུར་ཤེས་སོ་།སྒྲ་བརྙན་ལྟ་བུ་དང། མིག་ཡོར་ལྟ་བུ་དང། སྨིག་རྒྱུ་ལྟ་བུ་དང་ སྒྱུ་མ་ལྟ་བུ་དང། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་རྨི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་ བུ་དང། མིག་ཡོར་ལྟ་བུ་དང། སྨིག་རྒྱུ་ལྟ་བུ་དང། སྒྱུ་མ་ལྟ་བུ་དང། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་ མ་མེད་པ་དང། སྨོན་པ་མེད་པ་རྨི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང། མིག་ཡོར་ལྟ་བུ་དང། སྨིག་རྒྱུ་ལྟ་བུ་དང་སྒྱུ་མ་ལྟ་བུ་དང། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་མངོན་པར་ཤེས་པ་རྣམས་རྨི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང། མིག་ཡོར་ལྟ་བུ་དང་སྨིག་རྒྱུ་ལྟ་བུ་དང། སྒྱུ་མ་ལྟ་བུ་དང། སྤྲུལ་པ་ལྟ་བུར་ཤེས་ སོ༑ ༑དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཏིང་ངེ་འཛིན་རྣམས་རྨི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང། མིག་ཡོར་ལྟ་བུ་དང། སྨིག་རྒྱུ་ལྟ་བུ་དང། སྒྱུ་མ་ལྟ་བུ་དང་ [445A]༄༅། །སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་གཟུངས་ཀྱི་སྒོ་རྣམས་རྨི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང། མིག་ཡོར་ལྟ་བུ་དང་ སྨིག་རྒྱུ་ལྟ་བུ་དང། སྒྱུ་མ་ལྟ་བུ་དང། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་དེ་བཞིན་གཤེགས་པའི་སྟོབས་རྣམས་རྨི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ ལྟ་བུ་དང། མིག་ཡོར་ལྟ་བུ་དང། སྨིག་རྒྱུ་ལྟ་བུ་དང། སྒྱུ་མ་ལྟ་བུ་དང། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་མི་འཇིགས་པ་རྣམས་རྨི་ལམ་ལྟ་ བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང། མིག་ཡོར་ལྟ་བུ་དང། སྨིག་རྒྱུ་ལྟ་བུ་དང། སྒྱུ་མ་ལྟ་བུ་དང། སྤྲུལ་པ་ལྟ་བུར་ཤེས་སོ་།དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་སོ་སོ་ཡང་ དག་པར་རིག་པ་རྣམས་རྨི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང། མིག་ཡོར་ལྟ་བུ་དང། སྨིག་རྒྱུ་ལྟ་བུ་དང། སྒྱུ་མ་ལྟ་བུ་དང། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་བྱམས་པ་ཆེན་པོ་རྨི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང། མིག་ཡོར་ལྟ་བུ་དང། སྨིག་རྒྱུ་ལྟ་བུ་དང། སྒྱུ་མ་ལྟ་བུ་དང། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་སྙིང་རྗེ་ཆེན་པོ་རྨི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང། མིག་ཡོར་ལྟ་བུ་དང། སྨིག་རྒྱུ་ལྟ་བུ་དང། སྒྱུ་མ་ལྟ་བུ་དང་སྤྲུལ་པ་ལྟ་བུར་ [445B] །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྨི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང། མིག་ཡོར་ལྟ་བུ་དང། སྨིག་རྒྱུ་ལྟ་བུ་དང་ སྒྱུ་མ་ལྟ་བུ་དང། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐམས་ཅད་ཤེས་པ་ཉིད་རྨི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང། མིག་ཡོར་ལྟ་བུ་དང། སྨིག་ རྒྱུ་ལྟ་བུ་དང། སྒྱུ་མ་ལྟ་བུ་དང། སྤྲུལ་པ་ལྟ་བུར་ཤེས་སོ་།དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ལམ་གྱི་རྣམ་པ་ཤེས་པ་ཉིད་རྨི་ལམ་ལྟ་བུར་ཤེས་སོ། །སྒྲ་བརྙན་ལྟ་བུ་དང། མིག་ ཡོར་ལྟ་བུ་དང། སྨིག་རྒྱུ་ལྟ་བུ་དང། སྒྱུ་མ་ལྟ་བུ་དང་སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྨི་ལམ་ལྟ་བུར་ཤེས་ སོ༑ ༑སྒྲ་བརྙན་ལྟ་བུ་དང། མིག་ཡོར་ལྟ་བུ་དང། སྨིག་རྒྱུ་ལྟ་བུ་དང། སྒྱུ་མ་ལྟ་བུ་དང། སྤྲུལ་པ་ལྟ་བུར་ཤེས་སོ། །སེམས་ཅན་དེ་དག་ཐམས་ཅད་ཀྱང་རྨིའམ་ལ་སྤྱོད་དོ། །ཞེས་བྱ་བར་ ཤེས་སོ༑ ༑སྒྲ་བརྙན་ལ་སྤྱོད་དོ། །ཞེས་བྱ་བར་ཤེས་སོ། །མིག་ཡོར་ལ་སྤྱོད་དོ། །ཞེས་བྱ་བར་ཤེས་སོ། །སྨིག་རྒྱུ་ལ་སྤྱོད་དོ་།ཞེས་བྱ་བར་ཤེས་སོ། །སྒྱུ་མ་ལ་སྤྱོད་དོ། །ཞེས་བྱ་བར་ཤེས་སོ། ། སྤྲུལ་པ་ལ་སྤྱོད་དོ། །ཞེས་བྱ་བར་ཤེས་སོ། །དེ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་རྨི་ལམ་ལྟ་བུའི་ཆོས་རྣམས་དངོས་པོ་མེད་ [446A]༄༅། །པར་འཛིན་ཏེ། དེ་ལྟར་བཟུང་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་སྒྲ་བརྙན་ལྟ་བུའི་ཆོས་རྣམས་ དངོས་པོ་མེད་པར་འཛིན་ཏེ། དེ་ལྟར་བཟུང་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་མིག་ཡོར་ལྟ་བུའི་ཆོས་རྣམས་དངོས་པོ་ མེད་པར་འཛིན་ཏེ། དེ་ལྟར་བཟུང་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་སྨིག་རྒྱུ་ལྟ་བུའི་ཆོས་རྣམས་དངོས་པོ་མེད་པར་འཛིན་ ཏེ༑ དེ་ལྟར་བཟུང་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་སྒྱུ་མ་ལྟ་བུའི་ཆོས་རྣམས་དངོས་པོ་མེད་པར་འཛིན་ཏེ། དེ་ལྟར་བཟུང་ ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་སྤྲུལ་པ་ལྟ་བུའི་ཆོས་རྣམས་དངོས་པོ་མེད་པར་འཛིན་ཏེ། དེ་ལྟར་བཟུང་ཞིང་རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའང་གཟུང་དུ་མེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའང་གཟུང་དུ་མེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ ཕྱིན་པའང་གཟུང་དུ་མེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའང་གཟུང་དུ་མེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའང་གཟུང་དུ་མེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའང་གཟུང་དུ་མེད་དོ། ། [446B] །ཕྱི་སྟོང་པ་ཉིད་ཀྱང་གཟུང་དུ་མེད་དོ། །ཕྱི་ནང་སྟོང་པ་ཉིད་ཀྱང་གཟུང་དུ་མེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱང་གཟུང་དུ་མེད་དོ་།ཆེན་པོ་སྟོང་པ་ཉིད་ཀྱང་ གཟུང་དུ་མེད་དོ། །དོན་དམ་པ་སྟོང་པ་ཉིད་ཀྱང་གཟུང་དུ་མེད་དོ་།འདུས་བྱས་སྟོང་པ་ཉིད་ཀྱང་གཟུང་དུ་མེད་དོ། །འདུས་མ་བྱས་སྟོང་པ་ཉིད་ཀྱང་གཟུང་དུ་མེད་དོ། །མཐའ་ལས་འདས་པ་སྟོང་ པ་ཉིད་ཀྱང་གཟུང་དུ་མེད་དོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱང་གཟུང་དུ་མེད་དོ། །དོར་བ་མེད་པ་སྟོང་པ་ཉིད་ཀྱང་གཟུང་དུ་མེད་དོ། །རང་བཞིན་སྟོང་པ་ཉིད་ཀྱང་གཟུང་དུ་མེད་དོ། ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་གཟུང་དུ་མེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་གཟུང་དུ་མེད་དོ། །མི་དམིགས་པ་སྟོང་པ་ཉིད་ཀྱང་གཟུང་དུ་མེད་དོ། །དངོས་པོ་མེད་པ་སྟོང་པ་ཉིད་ཀྱང་ གཟུང་དུ་མེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱང་གཟུང་དུ་མེད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་གཟུང་དུ་མེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་གཟུང་དུ་མེད་དོ་།ཡང་ དག་པར་སྤོང་བ་རྣམས་ཀྱང་གཟུང་དུ་མེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་གཟུང་དུ་མེད་དོ། །དབང་པོ་རྣམས་ཀྱང་གཟུང་དུ་མེད་དོ། །སྟོབས་རྣམས་ཀྱང་གཟུང་དུ་མེད་དོ། །བྱང་ཆུབ་ཀྱི་ ཡན་ལག་རྣམས་ཀྱང་གཟུང་དུ་མེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའང་གཟུང་དུ་མེད་དོ། །འཕགས་པའི་བདེན་པ་རྣམས་ཀྱང་གཟུང་དུ་མེད་དོ། །བསམ་གཏན་རྣམས་ཀྱང་ [447A]༄༅། །གཟུང་དུ་མེད་དོ། །ཚད་མེད་པ་རྣམས་ཀྱང་གཟུང་དུ་མེད་དོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱང་གཟུང་དུ་མེད་དོ། །རྣམ་པར་ཐར་པ་རྣམས་ ཀྱང་གཟུང་དུ་མེད་དོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱང་གཟུང་དུ་མེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའང་ གཟུང་དུ་མེད་དོ། །མངོན་པར་ཤེས་པ་རྣམས་ཀྱང་གཟུང་དུ་མེད་དོ་།ཏིང་ངེ་འཛིན་རྣམས་ཀྱང་གཟུང་དུ་མེད་དོ། །གཟུངས་ཀྱི་སྒོ་རྣམས་ཀྱང་གཟུང་དུ་མེད་དོ། །དེ་བཞིན་གཤེགས་ པའི་སྟོབས་རྣམས་ཀྱང་གཟུང་དུ་མེད་དོ། །མི་འཇིགས་པ་རྣམས་ཀྱང་གཟུང་དུ་མེད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཀྱང་གཟུང་དུ་མེད་དོ། །བྱམས་པ་ཆེན་པོའང་གཟུང་དུ་ མེད་དོ། །སྙིང་རྗེ་ཆེན་པོའང་གཟུང་དུ་མེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་གཟུང་དུ་མེད་དོ། །དེ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ གཟུང་དུ་མེད་པར་ཤེས་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་ཏོ། །དེ་ཅིའི་ཕྱིར་ཞེ་ན་འདི་ལྟར་ཆོས་ཐམས་ཅད་ནི། གཟུང་དུ་མེད་ཅིང་དངོས་ པོ་མེད་པ་སྟེ། རྨི་ལམ་ལྟ་བུ། སྒྲ་བརྙན་ལྟ་བུ། མིག་ཡོར་ལྟ་བུ། སྨིག་རྒྱུ་ལྟ་བུ། སྒྱུ་མ་ལྟ་བུ། སྤྲུལ་པ་ལྟ་བུ་སྟེ། སེམས་ཅན་རྣམས་ཀྱི་ཆོས་དེ་དག་མ་ཤེས་མ་མཐོང་བ་མ་ [447B]ཆོས་གང་ཡང་ཐོབ་པར་མི་ནུས་པས། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱི་དོན་ དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་འཇུག་སྟེ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་སྦྱིན་པ་གང་ཅི་གཏོང་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ གཏོང་ངོ། །ཚུལ་ཁྲིམས་གང་ཅི་སྲུང་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྲུང་ངོ། །བཟོད་པ་གང་ཅི་སྒོམ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྒོམ་མོ། །བརྩོན་འགྲུས་གང་ཅི་རྩོམ་ཡང་ སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྩོམ་མོ། །བསམ་གཏན་གང་ཅི་ལ་མཉམ་པར་གཞོག་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མཉམ་པར་གཞོག་གོ་ཤེས་རབ་གང་ཅི་སྒོམ་ཡང་སེམས་ ཅན་ཐམས་ཅད་ཀྱི་དོན་དུ་བསྒོམ་སྟེ། བདག་གི་དོན་དུ་མ་ཡིན་ནོ་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སེམས་ཅན་རྣམས་ཀྱི་དོན་མ་གཏོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་མི་འཇུག་སྟེ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་སེམས་ཅན་གང་སེམས་ཅན་མེད་པ་ལ་སེམས་ཅན་གྱི་འདུ་ཤེས་སུ་གནས་པ་དང། བདག་མེད་པ་ལ་བདག་ གི་འདུ་ཤེས་སུ་གནས་པ་དང། སྲོག་མེད་པ་ལ་སྲོག་གི་འདུ་ཤེས་སུ་གནས་པ་དང། འགྲོ་བ་མེད་པ་ལ་འགྲོ་བའི་འདུ་ཤེས་སུ་གནས་པ་དང། གསོ་བ་མེད་པ་ལ་གསོ་བའི་འདུ་ཤེས་སུ་ [448A]༄༅། །གནས་པ་དང། སྐྱེས་བུ་མེད་པ་ལ་སྐྱེས་བུའི་འདུ་ཤེས་སུ་གནས་པ་དང། གང་ཟག་མེད་པ་ལ་གང་ཟག་གི་འདུ་ཤེས་སུ་གནས་པ་དང། ཤེད་ཅན་མེད་པ་ལ་ཤེད་ ཅན་གྱི་འདུ་ཤེས་སུ་གནས་པ་དང། ཤེད་བདག་མེད་པ་ལ་ཤེད་བདག་གི་འདུ་ཤེས་སུ་གནས་པ་དང། བྱེད་པ་པོ་མེད་པ་ལ་བྱེད་པ་པོའི་འདུ་ཤེས་སུ་གནས་པ་དང། བྱེད་དུ་འཇུག་པ་ པོ་མེད་པ་ལ་བྱེད་དུ་འཇུག་པ་པོའི་འདུ་ཤེས་སུ་གནས་པ་དང། སློང་བ་པོ་མེད་པ་ལ་སློང་བ་པོའི་འདུ་ཤེས་སུ་གནས་པ་དང། སློང་དུ་འཇུག་པ་པོ་མེད་པ་ལ་སློང་དུ་འཇུག་པ་པོའི་འདུ་ ཤེས་སུ་གནས་པ་དང། ཚོར་བ་པོ་མེད་པ་ལ་ཚོར་བ་པོའི་འདུ་ཤེས་སུ་གནས་པ་དང། ཚོར་དུ་འཇུག་པ་པོ་མེད་པ་ལ་ཚོར་དུ་འཇུག་པ་པོའི་འདུ་ཤེས་སུ་གནས་པ་དང། ཤེས་པ་ པོ་མེད་པ་ལ་ཤེས་པ་པོའི་འདུ་ཤེས་སུ་གནས་པ་དང། མཐོང་བ་པོ་མེད་པ་ལ་མཐོང་བ་པོའི་འདུ་ཤེས་སུ་གནས་པ་དེ་དག་ཕྱིན་ཅི་ལོག་ལས་རྣམ་པར་འགྲེལ་ཏེ། ཕྱིན་ཅི་ལོག་ལས་ རྣམ་པར་བཀྲོལ་ཞིང་འཆི་བ་མེད་པའི་དབྱིངས་སུ་འགོད་དོ། །དེ་ལ་བཀོད་ནས་རྒྱུ་བ་འདི་དག་ཡོངས་སུ་མི་རྒྱུ་སྟེ། བདག་གི་འདུ་ཤེས་སམ། སེམས་ཅན་གྱི་འདུ་ཤེས་སམ། སྲོག་ གི་འདུ་ཤེས་སམ། འགྲོ་བའི་འདུ་ཤེས་སམ། གསོ་བའི་འདུ་ཤེས་སམ་སྐྱེས་བུའི་འདུ་ཤེས་སམ། གང་ཟག་གི་འདུ་ཤེས་སམ། ཤེད་ཅན་གྱི་འདུ་ཤེས་སམ། ཤེད་བདག་གི་ [448B] བྱེད་པ་པོའི་འདུ་ཤེས་སམ། བྱེད་དུ་འཇུག་པ་པོའི་འདུ་ཤེས་སམ། སློང་བ་པོའི་འདུ་ཤེས་སམ། སློང་དུ་འཇུག་པ་པོའི་འདུ་ཤེས་སམ། ཚོར་བ་པོའི་འདུ་ཤེས་སམ་ ཚོར་དུ་འཇུག་པ་པོའི་འདུ་ཤེས་སམ། ཤེས་པ་པོའི་འདུ་ཤེས་སམ་མཐོང་བ་པོའི་འདུ་ཤེས་ཡོངས་སུ་མི་རྒྱུ་སྟེ། དེ་གཡོ་བ་དང་རློམ་སེམས་དང། འདོར་བ་དང། སྤྲོས་པ་འདི་ དག་བཏང་ནས་སྤྲོས་པ་མེད་པའི་སེམས་ཀྱིས་ཉེ་བར་བསྒྲུབས་ཤིང་མང་དུ་སྤྱོད་དེ། རབ་འབྱོར། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་སྤྱོད་པའི་ཚེ་བདག་ཉིད་ཀྱང་ཆོས་གང་ལའང་མངོན་པར་ཞེན་པ་མེད་ལ། སེམས་ཅན་ཐམས་ཅད་ཀྱང་མངོན་པར་ཞེན་པ་མེད་པ་ལ་རབ་ཏུ་འགོད་དེ། དེ་ནི། འཇིག་རྟེན་གྱི་ཐ་སྙད་ དུ་ཡིན་གྱི་དོན་དམ་པར་ནི། མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཆོས་གང་མངོན་པར་རྫོགས་པར་སངས་རྒྱས་པ་དེ། འཇིག་རྟེན་གྱི་ཐ་སྙད་དུ་མངོན་ པར་རྫོགས་པར་སངས་རྒྱས་སམ། མ་ལགས་ཀྱི། དོན་དམ་པར་མངོན་པར་རྫོགས་པར་སངས་རྒྱས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་གཤེགས་པས་ཆོས་འདི་ མངོན་པར་རྫོགས་པར་སངས་རྒྱས་སོ། །ཞེས་བྱ་བ་ནི། འཇིག་རྟེན་གྱི་ཐ་སྙད་དུ་བརྗོད་པ་སྟེ། དེ་ལ་ཆོས་འདིས་ཆོས་འདི་ལྟ་བུ་ཞིག་མངོན་པར་རྫོགས་པར་སངས་རྒྱས་སོ། །ཞེས་བྱ་བ་དེ་ [449A]༄༅། །ལྟ་བུ་གང་ཡང་མི་དམིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཆོས་འདིས་ཆོས་འདི་ལྟ་བུ་ཞིག་མངོན་པར་རྫོགས་པར་སངས་རྒྱས་སོ། །ཞེས་བྱ་བ་ནི། དམིགས་པ་སྟེ་ གཉིས་ཀྱིས་ནི། གང་ཡང་ཐོབ་པའམ། མངོན་པར་རྟོགས་པར་འགྱུར་བ་མེད་དོ། །གསོལ་པ། བཅོམ་ལྡན་འདས། དེ་སྟེ་གཉིས་ཀྱིས་ཐོབ་པ་དང་མངོན་པར་རྟོགས་པར་འགྱུར་བ་མ་མཆིས་ ན༑ གཉིས་སུ་མ་མཆིས་པས་ཐོབ་པ་དང། མངོན་པར་རྟོགས་པར་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཉིས་ཀྱིས་ཀྱང་ཐོབ་པ་དང། མངོན་པར་རྟོགས་པར་འགྱུར་བ་ མེད་དེ༑ གཉིས་སུ་མེད་པས་ཀྱང་ཐོབ་པ་དང། མངོན་པར་རྟོགས་པར་འགྱུར་བ་མེད་དོ། །གང་ལ་གཉིས་ཀྱང་མེད་ལ། མི་གཉིས་པའང་མེད་པ་ནི། ཐོབ་པ་དང། མངོན་པར་རྟོགས་པ་ཞེས་ བྱའོ༑ ༑དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འདི་ནི། ཐོབ་པའོ། །འདི་ནི། མངོན་པར་རྟོགས་པའོ། །ཞེས་བྱ་བ་ནི། སྤྲོས་པ་སྟེ། ཆོས་མཉམ་པ་ཉིད་ལ་སྤྲོས་པ་མེད་དེ། སྤྲོས་པ་མེད་པ་ནི། ཆོས་ མཉམ་པ་ཉིད་དོ། །གསོལ་པ། བཅོམ་ལྡན་འདས། ཆོས་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་རྣམས་ལ། ཆོས་ཀྱི་མཉམ་པ་ཉིད་ཅེས་བགྱི་བའང་གང་ཞིག་མཆིས། བཅོམ་ལྡན་འདས་ཀྱིས་ སྩལ་པ༑ གང་ལ་དངོས་པོ་མེད་པ་དང། དངོས་པོ་མེད་པ་ལའང་མ་ཡིན་པ་དང། ངོ་བོ་ཉིད་མེད་པ་དང། ཡོངས་སུ་བརྗོད་པ་མེད་པ་འདི་ནི། ཆོས་མཉམ་པ་ཉིད་དེ། ཆོས་མཉམ་པ་ཉིད་པོ་ [449B] བརྗོད་དུ་མེད་པའོ། །ཆོས་མཉམ་པ་ཉིད་མ་གཏོགས་པར་ཡང་དམིགས་པར་འགྱུར་བའི་ཆོས་གང་ཡང་མེད་དེ། ཆོས་མཉམ་པ་ཉིད་ནི། ཆོས་ཐམས་ཅད་ལས་རྣམ་པར་འདས་པའོ། །ཆོས་ མཉམ་པ་ཉིད་ནི། བྱིས་པའམ། འཕགས་པའམ། ཆོས་གང་གིས་ཀྱང་ཤེས་པར་མི་རུང་ཞིང། ཡུལ་མ་ཡིན་པའོ། །གསོལ་པ། བཅོམ་ལྡན་འདས། ཆོས་མཉམ་པ་ཉིད་པོ་དེ་ནི། དེ་བཞིན་ གཤེགས་པའི་ཡུལ་ཡང་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། ཆོས་མཉམ་པ་ཉིད་ནི། འཕགས་པ་ཐམས་ཅད་ཀྱི་ཡུལ་མ་ཡིན་ཏེ། རྒྱུན་དུ་ཞུགས་པའམ་ ལན་གཅིག་ཕྱིར་འོང་བའམ། ཕྱིར་མི་འོང་བའམ། དགྲ་བཅོམ་པའམ་རང་བྱང་ཆུབ་བམ། བྱང་ཆུབ་སེམས་དྤའམ། དེ་བཞིན་གཤེགས་པའི་ཡུལ་མ་ཡིན་ནོ། །གསོལ་པ། བཅོམ་ ལྡན་འདས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི། ཆོས་ཐམས་ཅད་ཀྱི་ཡུལ་ལ་མངའ་སྒྱུར་བ་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། རབ་འབྱོར། གལ་ཏེ་ཆོས་མཉམ་པ་ཉིད་ཀྱང་གཞན་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་གཞན་ཞིག་ཡིན་ན་ནི། དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཐམས་ཅད་ཀྱི་ཡུལ་ལ་མངའ་སྒྱུར་བར་ཡང་འགྱུར་ན། རབ་འབྱོར། སོ་སོའི་སྐྱེ་བོ་རྣམས་ཀྱི་ཆོས་མཉམ་པ་ཉིད་ [450A]༄༅། །གང་ཡིན་པ་དང། རྒྱུན་དུ་ཞུགས་པ་རྣམས་ཀྱི་ཆོས་མཉམ་པ་ཉིད་གང་ཡིན་པ་དང། ལན་གཅིག་ཕྱིར་འོང་བ་རྣམས་ཀྱི་ཆོས་མཉམ་པ་ཉིད་གང་ཡིན་པ་དང། ཕྱིར་མི་འོང་བ་ རྣམས་ཀྱི་ཆོས་མཉམ་པ་ཉིད་གང་ཡིན་པ་དང། དགྲ་བཅོམ་པ་རྣམས་ཀྱི་ཆོས་མཉམ་པ་ཉིད་གང་ཡིན་པ་དང། རང་སངས་རྒྱས་རྣམས་ཀྱི་ཆོས་མཉམ་པ་ཉིད་གང་ཡིན་པ་དང། བྱང་ཆུབ་ སེམས་དཔའ་རྣམས་ཀྱི་ཆོས་མཉམ་པ་ཉིད་གང་ཡིན་པ་དང། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་མཉམ་པ་ཉིད་གང་ཡིན་པ་དེ་ནི། མཉམ་པ་ཉིད་གཅིག་པ་སྟེ། མཉམ་པ་ཉིད་དང་ མི་མཉམ་པ་ཉིད་ལ་བྱེ་བྲག་གང་ཡང་མེད་དོ། །དེ་ལྟར་སོ་སོའི་སྐྱེ་བོ་རྣམས་ཀྱི་མཉམ་པ་ཉིད་གང་ཡིན་པ་དང། འཕགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་གང་ཡིན་པ་དེ་ནི། མཉམ་པ་ ཉིད་གཅིག་པ་སྟེ། མཉམ་པ་ཉིད་གཅིག་པ་ལ་འདི་ནི། སོ་སོའི་སྐྱེ་བོའོ། །འདི་ནི། རྒྱུན་དུ་ཞུགས་པའོ། །འདི་ནི། ལན་གཅིག་ཕྱིར་འོང་བའོ། །འདི་ནི། ཕྱིར་མི་འོང་བའོ། །འདི་ནི། དགྲ་ བཅོམ་པའོ། །འདི་ནི། རང་སངས་རྒྱས་སོ། །འདི་ནི། བྱང་ཆུབ་སེམས་དཔའོ། །འདི་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །ཞེས་བྱ་བར་ གཉིས་སུ་བྱ་བ་མེད་དེ། རྣམ་པར་རྟོག་པ་དེ་དག་ནི། མཉམ་པ་ཉིད་ལ་མི་དམིགས་སོ། །གསོལ་པ། བཅོམ་ལྡན་འདས། དེ་སྟེ་ཆོས་ཐམས་ཅད་མཉམ་པ་ཉིད་ལ་འདི་ནི། སོ་སོའི་སྐྱེ་ [450B] །འདི་ནི། རྒྱུན་དུ་ཞུགས་པའོ། །འདི་ནི། ལན་གཅིག་ཕྱིར་འོང་བའོ། །འདི་ནི། ཕྱིར་མི་འོང་བའོ། །འདི་ནི། དགྲ་བཅོམ་པའོ་།འདི་ནི། རང་སངས་རྒྱས་སོ། །འདི་ནི། བྱང་ཆུབ་སེམས་དཔའོ། ། འདི་ནི༑ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །ཞེས་བགྱི་བའི་རྣམ་པར་རྟོག་པ་དེ་དག་མི་དམིགས་ན། དེས་སོ་སོའི་སྐྱེ་བོ་རྣམས་དང། རྒྱུན་དུ་ཞུགས་ པ་རྣམས་དང། ལན་གཅིག་ཕྱིར་འོང་བ་རྣམས་དང། ཕྱིར་མི་འོང་བ་རྣམས་དང། དགྲ་བཅོམ་པ་རྣམས་དང། རང་སངས་རྒྱས་རྣམས་དང། བྱང་ཆུབ་སེམས་དཔའ་རྣམས་དང། དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཁྱད་པར་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་རབ་འབྱོར། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཆོས་ ཐམས་ཅད་མཉམ་པ་ཉིད་ལ་སོ་སོའི་སྐྱེ་བོ་རྣམས་དང། རྒྱུན་དུ་ཞུགས་པ་རྣམས་དང། ལན་གཅིག་ཕྱིར་འོང་བ་རྣམས་དང། ཕྱིར་མི་འོང་བ་རྣམས་དང། དགྲ་བཅོམ་པ་རྣམས་དང། རང་སངས་ རྒྱས་རྣམས་དང། བྱང་ཆུབ་སེམས་དཔའ་རྣམས་དང། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་ཁྱད་པར་མེད་དོ། །གསོལ་པ། བཅོམ་ལྡན་འདས། དེ་སྟེ་ ཆོས་ཐམས་ཅད་མཉམ་པ་ཉིད་ལ་སོ་སོའི་སྐྱེ་བོ་རྣམས་དང། རྒྱུན་དུ་ཞུགས་པ་རྣམས་དང། ལན་གཅིག་ཕྱིར་འོང་བ་རྣམས་དང། ཕྱིར་མི་འོང་བ་རྣམས་དང། དགྲ་བཅོམ་པ་རྣམས་དང། རང་སངས་རྒྱས་རྣམས་ [451A]༄༅། །དང། བྱང་ཆུབ་སེམས་དཔའ་རྣམས་དང། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་ཁྱད་པར་མ་མཆིས་ན། བཅོམ་ལྡན་འདས། ཅིའི་ སླད་དུ་སངས་རྒྱས་དཀོན་མཆོག་དང། ཆོས་དཀོན་མཆོག་དང། དགེ་འདུན་དཀོན་མཆོག་དང། དཀོན་མཆོག་གསུམ་པོ་དེ་དག་འཇིག་རྟེན་དུ་འབྱུང་བར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས། སངས་རྒྱས་དཀོན་མཆོག་ཀྱང་གཞན་ལ། ཆོས་དཀོན་མཆོག་ཀྱང་གཞན་ཏེ། དགེ་འདུན་དཀོན་མཆོག་ཀྱང་གཞན་ཞིག་ལ། ཆོས་མཉམ་པ་ཉིད་ ཀྱང་གཞན་ཞིག་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས། བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་བ་ལྟར་ན། སངས་རྒྱས་དཀོན་མཆོག་ཀྱང་གཞན་ལ། ཆོས་དཀོན་ མཆོག་ཀྱང་གཞན་ཏེ། དགེ་འདུན་དཀོན་མཆོག་ཀྱང་གཞན་ཞིག་ལ་ཆོས་མཉམ་པ་ཉིད་ཀྱང་གཞན་པ་མ་ལགས་ཀྱི། བཅོམ་ལྡན་འདས་སངས་རྒྱས་དཀོན་མཆོག་གང་ལགས་པ་དང། ཆོས་དཀོན་ མཆོག་གང་ལགས་པ་དང། དགེ་འདུན་དཀོན་མཆོག་གང་ལགས་པ་དེ་ཉིད་ཆོས་མཉམ་པ་ཉིད་དོ། །ཆོས་དེ་དག་ཐམས་ཅད་ནི། ལྡན་པའང་མ་ལགས། མི་ལྡན་པའང་མ་ལགས། གཟུགས་མ་ མཆིས་པ། བསྟན་དུ་མ་མཆིས་པ། ཐོགས་པ་མ་མཆིས་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མ་མཆིས་པའོ། །དེ་ལྟར་ཆོས་རྣམས་མཚན་ཉིད་མ་མཆིས་པ་ལ་འདི་ནི། སོ་སོའི་སྐྱེ་ [451B] ༑འདི་ནི། རྒྱུན་དུ་ཞུགས་པའོ། །འདི་ནི། ལན་གཅིག་ཕྱིར་འོང་བའོ། །འདི་ནི། ཕྱིར་མི་འོང་བའོ། །འདི་ནི། དགྲ་བཅོམ་པའོ་།འདི་ནི། རང་སངས་རྒྱས་སོ། །འདི་ནི། བྱང་ཆུབ་སེམས་དཔའོ་།འདི་ནི། དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །ཞེས་རྣམ་པར་དགོད་པར་བགྱི་བ་དེ་ནི། བཅོམ་ལྡན་འདས་ཀྱི་ཡུལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་ འབྱོར༑ དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། མཚན་ཉིད་མེད་པའི་ཆོས་རྣམས་རྣམ་པར་དགོད་པ་དེ་ནི། དེ་བཞིན་གཤེགས་པའི་མཐུའོ། །རབ་འབྱོར། དེ་ཇི་སྙམ་དུ་སེམས། དེ་སྟེ་དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ལ། མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར་ཆོས་རྣམས་རྣམ་པར་དགོད་པར་མ་མཛད་ན། སེམས་ ཅན་དམྱལ་བ་ཡོད་པར་མངོན་ནམ། བྱོལ་སོང་གི་སྐྱེ་གནས་ཡོད་པར་མངོན་ནམ། གཤིན་རྗེའི་འཇིག་རྟེན་ཡོད་པར་མངོན་ནམ། མི་ཡོད་པར་མངོན་ནམ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་ཡོད་པར་མངོན་ནམ་ སུམ་ཅུ་རྩ་གསུམ་གྱི་ལྷ་ཡོད་པར་མངོན་ནམ། མཚེ་མའི་ལྷ་ཡོད་པར་མངོན་ནམ། དགའ་ལྡན་གྱི་ལྷ་ཡོད་པར་མངོན་ནམ། འཕྲུལ་དགའི་ལྷ་ཡོད་པར་མངོན་ནམ། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་ཡོད་པར་ མངོན་ནམ། ཚངས་རིས་ཀྱི་ལྷ་ཡོད་པར་མངོན་ནམ། ཚངས་ལྷ་ཉེ་ཕན་གྱི་ལྷ་ཡོད་པར་མངོན་ནམ། ཚངས་པ་ཀུན་འཁོར་གྱི་ལྷ་ཡོད་པར་མངོན་ནམ། ཚངས་ཆེན་གྱི་ལྷ་ཡོད་པར་མངོན་ནམ། སྣང་བའི་ལྷ་ [452A]༄༅། །ཡོད་པར་མངོན་ནམ། ཆུང་སྣང་གི་ལྷ་ཡོད་པར་མངོན་ནམ། ཚད་མེད་སྣང་བའི་ལྷ་ཡོད་པར་མངོན་ནམ། ཀུན་སྣང་དང་བའི་ལྷ་ཡོད་པར་མངོན་ནམ། དགེ་བའི་ལྷ་ཡོད་པར་མངོན་ནམ་ ཆུང་དགེའི་ལྷ་ཡོད་པར་མངོན་ནམ། ཚད་མེད་དགེ་བའི་ལྷ་ཡོད་པར་མངོན་ནམ། དགེ་རྒྱས་ཀྱི་ལྷ་ཡོད་པར་མངོན་ནམ། ཆེ་བའི་ལྷ་ཡོད་པར་མངོན་ནམ། ཆུང་ཆེའི་ལྷ་ཡོད་པར་མངོན་ནམ། ཚད་མེད་ཆེ་བའི་ལྷ་ ཡོད་པར་མངོན་ནམ། འབྲས་བུ་ཆེ་བའི་ལྷ་ཡོད་པར་མངོན་ནམ། མི་ཆེ་བའི་ལྷ་ཡོད་པར་མངོན་ནམ། མི་གདུང་བའི་ལྷ་ཡོད་པར་མངོན་ནམ། ཤིན་ཏུ་མཐོང་བའི་ལྷ་ཡོད་པར་མངོན་ནམ། གྱ་ནོམ་སྣང་བའི་ ལྷ་ཡོད་པར་མངོན་ནམ། འོག་མིན་གྱི་ལྷ་ཡོད་པར་མངོན་ནམ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་ཡོད་པར་མངོན་ནམ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་ཡོད་པར་མངོན་ནམ། ཅུང་ཟད་མེད་ པའི་སྐྱེ་མཆེད་ཀྱི་ལྷ་ཡོད་པར་མངོན་ནམ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷ་ཡོད་པར་མངོན་ནམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་པར་མངོན་ནམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཡོད་པར་མངོན་ནམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་པར་མངོན་ནམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་པར་མངོན་ནམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོད་པར་མངོན་ ནམ༑ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་པར་མངོན་ནམ། བྱང་ཆུབ་སེམས་དཔའི་ས་བཅུ་ཡོད་པར་མངོན་ནམ། ནང་སྟོང་པ་ཉིད་ཡོད་པར་མངོན་ནམ། ཕྱི་སྟོང་པ་ཉིད་ཡོད་པར་མངོན་ནམ། ཕྱི་ནང་ [452B] སྟོང་པ་ཉིད་སྟོང་པ་ཉིད་ཡོད་པར་མངོན་ནམ། ཆེན་པོ་སྟོང་པ་ཉིད་ཡོད་པར་མངོན་ནམ་དོན་དམ་པ་སྟོང་པ་ཉིད་ཡོད་པར་མངོན་ནམ། འདུས་བྱས་སྟོང་པ་ཉིད་ཡོད་པར་ མངོན་ནམ། འདུས་མ་བྱས་སྟོང་པ་ཉིད་ཡོད་པར་མངོན་ནམ། མཐའ་ལས་འདས་པ་སྟོང་པ་ཉིད་ཡོད་པར་མངོན་ནམ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཡོད་པར་མངོན་ནམ། དོར་བ་མེད་པ་སྟོང་ པ་ཉིད་ཡོད་པར་མངོན་ནམ། རང་བཞིན་སྟོང་པ་ཉིད་ཡོད་པར་མངོན་ནམ། ཆོས་ཐམས་ཅད་སྟོང་པ་ཉིད་ཡོད་པར་མངོན་ནམ། རང་གི་མཚན་ཉིད་སྟོང་པ་ཉིད་ཡོད་པར་མངོན་ནམ། མི་དམིགས་ པ་སྟོང་པ་ཉིད་ཡོད་པར་མངོན་ནམ། དངོས་པོ་མེད་པ་སྟོང་པ་ཉིད་ཡོད་པར་མངོན་ནམ། ངོ་བོ་ཉིད་སྟོང་པ་ཉིད་ཡོད་པར་མངོན་ནམ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོད་པར་མངོན་ནམ་ དྲན་པ་ཉེ་བར་གཞག་པ་རྣམས་ཡོད་པར་མངོན་ནམ། ཡང་དག་པར་སྤོང་བ་རྣམས་ཡོད་པར་མངོན་ནམ། རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོད་པར་མངོན་ནམ། དབང་པོ་རྣམས་ཡོད་པར་མངོན་ནམ་ སྟོབས་རྣམས་ཡོད་པར་མངོན་ནམ། བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོད་པར་མངོན་ནམ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོད་པར་མངོན་ནམ། འཕགས་པའི་བདེན་པ་རྣམས་ཡོད་པར་ མངོན་ནམ། བསམ་གཏན་རྣམས་ཡོད་པར་མངོན་ནམ། ཚད་མེད་པ་རྣམས་ཡོད་པར་མངོན་ནམ། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཡོད་པར་མངོན་ནམ། རྣམ་པར་ཐར་པ་རྣམས་ཡོད་ [453A]༄༅། །པར་མངོན་ནམ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཡོད་པར་མངོན་ནམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ཡོད་པར་མངོན་ ནམ༑ མངོན་པར་ཤེས་པ་རྣམས་ཡོད་པར་མངོན་ནམ། ཏིང་ངེ་འཛིན་རྣམས་ཡོད་པར་མངོན་ནམ། གཟུངས་ཀྱི་སྒོ་རྣམས་ཡོད་པར་མངོན་ནམ་དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོད་པར་ མངོན་ནམ། མི་འཇིགས་པ་རྣམས་ཡོད་པར་མངོན་ནམ། སོ་སོ་ཡང་དག་པར་རིག་པ་རྣམས་ཡོད་པར་མངོན་ནམ། བྱམས་པ་ཆེན་པོ་ཡོད་པར་མངོན་ནམ། སྙིང་རྗེ་ཆེན་པོ་ཡོད་པར་མངོན་ནམ་ སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོད་པར་མངོན་ནམ། མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཡོད་པར་མངོན་ནམ། དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོད་པར་མངོན་ནམ། སངས་རྒྱས་དཀོན་ མཆོག་ཡོད་པར་མངོན་ནམ། ཆོས་དཀོན་མཆོག་ཡོད་པར་མངོན་ནམ། དགེ་འདུན་དཀོན་མཆོག་ཡོད་པར་མངོན་ནམ། ཉན་ཐོས་ཀྱི་ཐེག་པ་ཡོད་པར་མངོན་ནམ། རང་སངས་རྒྱས་ཀྱི་ཐེག་པ་ ཡོད་པར་མངོན་ནམ། སངས་རྒྱས་ཀྱི་ཐེག་པ་ཡོད་པར་མངོན་ནམ་ཐེག་པ་ཆེན་པོ་ཡོད་པར་མངོན་ནམ། དད་པའི་རྗེས་སུ་འབྲང་བ་ཡོད་པར་མངོན་ནམ། ཆོས་ཀྱི་རྗེས་སུ་འབྲང་བ་ཡོད་པར་ མངོན་ནམ། བརྒྱད་པ་ཡོད་པར་མངོན་ནམ། རྒྱུན་དུ་ཞུགས་པ་ཡོད་པར་མངོན་ནམ། ལན་གཅིག་ཕྱིར་འོང་བ་ཡོད་པར་མངོན་ནམ། ཕྱིར་མི་འོང་བ་ཡོད་པར་མངོན་ནམ། དགྲ་བཅོམ་པ་ [453B] རང་སངས་རྒྱས་ཡོད་པར་མངོན་ནམ་བྱང་ཆུབ་སེམས་དཔའ་ཡོད་པར་མངོན་ནམ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོད་པར་ མངོན་ནམ། གསོལ་པ། བཅོམ་ལྡན་འདས། ཆོས་དེ་དག་ཐམས་ཅད་ནི་མཆིས་པར་མངོན་པར་མི་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ལྟ་བས་ན། དེ་ལྟར་ ཆོས་ཐམས་ཅད་མཉམ་པ་ཉིད་ལས་ཀྱང་མི་གཡོ་ལ། ཆོས་རྣམས་རྣམ་པར་དགོད་པར་མཛད་པ་ནི། དེ་བཞིན་གཤེགས་པའི་མཐུའོ།།།།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ བརྒྱ་པ། །བམ་པོ་སུམ་བརྒྱ་གཅིག་པ། །གསོལ་པ། བཅོམ་ལྡན་འདས། ཇི་ལྟར་དེ་བཞིན་གཤེགས་པ་ཆོས་མཉམ་པ་ཉིད་ལས་མི་གཡོ་བ་དེ་བཞིན་དུ་སོ་སོའི་སྐྱེ་བོ་རྣམས་ཀྱང་ཆོས་མཉམ་པ་ཉིད་ ལས་མི་གཡོ་བ་ལགས་སམ། དེ་བཞིན་དུ་དད་པའི་རྗེས་སུ་འབྲང་བ་རྣམས་ཀྱང་ཆོས་མཉམ་པ་ཉིད་ལས་མི་གཡོ་བ་ལགས་སམ། དེ་བཞིན་དུ་ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་ཀྱང་ཆོས་ མཉམ་པ་ཉིད་ལས་མི་གཡོ་བ་ལགས་སམ། དེ་བཞིན་དུ་བརྒྱད་པའང་ཆོས་མཉམ་པ་ཉིད་ལས་མི་གཡོ་བ་ལགས་སམ། དེ་བཞིན་དུ་རྒྱུན་དུ་ཞུགས་པ་རྣམས་ཀྱང་ཆོས་མཉམ་པ་ཉིད་ལས་མི་ གཡོ་བ་ལགས་སམ། དེ་བཞིན་དུ་ལན་གཅིག་ཕྱིར་འོང་བ་རྣམས་ཀྱང་ཆོས་མཉམ་པ་ཉིད་ལས་མི་གཡོ་བ་ལགས་སམ། དེ་བཞིན་དུ་ཕྱིར་མི་འོང་བ་རྣམས་ཀྱང་ཆོས་མཉམ་པ་ཉིད་ལས་མི་གཡོ་ [454A]༄༅། །བ་ལགས་སམ། དེ་བཞིན་དུ་དགྲ་བཅོམ་པ་རྣམས་ཀྱང་ཆོས་མཉམ་པ་ཉིད་ལས་མི་གཡོ་བ་ལགས་སམ། དེ་བཞིན་དུ་རང་སངས་རྒྱས་རྣམས་ཀྱང་ཆོས་མཉམ་པ་ ཉིད་ལས་མི་གཡོ་བ་ལགས་སམ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཆོས་མཉམ་པ་ཉིད་ལས་མི་གཡོ་བ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར། ཆོས་ཐམས་ཅད་ནི་ཆོས་མཉམ་པ་ཉིད་ལས་མི་གཡོའོ། །ཆོས་མཉམ་པ་ཉིད་ལས་མི་འདའོ། །རབ་འབྱོར། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་ དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་གང་ཡིན་པ་དེ་ཉིད་ནི། སོ་སོའི་སྐྱེ་བོ་རྣམས་ཀྱི་དེ་བཞིན་ཉིད་དང། མ་ནོར་བ་དེ་ བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་སྟེ། དེ་ཉིད་ནི། དད་ པའི་རྗེས་སུ་འབྲང་བ་རྣམས་ཀྱི་དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང་ [454B] ཡང་དག་པའི་མཐའོ། །དེ་ཉིད་ནི། ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་ཀྱི་དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང་ཆོས་ཉིད་ དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའོ། །དེ་ཉིད་ནི། བརྒྱད་པ་རྣམས་ཀྱི་དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་ མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའོ། །དེ་ཉིད་ནི། རྒྱུན་དུ་ཞུགས་པ་རྣམས་ཀྱི་དེ་བཞིན་ ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའོ། ། དེ་ཉིད་ནི། ལན་གཅིག་ཕྱིར་འོང་བ་རྣམས་ཀྱི་དེ་བཞིན་ཉིད་དང་མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང་ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའོ། །དེ་ཉིད་ནི། ཕྱིར་མི་འོང་བ་རྣམས་ཀྱི་དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་ དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའོ། །དེ་ཉིད་ནི། དགྲ་བཅོམ་པ་རྣམས་ཀྱི་དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་ [455A]༄༅། །མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའོ། །དེ་ཉིད་ནི། རང་ སངས་རྒྱས་རྣམས་ཀྱི་དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་ པ་ཉིད་དང། ཡང་དག་པའི་མཐའོ། །དེ་ཉིད་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང་ ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང་ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་སྟེ། དེ་དག་ཐམས་ཅད་ནི། ཆོས་མཉམ་པ་ཉིད་དེ་ལས་རྣམ་པར་མི་འདའོ། །དེ་ ཅིའི་ཕྱིར་ཞེ་ན། དེ་དག་གི་ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ ཉིད་དང། ཡང་དག་པའི་མཐའ་ནི། དེ་ཉིད་ཡིན་ཏེ། དེ་དག་ལས་ཆོས་མཉམ་པ་ཉིད་ཅེས་བྱ་བ་གཞན་གང་ཡང་མེད་དོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། གལ་ཏེ་དེ་ལྟར་སོ་སོའི་ སྐྱེ་བོ་རྣམས་ཀྱི་ཆོས་མཉམ་པ་ཉིད་གང་ལགས་པ་ཉིད། དད་པའི་རྗེས་སུ་འབྲང་བ་རྣམས་ཀྱི་ཆོས་མཉམ་པ་ཉིད། དེ་ཉིད་ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་ཀྱི་ཆོས་མཉམ་པ་ཉིད། དེ་ཉིད་ [455B] དེ་ཉིད་རྒྱུན་དུ་ཞུགས་པ་རྣམས་ཀྱི་ཆོས་མཉམ་པ་ཉིད། དེ་ཉིད་ལན་ཅིག་ཕྱིར་འོང་བ་རྣམས་ཀྱི་ཆོས་མཉམ་པ་ཉིད། དེ་ཉིད་ཕྱིར་མི་འོང་བ་རྣམས་ཀྱི་ཆོས་ མཉམ་པ་ཉིད། དེ་ཉིད་དགྲ་བཅོམ་པ་རྣམས་ཀྱི་ཆོས་མཉམ་པ་ཉིད་དེ་ཉིད་རང་སངས་རྒྱས་རྣམས་ཀྱི་ཆོས་མཉམ་པ་ཉིད། དེ་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆོས་ མཉམ་པ་ཉིད། དེ་ཉིད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཆོས་མཉམ་པ་ཉིད་ལགས་ན་བཅོམ་ལྡན་འདས། མཚན་ཉིད་མི་འདྲ་བའི་ཆོས་ འདི་ལྟ་སྟེ། གཟུགས་དང། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་དང། རྣམ་པར་ཤེས་པ་དང། མིག་དང། རྣ་བ་དང། སྣ་དང། ལྕེ་དང། ལུས་དང། ཡིད་དང། གཟུགས་དང། སྒྲ་དང་ དྲི་དང། རོ་དང། རེག་དང། ཆོས་དང། མིག་གི་རྣམ་པར་ཤེས་པ་དང། མིག་གི་འདུས་ཏེ་རེག་པ་དང། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང། རྣ་བའི་རྣམ་པར་ཤེས་པ་དང། རྣ་བའི་འདུས་ ཏེ་རེག་པ་དང། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང། སྣའི་རྣམ་པར་ཤེས་པ་དང། སྣའི་འདུས་ཏེ་རེག་པ་དང་སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང། ལྕེའི་རྣམ་པར་ཤེས་ པ་དང། ལྕེའི་འདུས་ཏེ་རེག་པ་དང། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང། ལུས་ཀྱི་རྣམ་པར་ཤེས་པ་དང། ལུས་ཀྱི་འདུས་ཏེ་རེག་པ་དང། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་ [456A]༄༅། །ཡིད་ཀྱི་རྣམ་པར་ཤེས་པ་དང། ཡིད་ཀྱི་འདུས་ཏེ་རེག་པ་དང། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང། སའི་ཁམས་དང། ཆུའི་ཁམས་དང། མེའི་ཁམས་ དང། རླུང་གི་ཁམས་དང། ནམ་མཁའི་ཁམས་དང། རྣམ་པར་ཤེས་པའི་ཁམས་དང། རྟེན་ཅིང་འབྲེལ་བར་འབྱུང་བ་དང། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་དང། འདོད་ཆགས་དང་ ཞེ་སྡང་དང། གཏི་མུག་དང། ལྟེ་བའི་རྣམ་པ་ཐམས་ཅད་དང་བསམ་གཏན་དང། ཚད་མེད་པ་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ དང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་དང། ཐབས་མཁས་པའི་ཕ་རོལ་ཏུ་ཕྱིན་པ་དང། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བྱང་ཆུབ་སེམས་དཔའི་ ས་བཅུ་དང། དྲན་པ་ཉེ་བར་གཞག་པ་རྣམས་དང། ཡང་དག་པར་སྤོང་བ་རྣམས་དང། རྫུ་འཕྲུལ་གྱི་རྐང་པ་རྣམས་དང། དབང་པོ་རྣམས་དང། སྟོབས་རྣམས་དང། བྱང་ཆུབ་ཀྱི་ཡན་ལག་ རྣམས་དང། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང། འཕགས་པའི་བདེན་པ་རྣམས་དང། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང། སྨོན་པ་མེད་པ་དང་ [456B] ཕྱི་སྟོང་པ་ཉིད་དང། ཕྱི་ནང་སྟོང་པ་ཉིད་དང། སྟོང་པ་ཉིད་སྟོང་པ་ཉིད་དང། ཆེན་པོ་སྟོང་པ་ཉིད་དང། དོན་དམ་པ་སྟོང་པ་ཉིད་དང། འདུས་བྱས་སྟོང་པ་ཉིད་དང། འདུས་ མ་བྱས་སྟོང་པ་ཉིད་དང། མཐའ་ལས་འདས་པ་སྟོང་པ་ཉིད་དང་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང། དོར་བ་མེད་པ་སྟོང་པ་ཉིད་དང། རང་བཞིན་སྟོང་པ་ཉིད་དང། ཆོས་ཐམས་ཅད་སྟོང་པ་ ཉིད་དང། རང་གི་མཚན་ཉིད་སྟོང་པ་ཉིད་དང། མི་དམིགས་པ་སྟོང་པ་ཉིད་དང། དངོས་པོ་མེད་པ་སྟོང་པ་ཉིད་དང། ངོ་བོ་ཉིད་སྟོང་པ་ཉིད་དང། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་ རྣམ་པར་ཐར་པ་བརྒྱད་དང། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང། མངོན་པར་ཤེས་པ་ལྔ་དང། ཏིང་ངེ་འཛིན་ཐམས་ཅད་དང། གཟུངས་ཀྱི་སྒོ་ཐམས་ཅད་དང། དེ་བཞིན་ གཤེགས་པའི་སྟོབས་བཅུ་དང། མི་འཇིགས་པ་བཞི་དང། སོ་སོ་ཡང་དག་པར་རིག་པ་བཞི་དང། བྱམས་པ་ཆེན་པོ་དང། སྙིང་རྗེ་ཆེན་པོ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་ བརྒྱད་དང། མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང། དཔེ་བྱད་བཟང་པོ་བརྒྱད་ཅུ་དང། འདུས་བྱས་ཀྱི་ཁམས་དང། འདུས་མ་བྱས་ཀྱི་ཁམས་ཏེ། བཅོམ་ལྡན་འདས། ཆོས་དེ་དག་ནི་ ཀུན་ཀྱང་གཅིག་དང་གཅིག་ཏུ་མི་འདྲ་བ། གཅིག་ལས་གཅིག་འདས་པའོ་།བཅོམ་ལྡན་འདས། དེ་ཅིའི་སླད་དུ་ཞེན། དེ་ནི། འདི་ལྟར་གཟུགས་ཀྱི་ཆོས་ཉིད་ཀྱང་གཞན་ལ། ཚོར་བའི་ཆོས་ [457A]༄༅། །ཉིད་ཀྱང་གཞན། འདུ་ཤེས་ཀྱི་ཆོས་ཉིད་ཀྱང་གཞན་འདུ་བྱེད་ཀྱི་ཆོས་ཉིད་ཀྱང་གཞན། རྣམ་པར་ཤེས་པའི་ཆོས་ཉིད་ཀྱང་གཞན་ཏེ། མིག་གི་ཆོས་ཉིད་ཀྱང་གཞན་ རྣ་བའི་ཆོས་ཉིད་ཀྱང་གཞན། སྣའི་ཆོས་ཉིད་ཀྱང་གཞན་ལྕེའི་ཆོས་ཉིད་ཀྱང་གཞན། ལུས་ཀྱི་ཆོས་ཉིད་ཀྱང་གཞན། ཡིད་ཀྱི་ཆོས་ཉིད་ཀྱང་གཞན། གཟུགས་ཀྱི་ཆོས་ཉིད་ཀྱང་གཞན་ སྒྲའི་ཆོས་ཉིད་ཀྱང་གཞན། དྲིའི་ཆོས་ཉིད་ཀྱང་གཞན། རོའི་ཆོས་ཉིད་ཀྱང་གཞན། རེག་གི་ཆོས་ཉིད་ཀྱང་གཞན། ཆོས་ཀྱི་ཆོས་ཉིད་ཀྱང་གཞན། མིག་གི་རྣམ་པར་ཤེས་པའི་ཆོས་ཉིད་ཀྱང་ གཞན༑ རྣ་བའི་རྣམ་པར་ཤེས་པའི་ཆོས་ཉིད་ཀྱང་གཞན། སྣའི་རྣམ་པར་ཤེས་པའི་ཆོས་ཉིད་ཀྱང་གཞན། ལྕེའི་རྣམ་པར་ཤེས་པའི་ཆོས་ཉིད་ཀྱང་གཞན། ལུས་ཀྱི་རྣམ་པར་ཤེས་པའི་ ཆོས་ཉིད་ཀྱང་གཞན། ཡིད་ཀྱི་རྣམ་པར་ཤེས་པའི་ཆོས་ཉིད་ཀྱང་གཞན། མིག་གི་འདུས་ཏེ་རེག་པའི་ཆོས་ཉིད་ཀྱང་གཞན། རྣ་བའི་འདུས་ཏེ་རེག་པའི་ཆོས་ཉིད་ཀྱང་གཞན། སྣའི་འདུས་ཏེ་ རེག་པའི་ཆོས་ཉིད་ཀྱང་གཞན། ལྕེའི་འདུས་ཏེ་རེག་པའི་ཆོས་ཉིད་ཀྱང་གཞན། ལུས་ཀྱི་འདུས་ཏེ་རེག་པའི་ཆོས་ཉིད་ཀྱང་གཞན། ཡིད་ཀྱི་འདུས་ཏེ་རེག་པའི་ཆོས་ཉིད་ཀྱང་གཞན། མིག་གི་ འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་ཆོས་ཉིད་ཀྱང་གཞན། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་ཆོས་ཉིད་ཀྱང་གཞན་སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་ཆོས་ཉིད་ཀྱང་ [457B] ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་ཆོས་ཉིད་ཀྱང་གཞན། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་ཆོས་ཉིད་ཀྱང་གཞན། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་ ཆོས་ཉིད་ཀྱང་གཞན། སའི་ཁམས་ཀྱི་ཆོས་ཉིད་ཀྱང་གཞན་ཆུའི་ཁམས་ཀྱི་ཆོས་ཉིད་ཀྱང་གཞན། མེའི་ཁམས་ཀྱི་ཆོས་ཉིད་ཀྱང་གཞན། རླུང་གི་ཁམས་ཀྱི་ཆོས་ཉིད་ཀྱང་གཞན། ནམ་མཁའི་ ཁམས་ཀྱི་ཆོས་ཉིད་ཀྱང་གཞན། རྣམ་པར་ཤེས་པའི་ཁམས་ཀྱི་ཆོས་ཉིད་ཀྱང་གཞན། མ་རིག་པའི་ཆོས་ཉིད་ཀྱང་གཞན། འདུ་བྱེད་ཀྱི་ཆོས་ཉིད་ཀྱང་གཞན། རྣམ་པར་ཤེས་པའི་ཆོས་ཉིད་ཀྱང་ གཞན༑ མིང་དང་གཟུགས་ཀྱི་ཆོས་ཉིད་ཀྱང་གཞན། སྐྱེ་མཆེད་དྲུག་གི་ཆོས་ཉིད་ཀྱང་གཞན། རེག་པའི་ཆོས་ཉིད་ཀྱང་གཞན། ཚོར་བའི་ཆོས་ཉིད་ཀྱང་གཞན། སྲེད་པའི་ཆོས་ཉིད་ཀྱང་གཞན་ ལེན་པའི་ཆོས་ཉིད་ཀྱང་གཞན། སྲིད་པའི་ཆོས་ཉིད་ཀྱང་གཞན་སྐྱེ་བའི་ཆོས་ཉིད་ཀྱང་གཞན། རྒ་ཤིའི་ཆོས་ཉིད་ཀྱང་གཞན་འདོད་ཆགས་ཀྱི་ཆོས་ཉིད་ཀྱང་གཞན། ཞེ་སྡང་གི་ཆོས་ཉིད་ཀྱང་ གཞན༑ གཏི་མུག་གི་ཆོས་ཉིད་ཀྱང་གཞན། ལྟ་བའི་རྣམ་པའི་ཆོས་ཉིད་ཀྱང་གཞན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་ཀྱང་གཞན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་ཀྱང་གཞན་ བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་ཀྱང་གཞན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་ཀྱང་གཞན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་ཀྱང་གཞན། ཤེས་རབ་ཀྱི་ཕ་རོལ་ཏུ་ [458A]༄༅། །ཕྱིན་པའི་ཆོས་ཉིད་ཀྱང་གཞན། ནང་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་གཞན། ཕྱི་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་གཞན། ཕྱི་ནང་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་གཞན་ སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་གཞན། ཆེན་པོ་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་གཞན། དོན་དམ་པ་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་གཞན། འདུས་བྱས་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་ གཞན༑ འདུས་མ་བྱས་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་གཞན་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་གཞན། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་གཞན་ དོར་བ་མེད་པ་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་གཞན། རང་བཞིན་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་གཞན། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་གཞན། རང་གི་མཚན་ཉིད་སྟོང་པ་ཉིད་ ཀྱི་ཆོས་ཉིད་ཀྱང་གཞན། མི་དམིགས་པ་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་གཞན། དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་གཞན། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་གཞན་དངོས་ པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱང་གཞན་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ཆོས་ཉིད་ཀྱང་གཞན། ཡང་དག་པར་སྤོང་བ་རྣམས་ཀྱི་ཆོས་ཉིད་ཀྱང་གཞན། རྫུ་འཕྲུལ་གྱི་ རྐང་པ་རྣམས་ཀྱི་ཆོས་ཉིད་ཀྱང་གཞན། དབང་པོ་རྣམས་ཀྱི་ཆོས་ཉིད་ཀྱང་གཞན། སྟོབས་རྣམས་ཀྱི་ཆོས་ཉིད་ཀྱང་གཞན། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་ཆོས་ཉིད་ཀྱང་གཞན། འཕགས་ [458B] འཕགས་པའི་བདེན་པ་རྣམས་ཀྱི་ཆོས་ཉིད་ཀྱང་གཞན། བསམ་གཏན་རྣམས་ཀྱི་ཆོས་ཉིད་ཀྱང་གཞན། ཚད་མེད་པ་རྣམས་ཀྱི་ཆོས་ཉིད་ ཀྱང་གཞན། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ཆོས་ཉིད་ཀྱང་གཞན། རྣམ་པར་ཐར་པ་རྣམས་ཀྱི་ཆོས་ཉིད་ཀྱང་གཞན། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ ཆོས་ཉིད་ཀྱང་གཞན། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང། སྨོན་པ་མེད་པའི་ཆོས་ཉིད་ཀྱང་གཞན་མངོན་པར་ཤེས་པ་རྣམས་ཀྱི་ཆོས་ཉིད་ཀྱང་གཞན། ཏིང་ངེ་འཛིན་ རྣམས་ཀྱི་ཆོས་ཉིད་ཀྱང་གཞན། གཟུངས་ཀྱི་སྒོ་རྣམས་ཀྱི་ཆོས་ཉིད་ཀྱང་གཞན། དེ་བཞིན་གཤེགས་བའི་སྟོབས་རྣམས་ཀྱི་ཆོས་ཉིད་ཀྱང་གཞན། མི་འཇིགས་པ་རྣམས་ཀྱི་ཆོས་ཉིད་ཀྱང་གཞན་ སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་ཆོས་ཉིད་ཀྱང་གཞན། བྱམས་པ་ཆེན་པོའི་ཆོས་ཉིད་ཀྱང་གཞན། སྙིང་རྗེ་ཆེན་པོའི་ཆོས་ཉིད་ཀྱང་གཞན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་ཆོས་ཉིད་ ཀྱང་གཞན། མི་ཆེན་པོའི་མཚན་རྣམས་ཀྱི་ཆོས་ཉིད་ཀྱང་གཞན་དཔེ་བྱད་བཟང་པོ་རྣམས་ཀྱི་ཆོས་ཉིད་ཀྱང་གཞན། འདུས་བྱས་ཀྱི་ཁམས་ཀྱི་ཆོས་ཉིད་ཀྱང་གཞན། འདུས་མ་བྱས་ཀྱི་ཁམས་ ཀྱི་ཆོས་ཉིད་ཀྱང་གཞན། བཅོམ་ལྡན་འདས། ཇི་ལྟར་མཚན་ཉིད་མི་འདྲ་བའི་ཆོས་རྣམས་ཀྱི་ཆོས་ཉིད་མཚན་ཉིད་གཅིག་པར་འགྱུར་བ་ལགས། ཆོས་རྣམ་པར་དགོད་པར་ནི། ཇི་ལྟར་འགྱུར་ [459A]༄༅། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་གང་ལ་གནས་ཤིང་ཆོས་རྣམས་ཐ་དད་དུ་བགྱིད་པ་ལགས། ཆོས་ རྣམས་ཐ་དད་དུ་མ་བགྱིས་པར་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་མི་ནུས་ན། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ས་ནས་སར་འཕར་ཞིང་སྐྱོན་མེད་པར་འཇུག་པ་ལགས། ཇི་ལྟར་སྐྱོན་མེད་པར་ཞུགས་ནས་ཉན་ཐོས་དང། རང་སངས་རྒྱས་ཀྱི་ ས་ལས་འདས་ཏེ་མངོན་པར་ཤེས་པ་ཡོངས་སུ་རྫོགས་པར་བགྱིད་པ་ལགས། ཇི་ལྟར་མངོན་པར་ཤེས་པས་རྣམ་པར་བརྩེ་ཞིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱི་བ་དང་ ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱི་བ་དང། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱི་བ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ པར་བགྱི་བ་དང། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱི་བ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱི་བ་དང། དེ་དག་ལ་རྣམ་པར་བརྩེ་ བས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་མཆི་བ་ལགས། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བགྱིད་པ་ལགས། དེ་དག་ཏུའང་དགེ་བའི་རྩ་བ་སྐྱེད་པ་ལགས་ [459B]པ་ལགས། སངས་རྒྱས་ཀྱི་ཞིང་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། གང་འདི་ སྐད་དུ༑ དེ་སྟེ་ཆོས་ཐམས་ཅད་ཀྱི་ཆོས་མཉམ་པ་ཉིད་གང་ཡིན་པ་དེ་ཉིད་སོ་སོའི་སྐྱེ་བོ་རྣམས་ཀྱི་ཆོས་མཉམ་པ་ཉིད་དེ། དེ་ཉིད་དད་པའི་རྗེས་སུ་འབྲང་བ་རྣམས་ཀྱི་ཆོས་མཉམ་པ་ཉིད། དེ་ ཉིད་ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་ཀྱི་ཆོས་མཉམ་པ་ཉིད། དེ་ཉིད་བརྒྱད་པ་རྣམས་ཀྱི་ཆོས་མཉམ་པ་ཉིད། དེ་ཉིད་རྒྱུན་དུ་ཞུགས་པ་རྣམས་ཀྱི་ཆོས་མཉམ་པ་ཉིད། དེ་ཉིད་ལན་གཅིག་ ཕྱིར་འོང་བ་རྣམས་ཀྱི་ཆོས་མཉམ་པ་ཉིད། དེ་ཉིད་ཕྱིར་མི་འོང་བ་རྣམས་ཀྱི་ཆོས་མཉམ་པ་ཉིད། དེ་ཉིད་དགྲ་བཅོམ་པ་རྣམས་ཀྱི་ཆོས་མཉམ་པ་ཉིད། དེ་ཉིད་རང་སངས་རྒྱས་རྣམས་ཀྱི་ཆོས་ མཉམ་པ་ཉིད། དེ་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆོས་མཉམ་པ་ཉིད། དེ་ཉིད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ ཀྱི་ཆོས་མཉམ་པ་ཉིད་ཡིན་ན། མཚན་ཉིད་མི་འདྲ་བའི་ཆོས་རྣམས་ཀྱི་མཉམ་པ་ཉིད་ཇི་ལྟར་མཚན་ཉིད་གཅིག་པར་འགྱུར་ཞེས་ཟེར་བ་ནི། རབ་འབྱོར། དེ་ཇི་སྙམ་དུ་སེམས། གཟུགས་ཀྱི་ཆོས་ཉིད་གང་ཡིན་ པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། ཚོར་བའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། འདུ་ཤེས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། འདུ་བྱེད་ཀྱི་ཆོས་ཉིད་ [460A]༄༅། །གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། རྣམ་པར་ཤེས་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ་མིག་གི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་ པ་ཉིད་མ་ཡིན་ནམ། རྣ་བའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། སྣའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། ལྕེའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་ མ་ཡིན་ནམ། ལུས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། ཡིད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། གཟུགས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་ པ་ཉིད་མ་ཡིན་ནམ། སྒྲའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། དྲིའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། རོའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་ མ་ཡིན་ནམ། རེག་གི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། ཆོས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། མིག་གི་རྣམ་པར་ཤེས་པའི་ཆོས་ཉིད་གང་ཡིན་ པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། རྣ་བའི་རྣམ་པར་ཤེས་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། སྣའི་རྣམ་པར་ཤེས་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ ཉིད་མ་ཡིན་ནམ། ལྕེའི་རྣམ་པར་ཤེས་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། ལུས་ཀྱི་རྣམ་པར་ཤེས་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ་ [460B]སྟོང་པ་ཉིད་མ་ཡིན་ནམ། མིག་གི་འདུས་ཏེ་རེག་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། རྣ་བའི་འདུས་ཏེ་རེག་པའི་ཆོས་ཉིད་གང་ ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། སྣའི་འདུས་ཏེ་རེག་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། ལྕེའི་འདུས་ཏེ་རེག་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། ལུས་ཀྱི་ འདུས་ཏེ་རེག་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། ཡིད་ཀྱི་འདུས་ཏེ་རེག་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་ ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་ ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་ ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། སའི་ཁམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་ སྟོང་པ་ཉིད་མ་ཡིན་ནམ། ཆུའི་ཁམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། མེའི་ཁམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། རླུང་གི་ཁམས་ཀྱི་ཆོས་ཉིད་ [461A]༄༅། །གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། ནམ་མཁའི་ཁམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། རྣམ་པར་ཤེས་པའི་ཁམས་ཀྱི་ཆོས་ཉིད་གང་ ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། མ་རིག་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། འདུ་བྱེད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། རྣམ་པར་ཤེས་ པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། མིང་དང་གཟུགས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། སྐྱེ་མཆེད་དྲུག་གི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ ཉིད་མ་ཡིན་ནམ། རེག་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། ཚོར་བའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། སྲེད་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་ སྟོང་པ་ཉིད་མ་ཡིན་ནམ། ལེན་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། སྲིད་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། སྐྱེ་བའི་ཆོས་ཉིད་གང་ཡིན་པ་དེ་ ཉིད་སྟོང་པ་ཉིད་མ་ཡིན་ནམ། རྒ་ཤིའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། ཚུལ་ཁྲིམས་ ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ [461B]ཡིན་ནམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་ གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། ནང་སྟོང་པ་ཉིད་ཀྱི་ཆོས་ཉིད་གང་ཡིན་བདེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། ཕྱི་སྟོང་པ་ཉིད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། ཕྱི་ནང་ སྟོང་པ་ཉིད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། ཆེན་པོ་སྟོང་པ་ཉིད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་ སྟོང་པ་ཉིད་མ་ཡིན་ནམ། དོན་དམ་པ་སྟོང་པ་ཉིད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། འདུས་བྱས་སྟོང་པ་ཉིད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ་འདུས་མ་ བྱས་སྟོང་པ་ཉིད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ ཉིད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ་དོར་བ་མེད་པ་སྟོང་པ་ཉིད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། རང་བཞིན་སྟོང་པ་ཉིད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་ སྟོང་པ་ཉིད་མ་ཡིན་ནམ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ་ [462A]༄༅། །མི་དམིགས་པ་སྟོང་པ་ཉིད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ ནམ༑ ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ་དྲན་པ་ ཉེ་བར་གཞག་པ་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། ཡང་དག་པར་སྤོང་བ་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། རྫུ་འཕྲུལ་གྱི་རྐང་པ་ རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ་དབང་པོ་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། སྟོབས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་ སྟོང་པ་ཉིད་མ་ཡིན་ནམ། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་ སྟོང་པ་ཉིད་མ་ཡིན་ནམ། འཕགས་པའི་བདེན་པ་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། བསམ་གཏན་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། ཚད་ མེད་པ་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། རྣམ་པར་ [462B]ཉིད་མ་ཡིན་ནམ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། རྣམ་པར་ཐར་པའི་ སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། མངོན་པར་ཤེས་པ་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ ནམ༑ ཏིང་ངེ་འཛིན་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། གཟུངས་ཀྱི་སྒོ་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། དེ་བཞིན་གཤེགས་པའི་སྟོབས་ རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ་མི་འཇིགས་པ་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་ཆོས་ཉིད་གང་ ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། སྙིང་རྗེ་ཆེན་པོའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ ཉིད་མ་ཡིན་ནམ། རྒྱུན་དུ་ཞུགས་བའི་འབྲས་བུའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། ལན་གཅིག་ཕྱིར་འོང་བའི་འབྲས་བུའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། ཕྱིར་ མི་འོང་བའི་འབྲས་བུའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། དགྲ་བཅོམ་པ་ཉིད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། རང་བྱང་ཆུབ་ཀྱི་ཆོས་ཉིད་གང་ [463A]༄༅། །ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། རྒྱུན་དུ་ཞུགས་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། ལན་གཅིག་ཕྱིར་འོང་བའི་ཆོས་ཉིད་གང་ཡིན་པ་དེ་ ཉིད་སྟོང་པ་ཉིད་མ་ཡིན་ནམ། ཕྱིར་མི་འོང་བའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། དགྲ་བཅོམ་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། རང་སངས་ རྒྱས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ་བྱང་ཆུབ་སེམས་དཔའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། དེ་བཞིན་གཤེགས་པའི་ཆོས་ཉིད་གང་ཡིན་ པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས། དེ་ནི། སྟོང་པ་ཉིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོ་ན་སྟོང་པ་ཉིད་ལ་གཟུགས་ཀྱི་མཚན་ཉིད་དམ་ ཚོར་བའི་མཚན་ཉིད་དམ། འདུ་ཤེས་ཀྱི་མཚན་ཉིད་དམ། འདུ་བྱེད་ཀྱི་མཚན་ཉིད་དམ། རྣམ་པར་ཤེས་པའི་མཚན་ཉིད་དམ། མིག་གི་མཚན་ཉིད་དམ། རྣ་བའི་མཚན་ཉིད་དམ། སྣའི་ མཚན་ཉིད་དམ། ལྕེའི་མཚན་ཉིད་དམ། ལུས་ཀྱི་མཚན་ཉིད་དམ། ཡིད་ཀྱི་མཚན་ཉིད་དམ། གཟུགས་ཀྱི་མཚན་ཉིད་དམ། སྒྲའི་མཚན་ཉིད་དམ། དྲིའི་མཚན་ཉིད་དམ། རོའི་ [463B] རེག་གི་མཚན་ཉིད་དམ། ཆོས་ཀྱི་མཚན་ཉིད་དམ། མིག་གི་རྣམ་པར་ཤེས་པའི་མཚན་ཉིད་དམ། རྣ་བའི་རྣམ་པར་ཤེས་པའི་མཚན་ཉིད་དམ། སྣའི་རྣམ་པར་ཤེས་པའི་མཚན་ཉིད་ དམ༑ ལྕེའི་རྣམ་པར་ཤེས་པའི་མཚན་ཉིད་དམ། ལུས་ཀྱི་རྣམ་པར་ཤེས་པའི་མཚན་ཉིད་དམ། ཡིད་ཀྱི་རྣམ་པར་ཤེས་པའི་མཚན་ཉིད་དམ། མིག་གི་འདུས་ཏེ་རེག་པའི་མཚན་ཉིད་དམ། རྣ་བའི་འདུས་ཏེ་ རེག་པའི་མཚན་ཉིད་དམ། སྣའི་འདུས་ཏེ་རེག་པའི་མཚན་ཉིད་དམ་ལྕེའི་འདུས་ཏེ་རེག་པའི་མཚན་ཉིད་དམ། ལུས་ཀྱི་འདུས་ཏེ་རེག་པའི་མཚན་ཉིད་དམ། ཡིད་ཀྱི་འདུས་ཏེ་རེག་པའི་མཚན་ཉིད་དམ། མིག་ གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་མཚན་ཉིད་དམ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་མཚན་ཉིད་དམ། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་མཚན་ཉིད་དམ། ལྕེའི་འདུས་ཏེ་རེག་ པའི་རྐྱེན་གྱིས་ཚོར་བའི་མཚན་ཉིད་དམ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་མཚན་ཉིད་དམ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་མཚན་ཉིད་དམ། སའི་ཁམས་ཀྱི་མཚན་ཉིད་ དམ༑ ཆུའི་ཁམས་ཀྱི་མཚན་ཉིད་དམ། མེའི་ཁམས་ཀྱི་མཚན་ཉིད་དམ། རླུང་གི་ཁམས་ཀྱི་མཚན་ཉིད་དམ། ནམ་མཁའི་ཁམས་ཀྱི་མཚན་ཉིད་དམ། རྣམ་པར་ཤེས་པའི་ཁམས་ཀྱི་མཚན་ཉིད་ དམ༑ མ་རིག་པའི་མཚན་ཉིད་དམ། འདུ་བྱེད་ཀྱི་མཚན་ཉིད་དམ་རྣམ་པར་ཤེས་པའི་མཚན་ཉིད་དམ། མིང་དང་གཟུགས་ཀྱི་མཚན་ཉིད་དམ། སྐྱེ་མཆེད་དྲུག་གི་མཚན་ཉིད་དམ། རེག་པའི་ [464A]༄༅། །མཚན་ཉིད་དམ། ཚོར་བའི་མཚན་ཉིད་དམ། སྲེད་པའི་མཚན་ཉིད་དམ། ལེན་པའི་མཚན་ཉིད་དམ། སྲིད་པའི་མཚན་ཉིད་དམ། སྐྱེ་བའི་མཚན་ཉིད་དམ། རྒ་ཤིའི་ མཚན་ཉིད་དམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་དམ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་དམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་དམ། བརྩོན་འགྲུས་ཀྱི་ཕ་ རོལ་ཏུ་ཕྱིན་པའི་མཚན་ཉིད་དམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་དམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་དམ། ནང་སྟོང་པ་ཉིད་ཀྱི་མཚན་ཉིད་དམ། ཕྱི་སྟོང་པ་ཉིད་ ཀྱི་མཚན་ཉིད་དམ། ཕྱི་ནང་སྟོང་པ་ཉིད་ཀྱི་མཚན་ཉིད་དམ་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་མཚན་ཉིད་དམ། ཆེན་པོ་སྟོང་པ་ཉིད་ཀྱི་མཚན་ཉིད་དམ། དོན་དམ་པ་སྟོང་པ་ཉིད་ཀྱི་མཚན་ཉིད་དམ་ འདུས་བྱས་སྟོང་པ་ཉིད་ཀྱི་མཚན་ཉིད་དམ། འདུས་མ་བྱས་སྟོང་པ་ཉིད་ཀྱི་མཚན་ཉིད་དམ། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་མཚན་ཉིད་དམ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་ མཚན་ཉིད་དམ། དོར་བ་མེད་པ་སྟོང་པ་ཉིད་ཀྱི་མཚན་ཉིད་དམ་རང་བཞིན་སྟོང་པ་ཉིད་ཀྱི་མཚན་ཉིད་དམ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་མཚན་ཉིད་དམ། རང་གི་མཚན་ཉིད་སྟོང་པ་ ཉིད་ཀྱི་མཚན་ཉིད་དམ། མི་དམིགས་པ་སྟོང་པ་ཉིད་ཀྱི་མཚན་ཉིད་དམ། དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་མཚན་ཉིད་དམ། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་མཚན་ཉིད་དམ། དངོས་པོ་མེད་པའི་ངོ་བོ་ [464B] དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་མཚན་ཉིད་དམ། ཡང་དག་པར་སྤོང་བ་རྣམས་ཀྱི་མཚན་ཉིད་དམ། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་མཚན་ཉིད་དམ། དབང་པོ་ རྣམས་ཀྱི་མཚན་ཉིད་དམ། སྟོབས་རྣམས་ཀྱི་མཆན་ཉིད་དམ། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་མཚན་ཉིད་དམ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་མཚན་ཉིད་དམ། འཕགས་པའི་བདེན་ པ་རྣམས་ཀྱི་མཚན་ཉིད་དམ། བསམ་གཏན་རྣམས་ཀྱི་མཚན་ཉིད་དམ་ཚད་མེད་པ་རྣམས་ཀྱི་མཚན་ཉིད་དམ། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་མཚན་ཉིད་དམ། རྣམ་པར་ ཐར་པ་རྣམས་ཀྱི་མཚན་ཉིད་དམ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་མཚན་ཉིད་དམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་ མཚན་ཉིད་དམ། མངོན་པར་ཤེས་པ་རྣམས་ཀྱི་མཚན་ཉིད་དམ། ཏིང་ངེ་འཛིན་རྣམས་ཀྱི་མཚན་ཉིད་དམ། གཟུངས་ཀྱི་སྒོ་རྣམས་ཀྱི་མཚན་ཉིད་དམ། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་ མཚན་ཉིད་དམ། མི་འཇིགས་པ་རྣམས་ཀྱི་མཚན་ཉིད་དམ། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་མཚན་ཉིད་དམ། བྱམས་པ་ཆེན་པོའི་མཚན་ཉིད་དམ། སྙིང་རྗེ་ཆེན་པོའི་མཚན་ཉིད་དམ། སངས་ རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་མཚན་ཉིད་དམ། རྒྱུན་དུ་ཞུགས་པའི་འབྲས་བུའི་མཚན་ཉིད་དམ། ལན་གཅིག་ཕྱིར་མི་འོང་བའི་འབྲས་བུའི་མཚན་ཉིད་དམ། ཕྱིར་མི་འོང་བའི་འབྲས་བུའི་མཚན་ [465A]༄༅། །ཉིད་དམ། དགྲ་བཅོམ་པ་ཉིད་ཀྱི་མཚན་ཉིད་དམ། རང་བྱང་ཆུབ་ཀྱི་མཚན་ཉིད་དམ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་མཚན་ཉིད་དམ། རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་ཀྱི་མཚན་ཉིད་དམ། རྒྱུན་དུ་ཞུགས་པའི་མཚན་ཉིད་དམ། ལན་གཅིག་ཕྱིར་འོང་བའི་མཚན་ཉིད་དམ། ཕྱིར་མི་འོང་བའི་མཚན་ཉིད་དམ། དགྲ་བཅོམ་པའི་འདས་ཉིད་དམ། རང་སངས་ རྒྱས་ཀྱི་མཚན་ཉིད་དམ། བྱང་ཆུབ་སེམས་དཔའི་མཚན་ཉིད་དམ་དེ་བཞིན་གཤེགས་པའི་མཚན་ཉིད་དམ། ཆོས་ཀྱི་མཚན་ཉིད་ཐ་དད་པར་འགྱུར་བ་དེ་ལྟ་བུའི་ཆོས་གང་ཡང་དམིགས་ སམ༑ གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ལྟ་བས་ན། རྣམ་གྲངས་དེས་འདི་ལྟར་རིག་པར་བྱ་སྟེ། ཆོས་ཐམས་ ཅད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ལའང་སོ་སོའི་སྐྱེ་བོ་མེད། སོ་སོའི་སྐྱེ་བོ་ལས་གུད་ནའང་དེ་མེད། དེ་ལའང་དད་པའི་རྗེས་སུ་འབྲང་བ་མེད། དད་པའི་རྗེས་སུ་འབྲང་བ་ལས་གུད་ནའང་དེ་མེད་ དེ་ལའང་ཆོས་ཀྱི་རྗེས་སུ་འབྲང་བ་མེད། ཆོས་ཀྱི་རྗེས་སུ་འབྲང་བ་ལས་གུད་ནའང་དེ་མེད། དེ་ལའང་བརྒྱད་པ་མེད། བརྒྱད་པ་ལས་གུད་ནའང་དེ་མེད། དེ་ལའང་རྒྱུན་དུ་ཞུགས་པ་མེད། རྒྱུན་ དུ་ཞུགས་པ་ལས་གུད་ནའང་དེ་མེད། དེ་ལའང་ལན་གཅིག་ཕྱིར་འོང་བ་མེད། ལན་གཅིག་ཕྱིར་འོང་བ་ལས་གུད་ནའང་དེ་མེད། དེ་ལའང་ཕྱིར་མི་འོང་བ་མེད། ཕྱིར་མི་འོང་བ་ལས་གུད་ [465B] དེ་ལའང་དགྲ་བཅོམ་པ་མེད། དགྲ་བཅོམ་པ་ལས་གུད་ནའང་དེ་མེད། དེ་ལའང་རང་སངས་རྒྱས་མེད། རང་སངས་རྒྱས་ལས་གུད་ནའང་དེ་མེད། དེ་ལའང་བྱང་ཆུབ་སེམས་དཔའ་མེད་ བྱང་ཆུབ་སེམས་དཔའ་ལས་གུད་ནའང་དེ་མེད། དེ་ལའང་དེ་བཞིན་གཤེགས་པ་མེད། དེ་བཞིན་གཤེགས་པ་ལས་གུད་ནའང་དེ་མེད་པར་རིག་པར་བྱའོ། །གསོལ་པ། བཅོམ་ལྡན་འདས། ཆོས་ ཉིད་དེ་འདུས་བགྱིས་པ་ལགས་སམ། འདུས་མ་བགྱིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི། འདུས་བྱས་ཀྱང་མ་ཡིན། འདུས་མ་བྱས་ཀྱང་མ་ཡིན་ཏེ། འདུས་བྱས་ལས་ གུད་ནའང་འདུས་མ་བྱས་དམིགས་སུ་མེད་དོ། །འདུས་མ་བྱས་ལས་གུད་ནའང་འདུས་བྱས་དམིགས་སུ་མེད་དོ། །རབ་འབྱོར། དེ་ལྟར་འདུས་བྱས་ཀྱི་ཁམས་གང་ཡིན་པ་དང། འདུས་མ་བྱས་ཀྱི་ཁམས་ གང་ཡིན་པའི་ཆོས་དེ་གཉིས་ཀའང་ལྡན་པའང་མ་ཡིན། མི་ལྡན་པའང་མ་ཡིན་ཏེ། གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ་མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་ མེད་པའོ། །དེའང་དེ་བཞིན་གཤེགས་པས་འཇིག་རྟེན་གྱི་ཐ་སྙད་དུ་བརྗོད་ཀྱི། དོན་དམ་པར་མ་ཡིན་ཏེ། དོན་དམ་པ་ལ་ལུས་ཀྱི་འདུ་བྱེད་དམ། ངག་གི་འདུ་བྱེད་དམ། ཡིད་ཀྱི་འདུ་བྱེད་མེད་དེ། ལུས་ ཀྱི་འདུ་བྱེད་དང། ངག་གི་འདུ་བྱེད་དང། ཡིད་ཀྱི་འདུ་བྱེད་ལས་གུད་ནའང་དོན་དམ་པ་དམིགས་སུ་མེད་དོ། །འོན་ཀྱང་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་མཉམ་པ་ཉིད་གང་ཡིན་ [466A]༄༅། །པ་དེ་ནི། དོན་དམ་པ་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་དོན་དམ་པ་ལས་ཀྱང་མི་གཡོ་ལ། བྱང་ ཆུབ་སེམས་དཔའི་སྤྱོད་པའང་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་བདུན་ཅུ་རྩ་གཅིག་པའོ།།།།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ནི། རང་བཞིན་གྱིས་སྟོང་པ་སྟེ་དེའི་སླད་དུ་ཆོས་གང་ལའང་གང་ཡང་ཅིའང་བགྱིད་ པ་མ་མཆིས་ན། དེ་ལྟར་ཆོས་ཐམས་ཅད་ཅིའང་བགྱིད་པ་མ་མཆིས་ཤིང། ཅིའང་མ་ལགས་པ་ལ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ སྤྱོད་པའི་ཚེ་དོན་དམ་པ་ལས་ཀྱང་མི་གཡོ་ལ། སྦྱིན་པ་དང་ཚིག་སྙན་པ་དང། དོན་བགྱི་བ་དང། དོན་མཐུན་པས་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་བགྱིད་པ་ལགས། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་སྐད་དུ་སྨྲས་པ་བཞིན་ཏེ། སྟོང་པ་ཉིད་གང་ཡིན་པ་དེ་ནི། གང་ལའང་ཅི་ལའང་བྱེད་པའང་མེད། ཅིའང་ མི་བྱེད་པའང་མེད་དེ། གལ་ཏེ་སེམས་ཅན་འདི་དག་བདག་ཅག་ཉིད་ཀྱིས་སྟོང་པ་ཉིད་ཤེས་ན་ནི། དེ་ལྟར་སྟོང་པ་ཉིད་ལས་ཀྱང་མི་གཡོ་ལ། སེམས་ཅན་རྣམས་ཀྱང་བདག་གི་འདུ་ཤེས་ [466B] བདག་གི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་པ་དང། སེམས་ཅན་གྱི་འདུ་ཤེས་དང་བྲལ་བར་བྱེད་ཅིང། སེམས་ཅན་གྱི་འདུ་ཤེས་དང་ ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲོལ་བ་དང། སྲོག་གི་འདུ་ཤེས་དང་བྲལ་བར་བྱེད་ཅིང། སྲོག་གི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་བ་དང། འགྲོ་ བའི་འདུ་ཤེས་དང་བྲལ་བར་བྱེད་ཅིང། འགྲོ་བའི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་བ་དང། གསོ་བའི་འདུ་ཤེས་དང་བྲལ་བར་བྱེད་ཅིང། གསོ་བའི་འདུ་ཤེས་དང་ ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་པ་དང། སྐྱེས་བུའི་འདུ་ཤེས་དང་བྲལ་བར་བྱེད་ཅིང། སྐྱེས་བུའི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་བ་དང་ གང་ཟག་གི་འདུ་ཤེས་དང་བྲལ་བར་བྱེད་ཅིང། གང་ཟག་གི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་བ་དང། ཤེད་ཅན་གྱི་འདུ་ཤེས་དང་བྲལ་བར་བྱེད་ཅིང། ཤེད་ཅན་ གྱི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་བ་དང། ཤེད་བདག་གི་འདུ་ཤེས་དང་བྲལ་བར་བྱེད་ཅིང། ཤེད་བདག་གི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་ བ་ལས་འགྲེལ་བ་དང། བྱེད་པ་པོའི་འདུ་ཤེས་དང་བྲལ་བར་བྱེད་ཅིང། བྱེད་པ་པོའི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་བ་དང། ཚོར་བ་པོའི་འདུ་ཤེས་དང་ [467A]༄༅། །བྲལ་བར་བྱེད་ཅིང། ཚོར་བ་པོའི་འདུ་ཤེས་དང་ཕྲལ་ན་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་བ་དང། ཤེས་པ་པོའི་འདུ་ཤེས་དང་བྲལ་བར་བྱེད་ཅིང། ཤེས་པ་ པོའི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་བ་དང། མཐོང་བ་པོའི་འདུ་ཤེས་དང་བྲལ་བར་བྱེད་ཅིང་མཐོང་བ་པོའི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ ལས་འགྲེལ་བ་དང། གཟུགས་ཀྱི་འདུ་ཤེས་དང་ཕྲལ་བར་བྱེད་ཅིང་གཟུགས་ཀྱི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་བ་དང། ཚོར་བའི་འདུ་ཤེས་དང་བྲལ་བར་བྱེད་ ཅིང། ཚོར་བའི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་བ་དང། འདུ་ཤེས་ཀྱི་འདུ་ཤེས་དང་བྲལ་བར་བྱེད་ཅིང། འདུ་ཤེས་ཀྱི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་ འཁོར་བ་ལས་འགྲེལ་བ་དང། འདུ་བྱེད་རྣམས་ཀྱི་འདུ་ཤེས་དང་བྲལ་བར་བྱེད་ཅིང། འདུ་བྱེད་རྣམས་ཀྱི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་བ་དང། རྣམ་པར་ཤེས་པའི་ འདུ་ཤེས་དང་བྲལ་བར་བྱེད་ཅིང། རྣམ་པར་ཤེས་པའི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་བ་དང། མིག་གི་འདུ་ཤེས་དང་བྲལ་བར་བྱེད་ཅིང། མིག་གི་འདུ་ཤེས་དང་ ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་བ་དང། རྣ་བའི་འདུ་ཤེས་དང་བྲལ་བར་བྱེད་ཅིང། རྣ་བའི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་བ་དང། སྣའི་འདུ་ཤེས་ [467B] སྣའི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་བ་དང། ལྕེའི་འདུ་ཤེས་དང་བྲལ་བར་བྱེད་ཅིང། ལྕེའི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ ལས་འགྲེལ་བ་དང། ལུས་ཀྱི་འདུ་ཤེས་དང་བྲལ་བར་བྱེད་ཅིང། ལུས་ཀྱི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་བ་དང། ཡིད་ཀྱི་འདུ་ཤེས་དང་བྲལ་བར་བྱེད་ཅིང། ཡིད་ཀྱི་ འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་བ་དང། གཟུགས་ཀྱི་འདུ་ཤེས་དང་བྲལ་བར་བྱེད་ཅིང། གཟུགས་ཀྱི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་ བ་དང། སྒྲའི་འདུ་ཤེས་དང་བྲལ་བར་བྱེད་ཅིང། སྒྲའི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་བ་དང་དྲིའི་འདུ་ཤེས་དང་བྲལ་བར་བྱེད་ཅིང། དྲིའི་འདུ་ཤེས་དང་ཕྲལ་ནས་ སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་བ་དང། རོའི་འདུ་ཤེས་དང་བྲལ་བར་བྱེད་ཅིང། རོའི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་བ་དང། རེག་གི་འདུ་ཤེས་དང་བྲལ་བར་ བྱེད་ཅིང། རེག་གི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་བ་དང། ཆོས་ཀྱི་འདུ་ཤེས་དང་བྲལ་བར་བྱེད་ཅིང། ཆོས་ཀྱི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ ལས་འགྲེལ་བ་དང། མིག་གི་རྣམ་པར་ཤེས་པའི་འདུ་ཤེས་དང་བྲལ་བར་བྱེད་ཅིང། མིག་གི་རྣམ་པར་ཤེས་པའི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་བ་དང། རྣ་བའི་རྣམ་ [468A]༄༅། །པར་ཤེས་པའི་འདུ་ཤེས་དང་བྲལ་བར་བྱེད་ཅིང། རྣ་བའི་རྣམ་པར་ཤེས་པའི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་བ་དང། སྣའི་རྣམ་པར་ ཤེས་པའི་འདུ་ཤེས་དང་བྲལ་བར་བྱེད་ཅིང། སྣའི་རྣམ་པར་ཤེས་པའི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་པ་དང། ལྕེའི་རྣམ་པར་ཤེས་པའི་འདུ་ཤེས་དང་བྲལ་བར་ བྱེད་ཅིང། ལྕེའི་རྣམ་པར་ཤེས་པའི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་བ་དང། ལུས་ཀྱི་རྣམ་པར་ཤེས་པའི་འདུ་ཤེས་དང་བྲལ་བར་བྱེད་ཅིང། ལུས་ཀྱི་རྣམ་པར་ ཤེས་པའི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་བ་དང། ཡིད་ཀྱི་རྣམ་པར་ཤེས་པའི་འདུ་ཤེས་དང་བྲལ་བར་བྱེད་ཅིང། ཡིད་ཀྱི་རྣམ་པར་ཤེས་པའི་འདུ་ཤེས་དང་ ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་བ་དང། མིག་གི་འདུས་ཏེ་རེག་པའི་འདུ་ཤེས་དང་བྲལ་བར་བྱེད་ཅིང། མིག་གི་འདུས་ཏེ་རེག་པའི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་ འཁོར་བ་ལས་འགྲེལ་བ་དང། རྣ་བའི་འདུས་ཏེ་རེག་པའི་འདུ་ཤེས་དང་བྲལ་བར་བྱེད་ཅིང། རྣ་བའི་འདུས་ཏེ་རེག་པའི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་བ་དང་ སྣའི་འདུས་ཏེ་རེག་པའི་འདུ་ཤེས་དང་བྲལ་བར་བྱེད་ཅིང། སྣའི་འདུས་ཏེ་རེག་པའི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་བ་དང། ལྕེའི་འདུས་ཏེ་རེག་པའི་འདུ་ཤེས་ [468B] ལྕེའི་འདུས་ཏེ་རེག་པའི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་བ་དང། ལུས་ཀྱི་འདུས་ཏེ་རེག་པའི་འདུ་ཤེས་དང་བྲལ་བར་བྱེད་ཅིང། ལུས་ཀྱི་ འདུས་ཏེ་རེག་པའི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་བ་དང། ཡིད་ཀྱི་འདུས་ཏེ་རེག་པའི་འདུ་ཤེས་དང་བྲལ་བར་བྱེད་ཅིང། ཡིད་ཀྱི་འདུས་ཏེ་རེག་པའི་འདུ་ཤེས་དང་ ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་བ་དང། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་འདུ་ཤེས་དང་བྲལ་བར་བྱེད་ཅིང། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་འདུ་ ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་བ་དང། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་འདུ་ཤེས་དང་བྲལ་བར་བྱེད་ཅིང། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་ བའི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་བ་དང། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་འདུ་ཤེས་དང་བྲལ་བར་བྱེད་ཅིང། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ ཚོར་བའི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་པ་དང། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་འདུ་ཤེས་དང་བྲལ་བར་བྱེད་ཅིང། ལྕེའི་འདུས་ཏེ་རེག་པའི་རྐྱེན་ གྱིས་ཚོར་བའི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་བ་དང། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་འདུ་ཤེས་དང་བྲལ་བར་བྱེད་ཅིང། ལུས་ཀྱི་འདུས་ཏེ་རེག་ [469A]༄༅། །པའི་རྐྱེན་གྱིས་ཚོར་བའི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་བ་དང། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་འདུ་ཤེས་དང་བྲལ་བར་ བྱེད་ཅིང། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་བ་དང་སའི་ཁམས་ཀྱི་འདུ་ཤེས་དང་བྲལ་བར་བྱེད་ཅིང། སའི་ ཁམས་ཀྱི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་བ་དང། ཆུའི་ཁམས་ཀྱི་འདུ་ཤེས་དང་བྲལ་བར་བྱེད་ཅིང་ཆུའི་ཁམས་ཀྱི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ ཀྱིས་འཁོར་བ་ལས་འགྲེལ་བ་དང། མེའི་ཁམས་ཀྱི་འདུ་ཤེས་དང་བྲལ་བར་བྱེད་ཅིང། མེའི་ཁམས་ཀྱི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་བ་དང། རླུང་གི་ ཁམས་ཀྱི་འདུ་ཤེས་དང་བྲལ་བར་བྱེད་ཅིང། རླུང་གི་ཁམས་ཀྱི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་བ་དང། ནམ་མཁའི་ཁམས་ཀྱི་འདུ་ཤེས་དང་བྲལ་བར་བྱེད་ ཅིང༑ ནམ་མཁའི་ཁམས་ཀྱི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་པ་དང། རྣམ་པར་ཤེས་པའི་ཁམས་ཀྱི་འདུ་ཤེས་དང་བྲལ་བར་བྱེད་ཅིང། རྣམ་པར་ཤེས་པའི་ ཁམས་ཀྱི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་བ་དང། མ་རིག་པའི་འདུ་ཤེས་དང་བྲལ་བར་བྱེད་ཅིང། མ་རིག་པའི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་ [469B] འདུ་བྱེད་ཀྱི་འདུ་ཤེས་དང་བྲལ་བར་བྱེད་ཅིང། འདུ་བྱེད་ཀྱི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་བ་དང། རྣམ་པར་ཤེས་པའི་འདུ་ ཤེས་དང་ཕྲལ་བར་བྱེད་ཅིང། རྣམ་པར་ཤེས་པའི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་བ་དང། མིང་དང་གཟུགས་ཀྱི་འདུ་ཤེས་དང་བྲལ་བར་བྱེད་ཅིང། མིང་ དང་གཟུགས་ཀྱི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་བ་དང། སྐྱེ་མཆེད་དྲུག་གི་འདུ་ཤེས་དང་བྲལ་བར་བྱེད་ཅིང། སྐྱེ་མཆེད་དྲུག་གི་འདུ་ཤེས་དང་ཕྲལ་ནས་ སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་བ་དང། རེག་པའི་འདུ་ཤེས་དང་བྲལ་བར་བྱེད་ཅིང། རེག་པའི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་བ་དང། ཚོར་བའི་ འདུ་ཤེས་དང་བྲལ་བར་བྱེད་ཅིང། ཚོར་བའི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་བ་དང། སྲེད་པའི་འདུ་ཤེས་དང་བྲལ་བར་བྱེད་ཅིང། སྲེད་པའི་འདུ་ཤེས་དང་ ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་བ་དང། ལེན་པའི་འདུ་ཤེས་དང་བྲལ་བར་བྱེད་ཅིང། ལེན་པའི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་བ་དང། སྲིད་ པའི་འདུ་ཤེས་དང་བྲལ་བར་བྱེད་ཅིང། སྲིད་པའི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་བ་དང། སྐྱེ་བའི་འདུ་ཤེས་དང་བྲལ་བར་བྱེད་ཅིང། སྐྱེ་བའི་འདུ་ཤེས་དང་ [470A]༄༅། །ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་བ་དང། རྒ་ཤིའི་འདུ་ཤེས་དང་བྲལ་བར་བྱེད་ཅིང། རྒ་ཤིའི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་ འཁོར་བ་ལས་འགྲེལ་བ་དང། འདུས་བྱས་ཀྱི་ཁམས་ཀྱི་འདུ་ཤེས་དང་བྲལ་བར་བྱེད་ཅིང། འདུས་བྱས་ཀྱི་ཁམས་ཀྱི་འདུ་ཤེས་དང་ཕྲལ་ནས་སྟོང་པ་ཉིད་ཀྱིས་འཁོར་བ་ལས་ འགྲེལ་བ་དང། འདུས་མ་བྱས་ཀྱི་དབྱིངས་སྟོང་པ་ཉིད་ཡིན་ཡང་འདུས་མ་བྱས་ཀྱི་དབྱིངས་སུ་འགོད་པའང་དེ་བཞིན་གཤེགས་པའི་ཁྱུ་མཆོག་གི་མཐུར་མི་འགྱུར་རོ། །གསོལ་པ། བཅོམ་ལྡན་ འདས༑ དེ་ཅིས་སྟོང་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་འདུ་ཤེས་འདུ་ཤེས་ཐམས་ཅད་ཀྱིས་སྟོང་སྟེ། རབ་འབྱོར། ལ་ལ་ཞིག་གིས་སྤྲུལ་པ་ཞིག་སྤྲུལ་ན་དེ་ལ་ གང་སྟོང་པ་ཉིད་མ་ཡིན་པ་དེ་ལྟ་བུའི་དངོས་པོ་གང་ཡང་ཡོད་དམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །སྤྲུལ་པ་དེ་ལ་གང་སྟོང་པ་ཉིད་མ་ལགས་པ་དེ་ལྟ་བུའི་དངོས་ པོ་གང་ཡང་མ་མཆིས་ཏེ། སྟོང་པ་ཉིད་གང་ལགས་པ་དང། སྤྲུལ་པ་གང་ལགས་པའི་ཆོས་དེ་གཉིས་ཀའང་ལྡན་པའང་མ་ལགས། མི་ལྡན་པའང་མ་ལགས་ཏེ། དེ་གཉིས་ཀའང་སྟོང་ པ་ཉིད་ཀྱིས་སྟོང་ན། དེ་ཅིའི་སླད་དུ་འདི་ནི། སྟོང་པ་ཉིད་དོ་།འདི་ནི། སྤྲུལ་པའོ། །ཞེས་བགྱི་བར་རྣམ་པར་བཅས་པར་མཛད། དེ་ཅིའི་སླད་དུ་ཞེ་ན། དེ་ནི། འདི་ལྟ་སྟེ། སྟོང་པ་ཉིད་དང་ [470B]སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། གཟུགས་སམ་ཚོར་བའམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ ཤེས་པ་གང་སྤྲུལ་པ་མ་ཡིན་པ་དེ་ལྟ་བུ་ཡོད་དམ། གང་སྤྲུལ་པ་དེ་ནི། སྟོང་པའོ། །གསོལ་པ། བཅོམ་ལྡན་འདས། གལ་ཏེ་འཇིག་རྟེན་པའི་ཆོས་སྤྲུལ་པ་ལགས་ཀྱང་འཇིག་རྟེན་ལས་འདས་པའི་ ཆོས་འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་དང། ཡང་དག་པར་སྤོང་བ་བཞི་དང། རྫུ་འཕྲུལ་གྱི་རྐང་པ་བཞི་དང། དབང་པོ་ལྔ་དང། སྟོབས་ལྔ་དང། བྱང་ཆུབ་ཀྱི་ཡན་ལག་བདུན་དང་འཕགས་ པའི་ལམ་ཡན་ལག་བརྒྱད་པ་དང། རྣམ་པར་ཐར་པའི་སྒོ་གསུམ་དང། འཕགས་པའི་བདེན་པ་བཞི་དང། སྟོང་པ་ཉིད་ཐམས་ཅད་དང། རྣམ་པར་ཐར་པ་བརྒྱད་དང། མཐར་གྱིས་གནས་པའི་ སྙོམས་པར་འཇུག་པ་དགུ་དང། ཏིང་ངེ་འཛིན་ཐམས་ཅད་དང་གཟུངས་ཀྱི་སྒོ་ཐམས་ཅད་དང། དེ་བཞིན་གཤེགས་པའི་སྟོབས་བཅུ་དང། མི་འཇིགས་པ་བཞི་དང། སོ་སོ་ཡང་དག་པར་ རིག་པ་བཞི་དང། བྱམས་པ་ཆེན་པོ་དང། སྙིང་རྗེ་ཆེན་པོ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང། དེ་དག་གི་འབྲས་བུ་གང་གིས་གང་ཟག་རྒྱུན་དུ་ཞུགས་པ་དང། ལན་གཅིག་ཕྱིར་ འོང་བ་དང། ཕྱིར་མི་འོང་བ་དང། དགྲ་བཅོམ་པ་དང། རང་སངས་རྒྱས་དང། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་གང་ཟག་རྣམ་པར་དགོད་པའི་ [471A]༄༅། །ཆོས་དེ་དག་ཀྱང་སྤྲུལ་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། ཆོས་ཐམས་ཅད་ནི། སྤྲུལ་པ་སྟེ་དེ་ལ་ལ་ལ་ནི། ཉན་ཐོས་ཀྱིས་སྤྲུལ་ པའོ༑ ༑ལ་ལ་ནི། རང་སངས་རྒྱས་ཀྱིས་སྤྲུལ་པའོ། །ལ་ལ་ནི་བྱང་ཆུབ་སེམས་དཔས་སྤྲུལ་པའོ། །ལ་ལ་ནི། དེ་བཞིན་གཤེགས་པས་སྤྲུལ་པའོ། །ལ་ལ་ནི། ཉོན་མོངས་པས་སྤྲུལ་པའོ། །ལ་ལ་ནི་ ལས་ཀྱིས་སྤྲུལ་པའོ། །རབ་འབྱོར། རྣམ་གྲངས་དེས་ན། ཆོས་ཐམས་ཅད་ནི། སྤྲུལ་པའོ། །གསོལ་པ། བཅོམ་ལྡན་འདས། གང་སྤངས་པ་ཞེས་བགྱི་བའམ། རྒྱུན་དུ་ཞུགས་པའི་འབྲས་བུའམ་ ལན་གཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུའམ། དགྲ་བཅོམ་པ་ཉིད་དམ། རང་སངས་རྒྱས་ཀྱི་སའམ། སངས་རྒྱས་ཀྱི་སའམ། བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ ཅད་སྤངས་པའི་ཆོས་དེ་དག་ཀྱང་སྤྲུལ་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། བསྐྱེད་པའམ། བགག་པའི་ཆོས་གང་ཅིའང་རུང་སྟེ། དེ་ཐམས་ཅད་ནི། སྤྲུལ་ པའོ༑ ༑གསོལ་པ། བཅོམ་ལྡན་འདས། གང་མ་སྤྲུལ་པའི་ཆོས་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་གང་ལ་སྐྱེ་བའང་མེད། འགག་པའང་མེད་པ་དེ་ནི། མ་སྤྲུལ་ པའོ༑ ༑གསོལ་པ། དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་མི་མཉམ་པའི་མྱ་ངན་ལས་འདས་པ་སྟེ། ཆོས་དེ་ནི། མ་སྤྲུལ་པའོ། །གསོལ་པ། བཅོམ་ལྡན་འདས་ཀྱིས་ [471B] སྟོང་པ་ཉིད་ལས་ཀྱང་མི་གཡོ་ལ། གཉིས་སུའང་མི་དམིགས་ཏེ། ཆོས་གང་ཡང་སྟོང་པ་ཉིད་མ་ཡིན་པ་དེ་ལྟ་བུ་མེད་དོ། །ཞེས་བཀའ་སྩལ་པ་ལྟར་ན། བཅོམ་ལྡན་འདས། མི་མཉམ་ པའི་མྱ་ངན་ལས་འདས་པའང་སྤྲུལ་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་རབ་འབྱོར། ཆོས་ཐམས་ཅད་ནི། སྟོང་པ་སྟེ། དེ་དག་ ནི༑ ཉན་ཐོས་ཀྱིས་མ་བྱས། རང་སངས་རྒྱས་ཀྱིས་མ་བྱས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མ་བྱས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ ཀྱིས་མ་མཛད་དེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་གང་ཡིན་པ་དེ་ནི། མྱ་ངན་ལས་འདས་པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། ལས་དང་པོ་པའི་གང་ཟག་གིས་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ ཡོངས་སུ་འཚལ་བར་བགྱི་ན། ཇི་ལྟར་གདམས་ཤིང་རྗེས་སུ་བསྟན་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། ཅི་སྔོན་དངོས་པོ་ཡོད་པར་གྱུར་ལ། ཕྱིས་དངོས་པོ་མེད་པར་ འགྱུར་བ་ཡོད་དམ། རབ་འབྱོར། འདི་ལ་དངོས་པོ་ཡོང་པའང་མེད་དངོས་པོ་མེད་པའང་མེད། ངོ་བོ་ཉིད་ཀྱང་མེད། གཞན་གྱི་དངོས་པོའང་མེད་ན། དེ་ལ་གང་ཡོངས་སུ་ཤེས་པར་བྱ་བའི་ངོ་བོ་ཉིད་ སྟོང་པ་ཉིད་ཅེས་བྱ་བ་ལྟ་ཡོད་པར་འགྱུར་རེ་སྐན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་བདུན་ཅུ་རྩ་གཉིས་པའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ [472A]༄༅། །བརྒྱ་པ། བམ་པོ་སུམ་བརྒྱ་གཉིས་པ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་ཞུས་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་བྱང་ཆུབ་སེམས་དཔའི་བསླབ་པ་ལ་སློབ་པར་འཚལ་བས། གཟུགས་ལ་ཇི་ལྟར་བསླབ་པར་བགྱི། ཚོར་བ་དང། འདུ་ ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་ལ་ཇི་ལྟར་བསླབ་པར་བགྱི། མིག་གི་སྐྱེ་མཆེད་དང། རྣ་བའི་སྐྱེ་མཆེད་དང། སྣའི་སྐྱེ་མཆེད་དང། ལྕེའི་སྐྱེ་མཆེད་དང། ལུས་ཀྱི་སྐྱེ་ མཆེད་དང། ཡིད་ཀྱི་སྐྱེ་མཆེད་ལ་ཇི་ལྟར་བསླབ་པར་བགྱི། གཟུགས་ཀྱི་སྐྱེ་མཆེད་དང། སྒྲའི་སྐྱེ་མཆེད་དང། དྲིའི་སྐྱེ་མཆེད་དང། རོའི་སྐྱེ་མཆེད་དང། རེག་བྱའི་སྐྱེ་མཆེད་དང། ཆོས་ཀྱི་ སྐྱེ་མཆེད་ལ་ཇི་ལྟར་བསླབ་པར་བགྱི། མིག་གི་ཁམས་དང། གཟུགས་ཀྱི་ཁམས་དང། མིག་གི་རྣམ་པར་ཤེས་པའི་ཁམས་དང། རྣ་བའི་ཁམས་དང། སྒྲའི་ཁམས་དང། རྣ་བའི་རྣམ་པར་ ཤེས་པའི་ཁམས་དང། སྣའི་ཁམས་དང། དྲིའི་ཁམས་དང། སྣའི་རྣམ་པར་ཤེས་པའི་ཁམས་དང། ལྕེའི་ཁམས་དང། རོའི་ཁམས་དང་ལྕེའི་རྣམ་པར་ཤེས་པའི་ཁམས་དང་ ལུས་ཀྱི་ཁམས་དང། རེག་བྱའི་ཁམས་དང། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང། ཡིད་ཀྱི་ཁམས་དང། ཆོས་ཀྱི་ཁམས་དང། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ལ་ཇི་ལྟར་ [472B] མིག་གི་རེག་པའི་སྐྱེ་མཆེད་དང། རྣ་བ་དང། སྣ་དང། ལྕེ་དང། ལུས་དང། ཡིད་ཀྱི་རེག་པའི་སྐྱེ་མཆེད་ལ་ཇི་ལྟར་བསླབ་པར་བགྱི། མ་རིག་པ་ལ་ཇི་ལྟར་བསླབ་པར་བགྱི་འདུ་ བྱེད་རྣམས་དང། རྣམ་པར་ཤེས་པ་དང། མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང། རེག་པ་དང། ཚོར་བ་དང། སྲེད་པ་དང་ལེན་པ་དང། སྲིད་པ་དང། སྐྱེ་བ་དང། རྒ་ཤི་ལ་ཇི་ལྟར་ བསླབ་པར་བགྱི། སྡུག་བསྔལ་གྱི་བདེན་པ་ལ་ཇི་ལྟར་བསླབ་པར་བགྱི། ཀུན་འབྱུང་བའི་བདེན་པ་དང། འགོག་པའི་བདེན་པ་དང། ལམ་གྱི་བདེན་པ་ལ་ཇི་ལྟར་བསླབ་པར་བགྱི། གཟུགས་ཅན་ གྱི་ཆོས་རྣམས་ལ་ཇི་ལྟར་བསླབ་པར་བགྱི། གཟུགས་ཅན་མ་ལགས་པ་དང། བསྟན་དུ་མཆིས་པ་དང། བསྟན་དུ་མ་མཆིས་པ་དང། ཐོགས་པ་དང་བཅས་པ་དང། ཐོགས་པ་མ་མཆིས་པ་དང་ འདུས་བགྱིས་པ་དང། འདུས་མ་བགྱིས་པ་དང། ཟག་པ་དང་བཅས་པ་དང། ཟག་པ་མ་མཆིས་པ་དང། ཁ་ན་མ་ཐོ་བ་དང་བཅས་པ་དང། ཁ་ན་མ་ཐོ་བ་མ་མཆིས་པ་དང། བསྟེན་པར་བགྱི་བ་ དང། བསྟེན་པར་བགྱི་བ་མ་ལགས་པ་དང། ངན་པ་དང། གྱ་ནོམ་པ་དང། ནང་དང། ཕྱི་དང། མཐོང་བ་དང། ཐོས་པ་དང། བྱེ་བྲག་ཕྱེད་པ་དང། རྣམ་པར་ཤེས་པ་དང། འདས་པ་དང་ མ་འོངས་པ་དང། ད་ལྟར་བྱུང་བ་དང། དགེ་བ་དང། མི་དགེ་བ་དང། ལུང་དུ་མ་བསྟན་པ་དང། འདོད་པ་དང་རབ་ཏུ་ལྡན་པ་དང་གཟུགས་དང་རབ་ཏུ་ལྡན་པ་དང། གཟུགས་མེད་པ་དང་རབ་ [473A]༄༅། །ཏུ་ལྡན་པ་དང། ལྡན་པ་མ་ལགས་པ་དང། སློབ་པ་དང་མི་སློབ་པ་དང། འདོད་ཆགས་དང། ཁོང་ཁྲོ་བ་དང། ང་རྒྱལ་དང། མ་རིག་པ་དང། ལྟ་བ་དང་ ཐེ་ཚོམ་ལ་ཇི་ལྟར་བསླབ་པར་བགྱི། སེར་སྣ་དང། སྦྱིན་པ་དང་འཆལ་བའི་ཚུལ་ཁྲིམས་དང། ཚུལ་ཁྲིམས་བཟང་པོ་དང། གནོད་སེམས་དང། བཟོད་པ་དང། ལེ་ལོ་དང། བརྩོན་ འགྲུས་དང། རྣམ་པར་གཡེང་བ་དང། བསམ་གཏན་དང། འཆལ་བའི་ཤེས་རབ་དང། ཤེས་རབ་ལ་ཇི་ལྟར་བསླབ་པར་བགྱི། རྣམ་པར་རྟོག་པ་དང། སྟོང་པ་ཉིད་དང། མཚན་མ་ མེད་པ་དང། མཚན་མ་མཆིས་པ་དང། ལོག་པའི་སྨོན་ལམ་དང། སྨོན་པ་མ་མཆིས་པ་དང། མི་སྡུག་པའི་ཆོས་རྣམས་དང། མི་རྟག་པ་དང། སྡུག་བསྔལ་བ་དང། བདག་མེད་པ་ རྣམས་ལ་ཇི་ལྟར་བསླབ་པར་བགྱི། ཉོན་མོངས་པ་རྣམས་དང། ཉོན་མོངས་པ་སྤངས་པ་དང། ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་དང། འཁོར་བ་དང། མྱ་ངན་ལས་ འདས་པ་དང། བྱང་ཆུབ་དང། སངས་རྒྱས་ཀྱི་ཆོས་རྣམས་ལ་ཇི་ལྟར་བསླབ་པར་བགྱི། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་ བཀའ་སྩལ་པ། བྱམས་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་བྱང་ཆུབ་སེམས་དཔའི་བསླབ་པ་ལ་སློབ་པར་འདོད་པས། གཟུགས་ [473B] །ཞེས་བྱ་བར་བསླབ་པར་བྱའོ། །ཚོར་བ་དང་འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་མིང་ཙམ་མོ། །ཞེས་བྱ་བ་ནས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་མིང་ ཙམ་མོ༑ ༑ཞེས་བྱ་བར་བསླབ་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གང་གི་ཚེ་ འདི་ལྟ་སྟེ། གཟུགས་ཞེས་བགྱི་བའི་མིང་འདི་དངོས་པོ་དང་བཅས་པར་དམིགས། འདི་ལྟ་སྟེ། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་ཞེས་བགྱི་བའི་མིང་ འདི་དངོས་པོ་དང་བཅས་པར་དམིགས་པ་ནས་འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ཞེས་བགྱི་བའི་བར་གྱི་མིང་འདི་ནི། འདུ་བྱེད་ཀྱི་མཚན་མ་ཉེ་བར་བཟུང་སྟེ་དངོས་པོ་དང་བཅས་པར་ དམིགས་པ་ལགས་ན། ཇི་ལྟར་བྱང་ཆུབ་སེམས་དཔས་གཟུགས་མིང་ཙམ་ཞེས་བགྱི་བར་བསླབ་པར་བགྱི། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་མིང་ ཙམ་ཞེས་བགྱི་བ་ནས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་མིང་ཙམ་ཞེས་བགྱི་བར་ཇི་ལྟར་བསླབ་པར་བགྱི། དངོས་པོ་མ་མཆིས་ལགས་ན། དེའི་མིང་དེའང་མིང་ཙམ་ཁོ་ན་ཞེས་བགྱིར་མི་རུང་ ལགས་ཏེ། འདི་ལྟ་སྟེ། གཟུགས་ཞེས་བགྱི་བ་ནི། མིང་ཙམ་ཁོ་ན་ཞེས་བགྱིར་མི་རུང་ལགས་སོ། །འདི་ལྟ་སྟེ། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་ [474A]༄༅། །ཞེས་བགྱི་བ་ནི། མིང་ཙམ་ཁོ་ན་ཞེས་བགྱིར་མི་རུང་ལགས་སོ། །སངས་རྒྱས་ཀྱི་ཆོས་རྣམས་ཞེས་བགྱི་བའི་བར་དུའང་མིང་ཙམ་ཁོ་ན་ཞེས་བགྱིར་མི་རུང་ལགས་སོ། ། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། བྱམས་པ། འདི་ལྟ་སྟེ། གཟུགས་ཞེས་བྱ་བ་དེ་དང། འདུ་བྱེད་ཀྱི་མཚན་མའི་ དངོས་པོ་དེ་དང་དེ་ལ་གློ་བུར་དུ་མིང་བཏགས་པའོ། །འདི་ལྟ་སྟེ་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་ཞེས་བྱ་བ་དེ་ནི། གློ་བུར་དུ་མིང་བཏགས་པའོ། །འདི་ལྟ་ སྟེ༑ སངས་རྒྱས་ཀྱི་ཆོས་ཞེས་བྱ་བའི་བར་འྡིའང་གློ་བུར་དུ་མིང་བཏགས་པའོ། །དེ་སྐད་ཅེས་བཀའ་སྩལ་པ་དང། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་ གསོལ་ཏོ། །བཅོམ་ལྡན་འདས། འདི་ལྟར་གཟུགས་ཞེས་བགྱི་བའི་མིང་མ་མཆིས་པར་ནི། འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེས་མིང་དེ་རིག་པ་དང། རྟོགས་པ་དང། འཚལ་བར་ཡང་མི་འགྱུར་ ལ་གཟུགས་ཞེས་བགྱི་བའི་མིང་དེས་ནི། འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་རྟགས་པ་དང། འཚལ་བར་ཡང་འགྱུར་ན། འདི་ལྟ་སྟེ་གཟུགས་ཞེས་བྱ་བ་འདི་ནི། འདུ་བྱེད་ཀྱི་མཚན་མའི་དངོས་ པོ་དེ་ལ་གློ་བུར་དུ་མིང་བཏགས་སོ། །ཞེས་བགྱི་བར་ཇི་ལྟར་འགྱུར་བཅོམ་ལྡན་འདས་འདི་ལྟར་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེས་ཚོར་བ་ཞེས་བགྱི་བ་དང། འདུ་ཤེས་ཞེས་བགྱི་བ་དང་ [474B] རྣམ་པར་ཤེས་པ་ཞེས་བགྱི་བ་དང། བཅོམ་ལྡན་འདས། འདི་ལྟར་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེས་སངས་རྒྱས་ཀྱི་ཆོས་རྣམས་ཞེས་བགྱི་བའི་བར་གྱི་ མིང་རིག་པ་དང། རྟོགས་པ་དང། འཚལ་བར་ཡང་མི་འགྱུར་ལ། ཚོར་བ་ཞེས་བགྱི་བ་དང། འདུ་ཤེས་ཞེས་བགྱི་བ་དང། འདུ་བྱེད་རྣམས་ཞེས་བགྱི་བ་དང། རྣམ་པར་ཤེས་པ་ཞེས་བགྱི་བ་ དེ་དང། སངས་རྒྱས་ཀྱི་ཆོས་ཞེས་བགྱི་བའི་བར་དེས་ནི། འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་ཉིད་རིག་པ་དང། རྟོགས་པ་དང། འཚལ་བར་ཡང་འགྱུར་ན། འདི་ལྟ་སྟེ། གཟུགས་ཞེས་བྱ་བ་ དང། འདི་ལྟ་སྟེ། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་ཞེས་བྱ་བ་དང། འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱ་བའི་བར་དུ་འདུ་བྱེད་ཀྱི་མཚན་ མའི་དངོས་པོ་དེ་དང་དེ་ལ་གློ་བུར་དུ་མིང་བཏགས་སོ། །ཞེས་བགྱི་བར་ཇི་ལྟར་འགྱུར། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ་ བྱམས་པ། དེའི་ཕྱིར་ཁྱོད་ཉིད་ལ་དྲིའི། ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་བཞིན་དུ་ལན་ཐོབ་ཅིག་བྱམས་པ། འདི་ཇི་སྙམ་དུ་སེམས། འདི་ལྟ་སྟེ། ཁྱོད་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་དང་དེ་ལ་ གཟུགས་ཞེས་བྱ་བའི་མིང་དེ་ལ་མ་བརྟན། མ་གནས། གནས་མ་བཅས་པར་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་དང་དེ་ལ་འདི་ནི། གཟུགས་ཡིན་ནོ། །ཞེས་བྱ་བར་དེ་ཇི་ག་དེ་སྙམ་དུ་སེམས་སམ་ [475A]༄༅། །བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བྱམས་པ། དེ་ཇི་སྙམ་དུ་སེམས། ཁྱོད་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་དང་དེ་ལ་འདི་ལྟ་སྟེ། ཚོར་བ་ཞེས་བྱ་བ་དང་ འདུ་ཤེས་ཞེས་བྱ་བ་དང། འདུ་བྱེད་རྣམས་ཞེས་བྱ་བ་དང། རྣམ་པར་ཤེས་པ་ཞེས་བྱ་བ་དང། བྱམས་པ། འདི་ཇི་སྙམ་དུ་སེམས། འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་དང་དེ་ལ་འདི་ལྟ་སྟེ་ སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱ་བའི་བར་གྱི་མིང་དེ་ལ་མ་བརྟེན། མ་གནས། གནས་མ་བཅས་པར་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་དང་དེ་ལ་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་ དང། རྣམ་པར་ཤེས་པ་ནས་སངས་རྒྱས་ཀྱི་ཆོས་ཞེས་བྱ་བའི་བར་ལ་ཁྱོད་ཇི་ག་དེ་སྙམ་དུ་སེམས་སམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བྱམས་པ། རྣམ་གྲངས་འདིས་ ཀྱང་འདི་ལྟ་སྟེ། གཟུགས་ཞེས་བྱ་བ་དང། ཚོར་བ་ཞེས་བྱ་བ་དང། འདུ་ཤེས་ཞེས་བྱ་བ་དང། འདུ་བྱེད་རྣམས་ཞེས་བྱ་བ་དང་རྣམ་པར་ཤེས་པ་ཞེས་བྱ་བ་འདི་ནི། འདུ་བྱེད་ཀྱི་མཚན་མའི་ དངོས་པོ་དེ་དང་དེ་ལ་གློ་བུར་དུ་མིང་བཏགས་པ་དང། འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱ་བའི་བར་དེའང་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་དང་དེ་ལ་གློ་བུར་དུ་མིང་བཏགས་པ་ཡིན་ པར་དེ་ལྟར་རིག་པར་བྱའོ། །བྱམས་པ། འདི་ཇི་སྙམ་དུ་སེམས། མིང་དང། བརྡ་དང། ཐ་སྙད་དང། བཏགས་པ་རྣམ་པ་སྣ་ཚོགས་ཀྱིས་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་ལ་ཉེ་བར་འདོགས་ [475B] ཐ་སྙད་དམ། འདོགས་པའམ། མངོན་པར་ཞེན་པ་ཡིན་ནམ། བཅོམ་ལྡན་འདས། དེ་ལྟ་ལགས་སོ། །བྱམས་པ། རྣམ་གྲངས་འདིས་ཀྱང་འདི་ལྟ་སྟེ། གཟུགས་ཞེས་བྱ་བ་དང་ འདི་ལྟ་སྟེ། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་དང། འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱ་བའི་བར་དེ་ནི། འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་ལ་གློ་བུར་ དུ་མིང་བཏགས་པ་ཡིན་པར་དེ་ལྟར་རིག་པར་བྱའོ། །བྱམས་པ། འདི་ཇི་སྙམ་དུ་སེམས། འདི་ལ་འགའ་ཞིག་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་ཉིད་ལ་དེ་ལས་གཞན་པའི་འདུ་བྱེད་ཀྱི་མཚན་མའི་དངོས་ པོར་མིང་འདོགས་སམ། འདུ་ཤེས་སམ། རྗེས་སུ་ཐ་སྙད་འདོགས་སམ་མངོན་པར་ཞེན་པར་བྱེད་དམ། བཅོམ་ལྡན་འདས། དེ་ལྟ་ལགས་སོ་།བྱམས་པ། རྣམས་གྲངས་འདིས་ཀྱང་འདི་ལྟ་སྟེ་ གཟུགས་ཞེས་བྱ་བ་དང། འདི་ལྟ་སྟེ། ཚོར་བ་དང། འདུ་ཤེས་དང་འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་དང། འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱ་བའི་བར་འདི་ནི། གློ་བུར་དུ་ མིང་བཏགས་པ་ཡིན་པར་དེ་ལྟར་རེག་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དེ་ལྟ་ ལགས་ན་ནི། འདི་ལྟ་སྟེ། གཟུགས་ཞེས་བགྱི་བ་དང། འདི་ལྟ་སྟེ་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་དང། འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ཞེས་ [476A]༄༅། །བགྱི་བའི་བར་དུ་འདུ་བྱེད་ཀྱི་མཚན་མའི་དངོས་པོ་གང་ཉེ་བར་བཟུང་ནས་མིང་དང། འདུ་ཤེས་དང། འདོགས་པ་དང། རྗེས་སུ་ཐ་སྙད་འདོགས་པར་འགྱུར་བ། གཟུགས་ ཀྱི་ངོ་བོ་ཉིད་དམིགས་པ་ཁོ་ནར་མི་འགྱུར་ལགས་སམ། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། བྱམས་པ། འདི་ལྟ་སྟེ་ འདུ་བྱེད་ཀྱི་མཚན་མའི་དངོས་པོ་ལ་གཟུགས་ཞེས་བྱ་བར་མིང་དང་འདུ་ཤེས་དང། འདོགས་པ་དང། རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་ལ། བྱམས་པ། འདི་ཇི་སྙམ་དུ་སེམས། དེ་ གཟུགས་ཀྱི་ངོ་བོ་ཉིད་ཡིན་ནམ། བཏགས་པ་ཙམ་དུ་ཟད། གསོལ་པ་བཅོམ་ལྡན་འདས། བཏགས་པ་ཙམ་དུ་བས་ལགས་སོ། །བྱམས་པ། འོ་ན་འདི་ལྟ་སྟེ། འདུ་བྱེད་ཀྱི་མཚན་མའི་དངོས་ པོ་ལ་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་དང། སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱ་བའི་བར་ནི་གཟུགས་ཀྱི་ངོ་བོ་ཉིད་དུ་དམིགས་པ་ཁོ་ནའོ། །ཞེས་བྱ་ བར་བྱམས་པ་ཁྱོད་ཇི་ལྟར་དེ་སྙམ་དུ་སེམས། བྱམས་པ། འདི་ཇི་སྙམ་དུ་སེམས། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་དང། སངས་རྒྱས་ཀྱི་ཆོས་རྣམས་ ཀྱི་བར་གྱི་ངོ་བོ་ཉིད་དེ་བཏགས་པ་ཙམ་དུ་ཟད་དམ། བཅོམ་ལྡན་འདས། བཏགས་པ་ཙམ་དུ་བས་ལགས་སོ། །བྱམས་པ། འོ་ན་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ [476B] སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་གྱི་ངོ་བོ་ཉིད་དམིགས་པ་ཁོ་ནའོ། །ཞེས་བྱ་བར་ཁྱོད་ཇི་ལྟར་དེ་ཇི་སྙམ་དུ་སེམས། དེ་སྐད་ཅེས་བཀའ་སྩལ་པ་དང། བཅོམ་ལྡན་འདས་ལ་བྱང་ཆུབ་ སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གལ་ཏེ་གཟུགས་མིང་དང། འདུ་ཤེས་དང། བརྡ་དང། བཏགས་པ་དང། ཐ་སྙད་ཙམ་ཁོ་ན་ལགས་ཤིང། ཚོར་བ་དང། འདུ་ ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་དང། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་མིང་དང། འདུ་ཤེས་དང། བརྡ་དང། བཏགས་པ་དང། ཐ་སྙད་ཙམ་ཁོ་ན་ལགས་ན། དེ་ལྟ་ན་ འདི་ལྟ་སྟེ། མིང་དང། འདུ་ཤེས་དང། བརྡ་དང། བཏགས་པ་དང་ཐ་སྙད་ཙམ་ཞེས་བགྱི་བས་གཟུགས་ཀྱི་ངོ་བོ་ཉིད་དམིགས་པ་ཁོ་ནར་མི་འགྱུར་ལགས་སམ། དེ་ལྟ་ན། ཚོར་བ་དང། འདུ་ ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་དང། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ངོ་བོ་ཉིད་དམིགས་པ་ཁོ་ནར་མི་འགྱུར་ལགས་སམ། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་།བྱམས་པ། འདི་ཇི་སྙམ་དུ་སེམས། གཟུགས་ཞེས་བྱ་བའི་མིང་དང་འདུ་ཤེས་དང། བརྡ་དང། བཏགས་པ་དང་ ཐ་སྙད་ཙམ་ཁོ་ན་གང་ཡིན་པ་དེ་ལ་ཇི་ག་སྐྱེ་བའམ། འཇིག་པའམ། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བ་ཡོད་དམ། བཅོམ་ལྡན་འདས། དེ་ནི། མ་མཆིས་ལགས་སོ། །བཀའ་སྩལ་པ་ [477A]༄༅། །བྱམས་པ། འོ་ན་ཁྱོད་འདི་སྙམ་དུ། གཟུགས་ཀྱི་ངོ་བོ་ཉིད་དམིགས་པ་ཁོ་ནའོ། །སྙམ་དུ་སེམས་པ་དེ་ཅི་ལས་གྱུར། བྱམས་པ། འདི་ཇི་སྙམ་དུ་སེམས། ཚོར་ བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་དང། སངས་རྒྱས་ཀྱི་ཆོས་ཞེས་བྱ་བའི་བར་གྱི་མིང་དང། འདུ་ཤེས་དང། བརྡ་དང། བཏགས་པ་དང། ཐ་སྙད་ ཙམ་ཁོ་ན་གང་ཡིན་པ་དེ་ལ་ཇི་ག་སྐྱེ་བའམ། འཇིག་པའམ། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བ་ཡོད་དམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མ་མཆིས་ལགས་ སོ༑ ༑བཀའ་སྩལ་པ། བྱམས་པ། འོ་ན་ཁྱོད་འདི་སྙམ་དུ། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་དང་དེ་བཞིན་དུ་སྦྱར་ཏེ་སངས་རྒྱས་ཀྱི་ ཆོས་རྣམས་ཀྱི་བར་གྱི་ངོ་བོ་ཉིད་དམིགས་པ་ཁོ་ནའོ། །སྙམ་དུ་སེམས་པ་དེ་ཅི་ལས་གྱུར། དེ་སྐད་ཅེས་བཀའ་སྩལ་པ་དང། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་ པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཅི་རྣམ་པ་ཐམས་ཅད་དུ་མཚན་ཉིད་ཐམས་ཅད་ཀྱིས་གཟུགས་མ་མཆིས་པ་ཁོ་ན་ལགས་སམ་བཅོམ་ལྡན་འདས། ཅི་རྣམ་པ་ཐམས་ ཅད་དུ་མཚན་ཉིད་ཐམས་ཅད་ཀྱིས་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་དང། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་མ་མཆིས་པ་ཁོ་ན་ལགས་སམ་ [477B] བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། བྱམས་པ། རྣམ་པ་ཐམས་ཅད་དུ་མཚན་ཉིད་ཐམས་ཅད་ཀྱིས་གཟུགས་མེད་དོ། །ཞེས་ང་མི་ སྨྲའོ། །བྱམས་པ། རྣམ་པ་ཐམས་ཅད་དུ་མཚན་ཉིད་ཐམས་ཅད་ཀྱིས་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་དང། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་མེད་ དོ༑ ༑ཞེས་ང་མི་སྨྲའོ། །དེ་སྐད་ཅེས་བཀའ་སྩལ་པ་དང། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ་།བཅོམ་ལྡན་འདས། ཇི་ལྟར་ན། གཟུགས་མཆིས་ པ་ལགས། བཅོམ་ལྡན་འདས། ཇི་ལྟར་ན། ཚོར་བ་དང། འདུ་ཤེས་དང་འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་དང། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་མཆིས་པ་ལགས། དེ་སྐད་ ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། བྱམས་པ། འཇིག་རྟེན་གྱི་བརྡ་དང། ཐ་སྙད་ཀྱིས་གཟུགས་ཡོད་ཀྱི། དོན་དམ་པར་ནི། མ་ ཡིན་ནོ༑ ༑བྱམས་པ། འཇིག་རྟེན་གྱི་བརྡ་དང། ཐ་སྙད་ཀྱིས་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་དང། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་ཡོད་ཀྱི། དོན་ དམ་པར་ནི། མ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ་།བཅོམ་ལྡན་འདས། བདག་གིས་བཅོམ་ལྡན་ [478A]༄༅། །འདས་ཀྱིས་གསུངས་པའི་དོན་འཚལ་བ་ལྟར་ན། དབྱིངས་འདི་ནི། དོན་དམ་པར་ན་བརྗོད་དུ་མ་མཆིས་པའོ། །བཅོམ་ལྡན་འདས། གལ་ཏེ་བརྗོད་དུ་མ་མཆིས་ པའི་དབྱིངས་དོན་དམ་པར་མཆིས་སུ་ལགས་ན། འོ་ན་འདུ་བྱེད་ཀྱི་མཚན་མའི་དངོས་པོ་གང་ལ་གཟུགས་ཞེས་བགྱི་བར་གློ་བུར་དུ་མིང་དུ་འདོགས་པར་ཇི་ལྟར་འགྱུར། དོན་དམ་པར་མཆིས་ན་ འདུ་བྱེད་ཀྱི་མཚན་མའི་དངོས་པོ་གང་ལ་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་དང། སངས་རྒྱས་ཀྱི་ཆོས་རྣམས་ཞེས་བགྱི་བའི་བར་དུ་གློ་བུར་དུ་མིང་དུ་ འདོགས་པར་ཇི་ལྟར་འགྱུར། གལ་ཏེ་དོན་དམ་པར་མ་མཆིས་ན་ནི། འོ་ན་བརྗོད་དུ་མ་མཆིས་པའི་དབྱིངས་སུའང་ཇི་ལྟར་འགྱུར་ཏེ། འདུ་བྱེད་ཀྱི་མཚན་མའི་དངོས་པོ་ནི། བརྗོད་དུ་མ་མཆིས་ པའི་དབྱིངས་ཞེས་བགྱིར་མི་རུང་ལགས་སོ། །དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། བྱམས་པ། དེའི་ཕྱིར་ཁྱོད་ཉིད་ལ་དྲིའི་ ཇི་ལྟར་བཟོད་པ་དེ་བཞིན་དུ་ལན་ཐོབ་ཅིག་བྱམས་པ། འདི་ཇི་སྙམ་དུ་སེམས། གང་གི་ཚེ་བརྗོད་དུ་མེད་པའི་དབྱིངས་དང་འབྲེལ་བའི་ཤེས་རབ་ཀྱི་སྤྱོད་པ་ལ་གནས་པ་དེའི་ཚེ་འདུ་བྱེད་ཀྱི་མཚན་ མའི་དངོས་པོ་གང་ལ་འདི་ལྟ་སྟེ། གཟུགས་ཞེས་བྱ་བ་དང། ཚོར་བ་ཞེས་བྱ་བ་དང། འདུ་ཤེས་ཞེས་བྱ་བ་དང། འདུ་བྱེད་རྣམས་ཞེས་བྱ་བ་དང། རྣམ་པར་ཤེས་པ་ཞེས་བྱ་བ་དང། སངས་ [478B]དུ་བཏགས་པ་འདི་ཁྱོད་ཀྱིས་དམིགས་སམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མི་དམིགས་ལགས་སོ། །བཀའ་སྩལ་པ། བྱམས་ པ༑ རྣམ་གྲངས་འདིས་འདུ་བྱེད་ཀྱི་མཚན་མའི་དངོས་པོ་གང་ཡིན་པ་དེ་བརྗོད་དུ་མེད་པའི་དབྱིངས་ཀྱང་མ་ཡིན་ལ། འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་ལས་བརྗོད་དུ་མེད་པའི་དབྱིངས་གཞན་ པའང་མ་ཡིན་པར་རིག་པར་བྱའོ། །འདི་ལྟ་སྟེ། གཟུགས་ཞེས་བྱ་བ་དང། ཚོར་བ་ཞེས་བྱ་བ་དང། འདུ་ཤེས་ཞེས་བྱ་བ་དང། འདུ་བྱེད་རྣམས་ཞེས་བྱ་བ་དང། རྣམ་པར་ཤེས་པ་ཞེས་བྱ་བ་དང་སངས་རྒྱས་ཀྱི་ཆོས་རྣམས་ ཞེས་བྱ་བའི་བར་དུ་གང་ལ་གློ་བུར་དུ་མིང་དུ་བཏགས་པའི་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་ལ་གལ་ཏེ་བརྗོད་དུ་མེད་པའི་དབྱིངས་ཡིན་དུ་ཟིན་ན། འོ་ན་ནི། བྱིས་པ་སོ་སོའི་སྐྱེ་པོ་ཐམས་ཅད་ ཀྱང་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་ཞིང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་ཡང་འགྱུར་རོ། །བྱམས་པ། གལ་ཏེ་འདུ་བྱེད་ཀྱི་ མཚན་མའི་དངོས་པོ་ལས་བརྗོད་དུ་མེད་པའི་དབྱིངས་གཞན་ཡིན་དུ་ཟིན་ན་ནི། འོ་ན་མཚན་མ་དེའང་མི་དམིགས་ན། འདི་ལྟར་བརྗོད་དུ་མེད་པའི་དབྱིངས་དེ་རྟོགས་པར་འགྱུར་རམ། བྱམས་པ་ རྣམ་གྲངས་འདིས་ཀྱང་འདུ་བྱེད་ཀྱི་མཚན་མ་དེ་ལས་བརྗོད་དུ་མེད་པའི་དབྱིངས་གཞན་པའང་མ་ཡིན་ལ། འདི་ལྟ་སྟེ། གཟུགས་ཞེས་བྱ་བ་དང། ཚོར་བ་ཞེས་བྱ་བ་དང། འདུ་ཤེས་ཞེས་བྱ་བ་དང་ [479A]༄༅། །འདུ་བྱེད་རྣམས་ཞེས་བྱ་བ་དང། རྣམ་པར་ཤེས་པ་ཞེས་བྱ་བ་དང། སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱ་བའི་བར་དུ་གང་ལ་གློ་བུར་དུ་མིང་དུ་བཏགས་པ་དེ་ ལས་བརྗོད་དུ་མེད་པའི་དབྱིངས་གཞན་མ་ཡིན་པའང་མ་ཡིན་པར་རིག་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ ཅེས་གསོལ་ཏོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་བརྗོད་དུ་མ་མཆིས་པའི་དབྱིངས་དང་འབྲེལ་བའི་ཤེས་རབ་ཀྱི་སྤྱོད་པ་ལ་གནས་པ་ན། འདི་ལྟ་སྟེ། གཟུགས་ཞེས་ བགྱི་བ་དང། ཚོར་བ་ཞེས་བགྱི་བ་དང། འདུ་ཤེས་ཞེས་བགྱི་བ་དང། འདུ་བྱེད་རྣམས་ཞེས་བགྱི་བ་དང། རྣམ་པར་ཤེས་པ་ཞེས་བགྱི་བ་དང། སངས་རྒྱས་ཀྱི་ཆོས་རྣམས་ཞེས་བགྱི་བའི་བར་ དག་གང་ལ་གློ་བུར་དུ་མིང་དུ་བཏགས་པའི་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་མི་དམིགས་ན། བཅོམ་ལྡན་འདས། ཅི་མཆིས་པ་མི་དམིགས་པ་ལགས་སམ། འོན་ཏེ་མ་མཆིས་པ་མི་དམིགས་ ལགས། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། བྱམས་པ། འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་ལ་ནི། རང་དབང་ཉིད་ དམ༑ ཡོད་པ་ཉིད་གང་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱམས་པ། གང་གི་ཚེ་ཁྱོད་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་ལ་རྣམ་པར་རྟོག་པ་དེའི་ཚེ་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་ [479B] གང་གི་ཚེ་བརྗོད་དུ་མེད་པའི་དབྱིངས་དང་འབྲེལ་བའི་ཤེས་རབ་ཀྱི་སྤྱོད་པ་ལ་གནས་ཏེ་རྣམ་པར་མི་རྟོགས་པ་དེའི་ཚེ་རྣམ་པར་མི་རྟོགས་པར་གཟུང་ བར་འགྱུར་རམ། བཅོམ་ལྡན་འདས། དེ་ལྟ་ལགས་སོ། །བྱམས་པ། དེ་ལྟ་ཡིན་ན། འདི་ལྟ་སྟེ། འདུ་བྱེད་ཀྱི་མཚན་མའི་དངོས་པོ་གང་ལ་འདི་ལྟར་གཟུགས་ཞེས་བྱ་བ་དང། ཚོར་བ་ཞེས་བྱ་བ་ དང། འདུ་ཤེས་ཞེས་བྱ་བ་དང། འདུ་བྱེད་རྣམས་ཞེས་བྱ་བ་དང་རྣམ་པར་ཤེས་པ་ཞེས་བྱ་བ་དང། སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱ་བའི་བར་གློ་བུར་དུ་མིང་དུ་བཏགས་པ་དེ་རྣམ་པར་རྟོག་པ་ཙམ་ དུ་མ་ཟད་དམ། རྣམ་པར་རྟོག་པ་ཙམ་ཉིད་དོ། །དེ་དེ་ལྟར་རྣམ་པར་མི་རྟོགས་པའི་དབྱིངས་ལ་གནས་ཏེ་རྣམ་པར་རྟོག་པ་རྣམས་དང་བྲལ་བར་གྱུར་བ་ན། འདི་ལྟ་སྟེ། གཟུགས་ཞེས་བྱ་བ་དང། ཚོར་བ་ ཞེས་བྱ་བ་དང། འདུ་ཤེས་ཞེས་བྱ་བ་དང། འདུ་བྱེད་རྣམས་ཞེས་བྱ་བ་དང། རྣམ་པར་ཤེས་པ་ཞེས་བྱ་བ་དང། སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱ་བའི་བར་དུ་གང་ལ་གློ་བུར་དུ་མིང་དུ་བཏགས་ པ་དེ་ལ་ཡོད་པ་གང་ཡིན་གང་ཡོད་པ་ནི། དམིགས་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ ལྡན་འདས། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཆོས་རབ་ཏུ་དབྱེ་བ་མཁས་པ་ལ་ཞུགས་པས་གཟུགས་རབ་ཏུ་དབྱེ་བའི་བཏགས་པ་རྣམ་པ་དུ་ཞིག་ཏུ་རྟོགས་པར་བགྱི་ [480A]༄༅། །ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་དང། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་རབ་ཏུ་དབྱེ་བའི་བཏགས་པ་རྣམ་པ་དུ་ཞིག་ཏུ་ རྟོགས་པར་བགྱི་ལགས། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། བྱམས་པ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཆོས་རབ་ཏུ་དབྱེ་བ་མཁས་པ་ལ་ཞུགས་པས། གཟུགས་རབ་ཏུ་དབྱེ་བའི་བཏགས་རྣམ་པ་གསུམ་དུ་རྟོགས་པར་བྱ་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་ རྣམས་དང། རྣམ་པར་ཤེས་པ་དང། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་རབ་ཏུ་དབྱེ་བའི་བཏགས་པ་རྣམ་པ་གསུམ་དུ་རྟོགས་པར་བྱ་སྟེ། འདི་ལྟ་སྟེ། འདི་ནི། ཀུན་བཏགས་པའི་གཟུགས་ སོ༑ ༑འདི་ནི། རྣམ་པར་བཏགས་པའི་གཟུགས་སོ། །འདི་ནི། ཆོས་ཉིད་ཀྱི་གཟུགས་སོ། །འདི་ལྟ་སྟེ། འདི་ནི། ཀུན་བཏགས་པའི་ཚོར་བའོ། །འདི་ནི། རྣམ་པར་བཏགས་པའི་ཚོར་བའོ། །འདི་ ནི༑ ཆོས་ཉིད་ཀྱི་ཚོར་བའོ། །འདི་ལྟ་སྟེ། འདི་ནི། ཀུན་བརྟགས་པའི་འདུ་ཤེས་སོ། །འདི་ནི། རྣམ་པར་བཏགས་པའི་འདུ་ཤེས་སོ། །འདི་ནི། ཆོས་ཉིད་ཀྱི་འདུ་ཤེས་སོ། །འདི་ལྟ་སྟེ། འདི་དག་ ནི༑ ཀུན་བཏགས་པའི་འདུ་བྱེད་རྣམས་སོ། །འདི་དག་ནི། རྣམ་པར་བཏགས་པའི་འདུ་བྱེད་རྣམས་སོ། །འདི་དག་ནི། ཆོས་ཉིད་ཀྱི་འདུ་བྱེད་རྣམས་སོ། །འདི་ལྟ་སྟེ། འདི་ནི། ཀུན་བཏགས་ [480B] །འདི་ནི། རྣམ་པར་བཏགས་པའི་རྣམ་པར་ཤེས་པའོ། །འདི་ནི། ཆོས་ཉིད་ཀྱི་རྣམ་པར་ཤེས་པའོ། །འདི་ལྟ་སྟེ། འདི་དག་ནི། ཀུན་བཏགས་པའི་སངས་རྒྱས་ཀྱི་ཆོས་ རྣམས་ཀྱི་བར་དག་གོ་འདི་དག་ནི། རྣམ་པར་བཏགས་པའི་སངས་རྒྱས་ཀྱི་ཆོས་རྣམས་སོ། །འདི་དག་ནི། ཆོས་ཉིད་ཀྱིས་སངས་རྒྱས་ཀྱི་ཆོས་རྣམས་སོ། །ཞེས་བྱ་བའོ། །དེ་སྐད་ཅེས་བཀའ་སྩལ་པ་ དང། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཀུན་བཏགས་པའི་གཟུགས་ནི། གང་ལགས་རྣམ་པར་བརྟགས་པའི་གཟུགས་ ནི༑ གང་ལགས། ཆོས་ཉིད་ཀྱི་གཟུགས་ནི། གང་ལགས། བཅོམ་ལྡན་འདས་ཀུན་བཏགས་པའི་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་དང། ཀུན་བཏགས་ པའི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་ནི། གང་ལགས། རྣམ་པར་བཏགས་པའི་སངས་རྒྱས་ཀྱི་ཆོས་རྣམས་ནི། གང་ལགས། ཆོས་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་རྣམས་ནི། གང་ལགས་ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ། གང་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་དང་དེ་ལ་གཟུགས་ཞེས་བྱ་བའི་མིང་དང་འདུ་ཤེས་དང། བཏགས་པ་དང། ཐ་སྙད་ལ་བརྟེན་ནས་ གཟུགས་ཀྱི་ངོ་བོ་ཉིད་དུ་ཡོངས་སུ་རྟོག་པ་འདི་ནི། ཀུན་བརྟགས་པའི་གཟུགས་སོ། །བྱམས་པ། གང་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་དང་དེ་ལ་ཚོར་བ་ཞེས་བྱ་བ་དང། འདུ་ཤེས་ཞེས་བྱ་བ་དང་ [481A]༄༅། །འདུ་བྱེད་རྣམས་ཞེས་བྱ་བ་དང། རྣམ་པར་ཤེས་པ་ཞེས་བྱ་བ་དང། སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱ་བའི་བར་གྱི་མིང་དང། འདུ་ཤེས་དང། བཏགས་པ་དང་ ཐ་སྙད་ལ་བརྟེན་ནས་ཚོར་བའི་ངོ་བོ་ཉིད་དང། འདུ་ཤེས་དང་འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་དང། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་གྱི་ངོ་བོ་ཉིད་དུ་ཡོངས་སུ་རྟོག་པ་འདི་ནི། ཀུན་ བཏགས་པའི་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པའོ། །འདི་དག་ནི། ཀུན་བཏགས་པའི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དག་གོ་འདུ་བྱེད་ཀྱི་མཚན་ མའི་དངོས་པོ་དེ་རྣམ་པར་རྟོག་པ་ཙམ་གྱི་ཆོས་ཉིད་ལ་གནས་པའི་རྣམ་པར་རྟོག་པ་ལ་བརྟེན་ནས་མངོན་པར་བརྗོད་དེ། གང་ལ་འདི་ནི་གཟུགས་སོ། །ཞེས་བྱ་བ་དང། ཚོར་བའོ། །ཞེས་བྱ་ བ་དང། འདུ་ཤེས་སོ། །ཞེས་བྱ་བ་དང། འདུ་བྱེད་རྣམས་སོ། །ཞེས་བྱ་བ་དང། རྣམ་པར་ཤེས་པའོ། །ཞེས་བྱ་བ་དང། སངས་རྒྱས་ཀྱི་ཆོས་རྣམས་སོ། །ཞེས་བྱ་བའི་བར་གྱི་མིང་དང། འདུ་ ཤེས་དང། བཏགས་པ་དང། ཐ་སྙད་གང་ཡིན་པ་འདི་ནི། རྣམ་པར་བཏགས་པའི་གཟུགས་སོ། །འདི་ནི། རྣམ་པར་བཏགས་པའི་ཚོར་བའོ། །འདི་ནི། རྣམ་པར་བཏགས་པའི་འདུ་ཤེས་ སོ༑ ༑འདི་དག་ནི། རྣམ་པར་བཏགས་པ་འདི་འདུ་བྱེད་རྣམས་སོ། །འདི་ནི། རྣམ་པར་བཏགས་པའི་རྣམ་པར་ཤེས་པའོ། །འདི་དག་ནི། རྣམ་པར་བཏགས་པའི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ [481B]གང་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། ཆོས་ཉིད་འདི་ནི། གནས་པ་ཉིད་དང། ཆོས་གནས་པའི་དབྱིངས་དང། གང་ ཀུན་བཏགས་པའི་གཟུགས་དེས་རྣམ་པར་བཏགས་པའི་གཟུགས་རྟག་པ་རྟག་པའི་དུས་དང། ཐེར་ཟུག་ཐེར་ཟུག་གི་དུས་སུ་ངོ་བོ་ཉིད་མེད་པ་ཁོ་ན་དང། ཆོས་ལ་བདག་མེད་པ་ཉིད་དང། དེ་ བཞིན་ཉིད་དང། ཡང་དག་པའི་མཐའ་འདི་ནི། ཆོས་ཉིད་ཀྱི་གཟུགས་སོ། །འདི་ནི། ཆོས་ཉིད་ཀྱི་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པའོ། །འདི་དག་ནི། ཆོས་ཉིད་ ཀྱི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དག་གོ་དེ་སྐད་ཅེས་བཀའ་སྩལ་པ་དང། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གཟུགས་ གསུམ་པོ་འདི་དག་ལས་རྫས་སུ་མ་མཆིས་པར་ལྟ་བའི་གཟུགས་ནི། གང་ལགས། རྫས་སུ་མཆིས་པར་ལྟ་བ་ནི། གང་ལགས། རྫས་སུ་མ་མཆིས་པའང་མ་ལགས་ལ། རྫས་སུ་ མཆིས་པའང་མ་ལགས་ཤིང་དོན་དམ་པས་རབ་ཏུ་ཕྱེ་བར་ལྟ་བ་ནི་གང་ལགས། ཚོར་བ་གསུམ་པོ་འདི་དག་དང། འདུ་ཤེས་གསུམ་པོ་འདི་དག་དང། འདུ་བྱེད་གསུམ་པོ་འདི་དག་དང་ རྣམ་པར་ཤེས་པ་གསུམ་པོ་འདི་དག་དང། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་གསུམ་པོ་འདི་དག་ལས་རྫས་སུ་མ་མཆིས་པ་དག་ནི། གང་ལགས། རྫས་སུ་མཆིས་པ་དག་ནི། གང་ལགས་ [482A]༄༅། །རྫས་སུ་མ་མཆིས་པའང་མ་ལགས་ལ། རྫས་སུ་མཆིས་པའང་མ་ལགས་ཤིང་དོན་དམ་པས་རབ་ཏུ་ཕྱེ་བ་དག་ནི། གང་ལགས། དེ་སྐད་ཅེས་གསོལ་པ་དང་ བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། བྱམས་པ། གང་ཀུན་བཏགས་པའི་གཟུགས་དེ་ནི། རྫས་སུ་མེད་པར་བལྟ་བར་བྱའོ། །རྣམ་པར་བཏགས་ པའི་གཟུགས་གང་ཡིན་པ་དེ་ནི། རྣམ་པར་རྟོག་པ་རྫས་སུ་ཡོད་པའི་ཕྱིར་རྫས་སུ་ཡོད་པར་བལྟ་བར་བྱ་སྟེ། རང་དབང་དུ་འབྱུང་བའི་ཕྱིར་ནི། མ་ཡིན་ནོ། །གང་ཆོས་ཉིད་ཀྱི་གཟུགས་དེ་ནི་ རྗེས་སུ་མེད་པའང་མ་ཡིན། རྗེས་སུ་ཡོད་པའང་མ་ཡིན་ཞིང་དོན་དམ་པས་རབ་ཏུ་ཕྱེ་བར་བལྟ་བར་བྱའོ། །གང་ཀུན་བཏགས་པའི་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང་ རྣམ་པར་ཤེས་པ་དང། གང་དག་ཀུན་བརྟགས་པའི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དེ་དག་ནི། རྗེས་སུ་མེད་པར་བལྟ་བར་བྱའོ་།གང་རྣམ་པར་བཏགས་པའི་ཚོར་བ་དང། འདུ་ཤེས་ དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་དང། གང་དག་རྣམ་པར་བཏགས་པའི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དེ་དག་ནི། རྣམ་པར་རྟོག་པ་རྫས་སུ་ཡོད་པའི་ཕྱིར་རྫས་སུ་ ཡོད་པར་བལྟ་བར་བྱ་སྟེ། རང་དབང་དུ་འབྱུང་བའི་ཕྱིར་ནི། མ་ཡིན་ནོ། །བྱམས་པ། གང་ཆོས་ཉིད་ཀྱི་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་དང། བྱམས་ [482B] གང་དག་ཆོས་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དེ་དག་ནི། རྫས་སུ་མེད་པའང་མ་ཡིན་ལ། རྫས་སུ་ཡོད་པའང་མ་ཡིན་ཞིང་དོན་དམ་པས་རབ་ཏུ་ཕྱེ་བར་བལྟ་བར་བྱའོ། །དེ་སྐད་ ཅེས་བཀའ་སྩལ་པ་དང། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དེ་ལྟར་གཟུགས་རབ་ཏུ་དབྱེ་བའི་བཏགས་པའང་མཆིས་ ལ༑ དེ་ལྟར་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་དང། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་རབ་ཏུ་དབྱེ་བའི་བཏགས་པའང་མཆིས་ན། འདི་ལྟ་སྟེ། གཟུགས་ ཞེས་བྱ་བ་དེ་ནི། གཉིས་སུ་མེད་པའི་གྲངས་སུ་བྱས་པའོ། །འདི་ལྟ་སྟེ། ཚོར་བ་ཞེས་བྱ་བ་དང། འདུ་ཤེས་ཞེས་བྱ་བ་དང། འདུ་བྱེད་རྣམས་ཞེས་བྱ་བ་དང། རྣམ་པར་ཤེས་པ་ཞེས་བྱ་བ་དང་ སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱ་བའི་བར་འདི་ནི། གཉིས་སུ་མེད་པའི་གྲངས་སུ་བྱས་པའོ། །ཞེས་བཅོམ་ལྡན་འདས་ཀྱིས་གང་བཀའ་སྩལ་པ་དེ། བཅོམ་ལྡན་འདས་ཀྱིས་ཅི་ལ་དགོངས་ནས་ འདི་ལྟ་སྟེ། གཟུགས་ཞེས་བྱ་བ་དེ་ནི། གཉིས་སུ་མེད་པའི་གྲངས་སུ་བྱས་པའོ། །འདི་ལྟ་སྟེ། ཚོར་བ་ཞེས་བྱ་བ་དང། འདུ་ཤེས་ཞེས་བྱ་བ་དང། འདུ་བྱེད་རྣམས་ཞེས་བྱ་བ་དང། རྣམ་པར་ ཤེས་པ་ཞེས་བྱ་བ་དང། སངས་རྒྱས་ཀྱི་ཆོས་ཀྱི་བར་ཞེས་བྱ་བ་དེ་ནི། གཉིས་སུ་མེད་པའི་གྲངས་སུ་བྱས་པའོ། །ཞེས་བཀའ་སྩལ། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བྱང་ [483A]༄༅། །ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། བྱམས་པ། འདི་ཇི་སྙམ་དུ་སེམས། ཀུན་བཏགས་པའི་གཟུགས་ལ་རྫས་སུ་མེད་པ་ཉིད་གང་ཡིན་པ་དེ་ གཟུགས་ཡིན་ནམ། འོན་ཏེ་མ་ཡིན། གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །དེ་ལ་གཟུགས་ཞེས་བྱ་བ་མིང་དང། འདུ་ཤེས་དང། བཏགས་པ་དང། ཐ་སྙད་ཙམ་གང་ ཡིན་པ་དེ་ཇི་ག་གཟུགས་ཡིན་ནམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བྱམས་པ། རྣམ་གྲངས་འདིས་གང་ཀུན་བརྟག་པའི་གཟུགས་དེ་གཟུགས་ཀྱང་མ་ཡིན་ གཟུགས་མ་ཡིན་པའང་མ་ཡིན་ཏེ། གང་གཟུགས་ཀྱང་མ་ཡིན་ལ། གཟུགས་མ་ཡིན་པའང་མ་ཡིན་པ་དེ་ནི། གཉིས་སུ་མེད་པ་སྟེ། ངས་འདི་ལ་དགོངས་ནས་འདི་ལྟ་སྟེ། གཟུགས་ཞེས་ བྱ་བ་དེ་ནི། གཉིས་སུ་མེད་པའི་གྲངས་སུ་བྱས་པའོ། །ཞེས་བཀའ་སྩལ་པར་རིག་པར་བྱའོ། །བྱམས་པ། འདི་ཇི་སྙམ་དུ་སེམས། གང་ལ་བརྟེན་ནས་གཟུགས་ཞེས་བྱ་བའི་མིང་དང་ བཏགས་པ་དང། ཐ་སྙད་དུ་འགྱུར་བ་རྣམ་པར་བཏགས་པའི་གཟུགས་རྫས་སུ་ཡོད་པ་ཉིད་གང་ཡིན་པ་དེ་ཇི་ག་གཟུགས་མ་ཡིན་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ ལགས་སོ། །བྱམས་པ། འདི་ཇི་སྙམ་དུ་སེམས། རྣམ་པར་བཏགས་པའི་གཟུགས་དེ་ཉིད་ལ་ཀུན་བརྟགས་པའི་གཟུགས་དེས་དེའི་ངོ་བོ་ཉིད་མ་ཡིན་ཞིང། དེའི་མཚན་ཉིད་མ་ཡིན་པ་ [483B] གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བྱམས་པ། རྣམ་གྲངས་འདིས་ཀྱང་འདི་ལྟར་གང་རྣམ་པར་བཏགས་པའི་གཟུགས་དེའང་གཟུགས་ཀྱང་ མ་ཡིན་ལ། གཟུགས་མ་ཡིན་པའང་མ་ཡིན་ཏེ། གང་གཟུགས་ཀྱང་མ་ཡིན་ལ། གཟུགས་མ་ཡིན་པའང་མ་ཡིན་པ་དེ་གཉིས་སུ་མེད་པ་སྟེ། གནས་དེ་ལ་དགོངས་ནས་འདི་ལྟ་སྟེ། གཟུགས་ཞེས་བྱ་ བ་དེ་ནི༑ གཉིས་སུ་མེད་པའི་གྲངས་སུ་བྱས་པའོ། །ཞེས་བཀའ་སྩལ་བར་རིག་པར་བྱའོ། །བྱམས་པ། འདི་ཇི་སྙམ་དུ་སེམས། གང་ཆོས་ཉིད་ཀྱི་གཟུགས་བདག་མེད་པས་རབ་ཏུ་ཕྱེ་བའི་གཟུགས་ དེ་དག་གཟུགས་ཡིན་ནམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ་།ཆོས་ཉིད་ཀྱིས་གཟུགས་དེ་ཉིད་ཀྱི་གཟུགས་ཀྱི་ཆོས་ཉིད་གང་ཡིན་པ་དེ་གཟུགས་མ་ཡིན་ནམ། གསོལ་པ། བཅོམ་ ལྡན་འདས། དེ་ནི། མ་ལགས་སོ། །བྱམས་པ། རྣམ་གྲངས་འདིས་ཀྱང་འདི་ལྟར་ཆོས་ཉིད་ཀྱི་གཟུགས་གང་ཡིན་པ་དེའང་གཟུགས་ཀྱང་མ་ཡིན་ལ། གཟུགས་མ་ཡིན་པའང་མ་ཡིན་ཏེ། གང་གཟུགས་ ཀྱང་མ་ཡིན་ལ། གཟུགས་མ་ཡིན་པའང་མ་ཡིན་པ་དེ་ནི། གཉིས་སུ་མེད་པ་སྟེ། ངས་དེ་ལ་དགོངས་ནས་འདི་ལྟ་སྟེ། གཟུགས་ཞེས་བྱ་བ་དེ་ནི། གཉིས་སུ་མེད་པའི་གྲངས་སུ་བྱས་པའོ། །ཞེས་བཀའ་ སྩལ་པར་རིག་པར་བྱ་སྟེ། དེ་བཞིན་དུ་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་རྣམས་དང། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་ལའང་སྦྱར་བར་བྱའོ། །དེ་སྐད་ཅེས་ [484A]༄༅། །བཀའ་སྩལ་པ་དང། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ལྟར་གཟུགས་ལ་གཉིས་སུ་མ་མཆིས་པའི་མཚན་ཉིད་ལ་མཁས་ཤིང། དེ་ལྟར་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་ དང། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དག་ལ་མཚན་ཉིད་མ་མཆིས་པ་ལ་མཁས་པ། མཐའ་གཉིས་སྤངས་ནས་དབུ་མའི་ལམ་ལ་ཞུགས་པའི་ཡོངས་སུ་འཚལ་བའི་མཚན་ཉིད་ནི། ཇི་ལྟ་ བུ༑ སྤོང་བའི་མཚན་ཉིད་ནི། ཇི་ལྟ་བུ། མངོན་སུམ་དུ་བགྱིད་པའི་མཚན་ཉིད་ནི། ཇི་ལྟ་བུ། བསྒོམ་པའི་མཚན་ཉིད་ནི། ཇི་ལྟ་བུར་བལྟ་བར་བགྱི། དེ་སྐད་ཅེས་གསོལ་པ་དང། བཅོམ་ ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ་བྱམས་པ། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མཐའ་གཉིས་སྤངས་ནས་འདི་ལྟར་དབུ་ མའི་ལམ་ལ་ཞུགས་པས་གང་གཟུགས་ཡོངས་སུ་ཤེས་པའང་མ་ཡིན་ཡོངས་སུ་མི་ཤེས་པའང་མ་ཡིན་པ་དེ་ཉིད་དེའི་ཡོངས་སུ་ཤེས་པའོ། །གང་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་ རྣམས་དང། རྣམ་པར་ཤེས་པ་དང། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་ཡོངས་སུ་ཤེས་པའང་མ་ཡིན། ཡོངས་སུ་མི་ཤེས་པའང་མ་ཡིན་པ་དེ་ཉིད་དེའི་ཡོངས་སུ་ཤེས་པའོ། །གང་གཟུགས་ [484B]སྤོང་བའོ། །གང་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་དང། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་སྤོང་བའང་ མ་ཡིན༑ མི་སྤོང་བའང་མ་ཡིན་པ་དེ་ཉིད་དེའི་སྤོང་བའོ། །གང་གཟུགས་སྤོང་བ་མངོན་སུམ་དུའང་མི་བྱེད་ལ། མངོན་སུམ་དུ་མི་བྱེད་པའང་མ་ཡིན་པ་དེ་ཉིད་དེའི་མངོན་སུམ་དུ་བྱེད་པའོ། །གང་གཟུགས་ སྤང་བའི་ཕྱིར་ལམ་སྒོམ་པའང་མ་ཡིན། མི་སྒོམ་པའང་མ་ཡིན་པ་དེ་ཉིད་དེའི་སྒོམ་པའོ། །དེ་བཞིན་དུ་ཚོར་བ་དང། འདུ་ཤེས་དང་འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་དང། སངས་རྒྱས་ཀྱི་ ཆོས་རྣམས་ཀྱི་བར་ལའང་སྦྱར་བར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་ལྟ་བུའི་ཡོངས་སུ་འཚལ་བ་དང། སྤོང་བ་དང་མངོན་སུམ་དུ་བགྱིད་པ་དང། བསྒོམ་པ་དང་ལྡན་པའི་མྱ་ངན་ལས་ འདས་པ་གང་ལགས། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། བྱམས་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མྱ་ངན་ལས་ འདས་པ་ནི། ཟབ་བོ། །མཆོག་ཏུ་ཟབ་བོ། །དེ་སྐད་ཅེས་བཀའ་སྩལ་པ་དང། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཅིའི་སླད་དུ་བྱང་ [485A]༄༅། །ཆུབ་སེམས་དཔའ་རྣམས་ཀྱི་མྱ་ངན་ལས་འདས་པ་འདི་ལྟར་ཟབ་པ་དང། མཆོག་ཏུ་ཟབ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ། བྱང་ཆུབ་ སེམས་དཔའ་རྣམས་ཀྱི་མྱ་ངན་ལས་འདས་པ་ནི། འདི་ལྟར། མྱ་ངན་ལས་འདས་པའང་མ་ཡིན། མྱ་ངན་ལས་མ་འདས་པའང་མ་ཡིན་ཏེ་དེའི་ཕྱིར་ཟབ་པ་དང། མཆོག་ཏུ་ཟབ་པ་ཞེས་བྱའོ། །དེ་ སྐད་ཅེས་བཀའ་སྩལ་པ་དང། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མྱ་ངན་ ལས་འདས་པ་ནི། མྱ་ངན་ལས་འདས་པའང་མ་ལགས། མྱ་ངན་ལས་མ་འདས་པའང་མ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་གཞན་གྱི་དོན་ལས་བརྩམས་ཏེ་ འཁོར་བ་ཡོངས་སུ་མི་གཏོང་བས་མྱ་ངན་ལས་འདས་པའང་མ་ཡིན་ནོ། །བདག་གི་དོན་ལས་བརྩམས་ཏེ་མྱ་ངན་ལས་འདས་པ་ཡོངས་སུ་མི་གཏོང་བས། མྱ་ངན་ལས་མ་འདས་པའང་མ་ཡིན་ནོ། ། དེ་སྐད་ཅེས་བཀའ་སྩལ་པ་དང། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་གཞན་གྱི་དོན་ ལས་བརྩམས་ཏེ་འཁོར་བ་ཡོངས་སུ་མི་གཏོང་ན། དེ་འཁོར་བ་ཡོངས་སུ་མ་བཏང་བས། འདིས་ཇི་ལྟར་མྱ་ངན་ལས་འདས་པ་ཡོངས་སུ་བཏང་བར་མི་འགྱུར། བཅོམ་ལྡན་འདས། གལ་ཏེ་བྱང་ [485B]པ་ཡོངས་སུ་མི་གཏོང་ན། འདིས་ཇི་ལྟར་འཁོར་བ་ཡོངས་སུ་བཏང་བར་མི་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། བྱམས་པ། འདི་ལ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འཁོར་བ་ལའང་འཁོར་བ་ཉིད་དུ་རྣམ་པར་མི་རྟོག། མྱ་ངན་ལས་འདས་པ་ལའང་མྱ་ངན་ལས་འདས་ པ་ཉིད་དུ་རྣམ་པར་མི་རྟོག་སྟེ། དེ་དེ་ལྟར་རྣམ་པར་མི་རྟོག་པས་འདི་ལྟ་སྟེ། འཁོར་བ་དང། མྱ་ངན་ལས་འདས་པ་དེ་དག་མཉམ་པས་མཉམ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ འཁོར་བ་ལ་འཁོར་བ་ཉིད་དུ་རྣམ་པར་མི་རྟོག་པས། འཁོར་བ་ལས་ཡིད་བྱུང་བར་མི་འགྱུར་རོ། །དེ་བཞིན་དུ་མྱ་ངན་ལས་འདས་པ་ལའང་མྱ་ངན་ལས་འདས་པ་ཉིད་དུ་མི་རྟོག་པས། མྱ་ངན་ལས་ འདས་པ་ལས་ཉམས་པར་ཡང་མི་འགྱུར་ཏེ། དེ་བཞིན་དུ་འཁོར་བ་ནའང་མི་ཉམས་སོ། །དེ་ལྟར་རྣམ་པར་མི་རྟོག་པའི་དབྱིངས་ལ་གནས་པ་དེ། རིགས་པ་འདིས་འཁོར་བའང་ཡོངས་སུ་མི་གཏོང་ ལ༑ མྱ་ངན་ལས་འདས་པའང་ཡོངས་སུ་མི་གཏོང་བར་རིག་པར་བྱའོ་།དེ་སྐད་ཅེས་བཀའ་སྩལ་པ་དང། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས། འོ་ན་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། རྣམ་པར་མི་རྟོག་པའི་དབྱིངས་ལ་གནས་པས་འཁོར་བ་ཇི་ལྟར་མ་བཏང་བ་དེ་ལྟར་བླངས་པའང་མ་ [486A]༄༅། །མཆིས་ཤིང། མྱ་ངན་ལས་འདས་པ་ཇི་ལྟར་མ་བཏང་བ་དེ་ལྟར་བླངས་པའང་མ་མཆིས་པར་མི་འགྱུར་ལགས་སམ། བཅོམ་ལྡན་འདས། གལ་ཏེ་བླངས་པ་མ་ མཆིས་ན། ཇི་ལྟར་མ་བཏང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ། ང་ནི། འདི་ལྟར་འཁོར་བ་ལེན་ཏོ། །ཞེའམ། མི་ལེན་ཏོ། །ཞེས་མི་སྨྲའོ། །བྱམས་པ། འོན་ ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམ་པར་མི་རྟོག་པའི་དབྱིངས་ལ་དམིགས་པའི་ཡེ་ཤེས་ཀྱིས་སེམས་ལ་དབང་ཐོབ་པ། ཐབས་ལ་མཁས་པས་འཁོར་ བ་བསྟན་པའི་ཕྱིར་ཕྱོགས་བཅུའི་འཇིག་རྟེན་ན་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་ཡོངས་སུ་མྱ་ངན་ལས་འདས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་འཁོར་བ་ཡོངས་སུ་ མི་གཏོང་བའོ། །ཞེས་ང་མི་སྨྲའོ། །སྟོང་པ་ཉིད་མི་དམིགས་པའི་དབྱིངས་ལ་གནས་པའི་ཕྱིར་མྱ་ངན་ལས་འདས་པ་ཡོངས་སུ་མི་གཏོང་བའོ། ཞེས་ང་སྨྲའོ། །དེ་སྐད་ཅེས་བཀའ་སྩལ་པ་ དང། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། རྣམ་པར་མི་རྟོག་པའི་མཚན་ཉིད་འདུས་པ་ཇི་ལྟར་བལྟ་བར་བགྱི། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ། གཟུགས་གང་ཡིན་པ་དང་ཚོར་བ་གང་ཡིན་པ་དང། འདུ་ཤེས་གང་ཡིན་པ་དང། འདུ་བྱེད་རྣམས་གང་ཡིན་པ་དང། རྣམ་པར་ཤེས་པ་ [486B] སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་གང་ཡིན་པ་དང། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་གྱི་སྟོང་པ་ཉིད་གང་ཡིན་པ་དང། ཆོས་དེ་དག་དང། སྟོང་པ་ཉིད་དེའི་དངོས་པོ་དང་ དངོས་པོ་མེད་པ། གཉིས་སུ་མེད་པ། སྤྲོས་པ་མེད་པ་གང་ཡིན་པ་དེ་ནི། བྱམས་པ། རྣམ་པར་མི་རྟོག་པའི་མཚན་ཉིད་འདུས་པར་བལྟའོ་།དེ་སྐད་ཅེས་བཀའ་སྩལ་པ་དང། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་ དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཅི་ཉན་ཐོས་ཐམས་ཅད་གཅིག་ཏུ་ངེས་པར་གཏན་དུ་མྱ་ངན་ལས་འདས་པ་ལ་གནས་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། བྱམས་པ། དེ་ནི། མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་བྱམས་པ། འཇིག་རྟེན་འདི་ནི། ཁམས་སྣ་ཚོགས་པ། ཁམས་དུ་མ་པ་སྟེ། ཁམས་སྣ་ཚོགས་པ། ཁམས་དུ་མ་པའི་འཇིག་ རྟེན་དེ་ན་སེམས་ཅན་གྱི་རིགས་དང། རང་བཞིན་མང་དུ་དམིགས་ཏེ་བྱམས་པ། གང་ཐོག་མ་ཉིད་ནས་བཟང་པོའི་བྱེ་བྲག་དོན་དུ་གཉེར་ཏེ། བཟང་པོའི་བྱེ་བྲག་ཉིད་ཐོབ་པར་འགྱུར་བའི་སེམས་ཀྱི་ རིགས་ཀྱི་རྣམ་པ་དེ་ལྟ་བུའང་ཡོད། གང་ཐོག་མ་ཉིད་ནས་དམན་པའི་བྱེ་བྲག་དོན་དུ་གཉེར་ཏེ་དམན་པ་ཉིད་ཐོབ་ལ། དེ་ཉིད་ཀྱིས་ཆོག་པར་འཛིན་པའི་རིགས་ཀྱི་རྣམ་པ་དེ་ལྟ་བུའང་ཡོད། གང་ཐོག་མ་ཉིད་ ནས་དམན་པའི་བྱེ་བྲག་དོན་དུ་གཉེར་ཏེ་དམན་པ་ཉིད་ཐོབ་ལ། དམན་པར་ཤེས་ནས་དེ་ཙམ་གྱིས་ཆོག་པར་མི་འཛིན་གྱི། དེའི་གོང་དུ་བཟང་པོའི་བྱེ་བྲག་ཚོལ་ཞིང་བཟང་པོ་ཐོབ་པར་འགྱུར་བའི་རིགས་ [487A]༄༅། །ཀྱི་བྱེ་བྲག་དེ་ལྟ་བུའང་ཡོད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་ འདས༑ སེམས་ཅན་རྣམས་ཀྱི་རིགས་ཀྱི་རྣམ་པ་གསུམ་པོ་གང་ལགས་པ་དེ། དགྲ་བཅོམ་པ་ཉིད་ཐོབ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་ཀྱང་སྐྱེ་བ་མ་ མཆིས་པས་ཇི་ལྟར་ཐོབ་པར་འགྱུར། སྒྲུབ་པ་ཉིད་དེའི་སྐྱེ་བ་ལགས་པར་ནི། བཅོམ་ལྡན་འདས་ཀྱིས་བཀའ་མ་སྩལ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་ དེའི་སྐྱེ་བ་ལས་དང། ཉོན་མོངས་པའི་དབང་གིས་འགྱུར་བར་ནི་ང་མི་འདོགས་ཀྱི། དེའི་སྐྱེ་བ་བསམ་གྱིས་མི་ཁྱབ་པ་དང། སྤྲུལ་པ་དང། ཡོངས་སུ་བསྔོས་པའོ། །ཞེས་ང་འདོགས་སོ། །དེ་ སྐད་ཅེས་བཀའ་སྩལ་པ་དང། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། འདི་ལྟར་ཐོག་མ་ཉིད་ནས་བཟང་པོའི་བྱེ་བྲག་ དོན་དུ་གཉེར་ཞིང་བཟང་པོའི་བྱེ་བྲག་ཉིད་ཐོབ་པར་འགྱུར་བ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསམ་པ་རླབས་པོ་ཆེ་དང། ཆེ་བའི་ལྷག་པའི་བསམ་པ་ནི། ངོ་མཚར་ ལགས་སོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་རླབས་པོ་ཆེ་ནི། གང་ལགས། ཆེ་བའི་ལྷག་པའི་བསམ་པ་ཉིད་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་ [487B] བྱམས་པ། བྱང་ཆུབ་སེམས་དཔའ་རྣམས་བརྒྱ་བྱིན་ཉིད་དང། ཚངས་པ་ཉིད་དང། འཇིག་རྟེན་སྐྱོང་བ་ཉིད་དང། འཁོར་ལོས་སྒྱུར་བ་ཉིད་ཐམས་ཅད་དང། འཇིག་རྟེན་གྱི་ཕུན་ སུམ་ཚོགས་པ་ཐམས་ཅད་དོན་དུ་གཉེར་བ་མ་ཡིན་གྱི། དེ་དག་ལ་མི་ཆགས་ཤིང་མི་འཛིན་པ་གང་ཡིན་པ་འདི་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་རླབས་པོ་ཆེའོ། །བྱང་ཆུབ་སེམས་དཔའ་ རྣམས་འདི་ལྟ་སྟེ། འདུ་བྱེད་ཡོངས་སུ་མི་གཏོང་བས། དེ་ལ་མ་ཆགས་པའི་བདེ་བ་དང། འཛིན་པ་མེད་པའི་བདེ་བ་དང། མྱ་ངན་ལས་འདས་པའི་བདེ་བ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱ་བར་ འདོད་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱེད་པ་གང་ཡིན་པ་འདི་ནི། དེ་དག་གི་ཆེ་བ་ཉིད་ཀྱི་ལྷག་པའི་བསམ་པར་བལྟ་བར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང། བཅོམ་ ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ་།བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའི་ཆོས་རྣམས་ནི། ངོ་མཚར་རྨད་དུ་བྱུང་བ་ལགས་སོ། །བྱང་ཆུབ་སེམས་དཔའི་ བསླབ་པ་ནི། ངོ་མཚར་རྨད་དུ་བྱུང་བ་ལགས་སོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བྱང་ཆུབ་སེམས་དཔའི་ཆོས་ངོ་མཚར་རྨད་དུ་བྱུང་བ་རྣམས་ལ་སློབ་པར་འཚལ་བས། བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱི་ལགས་སོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་སུམ་བརྒྱ་གསུམ་པ། དེ་ནས་བཅོམ་ལྡན་ [488A]༄༅། །འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ་རབ་འབྱོར། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚོལ་བར་འདོད་ པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ད་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲ་ དབྱངས་མི་ཟད་པར་སྒྲོགས་པའི་དྲུང་ན་ཚངས་པར་སྤྱད་པ་སྤྱོད་པ་དེས་ཡོངས་སུ་བཙལ་བ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་བཙལ་བར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་ བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ འདི་ཡོངས་སུ་ཚོལ་བ་ན་ཇི་ལྟར་ཡོངས་སུ་བཙལ་ལགས། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་སྔོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཚོལ་བ་ན་ལུས་ལ་ཚད་ཆར་མི་འཛིན། སྲོག་ལ་མི་ལྟ། རྙེད་པ་དང། བཀུར་སྟི་དང། ཚིགས་སུ་བཅད་པ་ དག་ལ་མི་གནས་པར་ཡོངས་སུ་བཙལ་པས་ཡོངས་སུ་བཙལ་ཏོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཚོལ་ཞིང་འབྲོག་དགོན་པ་ཞིག་ཏུ་ཕྱིན་པ་ན་བར་སྣང་ལས་སྒྲ་ཐོས་པར་གྱུར་ཏེ། རིགས་ [488B] ཤར་ཕྱོགས་སུ་སོང་ཞིག་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་པར་འགྱུར་གྱིས། ཅི་ནས་ལུས་ངལ་བ་ཡིད་ལ་བྱེད་པ་མི་བསྐྱེད་པ་དང། གཉིད་དང་རྨུགས་པ་ཡིད་ལ་བྱེད་པ་མི་བསྐྱེད་པ་དང་ བཟའ་བ་ཡིད་ལ་བྱེད་པ་མི་བསྐྱེད་པ་དང། བཏུང་བ་ཡིད་ལ་བྱེད་པ་མི་བསྐྱེད་པ་དང། མཚན་མོ་ཡིད་ལ་བྱེད་པ་མི་བསྐྱེད་པ་དང་ཉིན་མོ་ཡིད་ལ་བྱེད་པ་མི་བསྐྱེད་པ་དང། གྲང་བ་ཡིད་ལ་བྱེད་པ་མི་ བསྐྱེད་པ་དང། ཚ་བ་ཡིད་ལ་བྱེད་པ་མི་བསྐྱེད་པ་དེ་ལྟར་སོང་ཞིག་ནང་ངམ་ཕྱི་རོལ་གང་ལའང་སེམས་སྨོན་པར་མ་བྱེད་ཅིག་།རིགས་ཀྱི་བུ། ཤར་དང། ལྷོར་མ་ལྟ་བར་སོང་ཞིག་ནུབ་དང་བྱང་ དང། སྟེང་དང། འོག་དང། ཕྱོགས་མཚམས་སུའང་མ་ལྟ་བར་སོང་ཞིག་རིགས་ཀྱི་བུ། ཅི་ནས་འཇིགས་ཚོགས་ལས་ཀྱང་མ་གཡོས་པ་དང་ཅི་ནས་གཟུགས་ལས་ཀྱང་མ་གཡོས་པ་དང་ ཅི་ནས་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་ལས་ཀྱང་མ་གཡོས་པ་དེ་ལྟར་སོང་ཞིག་གང་འདི་ལས་གཡོས་པ་དེ་ནི། རྣམ་པར་ཉམས་པར་འགྱུར་རོ། །ཅི་ལས་ ཉམས་པར་འགྱུར་ཞེ་ན། སངས་རྒྱས་ཀྱི་ཆོས་རྣམས་ལས་ཉམས་པར་འགྱུར་རོ། །གང་སངས་རྒྱས་ཀྱི་ཆོས་རྣམས་ལས་ཉམས་པར་འགྱུར་བ་དེ་ནི། འཁོར་བ་ལ་སྤྱོད་དོ། །གང་འཁོར་བ་ལ་སྤྱོད་ པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྗེས་སུ་མི་ཐོབ་བོ་།དེ་སྐད་ཅེས་སྨྲས་པ་དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་སྒྲ་དེ་ལ་འང་སྐད་ཅེས་སྨྲས་སོ། །དེ་བཞིན་དུ་བྱའོ། །དེ་ [489A]༄༅། །ཅིའི་ཕྱིར་ཞེ་ན། བདག་ནི། སེམས་ཅན་ཐམས་ཅད་ལ་སྣང་བ་བྱེད་པར་འདོད་པ་དང། སངས་རྒྱས་ཀྱི་ཆོས་ཐམས་ཅད་སྒྲུབ་པར་འདོད་པའི་ཕྱིར་རོ། །དེ་སྐད་ཅེས་སྨྲས་པ་ དང། སྒྲ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ལ་འདི་སྐད་ཅེས་སྨྲས་སོ། །རྟག་ཏུ་ངུ། ལེགས་སོ། །ལེགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་ ཡང་སྒྲ་ཐོས་ཏེ་འདི་སྐད་དུ། རིགས་ཀྱི་བུ། ཁྱོད་ཀྱིས་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་ཆོས་དག་ལ་མོས་པ་བསྐྱེད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བཙལ་ བར་བྱའོ། །ཁྱོད་ཀྱིས་མཚན་མ་ཡོངས་སུ་སྤང་བར་བྱ། དངོས་པོ་ཡོངས་སུ་སྤང་བར་བྱ། སེམས་ཅན་དུ་ལྟ་བུ་ཡོངས་སུ་སྤོང་བར་བྱའོ། །རིགས་ཀྱི་བུ། ཁྱོད་ཀྱིས་སྡིག་པའི་གྲོགས་པོ་དག་ སྤང་བར་བྱའོ། །དགེ་བའི་བཤེས་གཉེན་གང་དག་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་དང། མ་བྱུང་བ་དང། མ་སྐྱེས་པ་དང། དངོས་པོ་མེད་པ་དང། མ་འགག་པའི་ ཆོས་རྣམས་སྟོན་པ་དག་ལ་བསྙེན་པར་བྱ་བ། བསྟེན་པར་བྱ་བསྙེན་བཀུར་བྱའོ། །རིགས་ཀྱི་བུ། ཁྱོད་ཀྱིས་དེ་ལྟར་བསྒྲུབས་ན་རིང་པོར་མི་ཐོགས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གླེགས་ བམ་དུ་ཆུད་པའམ། དགེ་སློང་ཆོས་སྨྲ་བའི་ལུས་ལ་ཡོད་པ་ཐོས་པར་འགྱུར་ཏེ། རིགས་ཀྱི་བུ། གང་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐོས་པ་དེ་ལ་རིགས་ཀྱི་བུ། ཁྱོད་ཀྱིས་སྟོན་པར་འདུ་ [489B] ཁྱོད་ཀྱིས་བྱས་པ་བཟོ་བ་དང་བྱས་པ་ཚོར་བར་བྱ་སྟེ། གང་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐོས་པ་འདི་ནི། བདག་གི་དགེ་བའི་བཤེས་གཉེན་ཡིན་ཏེ། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བདག་གིས་ཐོས་པས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་རྣམས་ལ་བསྙེན་པར་འགྱུར་ཞིང། སངས་རྒྱས་ཀྱི་ཞིང་དེ་བཞིན་གཤེགས་པ་དང་མ་བྲལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །མི་ཁོམ་པ་རྣམས་སྤོང་བར་འགྱུར་རོ། །དལ་བ་ཕུན་སུམ་ ཚོགས་པ་ཐོབ་པར་འགྱུར་རོ། །རིགས་ཀྱི་བུ་ཕན་ཡོན་འདི་རྣམས་ཁྱོད་ཀྱིས་ཡོངས་སུ་རྟོགས་ལ་དགེ་སློང་ཆོས་སྨྲ་བ་ལ་སྟོན་པ་ཡིན་པར་འདུ་ཤེས་བསྐྱེད་པར་བྱའོ། །རིགས་ཀྱི་བུ། ཁྱོད་ཀྱིས་ འཇིག་རྟེན་གྱི་ཟང་ཟིང་དང་ལྡན་པའི་སེམས་ཀྱི་རྒྱུད་ཀྱིས་དགེ་སློང་ཆོས་སྨྲ་བའི་ཕྱི་བཞིན་འབྲང་བར་མི་བྱའོ། །ཁྱོད་ཀྱིས་དགེ་སློང་ཆོས་སྨྲ་བ་ལ་ཆོས་དོན་དུ་གཉེར་བ་དང། ཆོས་ལ་གུས་པར་བྱ་ བས་ཕྱི་བཞིན་འབྲང་བར་བྱའོ། །ཁྱོད་ཀྱིས་བདུད་ཀྱི་ལས་རྣམས་རྟོགས་པར་བྱ་སྟེ། རིགས་ཀྱི་བུ། བདུད་སྡིག་ཅན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་གཟུགས་དང། སྒྲ་དང་ དྲི་དང། རོ་དང། རེག་པ་དགེ་བསྙེན་པ་དང། བསྟེན་པ་དང་སྤྱད་པར་བྱ་བའི་ཕྱིར་ཉེ་བར་བསྒྲུབ་སྟེ། དེ་དག་དེས་ཟིལ་གྱིས་མནན་ནས་ཐབས་ལ་མཁས་པས་འགྲོགས་ཤིང་བསྟན་པ་དང། བསྙེན་ [490A]༄༅། །པར་བྱེད་པའང་ཡོད་དེ། རིགས་ཀྱི་བུ། ཁྱོད་ཀྱིས་ཆོས་སྨྲ་བ་དེ་ལ་མ་དད་པ་བསྐྱེད་པར་མི་བྱའོ། །གཞན་དུ་ན་སེམས་འདི་ལྟར་བསྐྱེད་པར་བྱ་སྟེ། བདག་ནི། ཐབས་ མཁས་པ་དེ་མི་ཤེས་ཀྱི། འདི་ནི། ཐབས་མཁས་པ་རབ་ཏུ་ཤེས་སོ་།འདི་ནི། སེམས་ཅན་གྱི་ཚུལ་གྱིས་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཡོངས་སུ་བཟུང་བའི་ཕྱིར་ཆོས་འདི་དག་ལ་ བསྟེན་ཅིང་འགྲོགས་ཏེ་བསྙེན་པར་བྱེད་ཀྱི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི། གང་ལའང་ཆགས་པའམ། སྒྲིབ་པ་མེད་ཀྱི། སྐད་ཅིག་དེ་ཉིད་ལ་རིགས་ཀྱི་བུ། ཁྱོད་ཉིད་ ཀྱིས་ཡང་དག་པའི་ཚུལ་སོ་སོ་བརྟག་པར་བྱའོ། །རིགས་ཀྱི་བུ། ཆོས་རྣམས་ཀྱི་ཡང་དག་པའི་ཚུལ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་ཀུན་ནས་ཉོན་མོངས་པ་མ་ཡིན། རྣམ་པར་ བྱང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི། ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་ཏེ། ཆོས་ཐམས་ཅད་ནི། སེམས་ཅན་མེད་པ། སྲོག་མེད་པ། གང་ཟག་མེད་པ། སྒྱུ་མ་ལྟ་བུ། རྨི་ ལམ་ལྟ་བུ། བྲག་ཆ་ལྟ་བུ། མིག་ཡོར་ལྟ་བུ་སྟེ། རིགས་ཀྱི་བུ་ཆོས་རྣམས་ཀྱི་ཡང་དག་པའི་ཚུལ་དེ་ལྟར་རྟོག་ཅིང་ཆོས་སྨྲ་བའི་ཕྱིར་འབྲང་ན། རིང་པོར་མི་ཐོགས་པར་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལ་ངེས་པར་འགྱུར་བར་འགྱུར་རོ། །གཞན་ཡང་རིགས་ཀྱི་བུ། ཁྱོད་ཀྱིས་བདུད་ཀྱི་ལས་ལ་སོམས་ཤིག་རིགས་ཀྱི་བུ། གལ་ཏེ་ཆོས་སྨྲ་བ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདོད་པའི་ [490B] དེ་ལ་རིགས་ཀྱི་བུ། ཁྱོད་ཀྱིས་ཕྱིར་དགྱེད་པར་མི་བྱ་སྟེ། གཞན་དུ་ན་ཆོས་དོན་དུ་གཉེར་བ་ཉིད་དང། ཆོས་ལ་གུས་པར་བྱེད་པ་ཉིད་དང། ཡིད་མི་སྐྱོ་བས་ དགེ་སློང་ཆོས་སྨྲ་བའི་ཕྱི་བཞིན་འབྲང་བར་བྱའོ། །ཞེས་ཐོས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་སྒྲ་དེ་ལས་རྗེས་སུ་བསྟན་པ་འདི་བླངས་ནས་ཤར་ཕྱོགས་ག་ལ་བ་དེར་ སོང་བ་དང། རིང་པོར་མ་ཕྱིན་པར་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་སྒྲ་དེ་ལ་ཇི་སྲིད་དུ་འགྲོ་བར་བྱ་བ་མ་དྲིས་སོ། །སྙམ་ནས་དེས་ཕྱོགས་དེ་ཉིད་ན་ངུ་ཞིང་མྱ་ངན་བྱེད་དེ་སྨྲེ་ཞིང་འདུག་གོ་དེས་ ཕྱོགས་དེ་ན་ཉིན་ཞག་གཅིག་འདས་པར་བྱེད། ཉིན་ཞག་གཉིས་སམ་གསུམ་མམ། བྮིའམ། ལྔའམ། བདུན་འདས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་པར་མ་གྱུར་གྱི་བར་དུ་ལུས་ ངལ་བ་ཡིད་ལ་བྱེད་པ་མི་བསྐྱེད། རྨུགས་པ་དང་གཉིད་ཡིད་ལ་བྱེད་པ་མི་བསྐྱེད། བཟའ་བ་ཡིད་ལ་བྱེད་པ་མི་བསྐྱེད། བཏུང་བ་ཡིད་ལ་བྱེད་པ་མི་བསྐྱེད། མཚན་མོ་ཡིད་ལ་བྱེད་པ་མི་ བསྐྱེད༑ ཉིན་མོ་ཡིད་ལ་བྱེད་པ་མི་བསྐྱེད། གྲང་བ་ཡིད་ལ་བྱེད་པ་མི་བསྐྱེད། ཚ་བ་ཡིད་ལ་བྱེད་པ་མི་བསྐྱེད་དོ། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། སྐྱེས་བུ་ལ་ལ་ཞིག་བུ་གཅིག་པ་འཆི་ བའི་དུས་བྱས་ན། སྡུག་བསྔལ་བ་དང། ཡིད་མི་བདེ་བ་ཆེན་པོ་དང་ལྡན་པར་འགྱུར་ཏེ། དེ་ལྟ་བུའི་མྱ་ངན་གྱིས་བུ་གཅིག་པུ་ཡིད་ལ་བྱེད་པ་འབྱུང་བ་མ་གཏོགས་པར་ཡིད་ལ་བྱེད་པ་གཞན་ [491A]༄༅། །གང་ཡང་མི་འབྱུང་ངོ། །རབ་འབྱོར། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུའང་དེའི་ཚེ་བདག་གིས་ནམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་པར་ འགྱུར་སྙམ་པ་མ་གཏོགས་པར་ཡིད་ལ་བྱེད་པ་གཞན་གང་ཡང་མི་འབྱུང་ངོ། །རབ་འབྱོར། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་དེ་ལྟར་གདུང་ཞིང་འདུག་པའི་མདུན་དུ་ དེ་བཞིན་གཤེགས་པའི་གཟུགས་ཤིག་བཞུགས་ནས་ལེགས་སོ། །ཞེས་བྱ་བར་བྱིན་ཏེ། རིགས་ཀྱི་བུ། ཁྱོད་ཚིག་དེ་སྐད་སྨྲ་བ་ལེགས་སོ། །ལེགས་སོ། །ཇི་ལྟར་ཁྱོད་ཀྱིས་དེ་ལྟར་ཡོངས་སུ་ བཙལ་བ་དེ་བཞིན་དུ། སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཡོངས་སུ་བཙལ་ཏོ། །རིགས་ཀྱི་བུ། དེའི་ཕྱིར་ཁྱོད་ཀྱིས་བརྩོན་འགྲུས་འདི་དང། སྤྲོ་བ་འདི་དང། དོན་དུ་གཉེར་བ་འདི་དང། འདོད་པ་འདི་ལྟ་བུས་རྗེས་སུ་འབྲང་ཞིང་ཤར་ཕྱོགས་ཉིད་དུ་ སོང་ཞིག་དང། རིགས་ཀྱི་བུ། འདི་ནས་དཔག་ཚད་ལྔ་བརྒྱ་ན་སྤོས་ལྡན་ཞེས་བྱ་བའི་གྲོང་ཁྱེར་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་རབ་རིམ་པ་བདུན་གྱིས་བསྐོར་བ། འོབས་རིམ་པ་བདུན་དང་ ཤིང་ཏ་ལའི་ཕྲེང་བ་རིམ་པ་བདུན་གྱིས་ཡོངས་སུ་བསྐོར་བ། ཆུར་དཔག་ཚད་བཅུ་གཉིས། ཞིང་དུ་དཔག་ཚད་བཅུ་གཉིས་ཡོད་པ། འབྱོར་པ་རྒྱས་པ། བདེ་བ། ལོ་ལེགས་པ། སྐྱེ་བོ་མང་པོ་དང་ [491B] གྲོང་བར་དང་སྲང་མཉམ་ཞིང་མཚུངས་པ་ལྔ་བརྒྱ་ངག་གིས་རི་མོར་བྲིས་པ་བཞིན་དུ་གཏམས་པ། ཁྱོགས་ཁྲི་ཉམ་མི་ང་བ་དང། བར་བར་དག་ཏུ་ཟམ་པ་བཏགས་པ། གྲོང་ཁྱེར་ ཀྱི་[*GYI]ཁོར་ཡུག་ཏུ་ཞོལ་གྱི་ཕྱིར་བ་རིན་པོ་ཆེ་སྣ་བདུན་ལས་ལེགས་པར་བྱས་ཤིང་བསྐོར་བ། རིན་པོ་ཆེ་སྣ་བདུན་གྱི་ར་བ་དེ་དག་གི་མདའ་ཡབ་རྣམས་ནི། ཛམྦུ་ཆུ་བོའི་གསེར་ལས་བྱས་པ། མཐོ་ཞིང་ ཚད་དང་ལྡན་པ། མདའ་ཡབ་ཐམས་ཅད་ཀྱི་རྩེ་མོ་ལས་ཀྱང་རིན་པོ་ཆེ་སྣ་བདུན་གྱི་ཤིང་སྐྱེས་ཏེ་རིན་པོ་ཆེ་སྣ་ཚོགས་ཀྱི་ཤིང་ཐོག་གི་འབྲས་བུ་ཆགས་པ། མདའ་ཡབ་ལས་ཤིང་སྐྱེས་པ་ཐམས་ཅད་ ལས་ཀྱང་རིན་པོ་ཆེའི་ཐ་གུ་བྱུང་བས་མདའ་ཡབ་གཉིས་པ་གཞན་དང་འབྲེལ་བ། གྲོང་ཁྱེར་ཐམས་ཅད་གསེར་གྱི་དྲིལ་བུ་གཡེར་ཁའི་དྲ་བས་ཁེབས་ཏེ་གསེར་གྱི་དྲིལ་བུ་གཡེར་ཁ་དེ་དག་ལ་རླུང་ གིས་བཏབ་ན། སྒྲ་འཇམ་ཞིང་སྙན་པ་ཡིད་དུ་འོང་བ་དག་འབྱུང་བ་འདི་ལྟ་སྟེ། དཔེར་ན། ཡན་ལག་ལྔ་དང་ལྡན་པའི་རོལ་མོ་ཚོགས་པ་རོལ་མོ་མཁན་མཁས་པས་བརྡུངས་ཤིང་བླངས་ན། སྒྲ་འཇམ་ ཞིང་སྙན་ལ་ཡིད་དུ་འོང་བ་དག་འབྱུང་བ་དེ་བཞིན་དུ་དྲིལ་བུ་གཡེར་ཁ་དེ་དག་ལ་རླུང་གིས་བཏབ་ན། སྒྲ་འཇམ་ཞིང་སྙན་པ་ཡིད་དུ་འོང་བ་དག་འབྱུང་སྟེ། སྒྲ་དེས་སེམས་ཅན་དེ་དག་རྩེ་དགའ་ཞིང་དགའ་ མགུར་སྤྱོད་དོ། །གྲོང་ཁྱེར་དེ་ཁོར་ཡུག་ཏུ་འོབས་ཆུ་འབབ་པས་གང་ཞིང། ཆུ་ཧ་ཅང་ཡང་མི་གྲང། ཆུ་ཧ་ཅང་ཡང་མི་དྲོ་བས་གང་བ་དག་ཡོད་དོ། །ཆུ་དེ་ལ་སྔོན་གྱི་རྣམ་པར་སྨིན་པས་གྲུབ་པ་རིན་པོ་ [492A]༄༅། །ཆེ་སྣ་བདུན་གྱི་གྲུ་དག་ཡོད་དེ། དེར་སེམས་ཅན་དེ་དག་ཞུགས་ནས་རྩེ་དགའ་ཞིང་རབ་ཏུ་རྒྱུའོ། །ཆུ་དེ་ཐམས་ཅད་ཀྱང་མེ་ཏོག་ཨུཏྤ་ལ་དང། ཀུ་མུ་ད་དང། པདྨ་ དཀར་པོ་དག་གིས་ཁེབས་པ། མེ་ཏོག་གི་རིགས་ཆེ་ཞིང་བཟང་ལ། དྲི་ཞིམ་པོའི་ངད་ལྡན་པ་གཞན་དག་གིས་ཀྱང་ཁེབས་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ཡོད་ པའི་མེ་ཏོག་གི་རིགས་ལས་དེ་ན་མེད་པ་གང་ཡང་མེད་དོ། །གྲོང་ཁྱེར་དེའི་ནང་ན་སྐྱེད་མོས་ཚལ་ལྔ་བརྒྱ་ཡོད་དེ། ཐམས་ཅད་ཀྱང་རིན་པོ་ཆེ་སྣ་བདུན་ལས་བྱས་པ་རྣམ་པར་བཀྲ་ཞིང་བལྟ་ན་སྡུག་ པ་ཤ་སྟག་སྟེ། སྐྱེད་མོས་ཚལ་དེ་དག་རེ་རེ་ནའང་རྫིང་བུ་ཁོར་ཡུག་ཏུ་རྒྱང་གྲགས་ཀྱི་ཚད་ཙམ་ལྔ་བརྒྱ་ལྔ་བརྒྱ་ཡོད་དེ། རྫིང་བུ་དེ་དག་གི་ཁོར་ཡུག་ཐམས་ཅད་ནས་རིན་པོ་ཆེ་སྣ་བདུན་གྱི་མེ་ ཏོག་ཨུཏྤ་ལ་དང། ཀུ་མུ་ད་དང། པདྨ་དཀར་པོ་རྣམ་པར་བཀྲ་ཞིང་བལྟ་ན་སྡུག་པ་དག་སྐྱེས་ཏེ། དེ་དག་གིས་ཆུ་ད་ཁེབས་ཤིང་མེ་ཏོག་ཨུཏྤ་ལ་དང། ཀུ་མུ་ད་དང། པདྨ་དཀར་པོ་དེ་དག་ ཐམས་ཅད་ཀྱང་ཆུ་ཞེང་དུ་ཤིང་རྟའི་ཕང་ལོ་ཙམ་སྟེ། སྔོན་པོ། ཁ་དོག་སྔོན་པོ། སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ། སེར་པོ། ཁ་དོག་སེར་པོ། སེར་པོ་ལྟ་བུར་སྟོན་པ། འོད་སེར་ པོ་འབྱུང་བ། དམར་པོ། ཁ་དོག་དམར་པོ། དམར་པོ་ལྟ་བུར་སྟོན་པ་འོད་དམར་པོ་འབྱུང་བ། དཀར་པོ། ཁ་དོག་དཀར་པོ། དཀར་པོ་ལྟ་བུར་སྟོན་པ། འོད་དཀར་པོ་འབྱུང་བ་དག་ཡོད་དོ། ། [492B] ཁྲུང་ཁྲུང་དང། བྱ་ཀ་རནྜ་བ་དང། བཞད་སྒྲ་འབྱིན་པ་དག་ཡོད་དོ་།སྐྱེད་མོས་ཚལ་དེ་དག་ཐམས་ཅད་ཀྱང་ང་ཡིར་བྱ་བ་མེད་ཅིང་རིས་སུ་བཅད་པ་མེད་དེ་ འདི་ལྟར་སེམས་ཅན་དག་ཡུན་རིང་པོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང། ཡུན་རིང་པོར་ཆོས་ཟབ་མོ་ལ་མོས་པའི་སེམས་ཅན་དེ་དག་གི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་གྲུབ་པ་ ཡིན་ནོ༑ ༑རིགས་ཀྱི་བུ། གྲོང་ཁྱེར་དེ་དག་གི་དབུས་ཀྱི་གཞི་མདོ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱི་ཁང་པ་རིན་པོ་ཆེ་སྣ་བདུན་ལས་བྱས་པ། ཁོར་ཡུག་ཏུ་དཔག་ཚད་ ཀྱི་ཚད་ཙམ་ཡོད་པ། རྣམ་པར་བཀྲ་ཞིང་བལྟ་ན་སྡུག་པ། ར་བ་རིམ་པ་བདུན་དང། ཏ་ལའི་ཕྲེང་བ་རིམ་པ་བདུན་གྱིས་ཡོངས་སུ་བསྐོར་བ་ཞིག་ཡོད་དེ། ཁང་པ་དེ་ན་ཁང་བའི་ལོངས་སྤྱོད་དུ་རྟག་ཏུ་ རབ་དགའ་ཞེས་བྱ་བའི་སྐྱེད་མོས་ཚལ་དང། མྱ་ངན་མེད་ཅེས་བྱ་བ་དང། མྱ་ངན་བྲལ་ཞེས་བྱ་བ་དང། མེ་ཏོག་སྣ་ཚོགས་པ་ཞེས་བྱ་བའི་སྐྱེད་མོས་ཚལ་དང་སྐྱེད་མོས་ཚལ་བཞི་ཡོད་དེ། སྐྱེད་ མོས་ཚལ་དེ་དག་རེ་རེ་ནའང་རྫིང་བུ་བཟང་པོ་ཞེས་བྱ་བ་དང་བཟང་མཆོག་ཅེས་བྱ་བ་དང། དགའ་བ་ཞེས་བྱ་བ་དང། དགའ་མཆོག་ཅེས་བྱ་བ་དང། བདེ་བ་ཞེས་བྱ་བ་དང། བདེ་ལྡན་ཞེས་བྱ་བ་ དང། ངེས་པ་ཞེས་བྱ་བ་དང། མི་འབབ་ཅེས་བྱ་བ་བརྒྱད་བརྒྱད་ཡོད་དེ། རྫིང་བུ་དེ་དག་གི་ངོས་གཅིག་ནི། གསེར་ལས་བྱས། ངོས་གཉིས་པ་ནི། དངུལ་ལས་བྱས། ངོས་གསུམ་པ་ནི། བཻ་ཌཱུརྱ་ [493A]༄༅། །ལས་བྱས། ངོས་བཞི་པ་ནི། ཤེལ་ལས་བྱས། ནང་གི་ས་གཞི་ནི། ཀེ་ཀེ་རུ་ལ་གསེར་གྱི་བྱེ་མ་བདལ་བ་སྟེ། རྫིང་བུ་དེ་དག་རེ་རེ་ལའང་ཐེམ་སྐས་ཐེམ་པ་རིན་པོ་ཆེ་ སྣ་ཚོགས་རྣམ་པ་ཐ་དད་པས་བརྒྱན་པ་བརྒྱད་བརྒྱད་ཡོད་དེ་ཐེམ་སྐས་དེ་དག་ཐམས་ཅད་ཀྱི་བར་ནས་ཀྱང་ཛམྦུ་ཆུ་བའི་གསེར་གྱི་ཤིང་ལྗོན་པ་དག་སྐྱེས་སོ། །རྫིང་བུ་དེ་དག་ཐམས་ཅད་ཀྱི་ཆུ་ནི་ མེ་ཏོག་ཀུ་མུ་ད་དང། ཨུཏྤ་ལ་དང། པདྨ་དཀར་པོ་སྣ་ཚོགས་ཀྱིས་ཁེབས་ཤིང་ངང་དུར་དང། ཁྲུང་ཁྲུང་དང། བཞད་རྣམས་སྐད་འབྱིན་ཏོ། །རྫིང་བུ་དེ་དག་གི་ཁོར་ཡུག་ཏུ་མེ་ཏོག་གི་ཤིང་ རྣམ་པ་སྣ་ཚོགས་སྐྱེས་ཏེ། ཤིང་དེ་དག་རླུང་གིས་བསྐྱོད་པ་དང། མེ་ཏོག་རྣམས་རྫིང་བུའི་ནང་དུ་ལྷུང་བས། རྫིང་བུ་དེ་ཐམས་ཅད་ཀྱི་ཆུའང་ཙནྡན་གྱི་དྲིར་ཕྱོགས་ཤིང་ཁ་དོག་དང་ལྡན། དྲི་དང་ ལྡན་ནོ༑ ༑དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་འཁོར་དང་བཅས་པ་བུད་མེད་དྲུག་ཁྲི་བརྒྱད་སྟོང་དང་ལྷན་ཅིག་ཏུ་འདོད་པའི་ཡོན་ཏན་ལྔ་དང་ལྡན་ཞིང་འབྱོར་ཏེ་ རྩེ་དགའ་ཞིང་དགའ་མགུར་སྤྱོད་དོ། །གྲོང་ཁྱེར་དེ་ན་སེམས་ཅན་སྐྱེས་པ་དང། བུད་མེད་གང་གཞན་དག་འཁོད་པ་དེ་དག་ཐམས་ཅད་ཀྱང་སྐྱེད་མོས་ཚལ་ལམ། རྫིང་བུ་དག་ན་རྟག་ཏུ་དགའ་ ཞིང་འདོད་པའི་ཡོན་ཏན་ལྔ་དང་ལྡན་ཏེ། རྩེ་དགའ་ཞིང་དགའ་མགུར་སྤྱོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་དེ་འཁོར་རྣམས་དང་ལྷན་ཅིག་ཏུ་རྩེ་དགའ་སྟེ་ [493B] དེ་ན་དུས་གསུམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཏོ། །སེམས་ཅན་གང་དག་གྲོང་ཁྱེར་སྤོས་ལྡན་ན་འཁོད་པ་དེ་དག་ཀྱང་གོང་ཁྱེར་གྱི་དབུས་ཀྱི་བཞི་མདོར་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱི་ཁྲི་གསེར་གྱི་རྐང་པ་དང། དངུལ་གྱི་རྐང་པ་དང། བཻ་ཌཱུརྱའི་རྐང་པ་དང་ཤེལ་གྱི་རྐང་པ་བཙུགས་པ། ཤིང་བལ་བཏིང་བ། སྟན་ནང་ཚངས་ ཅན་བཏིང་བ། སྟན་སྙིང་པོ་ཅན་དུ་བྱས་པ། ཀ་ཤི་ཀའི་རས་བཏིང་བ། འཕང་དུ་རྒྱང་གྲགས་ཕྱེད་ཡོད་པ་བཤམས་ཏེ། སྟེང་གི་བར་སྣང་ལ་རས་ཀྱི་བླ་རེ་མུ་ཏིག་གིས་བརྒྱན་པ་བྲེས་ཤིང། དེ་ལྟར་ ཆོས་ལ་གུས་པར་བྱེད་པས་ས་ཕྱོགས་དེ་ཁོར་ཡུག་ཀྱང་མེ་ཏོག་ཁ་དོག་སྣ་ལྔ་པ་དག་མངོན་པར་གཏོར་ཅིང། ས་ཕྱོགས་དེའང་སྤོས་སྣ་ཚོགས་དང། བདུག་པ་སྣ་ཚོགས་ཀྱིས་ཤིན་ཏུ་བདུག་པར་ བྱེད་དེ༑ དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་འདུག་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཏེ། རིགས་ཀྱི་བུ་སེམས་ཅན་དེ་དག་ནི། དེ་ལྟར་བུར་གུས་པར་བྱེད་ཅིང་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉན་ཏོ། །དེ་ན་གང་དག་ཉན་པའི་ལྷ་དང། མི་སྲོག་ཆགས་བརྒྱ་ཕྲག་མང་པོ། སྲོག་ཆགས་སྟོང་ཕྲག་མང་ པོ༑ སྲོག་ཆགས་འབུམ་ཕྲག་མང་པོ་ཚོགས་པ་དེ་དག་ལས་ལ་ལ་ནི་ལུང་ནོད། ལ་ལ་ནི། ཁ་ཏོན་བྱེད་དེ། ལ་ལ་ནི། ཡི་གེར་འདྲི། ལ་ལ་ནི། ཚུལ་བཞིན་ཡིད་ལ་བྱེད་པས་རྟོགས་པར་བྱེད་དེ་ [494A]༄༅། །སེམས་ཅན་དེ་དག་ཐམས་ཅད་ཀྱང་ལོག་པར་མི་ལྟུང་བའི་ཆོས་ཅན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཤ་སྟག་གོ་རིགས་ ཀྱི་བུ༑ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་དེའི་དྲུང་དུ་སོང་ཞིག་དང། དེ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་པར་འགྱུར་རོ། །རིགས་ཀྱི་བུ། དེ་ནི། ཡུན་རིང་པོ་ ནས་ཁྱོད་ཀྱི་དགེ་བའི་བཤེས་གཉེན་ཡིན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་སྟོན་པ། ཡང་དག་པར་འཛིན་དུ་འཇུག་པ། ཡང་དག་པར་གཟེངས་བསྟོད་པ། ཡང་ དག་པར་རབ་ཏུ་དགའ་བར་བྱེད་པ་ཡིན་ནོ། །རིགས་ཀྱི་བུ། དེས་ཀྱང་སྔོན་དུ་ད་ལྟར་ཁྱོད་ཇི་ལྟར་འཚོལ་བ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བཙལ་གྱི། རིགས་ཀྱི་བུ། ཁྱོད་ཉིན་ མཚན་དུ་ཡིད་ལ་བྱེད་ལ་རྒྱུན་མ་བཅད་པར་སོང་ཞིག་དང། རིང་པོར་མི་ཐོགས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ རྟག་ཏུ་ངུས་དེ་ཐོས་ནས་དགའ་མགུ་ཡིད་རངས། རབ་ཏུ་མགུ་ཞིང་དགའ་བ་དང། ཡིད་བདེ་བ་སྐྱེས་པར་གྱུར་པས། འདི་ལྟ་སྟེ། དཔེར་ན། སྐྱེས་བུ་མདེའུ་དུག་ཅན་ཞིག་གིས་ཕོག་ན། ཡིད་ ལ་བྱེད་པ་གཞན་མི་བསྐྱེད་ཀྱི། གང་བདག་སྡུག་བསྔལ་འདི་ལས་ཐར་པར་བྱེད་པ། ཟུག་རྔུ་འབྱིན་པའི་སྨན་པ་བདག་གིས་ནམ་རྙེད་སྙམ་སེམས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་ [494B]རོལ་ཏུ་ཕྱིན་པ་ཐོས་པར་བྱེད་ཅིང། ཆོས་གང་ཐོས་ནས་བདག་གི་དམིགས་པ་ཡིད་ལ་བྱེད་པ་སྤོང་བར་འགྱུར་བའི་རིགས་ཀྱི་བུ་དེ་བདག་གིས་ ནམ་མཐོང་སྙམ་སེམས་པ་མ་གཏོགས་པར་ཆོས་གང་ཡང་ཡིད་ལ་མི་བྱེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་ས་ཕྱོགས་དེ་ཉིད་དུ་འདུག་སྟེ། ཆོས་ཐམས་ཅད་ལ་མི་ གནས་པའི་འདུ་ཤེས་པ་བསྐྱེད་ནས་དེ་ཏིང་ངེ་འཛིན་གྱི་སྒོ་དུ་མ་མངོན་དུ་གྱུར་པ་འདི་ལྟ་སྟེ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ལ་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མི་དམིགས་ པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཆོས་ཐམས་ཅད་མི་ཤེས་པ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཆོས་ཐམས་ཅད་འགྱུར་བ་མེད་པར་མཐོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་ཆོས་ཐམས་ ཅད་སྣང་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཆོས་ཐམས་ཅད་མུན་པ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་ཆོས་ཐམས་ཅད་མི་ཤེས་པ་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཆོས་ ཐམས་ཅད་མི་དམིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། མེ་ཏོག་བཀྲམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཆོས་ཐམས་ཅད་བདག་གི་དངོས་པོ་མི་སྒྲུབ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང། སྒྱུ་མ་ རྣམ་པར་སྤངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། མེ་ལོང་གི་དཀྱིལ་འཁོར་སྣང་བ་བསྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་སེམས་ཅན་ཐམས་ཅད་ཀྱི་སྒྲ་བསྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཆོས་ [495A]༄༅། །ཐམས་ཅད་ཐ་དད་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། སེམས་ཅན་ཐམས་ཅད་མངོན་པར་དགའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། སེམས་ཅན་ཐམས་ ཅད་ཀྱི་སྒྲ་ལ་མཁས་པའི་རྗེས་སུ་སོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། སྒྲ་དང། ཚིག་དང། འབྲུ་སྣ་ཚོགས་བསྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། མ་ཁེངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ དང། རང་བཞིན་རྣམ་པར་བལྟས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། སྒྲིབ་པ་མེད་པའི་རྣམ་པར་ཐར་པ་ཐོབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། རྡུལ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་ མིང་དང། ངེས་པའི་སྒྲ་དང། ཚིག་དང། འབྲུ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཆོས་ཐམས་ཅད་ལ་རྣམ་པར་བལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པའི་ མཐའ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ནམ་མཁའ་དང་མཚུངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། རྡོ་རྗེ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་དང། གཟུགས་ཀྱི་རྡུལ་སེལ་ཅེས་བྱ་བའི་ཏིང་ངེ་ འཛིན་དང། རྒྱལ་བ་ཐོབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་ཕྱིར་མི་ལྡོག་པའི་མིག་ཅེས་བྱ་བའི་ཏིང་ངེ་འཛིན་དང། ཆོས་ཀྱི་དབྱིངས་ལས་ངེས་པར་བྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་ དབུགས་འབྱིན་པ་སྦྱིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། སེང་གེ་མངོན་པར་བསྒྲགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། སེམས་ཅན་ཐམས་ཅད་ཟིལ་གྱིས་གནོན་པ་ཞེས་བྱ་བའི་ཏིང་ངེ་ [495B] རྡུལ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་ཀུན་ནས་ཉོན་མོངས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་པདྨ་བཀོད་པ་ཞེས་བྱ་ཏིང་ངེ་འཛིན་དང། ནེམ་ནུར་གཅོད་པ་ཞེས་བྱ་ བའི་ཏིང་ངེ་འཛིན་དང། སྙིང་པོ་ཐམས་ཅད་ཀྱིས་རྗེས་སུ་སོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཆོས་ཐམས་ཅད་ལས་མངོན་པར་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། མངོན་པར་ཤེས་ པ་དང། སྟོབས་དང། མི་འཇིགས་པ་ཐོབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཆོས་ཐམས་ཅད་ལས་ངེས་པར་འབིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཆོས་ཐམས་ཅད་ཀྱི་འབྱོར་པ་རྒྱ་ མཚོ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཆོས་ཐམས་ཅད་བྱེ་བྲག་མེད་པར་བལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ལྟ་བར་གྱུར་བའི་ཐིབས་པོ་ཐམས་ཅད་རྣམ་པར་སྤོང་བ་ཞེས་བྱ་བའི་ཏིང་ངེ་ འཛིན་དང། མུན་པ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཆོས་ཐམས་ཅད་མཚན་མ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཆགས་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་ཞེས་བྱ་ བའི་ཏིང་ངེ་འཛིན་དང། ལེ་ལོ་ཐམས་ཅད་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཆོས་ཟབ་མོའི་འོད་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། རི་རབ་འདྲ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། མི་ འཕྲོག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། བདུད་ཀྱི་དཀྱིལ་འཁོར་རྣམ་པར་འཇོམས་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་འཇིག་རྟེན་གསུམ་ལ་མངོན་པར་མ་ཞེན་པ་ཞེས་བྱ་བའི་ཏིང་ངེ་ [496A]༄༅། །འཛིན་དང། འོད་ཟེར་བསྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། དེ་བཞིན་གཤེགས་པ་མཐོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་རྣམས་མངོན་དུ་གྱུར་ཏེ། དེ་ཏིང་ངེ་ འཛིན་དེ་དག་ལ་གནས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་ན་སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་དཔག་ཏུ་མེད་པ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རབ་ཏུ་སྟོན་པ་དག་མཐོང་སྟེ། དེ་བཞིན་གཤེགས་པ་དེ་དག་གིས་ལེགས་སོ། །ཞེས་བྱ་བ་བྱིན་ནས་དབུགས་དབྱུང་བ་མཛད་དེ། ཚིག་འདི་སྐད་ཀྱང་ གསུང་ངོ། །རིགས་ཀྱི་བུ། ངེད་ཀྱིས་ཀྱང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཞིན་དུ་བཙལ་ཏེ། ཡོངས་སུ་ཚོལ་བ་ནའང་ཏིང་ངེ་འཛིན་འདི་དག་ཐོབ་སྟེ་ ཏིང་ངེ་འཛིན་འདི་དག་ཐོབ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པར་ཁོང་དུ་ཆུད་པར་གྱུར་ཏེ། ཕྱིར་མི་ལྡོག་པའི་སངས་རྒྱས་ཀྱི་ཆོས་ལ་གནས་པར་གྱུར་ཏོ། །ངེད་ཀྱིས་ཏིང་ངེ་འཛིན་འདི་ དག་གི་ངོ་བོ་ཉིད་དང་རང་བཞིན་ལ་བལྟས་ན། གང་མཉམ་པར་བཞག་པར་བྱ་བའམ། ལྡང་བར་བྱ་བའམ། བྱང་ཆུབ་ཏུ་སྤྱད་པའམ། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཆོས་དེ་གང་ཡང་ཡང་དག་པར་རྫས་སུ་མི་མཐོང་ངོ། །རིགས་ཀྱི་བུ། འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡིན་ཏེ། རིགས་ཀྱི་བུ། ཆོས་ [496B] རློམ་སེམས་མེད་པར་མི་བྱེད་པ་ལ་གནས་ནས་ངེད་ཀྱིས་ཀྱང་འདི་འདྲ་བའི་ལུས་གསེར་གྱི་ཁ་དོག་ལྟ་བུ་ཐོབ་སྟེ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ དང། དཔེ་བྱང་བཟང་པོ་བརྒྱད་ཅུ་དང། འོད་འདོམ་གང་པ་དང་སངས་རྒྱས་ཀྱི་ཡེ་ཤེས་དང། སངས་རྒྱས་ཀྱི་ཤེས་རབ་བསམ་གྱིས་མི་ཁྱབ་པ་དང། སངས་རྒྱས་ཀྱི་ཏིང་ངེ་འཛིན་བླ་ན་མེད་པ་དང་ ཡོན་ཏན་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་རྗེས་སུ་ཐོབ་སྟེ། ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་དེ་བཞིན་གཤེགས་པ་དག་གིས་ཀྱང་ཚད་བཟུང་བའམ། མཐའ་བསྟན་པར་མི་ནུས་ན། ཉན་ ཐོས་དང། རང་སངས་རྒྱས་དག་གིས་ལྟ་ཅི་སྨོས། རིགས་ཀྱི་བུ། དེ་ལྟ་བས་ན། ཁྱོད་ཀྱིས་ཆོས་འདི་དག་ཉིད་ལ་རབ་ཏུ་དོན་དུ་གཉེར་བ་དང། འདུན་པས་གུས་པ་མཆོག་ཏུ་བསྐྱེད་པར་བྱ་ སྟེ༑ རིགས་ཀྱི་བུ། དོན་དུ་གཉེར་བ་དང། འདུན་པ་ལ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྙེད་པར་དཀའ་བ་མ་ཡིན་ནོ། །ཁྱོད་ཀྱིས་དགེ་བའི་བཤེས་གཉེན་ལ་ཤིན་དུ་ གུས་པ་བསྐྱེད་པར་བྱའོ། །ཕང་པར་བྱའོ། །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་འདི་སྐད་ཅེས་གསོལ་ཏོ། །བདག་གི་དགེ་བའི་ [497A]༄༅། །བཤེས་གཉེན་གང་ལགས། དེ་དག་གིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ། ཁྱོད་ཡུན་རིང་པོ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ཆོས་འཕགས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་ཤིང་ཡོངས་སུ་བཟུང་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ཐབས་ལ་མཁས་པ་ལ་བསླབ་ བོ༑ ༑རིགས་ཀྱི་བུ། དེ་ནི། ཁྱོད་ཡོངས་སུ་འཛིན་པའི་དགེ་བའི་བཤེས་གཉེན་ཡིན་གྱི། དེས་ཁྱོད་ལ་ཅི་བསྒོ་བ་བཞིན་དུ་ཟུངས་ཤིག་རིགས་ཀྱི་བུ། གལ་ཏེ་ཁྱོད་ཀྱིས་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་བསྐལ་པའམ། བསྐལ་པ་གཉིས་སམ། བསྐལ་པ་བྲྒྱའམ། བསྐལ་པ་སྟོང་ངམ། དེ་ལས་ལྷག་པར་ཡང་མགོ་ལ་ཐོད་བཞིན་དུ་ཐོགས་ ཤིང་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོ་བྱས་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གཟུགས་དང། སྒྲ་དང་དྲི་དང། རོ་དང། རེག་པ་ཇི་སྙེད་ཡོད་པ་དེ་དག་ ཐམས་ཅད་ཕུལ་ཡང་རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལ་ལན་ལོན་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ། དེའི་མཐུས་ཁྱོད་ཀྱིས་ཏིང་ངེ་འཛིན་འདི་ལྟ་བུ་དག་རྙེད་པར་གྱུར་ཏེ། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་དང། ཐབས་ལ་མཁས་པ་ཐོས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ [497B] །རིགས་ཀྱི་བུ་དེའང་ཏིང་ངེ་འཛིན་དེ་དག་ལས་ལངས་ཏེ། ལངས་ནས་ཀྱང་འདི་སྙམ་དུ་སེམས་སོ། །དེ་བཞིན་གཤེགས་པ་དེ་དག་གང་ནས་བྱོན་ དེ་བཞིན་གཤེགས་པ་དེ་དག་གང་དུ་བཞུད་སྙམ་སྟེ། དེ་བཞིན་གཤེགས་པ་དེ་དག་མ་མཐོང་བས་རབ་ཏུ་གདུང་ཞིང་མི་དགའ་བར་གྱུར་ཏོ། །ཡང་དེ་འདི་སྙམ་དུ་སེམས་ཏེ། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ནི། གཟུངས་ཐོབ་པ། མངོན་པར་ཤེས་པ་ལྔ་དང་ལྡན་པ། སྔོན་གྱི་རྒྱལ་བ་རྣམས་ལ་ལྷག་པར་བྱ་བ་བྱས་པ་སྟེ། བདག་ཡོངས་སུ་འཛིན་པ། བདག་ གི་དགེ་བའི་བཤེས་གཉེན། ཡུན་རིང་པོ་ནས་དེས་བདག་གི་དོན་བྱས་པ་ཡིན་གྱི། བདག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱི་དྲུང་དུ་མངོན་པར་སོང་སྟེ་ཕྱིན་ནས་དེ་ བཞིན་གཤེགས་པ་དེ་དག་གང་ནས་བྱོན། །དེ་བཞིན་གཤེགས་པ་དེ་དག་གང་དུ་བཞུད་ཅེས་དོན་འདི་ཉིད་དྲིའོ། །སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་དགའ་བ་དང། དད་པ་དང། རི་མོ་དང། གུས་པར་བྱ་བ་ཉེ་བར་གཞག་སྟེ། ཉེ་བར་གཞག་ནས་འདི་སྙམ་དུ་སེམས་སོ། །བདག་གིས་ཇི་ལྟ་བུའི་ བཀུར་སྟི་བྱ་བས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་དེའི་དྲུང་དུ་འགྲོ་བར་བྱ། བདག་ནི། དབུལ་ཏེ་གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ [498A]༄༅། །ལ་བདག་གིས་བཀུར་སྟིར་བྱ་བའི་གོས་རིན་པོ་ཆེའམ། གསེར་རམ། ནོར་བུའམ། མུ་ཏིག་གམ། བཻ་ཌཱུརྱའམ། དུང་ངམ། མན་ཤེལ་ལམ། བྱུ་རུའམ་ དངུལ་ལམ། ས་ལེ་སྦྲམ་མམ། མེ་ཏོག་གམ། སྤོས་སམ། མེ་ཏོག་ཕྲེང་ངམ། བྱུག་པའམ། གདུགས་དེ་ལྟ་བུའང་བདག་ལ་མེད་ན། བདག་འདི་བཞིན་དུ་བྱང་ཆུབ་སེམས་དཔའ་ཆོས་ འཕགས་ཀྱི་དྲུང་དུ་སོང་ན་ནི། བདག་གིས་ཚུལ་མ་ཡིན་པ་བྱས་པར་འགྱུར་ཏེ། བདག་དགའ་བའམ། རངས་པའང་མི་སྐྱེའོ། །སྙམ་དུ་སེམས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྟག་ཏུ་ངུ་དེ་ལྟ་བུའི་ཡོན་ཏན་དག་དང། བླ་མ་ལ་གུས་པ་ཡིད་ལ་བྱེད་པ་དང་ལྡན་པས་སོང་ནས་མཐར་གྱིས་གྲོང་གཞན་ཞིག་ཏུ་ཕྱིན་པ་དང། དེའི་གྲོང་བར་གྱི་དབུས་སུ་དེ་འདི་སྙམ་ དུ་སེམས་ཏེ། འདི་ལྟར་བདག་གིས་ལུས་བཙོངས་ལ་དེའི་རིན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་བཀུར་སྟི་བྱའོ་།ཡུན་རིང་པོ་ནས་བདག་གི་ལུས་སྟོང་ཞིག་ཅིང་ཟད་ དེ་བཙོངས་ལ། འཁོར་བ་དཔག་ཏུ་མེད་པ་དག་འདོད་པའི་རྒྱུས་ཡང་དང་ཡང་སེམས་ཅན་དམྱལ་བའི་སྡུག་བསྔལ་དཔག་ཏུ་མེད་པ་དག་མྱོང་ཡང་འདི་ལྟ་བུའི་ཆོས་ཀྱི་ཕྱིར་རམ། འདི་ལྟ་བུའི་སེམས་ ཅན་ཆེན་པོ་ལ་བཀུར་སྟི་བྱ་བའི་ཕྱིར་ནི། མ་ཡིན་ནོ། །སྙམ་མོ་།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་གྲོང་བར་དུ་འདུག་སྟེ། མི་སུ་ཉོ་འདོད། མི་སུ་ཉོ་འདོད་ཅེས་སྒྲ་བསྒྲགས་ [498B] །དེ་ནས་བདུད་སྡིག་ཅན་འདི་སྙམ་དུ་སེམས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་འདི་ནི། ཆོས་འདོད་པའི་ཕྱིར་བདག་ཉིད་བཙོངས་ནས་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཆོས་འཕགས་ལ་བཀུར་སྟི་བྱེད་ཅིང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་སྤྱད་ན། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཡོངས་སུ་རྫོགས་པར་འགྱུར། ཐོས་པ་རྒྱ་མཚོ་རྗེས་སུ་ཐོབ་པར་འགྱུར། བདུད་དང་བདུད་ཀྱི་རིགས་ཀྱི་ལྷ་དག་གིས་མི་ཐུབ་པར་འགྱུར། ཡོན་ཏན་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་རྗེས་སུ་ཐོབ་པར་ འགྱུར་ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ཐབས་ལ་མཁས་པ་ཡོངས་སུ་འདྲི་བར་འགྱུར་ཏེ། དེར་སེམས་ཅན་མང་པོ་དག་གི་དོན་བྱེད་པར་འགྱུར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ མངོན་པར་རྫོགས་པར་སངས་རྒྱས་ནས་དེ་དག་ཀྱང་ངའི་ཡུལ་ལས་འདའ་བར་བྱེད། སེམས་ཅན་གཞན་དག་ཀྱང་ངའི་ཡུལ་ལས་འདའ་བར་བྱེད་པར་འགྱུར་གྱི། བདག་གིས་འདི་ལ་བར་ཆད་བྱའོ། །སྙམ་ ནས་བདུད་སྡིག་ཅན་གྱིས་ཅི་ནས་བྲམ་ཟེ་དང། ཁྱིམ་བདག་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་མི་སུ་ཉོ་འདོད། སུ་ང་ཉོ་བར་འདོད་ཅེས་ཟེར་བའི་སྒྲ་མི་ཐོས་པར་འགྱུར་བ་ དེ་ལྟ་བུར་ཡོངས་སུ་བསྒྲིབས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་གང་གི་ཚེ་བདག་ཉེ་བ་མ་རྙེད་པ་དེའི་ཚེ་ཕྱོགས་གཅིག་ཏུ་སོང་ནས་མཆི་མ་ཕྱུང་སྟེ། འདི་ལྟར་བདག་གི་ལུས་ [499A]༄༅། །བཙོངས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་བཀུར་སྟི་བྱ་སྙམ་ན། ལུས་ཉོ་བའང་བདག་གིས་མ་རྙེད་དེ། ཀྱེ་མ་བདག་ནི། རྙེད་པ་ངན་པ་ རྙེད་དོ༑ ༑སྙམ་མོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་འདི་ལྟ་སྟེ། ཆོས་འདོད་པའི་ཕྱིར་བདག་གི་ལུས་ཡོངས་ སུ་བཏང་བར་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་ཡིན་ནམ་མ་ཡིན་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ལ་བདག་གིས་བག་མ་པར་བྱའོ། །སྙམ་སྟེ། ལྷའི་དབང་པོ་ བརྒྱ་བྱིན་བྲམ་ཟེའི་ཁྱེའུ་ཆད་བྱད་དུ་མངོན་པར་སྤྲུལ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ རྟག་ཏུ་ངུ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ། ཁྱོད་འདི་ལྟར་ཡིད་མི་དགའ་ཞིང་ཡིད་གདུང་ལ་མཆི་ས་མ་འབྱུང་བ་ཅི་ཉེས་དེས་སྨྲས་པ། བྲམ་ཟེའི་ཁྱེའུ། ཁོ་བོ་ནི། ཆོས་འདོད་པའི་ཕྱིར་ བདག་ཉིད་བཙོངས་ཏེ་ཆོས་ལ་མཆོད་པ་བྱ་བར་འདོད་ན། ལུས་ཉོ་བ་དེ་ཁོ་བོས་མ་རྙེད་ནས་དེ་ལ་ཁོ་བོ་འདི་སྙམ་དུ་སེམས་སོ། །ཀྱེ་མ་ང་ནི། བསོད་ནམས་ཆུང་བས་འདི་ལྟར་ལུས་བཙོངས་ ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་པ་བྱ་བ་དང་འཕགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལའང་བཀུར་སྟི་བྱ་སྙམ་ན། བདག་གིས་ལུས་ཉོ་བའང་མ་ [499B] ༑སྙམ་མོ། །དེ་ནས་བྲམ་ཟེའི་ཁྱེའུ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ། ཁོ་བོ་ལ་མིས་ནི། བྱ་བ་མེད་ཀྱི། འོན་ཀྱང་ཁོ་བོ་ མཆོད་སྦྱིན་ཞིག་བྱེད་དེ། དེར་མིའི་སྙིང་དང། ཁྲག་དང། རུས་པ་དང། རྐང་དག་ཁོ་བོ་ལ་དགོས་ན། དེ་རིན་གྱིས་ཉོར་བྱིན་ཅིག་ཅེས་བྱས་པ་དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་རྟག་ཏུ་ངུ་འདི་སྙམ་དུ་སེམས་ཏེ། གང་བདག་གིས་བྲམ་ཟེའི་ཁྱེའུ་བདག་གི་སྙིང་དང། ཁྲག་དང། རུས་པ་དང། རྐང་ཉོ་བ་རྙེད་པ་འདི་ནི། བདག་གིས་རྙེད་པའི་མཆོག་ལེགས་པར་རྙེད་དོ། ། བདག་གི་ལུས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་ལ་མཁས་པ་རྣམས་ལ་ཡོངས་སུ་རྫོགས་པར་གྱུར་ཏོ། །སྙམ་སྟེ། དེ་སེམས་དགའ་བ་དང། སེམས་བདེ་བ་དང། སེམས་རབ་ཏུ་ དགའ་བར་གྱུར་ནས་བྲམ་ཟེའི་ཁྱེའུ་ལ་འདི་སྐད་ཅེས་སྨྲས་སོ་།བྲམ་ཟེའི་ཁྱེའུ། ཁོ་བོའི་ལུས་འདི་ལས་ཁྱོད་གང་འདོད་པ་སྦྱིན་ནོ། །དེས་དེ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ། ཁྱོད་རིན་དུ་ ཅི་འདོད་པ་སྦྱིན་ནོ། །ཞེས་བྱས་པ་དང། དེས་དེ་ལ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེའི་ཁྱེའུ། ཁྱོད་ཀྱིས་གང་ཡོངས་སུ་བཏང་བ་དེ་ཁོ་བོ་ལ་བྱིན་ཅིག་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྟག་ཏུ་ངུ་མཚན་རྣོན་པོ་ཐོགས་ནས་ལག་པ་གཡས་པ་ཕུག་སྟེ་ཁྲག་གཟུགས་སོ། །བརླ་གཡས་པ་ཤ་མེད་པར་བཏོགས་ནས་རུས་པ་གཅོག་ཏུ་རྩིག་པའི་དྲུང་དུ་སོང་ངོ། །དེ་ནས་ཚོང་ [500A]༄༅། །དཔོན་གྱི་བུ་མོ་ཞིག་ཁང་པའི་ཡང་ཐོག་ན་འདུག་པ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་བརླ་ཤ་མེད་པར་བཏོགས་ནས་རུས་པ་གཅོག་ཏུ་ རྩིག་པའི་དྲུང་དུ་སོང་བ་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ་རིགས་ཀྱི་བུ་འདི་ཅིའི་ཕྱིར་བདག་ཉིད་ལ་བདག་ཉིད་འདི་ལྟ་བུའི་ན་ཚ་བྱེད་པ། བདག་རིགས་ཀྱི་བུ་དེའི་དྲུང་དུ་སོང་སྟེ་དྲིའོ་།སྙམ་ ནས་ཚོང་དཔོན་གྱི་བུ་མོ་དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ལ་འདི་སྐད་ཅེས་སྨྲས་ སོ༑ ༑རིགས་ཀྱི་བུ། ཁྱོད་ཅིའི་ཕྱིར་ཁྱོད་བདག་ཉིད་ལ་འདི་ལྟ་བུའི་ན་ཚ་དག་བྱེད། ཁྲག་དང། རུས་པ་དང། རྐང་འདིས་ཅི་ཞིག་བྱ། རྟག་ཏུ་ངུས་བུ་མོ་དེ་ལ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེའི་ ཁྱེའུ་འདི་ལ་བཅིངས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་པར་བྱའོ། །འཕགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལའང་བསྙེན་བཀུར་བྱའོ། །དེ་ནས་ཚོང་ དཔོན་གྱི་བུ་མོ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ། ཁྱོད་འདི་ལྟར་བདག་གི་སྙིང་དང། ཁྲག་དང། རུས་པ་དང། རྐང་ཡང་ བཙོངས་ཏེ་རིགས་ཀྱི་བུ་དེ་ལ་བཀུར་སྟི་བྱ་བར་འདོད་པ་ཁྱོད་ལ་ཡོན་ཏན་གྱི་རྣམ་པ་ཅི་ཞིག་འགྲུབ་པར་འགྱུར། དེས་དེ་ལ་སྨྲས་པ་བུ་མོ། རིགས་ཀྱི་བུ་དེ་ནི། གང་ལ་ཁོ་བོས་བསླབ་པར་བྱ་བའི་ [500B] ཐབས་ལ་མཁས་པ་དག་སྟོན་པར་འགྱུར་ཏེ། ཁོ་བོས་དེ་ལ་བསླབས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ ནས་སེམས་ཅན་ཐམས་ཅད་ཀྱི་རྟེན་དུ་འགྱུར། ལུས་གསེར་གྱི་ཁ་དོག་ལྟ་བུའང་ཐོབ་པར་འགྱུར། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང། འོད་འདོམ་གང་བ་དང། འོད་ཟེར་མཐའ་ ཡས་པ་དང། བྱམས་པ་ཆེན་པོ་དང། སྙིང་རྗེ་ཆེན་པོ་དང། དགའ་བ་ཆེན་པོ་དང། བཏང་སྙོམས་ཆེན་པོ་དང། མི་འཇིགས་པ་བཞི་དང། སོ་སོ་ཡང་དག་པར་རིག་པ་བཞི་དང། སངས་ རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱང་ཐོབ་པར་འགྱུར། མངོན་པར་ཤེས་པ་དྲུག་དང། ཚུལ་ཁྲིམས་རྣམ་པར་དག་པ་བསམ་གྱིས་མི་ཁྱབ་པ་དང། ཏིང་ངེ་འཛིན་རྣམ་པར་དག་པ་བསམ་ གྱིས་མི་ཁྱབ་པ་དང། ཤེས་རབ་རྣམ་པར་དག་པ་བསམ་གྱིས་མི་ཁྱབ་པ་དང། དེ་བཞིན་གཤེགས་པའི་སྟོབས་བཅུ་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་ཡེ་ཤེས་ཀྱང་མངོན་ པར་རྫོགས་པར་འཚང་རྒྱ་བར་འགྱུར། གང་གིས་སེམས་ཅན་ཐམས་ཅད་ལ་ཀུན་དུ་བགོ་བཤའ་བྱ་བའོ་བླ་ན་མེད་པའི་ཆོས་རིན་པོ་ཆེའང་རབ་ཏུ་ཐོབ་པར་འགྱུར་རོ། །དེ་ནས་ཚོང་དཔོན་གྱི་བུ་ མོ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ། ཁྱོད་ཀྱིས་འདི་ལྟར་ཆོས་རྒྱ་ཆེན་པོ་འདི་དག་ཡོངས་སུ་བརྗོད་པ་ནི། ངོ་མཚར་ཏེ། རིགས་ [501A]༄༅། །ཀྱི་བུ༑ ཆོས་འདི་ལྟ་བུ་རེ་རེའི་ཕྱིར་ཡང་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་ལུས་ཡོངས་སུ་བཏང་བར་བྱ་བ་ཡིན་ན། གཅིག་ལྟ་ཅི་སྨོས་ཏེ། དེ་ཙམ་དུ་ཁྱོད་ཀྱིས་ ཆོས་འདི་དག་རྒྱ་ཆེར་ཡོངས་སུ་བརྗོད་ན། རིགས་ཀྱི་བུ། ཁྱོད་གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་བཀུར་སྟི་བྱ་བའི་གསེར་རམ། ནོར་བུའམ། མུ་ ཏིག་གམ། བཻ་ཌཱུརྱའམ། དངུལ་ལམ། མེ་ཏོག་གམ། བདུག་པའམ། སྤོས་སམ། མེ་ཏོག་ཕྲེང་ངམ། བྱུག་པའམ། ཕྱེ་མའམ། གོས་སམ། གདུགས་སམ། ཁྱོད་ལ་ཅི་དགོས་པ་ དེ་ཁྱོད་ལ་སྦྱིན་གྱི། བདག་ཉིད་ལ་འདི་ལྟ་བུའི་སྡུག་བསྔལ་མ་བྱེད་ཅིག་བདག་ཀྱང་ཁྱོད་དང་འགྲོགས་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ག་ལ་བ་དེར་ དོང་ལ་བདག་ཀྱང་ཁྱོད་དང་ལྷན་ཅིག་ཏུ་འདི་ལྟ་སྟེ། དེ་ལྟ་བུའི་ཆོས་འདི་དག་ཐོབ་པར་བྱ་བའི་ཕྱིར་དགེ་བའི་རྩ་བ་བསྐྱེད་པར་བྱའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བྲམ་ཟེའི་ཁྱེའུ་ ཆ་བྱད་མི་སྣང་བར་བྱས་ནས་བདག་ཉིད་ཀྱི་ལུས་སུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུའི་མདུན་དུ་འདུག་ནས་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ། ཁྱོད་དེ་ལྟར་ཡི་ དམ་ལ་བརྟན་པ་ནི། ལེགས་སོ། །ལེགས་སོ། །འདི་ལྟ་བུའི་ཆོས་འདོད་པས་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་གིས་ཀྱང་སྔོན་བྱང་ [501B]ཏུ་ཕྱིན་པ་དང། ཐབས་ལ་མཁས་པ་ཡོངས་སུ་རྫོགས་པར་མཛད་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་ རྫོགས་པར་སངས་རྒྱས་སོ། །རིགས་ཀྱི་བུ། ཁོ་བོ་ལ་སྙིང་དང་ཁྲག་དང། རྐང་གིས་བྱ་བ་མེད་ཀྱི། ཁོ་བོ་ཁྱོད་སད་པའི་ཕྱིར་འདིར་འོངས་ཀྱི། རིགས་ཀྱི་བུ། ཁྱོད་ཀྱིས་དམ་པ་སློངས་ཤིག་ རིགས་ཀྱི་བུ། ཁྱོད་ལ་དམ་པ་ཇི་ལྟ་བུ་ཞིག་སྦྱིན་པར་བྱ། དེས་དེ་ལ་སྨྲས་པ། བརྒྱ་བྱིན། སངས་རྒྱས་ཀྱི་ཆོས་བླ་ན་མེད་པ་བདག་ལ་སྩོལ་ཅིག་བརྒྱ་བྱིན་གྱིས་སྨྲས་པ། རིགས་ཀྱི་བུ་ ཡུལ་འདི་ཁོ་བོའི་ཡུལ་དུ་གྱུར་པ་མ་ཡིན་ཏེ། ཡུལ་འདི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡུལ་དུ་གྱུར་པ་ཡིན་གྱི། དམ་པ་གཞན་སློངས་ཤིག་བྱང་ཆུབ་སེམས་དཔའ་རྟག་ཏུ་ ངུས་སྨྲས་པ། བདག་གི་ལུས་ཡོངས་སུ་རྫོགས་པར་བྱ་བའི་གནས་འདི་ལ་ནི། ལྷའི་དབང་པོ་བརྩོན་པ་ཆུང་བར་གྱིས་ཤིག་ལྷའི་དབང་པོ། བདག་ཉིད་ཀྱིས་བདེན་པའི་བྱིན་གྱིས་རླབས་བྱའོ། ། ལྷའི་དབང་པོ། བདེན་པ་གང་གིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་རྣམས་ཀྱིས་ལུང་བསྟན་ཏེ། བདག་གིས་ལྷག་པའི་བསམ་པ་གཡོ་མེད་པར་མཁྱེན་ཅེ་ན། བདེན་པ་དེ་དང་བདེན་པའི་ཚིག་དེས་བདག་གི་ལུས་སྔོན་གྱི་བཞིན་དུ་གྱུར་ཅིག་ [502A]༄༅། །ཅེས་བྱས་པ་དང། སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ཉིད་ལ་སངས་རྒྱས་ཀྱི་མཐུ་དང། ལྷག་པའི་བསམ་པ་ཡོངས་སུ་དག་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྟག་ཏུ་ངུའི་ལུས་སྔོན་གྱི་བཞིན་དུ་གནས་པར་གྱུར་ཏོ་།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་སྤོབས་པ་མེད་པར་གྱུར་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ལ་ལན་གླན་པར་ སྤོབས་པ་མ་སྐྱེས་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་ཚོང་དཔོན་གྱི་བུ་མོ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཚུར་ཤོག་ཁོ་ མོའི་ཁྱིམ་ག་ལ་བ་དེར་འདོང་ངོ། །ཁོ་མོས་ཕ་མ་ལས་ནོར་བླངས་ཏེ། དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེའང་མཆོད་པར་བྱ་བ་དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ དེ་ལའང་བཀུར་སྟི་བྱ་བ་སྦྱིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་དང་ཚོང་དཔོན་གྱི་བུ་མོ་དེ་འགྲོགས་ནས་དེ་རང་གི་ཁྱིམ་ག་ལ་བ་དེར་དོང་ངོ། །དེ་ནས་ཚོང་དཔོན་གྱི་བུ་ མོ་དེ་བདག་གི་ཁྱིམ་དུ་ཕྱིན་ནས་ཕ་མ་ལ་འདི་སྐད་ཅེས་སྨྲས་སོ་།ཡབ་ཡུམ། གསེར་དང། དངུལ་དང། རིན་པོ་ཆེ་དང། ནོར་བུ་དང། མེ་ཏོག་དང། བདུག་པ་དང། སྤོས་དང། མེ་ཏོག་ཕྲེང་དང་ བྱུག་པ་དང། ཕྱེ་མ་དང། གོས་དང། གདུགས་དང། རྒྱལ་མཚན་དང། བ་དན་དང། རོལ་མོའི་ཆ་བྱད་མང་པོ་དག་སྩོལ་ཅིག་བདག་ཀྱང་ཁྱེད་ཀྱིས་སྩལ་བའི་གཡོག་མོ་ལྔ་བརྒྱ་འདི་དག་དང་ [502B] བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་དང་བདག་ཅག་འགྲོགས་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་མཆོད་པ་བགྱི་བའི་ སླད་དུ་མཆིའོ། །དེའང་བདག་ཅག་ལ་ཆོས་སྟོན་པར་འགྱུར་རོ། །དེ་ནས་བུ་མོ་དེའི་ཕ་མས་བུ་མོ་དེ་ལ་འདི་སྐད་ཅེས་སྨྲས་སོ། །བུ་མོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་དེ་སུ་ཞིག་བུ་ མོ། རིགས་ཀྱི་བུ་དེ་ད་ལྟར་གང་ན་འདུག་བུ་མོས་སྨྲས་པ། རིགས་ཀྱི་བུ་དེ་ད་ལྟར་འོ་སྐོལ་གྱི་སྒོ་དྲུང་ན་མཆིས་ཏེ། རིགས་ཀྱི་བུ་དེ་ནི། ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་དཔག་ཏུ་མ་མཆིས་པ་ལས་ཐར་པར་བགྱི་བར་འཚལ་བས། དེ་ཆོས་འཚལ་བའི་སླད་དུ་བདག་ ཉིད་བཙོངས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་པ་བགྱི་བར་འཚལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་བཀུར་སྟི་བགྱི་བར་འཚལ་ན། དེའི་ལུས་ཉོ་བར་སུའང་ མ་བྱུང་སྟེ། དེ་སྡུག་བསྔལ་ཞིང་ཡིད་མི་བདེ་ནས་མི་དགའ་བར་སེམས་ཤིང་མཆིས་ཏེ། དེས་ང་ནི། ལུས་འཚོང་བར་འདོད་ན། ལུས་ཉོ་བ་མ་རྙེད་དོ། །ཞེས་བགྱིས་པ་དང། བརྒྱ་བྱིན་བྲམ་ཟེའི་ཁྱེའུ་ གཟུགས་སུ་བསྒྱུར་ཏེ་དེ་ལ་འདི་སྐད་དུ། རིགས་ཀྱི་བུ། ཁྱེད་གང་གི་ཕྱིར་ལུས་འཚོང་བར་འདོད་ཅེས་བགྱིས་པ་དང། རྟག་ཏུ་ངུ་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་པར་བྱ་བ་དང། བྱང་ཆུབ་ [503A]༄༅། །སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་དེ་ལའང་བཀུར་སྟིར་བྱའོ། །ངའི་སངས་རྒྱས་ཀྱི་ཆོས་རྣམས་ནི། དེ་ལ་རག་ལས་པས་འདི་ལྟ་སྟེ། ཆོས་འདོད་པའི་ ཕྱིར་རོ༑ ༑ཞེས་བགྱིས་པ་དང། བརྒྱ་བྱིན་བྲམ་ཟེའི་ཁྱེའུ་གཟུགས་སུ་བསྒྱུར་བས་འདི་སྐད་ཅེས་སྨྲས་སོ། །ཁྱོད་ནི། ང་མི་འདོད་དེ། འོན་ཀྱང་ང་མཆོད་སྦྱིན་ཞིག་བྱེད་པ་དེར་མིའི་སྙིང་དང་ཁྲག་ དང༑ རུས་པ་དང། རྐང་དག་དགོས་སོ། །ཞེས་བགྱིས་པ་དང། རིགས་ཀྱི་བུ་དེས་ཡི་མ་སད་པར་དེ་ལ་འདི་སྐད་དུ་སྦྱིན་ནོ། །ཞེས་སྨྲས་ནས་དེ་མཚོན་རྣོན་པོ་ཐོགས་ཏེ་བདག་གི་ལག་པ་ཕུག་ ནས་ཁྲག་གཟུགས། བརླའི་ཤ་བཏོགས་ཏེ་རུས་པ་གཅོག་ཏུ་སོང་ནས་ཕྱོགས་གཅིག་ཏུ་འདུག་སྟེ་རུས་པ་དང། རྐང་སྦྱིན་ནོ། །སྙམ་ནས་དེ་ཁྲག་གཟགས་པ་བདག་ཁང་པའི་ཡང་ཐོག་ན་མཆིས་ པས་མཐོང་སྟེ། དེ་ལ་བདག་འདི་སྙམ་དུ་བགྱིད་དོ། །མི་འདི་ཅིའི་སླད་དུ་འདི་ལྟ་བུར་བདག་ཉིད་ལ་ན་ཚ་དག་བགྱིད་སྙམ་སྟེ། དེའི་ཐད་དུ་མཆིས་ནས་འདི་སྐད་བགྱིས་སོ། །རིགས་ཀྱི་བུ། འདི་ལྟར་ བདག་ཉིད་ཀྱིས་ལུས་ཀྱི་ཁྲག་གཟགས་པ་འདིས་ཅི་ཞིག་བྱ་ཞེས་བགྱིས་པ་དང། དེ་བདག་ལ་འདི་སྐད་མཆི་སྟེ། བྲམ་ཟེའི་ཁྱེའུ་འདི་ལ་ཁྲག་དང། སྙིང་དང། རུས་པ་དང། རྐང་སྦྱིན་ནོ། །དེ་ ཅིའི་ཕྱིར་ཞེ་ན། ང་ནི། དབུལ་ཏེ། ང་ལ་ནོར་གཞན་ཅིའང་མེད་དོ། །ཞེས་མཆིའོ། །བདག་གིས་ཁྱོད་ལ་ནོར་གྱིས་ཅི་ཞིག་བྱ་ཞེས་བགྱིས་པ་དང། དེ་བདག་ལ་འདི་སྐད་དུ་འདི་ལྟ་སྟེ། ཆོས་འདོད་ [503B]བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལའང་བཀུར་སྟི་བྱའོ། །ཞེས་མཆི་ནས་བདག་གིས་དེ་ལ་འདི་སྐད་ཅེས་བགྱིས་ ཏེ༑ རིགས་ཀྱི་བུ། དེས་ཁྱེད་ལ་ཡོན་ཏན་གྱི་རྣམ་པའམ། ཁྱད་པར་ཅི་ཞིག་འབྱུང་བར་འགྱུར། དེ་བདག་ལ་འདི་སྐད་དུ་སངས་རྒྱས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང། སངས་རྒྱས་ཀྱི་ཆོས་ དཔག་ཏུ་མེད་པ་རྣམས་རབ་ཏུ་སྟོན་པར་འགྱུར་རོ། །འདི་ལྟ་བུའི་ཆོས་རྣམས་དེ་ལས་འབྱུང་བར་འགྱུར་རོ། །ཞེས་མཆི་སྟེ། སངས་རྒྱས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དེ་དག་ཐོས་ནས་བདག་ ཀྱང་དགའ་བ་དང། རབ་ཏུ་མགུ་བ་ཆེན་པོ་སྐྱེས་ནས་འདི་སྙམ་བགྱིད་དེ། རིགས་ཀྱི་བུ། འདི་ལྟ་བུའི་གནས་ལ་སྤྲོ་བར་བགྱིད་པ་ནི་ཤིན་ཏུ་དཀའ་བ་བགྱིད་པ་སྟེ། ངོ་མཚར་ཏོ། །རིགས་ཀྱི་བུ་ འདི་ནི༑ ཆོས་འདོད་པའི་ཕྱིར་བདག་ཉིད་ཀྱང་ཡོངས་སུ་གཏོང་ན་བདག་ཅག་ལ་ལོངས་སྤྱོད་རྒྱ་ཆེན་པོ་དག་ཡོད་ལ། ཅིའི་ཕྱིར་ཆོས་ལ་མཆོད་པ་མི་བགྱི། འདི་ལྟ་བུའི་གནས་དག་ལ་སྨོན་ལམ་ཅིའི་ ཕྱིར་མི་གདབ་སྙམ་ནས་རིགས་ཀྱི་བུ་དེ་ལ་བདག་གིས་འདི་སྐད་ཅེས་བགྱིས་སོ། །རིགས་ཀྱི་བུ། ཁྱོད་བདག་ཉིད་ལ་འདི་ལྟ་བུའི་ན་ཚ་དག་མ་བྱེད་ཅིག་ཁྱོད་འདོད་པ་གང་གིས་འཕགས་པ་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་བཀུར་སྟི་བྱ་བའི་ནོར་མང་པོ་དེ་དག་ཁྱོད་ལ་སྦྱིན་ནོ། །བདག་ཀྱང་ཁྱོད་ཉིད་དང་འགྲོགས་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ [504A]༄༅། །ཆོས་འཕགས་ག་ལ་བ་དེར་མཆིའོ། །བདག་གིས་ཀྱང་རིགས་ཀྱི་བུ་དེ་ལ་མཆོད་པ་བགྱིའོ། །གང་ཁྱོད་ཀྱིས་ཡོངས་སུ་བརྗོད་པ་འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་བླ་ན་མེད་ པ་དག་བདག་གིས་ཀྱང་ཐོབ་པར་བགྱིའོ། །ཞེས་བགྱིས་ཤིང་མཆིས་ན། ཡབ་ཡུམ་གྱིས་དཀོར་གྱི་ཕུང་པོ་ཆེན་པོ་བདག་ལ་སྩལ་དུ་གསོལ་བདག་གིས་ཀྱང་རིགས་ཀྱི་བུ་དེ་དང་ལྷན་ཅིག་ཏུ་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་མཆོད་པ་བགྱིའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་།བམ་པོ་སུམ་བརྒྱ་གཞི་པ་སྟེ། ཐ་ མ༑ དེ་ནས་བུ་མོ་དེའི་ཕ་མས་བུ་མོ་དེ་ལ་འདི་སྐད་ཅེས་སྨྲས་སོ་།རིགས་ཀྱི་བུ་དེའི་དཀའ་བའི་གནས་དག་ཁྱོད་ཀྱིས་བསྟན་པ་ལས་ན་ཆོས་དེ་དག་ནི། གཅིག་ཏུ་ངེས་པར་བསམ་གྱིས་མི་ ཁྱབ་པ༑ འཇིག་རྟེན་ཐམས་ཅད་ལས་བྱེ་བྲག་ཏུ་འཕགས་པ། སེམས་ཅན་ཐམས་ཅད་བདེ་བ་ཐོབ་པར་བྱེད་པ་ཡིན་ཏེ། རིགས་ཀྱི་བུ། དེའི་ཕྱིར་དེ་ལྟ་བུའི་དཀའ་བའི་གནས་ལ་སྤྲོ་བར་བྱེད་ན། ཁྱོད་ ངེད་ཀྱིས་གནང་གི་བུ་མོ་ངེད་ཀྱང་ཁྱོད་དང་ལྷན་ཅིག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་བལྟ་ཞིང་མཆོད་དུ་ངེད་ཀྱང་འགྲོ་ཡི། ངེད་འགྲོ་བའི་སྐབས་ཕྱེ་ཞིག་དེ་ནས་བུ་མོ་ དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་མཆོད་པ་བྱ་བ་དང། བཀུར་སྟི་བྱ་བའི་ཕྱིར་ཆས་ཏེ་ཕ་མ་ལ་འདི་སྐད་ཅེས་སྨྲས་སོ། །བདག་ནི། དགེ་བའི་ཕྱོགས་གང་གིའང་ [504B] །དེ་ནས་ཚོང་དཔོན་གྱི་བུ་མོ་དེས་ཤིང་རྟ་ལྔ་བྲྒྱའང་རྒྱན་གྱིས་བརྒྱན། བུ་མོ་ལྔ་བརྒྱ་དེ་དག་ཀྱང་རྒྱན་གྱིས་བརྒྱན་ཏོ། །རྒྱན་གྱིས་བརྒྱན་ནས་མེ་ཏོག་ཁ་དོག་སྣ་ཚོགས་ཐོགས། བདུག་ པ་དང། སྤོས་དང། མེ་ཏོག་ཕྲེང་དང། བྱུག་པ་དང། ཕྱེ་མ་དང། གོས་དང། གདུགས་དང། རྒྱལ་མཚན་དང། བ་དན་དག་ཐོགས་གསེར་དང། དངུལ་གྱི་མེ་ཏོག་དག་ཐོགས། རིན་པོ་ཆེ་སྣ་ ཚོགས་རྣམ་པ་ཐ་དད་བདག་ཀྱང་ཐོགས་ཏེ། བཟའ་བ་དང། བཅའ་བ་དང། མྱང་བ་མང་པོ་མང་དུ་བསྐུར་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་དང་ཤིང་རྟ་གཅིག་ཏུ་ཞུགས་ཏེ་བུ་ མོ་ལྔ་བརྒྱ་ཤིང་རྟ་ལྔ་བརྒྱའི་ནང་དུ་ཞུགས་པ་དེ་དག་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས་ཕ་མ་ལ་སོགས་པ་འཁོར་མང་པོ་དང་ཤར་ཕྱོགས་ག་ལ་བ་དེ་ལོགས་སུ་དོང་སྟེ་མཐར་གྱིས་སོང་ པ་དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་རྒྱང་རིང་མོ་ཞིག་ནས་གྲོང་ཁྱེར་སྤོས་ལྡན་རིན་པོ་ཆེ་སྣ་བདུན་རྣམ་པར་བཀྲ་བ། བལྟ་ན་སྡུག་པ་ལས་བྱས་པ། རིན་པོ་ཆེ་སྣ་བདུན་གྱི་ ར་བ་རིམ་བདུན་གྱིས་བསྐོར་བ། རྟ་བ་བས་བདུན་ཡོད་པ། འོབས་རིམ་བདུན་དང། ཏ་ལའི་ཕྲེང་རིམ་བདུན་གྱིས་ཡོངས་སུ་བསྐོར་བ། ཆུར་དཔག་ཚད་བཅུ་གཉིས། ཞེང་དུ་དཔག་ཚད་བཅུ་གཉིས་ ཡོད་པ། འབྱོར་ཅིང་རྒྱས་པ། བདེ་བ། ལོ་ལེགས་པ། མི་དང་སྐྱེ་བོ་མང་པོས་གང་བ། གྲོང་བར་དང་སྲང་མཉམ་ཞིང་མཚུངས་པ་ལྔ་བརྒྱ་དག་གིས་རི་མོར་བྲིས་པ་བཞིན་དུ་གཏམས་པ། ཁྱོགས་ [505A]༄༅། །ཁྲི་ཉམ་མི་ང་བ་དང། བར་བར་དག་ཏུ་ཟམ་པ་བཏགས་པ་ལགས་པར་བྱས་པ་མཐོང་ངོ། །དེའི་དབུས་ཀྱི་གཞི་མོད་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ཆོས་འཕགས་ཆོས་ཀྱི་ཁྲི་ལ་འདུག་ནས་འཁོར་བརྒྱ་ཕྲག་དུ་མ་དང། སྟོང་ཕྲག་དུ་མ་དང། འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་འཆད་པ་མཐོང་སྟེ། མཐོང་ མ་ཐག་ཏུ་དེ་དགའ་བ་དང། བདེ་བ་ཐོབ་པ་འདི་ལྟ་སྟེ། དཔེར་ན་དགེ་སློང་བསམ་གཏན་དང་པོ་རྩེ་གཅིག་ཏུ་ཡིད་ལ་བྱེད་པས་སྙོམས་པར་ཞུགས་པ་བཞིན་ནོ། །དེ་མཐོང་ནས་འདི་སྙམ་དུ་ སེམས་ཏེ། བདག་ཤིང་རྟའི་ནང་དུ་ཞུགས་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱི་དྲུང་དུ་འགྲོ་བ་ནི། བདག་གིས་མི་ཆའོ། །སྙམ་ནས་དེ་ནས་ཤིང་རྟ་དེ་ ལས་བབས་པ་དང། ཚོང་དཔོན་གྱི་བུ་མོ་དང། བུ་མོ་ལྔ་བརྒྱ་དེ་དག་དང་མཉམ་དུ་ཤིང་རྟ་དེ་ལས་བབས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ཚོང་དཔོན་གྱི་བུ་མོ་ ལ་སོགས་པ་བུ་མོ་ལྔ་བརྒྱས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ་བཀོད་པ་ཆད་མེད་པ་དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ག་ལ་བ་དེར་དོང་ངོ། །དེའི་ཚེ་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཁང་བུ་བརྩེགས་པ་རིན་པོ་ཆེ་སྣ་བདུན་ལས་བྱས་པ། ཙནྡན་དམར་པོས་བརྒྱན་ཅིང། མུ་ཏིག་ [505B] ཁང་བུ་བརྩེགས་པ་དེའི་གྲྭ་བཞིར་ནོར་བུ་རིན་པོ་ཆེ་བཞག་པར་གྱུར་ཏེ་དེ་དག་སྒྲོན་མའི་བྱ་བ་བྱེད་དོ། །བདུག་སྤོས་ཀྱི་སྣོད་དངུལ་ལས་བྱས་པ་ བྮིའང་ཕྱོགས་བཞིར་བཏགས་ཏེ། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་པར་བྱ་བའི་ཕྱིར་ཨ་ཀ་རུ་ནག་པོ་འབའ་ཞིག་གིས་བདུག་པར་བྱེད་དོ། །ཁང་བུ་བརྩེགས་པ་དེའི་དབུས་ སུ་རིན་པོ་ཆེ་སྣ་བདུན་གྱི་ཁྲི་བཞི་བཙུགས་ཏེ། དེའི་སྟེང་དུ་རིན་པོ་ཆེའི་སྒྲོམ་བཞི་བཞག་ནས་དེའི་ནང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསེར་གྱི་གླེགས་བམ་ལ་བཻ་ཌཱུརྱ་བཞུ་བས་བྲིས་པ་བཅུག་སྟེ་ ཁང་བུ་བརྩེགས་པ་དེའང་དར་གྱི་ཆུན་པོ་སྣ་ཚོགས་རྣམ་པ་ཐ་དད་པ་འཕྱང་བས་བརྒྱན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ཚོང་དཔོན་གྱི་བུ་མོ་ལ་སོགས་ཏེ། བུ་མོ་ ལྔ་བརྒྱ་དང་བཅས་པས་ཁང་བུ་བརྩེགས་པ་དེ་བཀོད་པ་ཚད་མེད་པས་བརྒྱན་པ་མཐོང། ལྷ་སྟོང་ཕྲག་དུ་མ་དག་ཀྱང་མཐོང་སྟེ་ལྷའི་དབང་པོ་བརྒྱ་བྱིན་ཡང་ལྷའི་མེ་ཏོག་མནྡཱ་ར་བ་དང་ལྷའི་ ཙནྡན་གྱི་ཕྱེ་མ་དང། ལྷའི་གསེར་གྱི་ཕྱེ་མ་དང། ལྷའི་དངུལ་སིལ་མ་དག་གིས་ཁང་བུ་བརྩེགས་པ་དེ་ལ་འཐོར། མངོན་པར་འཐོར། མངོན་པར་རབ་ཏུ་འཐོར་བར་མཐོང་ངོ། །ལྷའི་སིལ་སྙན་ དག་ཀྱང་ཐོས་སོ། །མཐོང་ཞིང་ཐོས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་དབང་པོ། ཁྱོད་ལྷ་སྟོང་ཕྲག་དུ་མ་དག་ [506A]༄༅། །དང་རིན་པོ་ཆེའི་ཁང་བུ་བརྩེགས་པ་འདི་ལ་ཅིའི་ཕྱིར་མེ་ཏོག་མནྡཱ་ར་བ་དང། ཙནྡན་གྱི་ཕྱེ་མ་དག་གིས་འཐོར་ཞིང། མངོན་པར་འཐོར། མངོན་པར་རབ་ཏུ་འཐོར་ ལྷའི་སིལ་སྙན་འདི་དག་ཀྱང་ལྷ་རྣམས་པར་སྣང་ལ་ཅིའི་ཕྱིར་རྡུང། དེ་སྐད་ཅེས་སྨྲས་པ་དང། ལྷའི་དབང་པོ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ལ་འདི་ སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ། འདི་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡུམ་དང། ཡོངས་སུ་འདྲེན་པ་ཡིན་ཏེ། འདི་ལ་བསླབས་པས་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཡོན་ཏན་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་ཐམས་ཅད་མཁྱེན་པ་ཉིད་ཀྱང་མྱུར་དུ་ཐོབ་པར་འགྱུར་ བ་ཡིན་ན། ཁྱོད་མི་ཤེས་སམ། དེ་སྐད་ཅེས་སྨྲས་པ་དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡུམ་དང། ཡོངས་སུ་འདྲེན་པ་དེ་གང་ན་བཞུགས། བརྒྱ་བྱིན་གྱིས་སྨྲས་པ། དེ་ནི། ཁང་བུ་བརྩེགས་པ་འདིའི་ ནང་ན་གསེར་གྱི་གླེགས་བམ་ལ་བཻ་ཌཱུརྱ་བཞུ་བས་བྲིས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱིས་རྒྱ་རིམ་བདུན་གྱིས་བཏབ་ནས་བཞག་སྟེ། ཁོ་བོ་ཅག་གིས་ [506B] །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ཚོང་དཔོན་གྱི་བུ་མོ་ལ་སོགས་ཏེ། བུ་མོ་ལྔ་བརྒྱ་དག་དང་ཚོགས་ནས་དེ་དག་གིས་མེ་ཏོག་དང་ མེ་ཏོག་ཕྲེང་གི་ཆུན་པོ་དང། གོས་རིན་པོ་ཆེ་དང། བདུག་པ་དང་སྤོས་དང། མེ་ཏོག་ཕྲེང་དང། བྱུག་པ་དང། ཕྱེ་མ་དང། གོས་དང། གདུགས་དང། རྒྱལ་མཚན་དང། བ་དན་དང་ གསེར་དང། དངུལ་གྱི་མེ་ཏོག་ཇི་སྙེད་ཐོགས་ཏེ་འོངས་པ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་པ་བྱས་ཏེ། དེ་དག་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ འཕགས་ལ་བཀུར་སྟི་བྱ་བའི་ཕྱིར་ཤས་ཤས་ཀྱིས་བཞག་གོ་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་མེ་ཏོག་དང་བདུག་པ་དང། སྤོས་དང། མེ་ཏོག་ཕྲེང་དང་ བྱུག་པ་དང། ཕྱེ་མ་དང། ན་བཟའ་དང། རྒྱལ་མཚན་དང། བ་དན་ལ་སོགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྔར་མཆོད་པ་བྱས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ འཕགས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཆོས་ལ་མཆོད་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་མེ་ཏོག་དང། བདུག་པ་དང། སྤོས་དང། མེ་ཏོག་ཕྲེང་ དང༑ བྱུག་པ་དང། ཕྱེ་མ་དང། ཆོས་གོས་དང། གདུགས་དང་རྒྱལ་མཚན་དང། བ་དན་དང། ཙནྡན་གྱི་ཕྱེ་མ་དང། གསེར་དང། དངུལ་གྱི་མེ་ཏོག་གིས་གཏོར། མངོན་པར་ [507A]༄༅། །གཏོར༑ མངོན་པར་རབ་ཏུ་གཏོར་ཏོ། །དེ་ནས་མེ་ཏོག་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱི་སྤྱི་བོའི་སྟེང་ན་མེ་ཏོག་གི་ཁང་པ་བརྩེགས་ པ་ཞིག་ཏུ་གྱུར་ཏོ། །གསེར་དང། དངུལ་གྱི་མེ་ཏོག་དག་ནམ་མཁའ་ལ་གཞལ་མེད་ཁང་འདྲ་བར་འདུག་པར་གྱུར་ཏོ། །ཆོས་གོས་དང། གོས་རིན་པོ་ཆེ་དེ་དག་ཀྱང་རིན་པོ་ཆེ་སྣ་ཚོགས་ཀྱི་སྤྲིན་གྱི་ དཀྱིལ་འཁོར་འདྲ་བར་འདུག་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་དང། ཚོང་དཔོན་གྱི་བུ་མོ་ལ་སོགས་པ་བུ་མོ་ལྔ་བརྒྱ་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཆོས་འཕགས་ཀྱི་རྫུ་འཕྲུལ་གྱི་ཆོ་འཕྲུལ་དེ་ལྟ་བུ་མཐོང་ནས་དེ་དག་འདི་སྙམ་དུ་སེམས་ཏེ་ངོ་མཚར་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་འདི་འདི་ལྟར་རྫུ་ འཕྲུལ་ཆེ་ཞིང་འདི་ལྟར་མཐུ་ཆེ། འདི་ལྟར་གཟི་བརྗིད་ཆེ་སྟེ་རིགས་ཀྱི་བུ་འདི་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ནའང་རྫུ་འཕྲུལ་རྣམ་པར་སྤྲུལ་པ་འདི་འདྲ་ན། བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ་ཅི་འདྲ་བར་འགྱུར་སྙམ་མོ། །དེ་ནས་ཚོང་དཔོན་གྱི་བུ་མོ་ལ་སོགས་པ་བུ་མོ་ལྔ་བརྒྱ་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ཆོས་འཕགས་ལ་དགའ་བ་བསྐྱེད་ནས་དེ་དག་ཐམས་ཅད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། འདི་སྐད་དུ་དགེ་བའི་རྩ་བ་འདིས་བདག་ཅག་མ་འོངས་ [507B]རྫོགས་པའི་སངས་རྒྱས་སུ་གྱུར་ཅིག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ནའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ འཕགས་ཀྱིས་ཆོས་གང་ཐོབ་པར་གྱུར་པ་འདི་ལྟ་བུའི་ཆོས་རྣམས་ཐོབ་པར་གྱུར་ཅིག་བདག་ཅག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ནའང་འདི་ལྟ་བུའི་ཆོས་རྣམས་མངོན་སུམ་དུ་གྱུར་ཅིག་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལའང་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་བཀུར་སྟི་བྱེད་པ་འདི་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བཀུར་སྟི་བྱེད་པར་ཤོག་ཅིག་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཇི་ལྟར་སྟོན་པ་བཞིན་དུ་བདག་ཅག་ཀྱང་སྐྱེ་བོ་མང་པོ་ལ་སྟོན་པར་གྱུར་ཅིག་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ འཕགས་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ཐབས་ལ་མཁས་པ་དང་ལྡན་ཞིང་ཡོངས་སུ་རྫོགས་པ་འདི་བཞིན་དུ་བདག་ཅག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ཐབས་ལ་མཁས་པ་དང་ལྡན་ ཞིང་ཡོངས་སུ་རྫོགས་པར་ཤོག་ཅིག་ཅེས་སྨྲས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་དང། ཚོང་དཔོན་གྱི་བུ་མོ་ལ་སོགས་པ་བུ་མོ་ལྔ་བརྒྱ་དེ་དག་གིས་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལ་མཆོད་པ་བྱས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལའང་བཀུར་སྟིར་བྱས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱི་ [508A]༄༅། །རྐང་པ་ལ་མགོ་བོས་ཕྱག་འཚལ་ནས་ཞེས་བྱེད་ཅིང་ཐལ་མོ་སྦྱར་ཏེ་ཕྱོགས་གཅིག་ཏུ་འདུག་གོ་ཕྱོགས་གཅིག་ཏུ་འདུག་ནས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཆོས་འཕགས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ། འདི་ལ་བདག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚོལ་ཞིང་འབྲོག་ དགོན་པ་ཞིག་ཏུ་ཕྱིན་པ་ན་སྒྲ་ཐོས་པ། རིགས་ཀྱི་བུ། ཤར་ཕྱོགས་སུ་སོང་ཤིག་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་པར་འགྱུར་རོ། །ཞེས་བདག་གིས་སྒྲ་དེ་ཐོས་ནས་ཤར་ཕྱོགས་ག་ ལ་བ་དེ་ལོགས་སུ་མཆིས་ནས་འདི་སྙམ་དུ་བསམས་ཏེ། བདག་གིས་སྒྲ་དེ་ལ་ཇི་སྲིད་ཅིག་ཏུ་མཆི་བར་བགྱི། སུ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉན་པ་རྙེད་པར་འགྱུར་བ་མ་དྲིས་སོ། ། སྙམ་སྟེ༑ དེས་བདག་ཡིད་མི་བདེ་ཞིང་ཤིན་ཏུ་གདུང་བར་གྱུར་ནས་ས་ཕྱོགས་དེ་ཉིད་དུ་ཉིན་མཚན་བདུན་འདས་ཏེ། དེ་ལྟར་ཤིན་ཏུ་གདུང་བས་ཟས་ལ་སེམས་པ་ནི། མ་བྱུང་གི་གཞན་དུ་ ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབའ་ཞིག་ཡིད་ལ་བགྱིས་ཏེ་ཇི་སྲིད་དུ་མཆི་བར་བགྱི་བ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སུ་ལས་མཉན་པ་རྙེད་པར་འགྱུར་བ་སྒྲ་དེ་ལ་མ་དྲིས་ སོ༑ ༑སྙམ་པ་དང། དེ་ནས་བདག་གི་མདུན་དུ་དེ་བཞིན་གཤེགས་པའི་སྐུ་གཟུགས་ཤིག་བྱུང་སྟེ། དེ་འདི་སྐད་གསུང་ངོ། །རིགས་ཀྱི་བུ་ཁྱེད་འདི་ནས་དཔག་ཚད་ལྔ་བརྒྱར་སོང་དང་ [508B]དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཆད་པ་མཐོང་བར་འགྱུར་རོ། །ཞེས་གསུངས་ཏེ། དེ་བཞིན་གཤེགས་ པའི་སྐུ་གཟུགས་དེ་དག་ལས་བདག་གིས་འདི་ཐོས་ནས་ཇི་ལྟར་བཏམས་པ་བཞིན་དུ་ཤར་ཕྱོགས་ག་ལ་བ་དེ་ལོགས་སུ་ཞུགས་ཏེ་མཆིས་པ་དང་རྒྱང་རིང་མོ་ཞིག་ནས་འཕགས་པ་ཆོས་སྟོན་ པ་མཐོང་སྟེ། མཐོང་མ་ཐག་ཏུ་བདག་ལ་བདེ་བ་འདི་ལྟ་བུ་སྐྱེས་པ་དཔེར་ན། དགེ་སློང་བསམ་གཏན་དང་པོ་ལ་ཞུགས་པ་བཞིན་ཏེ་བདག་དགའ་བ་དང། རབ་ཏུ་དགའ་བ་དེས་ཁྱབ་པར་གྱུར་ནས་ ས་ཕྱོགས་དེ་ནས་མ་བསྐྱོད་པར་ཁྱོད་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་སོ། །དེ་ཉན་པ་ནི་ཏིང་ངེ་འཛིན་གྱི་སྒོ་མང་པོ་སྐྱེས་པར་གྱུར་ཏོ། །བདག་དེ་ན་མཆིས་པ་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ ཁམས་ཀྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དབུགས་དབྱུང་བ་མཛད་དེ། རིགས་ཀྱི་བུ། ལེགས་སོ། །ལེགས་སོ། །ཁྱོད་ཀྱི་ཏིང་ངེ་འཛིན་འདི་དག་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ སྐྱེས་པ་ཡིན་ཏེ། འདི་ལ་གནས་པས་ངེད་ཀྱིས་ཀྱང་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱས་སོ། །ཞེས་དེ་བཞིན་གཤེགས་པ་དེ་དག་གིས་བདག་ལ་ཤིན་ཏུ་ལེགས་པར་བསྟན་ནས་མི་སྣང་ བར་གྱུར་ཏོ། །བདག་ཀྱང་ཏིང་ངེ་འཛིན་དེ་ལས་ལངས་ནས་འདི་སྙམ་དུ་བསམས་ཏེ། དེ་བཞིན་གཤེགས་པ་དེ་དག་གང་ནས་བྱོན། དེ་བཞིན་གཤེགས་པ་དེ་དག་གང་དུ་བཞུད་སྙམ་མོ། །དེ་ནས་ཡང་ [509A]༄༅། །བདག་གིས་འདི་སྙམ་དུ་བསམས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ཆོས་འཕགས་ནི། སྔོན་གྱི་རྒྱལ་བ་ལ་བགྱི་བ་བགྱིས་པ། དགེ་ བའི་རྩ་བ་བསྐྲུན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་ལ་མཁས་པ་ལ་ཤིན་ཏུ་བསླབས་པ་ལགས་ཏེ། དེ་དེ་བཞིན་གཤེགས་པ་དེ་དག་གང་ནས་བྱོན་པ་དང། དེ་བཞིན་ གཤེགས་པ་དེ་དག་གང་དུ་བཞུད་པ་དེ་བདག་ལ་སྟོན་པར་འགྱུར་སྙམ་ནས་རིགས་ཀྱི་བུ། ཁྱོད་ལ་དེ་བཞིན་གཤེགས་པ་དེ་དག་གང་ནས་བྱོན་པ་དང། དེ་བཞིན་གཤེགས་པ་ དེ་དག་གང་དུ་བཞུད་པ་བདག་ཞུ་ན། ཅི་ནས་བདག་དེ་བཞིན་གཤེགས་པ་དེ་དག་བྱོན་པ་དང། བཞུད་པ་འཚལ་ཞིང་དེ་བཞིན་གཤེགས་པ་མཐོང་བ་དང་མི་འབྲལ་བར་འགྱུར་བ་དེ་ལྟར་དེ་ བཞིན་གཤེགས་པ་དེ་དག་བྱོན་པ་དང། བཞུད་པ་བདག་ལ་བཤད་དུ་གསོལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས་རྟག་ཏུ་ངུའི་ལེའུ་ཞེས་བྱ་སྟེ། བདུན་ཅུ་རྩ་ གསུམ་པའོ།། །།དེ་སྐད་ཅེས་སྨྲས་པ་དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྟག་ཏུ་ངུ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པ་དེ་དག་ནི། གང་ནས་ཀྱང་མ་བྱོན། གང་དུའང་མ་བཞུད་དེ། དེ་བཞིན་ཉིད་ལས་མ་གཡོས་སོ། ། [509B] དེ་བཞིན་གཤེགས་པའོ་།རིགས་ཀྱི་བུ། མི་སྐྱེ་བ་ལ་འོང་བའམ་འགྲོ་བ་མེད་དེ། མི་སྐྱེ་བ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ། ཡང་ དག་པའི་མཐའ་ལ་འོང་བའམ་འགྲོ་བ་མེད་དེ། ཡང་དག་པའི་མཐའ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ། སྟོང་པ་ཉིད་ལ་འོང་བའམ། འགྲོ་བ་མེད་དེ། སྟོང་པ་ཉིད་གང་ཡིན་ པ་དེ་ནི༑ དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ། ཇི་ལྟ་བ་བཞིན་ལ་འོང་བའམ་འགྲོ་བ་མེད་དེ། ཇི་ལྟ་བ་བཞིན་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ། འདོད་ཆགས་དང་ བྲལ་བ་ལ་འོང་བའམ་འགྲོ་བ་མེད་དེ། འདོད་ཆགས་དང་བྲལ་བ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ། འགོག་པ་ལ་འོང་བའམ་འགྲོ་བ་མེད་དེ། འགོག་པ་གང་ཡིན་པ་དེ་ ནི༑ དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ། ནམ་མཁའི་ཁམས་ལ་འོང་བའམ། འགྲོ་བ་མེད་དེ། ནམ་མཁའི་ཁམས་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ། ཆོས་དེ་དག་ ལས་དེ་བཞིན་གཤེགས་པ་གུད་ན་མེད་དེ། རིགས་ཀྱི་བུ། ཆོས་འདི་དག་གི་དེ་བཞིན་ཉིད་གང་ཡིན་པ་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་འདི་ནི། དེ་བཞིན་ཉིད་གཅིག་ སྟེ༑ རིགས་ཀྱི་བུ། དེ་བཞིན་ཉིད་ལ་གཉིས་སུ་བྱར་མེད་དོ། །རིགས་ཀྱི་བུ། དེ་བཞིན་ཉིད་གཅིག་སྟེ། འདི་ལྟ་སྟེ། མེད་པའི་ཕྱིར་གཉིས་སམ་གསུམ་དུ་བགྲང་བ་ལས་འདས་པའོ། །རིགས་ [510A]༄༅། །ཀྱི་བུ༑ འདི་ལྟ་སྟེ། དཔེར་ན། མི་ཉི་མས་གདུངས་པས་སོས་ཀའི་ཟླ་བ་ཐ་མ་ལ་ཉི་མ་གུང་གི་དུས་ལ་བབ་པའི་ཚེ་སྨིག་རྒྱུ་གཡོ་བ་མཐོང་ནས་དེར་ཆུ་བཏུང་ངོ། །ཞེས་དེ་ དང་དེར་རྒྱུག་ན། རིགས་ཀྱི་བུ། འདི་ཇི་སྙམ་དུ་སེམས། ཆུ་དེ་གང་ནས་འོངས། གང་དུ་སོང། ཆུ་དེ་ཤར་ཕྱོགས་ཀྱི་རྒྱ་མྪོའམ། ལྷོ་ཕྱོགས་ཀྱི་རྒྱ་མྪོའམ། ནུབ་ཕྱོགས་ཀྱི་རྒྱ་མྪོའམ། བྱང་ ཕྱོགས་ཀྱི་རྒྱ་མཚོ་གང་དུ་སོང། རྟག་ཏུ་ངུས་སྨྲས་པ། རིགས་ཀྱི་བུ། སྨིག་རྒྱུ་ལ་ཆུ་མ་མཆིས་ན། འོང་བའམ་འགྲོ་བ་ལྟ་ག་ལ་མཆིས་ཏེ། རིགས་ཀྱི་བུ། མི་ཉི་མས་གདུངས་ཤིང་བྱས་པའི་རང་བཞིན་ ཅན༑ ཤེས་རབ་འཆལ་བའི་རང་བཞིན་ཅན་གྱིས་སྨིག་རྒྱུ་མཐོང་ནས་ཆུ་མ་མཆིས་པ་ལ་ཆུར་འདུ་ཤེས་སྐྱེད་ཀྱི། དེ་ལ་ཆུ་ནི། རང་བཞིན་གྱིས་མ་མཆིས་སོ། །ཆོས་འཕགས་ཀྱིས་སྨྲས་པ། རིགས་ ཀྱི་བུ༑ དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དེ་བཞིན་དུ་རིགས་ཀྱི་བུ་གང་སུ་དག་དེ་བཞིན་གཤེགས་པ་ལ་གཟུགས་སམ། སྒྲར་མངོན་པར་ཞེན་པར་བྱེད་པ་དེ་དག་ནི། དེ་བཞིན་གཤེགས་པ་ལ་ བྱོན་པའམ་བཞུད་པར་རྟོག་གོ་གང་དེ་བཞིན་གཤེགས་པ་ལ་བྱོན་པའམ་བཞུད་པར་རྟོག་པ་དེ་དག་ཐམས་ཅད་ནི། བྱིས་པའི་རང་བཞིན་ཅན། ཤེས་རབ་འཆལ་བའི་རང་བཞིན་ཅན་ཞེས་བྱ་ སྟེ༑ དཔེར་ན། མི་དེ་ཆུ་མེད་པ་ལ་ཆུར་འདུ་ཤེས་བསྐྱེད་པ་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི། གཟུགས་ཀྱི་སྐུར་མི་ལྟ་སྟེ། དེ་བཞིན་གཤེགས་པ་ནི། ཆོས་ཀྱི་སྐུའོ། ། [510B] ཆོས་ཉིད་ནི། འོང་བའམ། འགྲོ་བ་མེད་དེ། རིགས་ཀྱི་བུ། དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ལའང་བྱོན་པའམ་བཞུད་པ་མེད་དོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། སྒྱུ་མ་ སྤྲུལ་པའི་གླང་པོ་ཆེའི་ཚོགས་སམ། རྟའི་ཚོགས་སམ། ཤིང་རྟའི་ཚོགས་སམ། དཔུང་པུ་ཆུང་གི་ཚོགས་ལ་འོང་བའམ་འགྲོ་བ་མེད་དོ་།རིགས་ཀྱི་བུ། དེ་བཞིན་གཤེགས་པའི་སྐུ་ལའང་བྱོན་ པའམ་བཞུད་པ་མེད་དོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། སྐྱེས་བུ་གཉིད་ཀྱིས་ལོག་པའི་རྨི་ལམ་དུ་དེ་བཞིན་གཤེགས་པ་གཅིག་གམ་གཉིས་སམ། གསུམ་མམ། བྮིའམ། ལྔའམ་ བྕུའམ། ཉི་ཤུའམ། སུམ་ཅུའམ། བཞི་བྕུའམ། ལྔ་བྕུའམ། དེ་ལས་ལྷག་པ་ཞིག་མཐོང་བ་ལས་སད་པ་དང། དེ་བཞིན་གཤེགས་པ་གཅིག་ཀྱང་མ་མཐོང་ན། རིགས་ཀྱི་བུ། འདི་ཇི་སྙམ་ དུ་སེམས། དེ་བཞིན་གཤེགས་པ་དེ་དག་གང་ནས་བྱོན། གང་དུ་བཞུད་རྟག་ཏུ་ངུས་སྨྲས་པ། རིགས་ཀྱི་བུ། རྨི་ལམ་ལ་ཆོས་གང་ཡང་གྲུབ་པ་མི་གདའོ། །རྨི་ལམ་ནི། རྫུན་ཏེ། ཡང་དག་པ་ མ་ལགས་པའོ། །ཆོས་འཕགས་ཀྱིས་སྨྲས་པ། རིགས་ཀྱི་བུ། དེ་དེ་བཞིན་ཏེ། ཆོས་ཐམས་ཅད་ནི། དེ་བཞིན་གཤེགས་པས་རྨི་ལམ་ལྟ་བུའོ། །ཞེས་གསུངས་སོ། །རིགས་ཀྱི་བུ། གང་སུ་དག་ དེ་བཞིན་གཤེགས་པས་ཆོས་ཐམས་ཅད་རྨི་ལམ་ལྟ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་བསྟན་པ་མི་ཤེས་པ་དེ་དག་ནི། མིང་མཚན་གྱི་སྐུ་དང། གཟུགས་ཀྱི་སྐུར་མངོན་པར་ཞེན་པར་བྱེད་དེ་ [511A]༄༅། །དེ་ལྟར་ཆོས་ཉིད་མི་ཤེས་པས་དེ་བཞིན་གཤེགས་པ་ལ་བྱོན་པ་དང་བཞུད་པར་རྟོག་གོ་གང་དག་དེ་བཞིན་གཤེགས་པ་ལ་བྱོན་པ་དང་བཞུད་པར་འདོད་པའི་བྱིས་ པ་སོ་སོའི་སྐྱེ་བོ་དེ་དག་ཐམས་ཅད་ནི། འཁོར་བ་འགྲོ་བ་དྲུག་པོར་དོང་བ། འདོང་བ། འདོང་བར་འགྱུར་བའོ། །དེ་དག་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་རྒྱང་རིང་དུ་གྱུར་པའོ། ། དེ་དག་ཐམས་ཅད་ནི། སངས་རྒྱས་ཀྱི་ཆོས་ལས་རྒྱང་རིང་དུ་གྱུར་པའོ། །ཡང་རིགས་ཀྱི་བུ། གང་དག་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་ལ་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་རྨི་ལམ་ལྟ་ བུའོ༑ ༑ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་བསྟན་པ་ཤེས་པ་དེ་དག་ནི། ཆོས་གང་ལའང་འོང་བའམ། འགྲོ་བའམ། སྐྱེ་བའམ། འགག་པར་མི་རྟོག་གོ་གང་དག་ཆོས་གང་ལའང་འོང་བའམ་ འགྲོ་བའམ། སྐྱེ་བའམ། འགག་པར་མི་རྟོག་པ་དེ་དག་ནི། དེ་བཞིན་གཤེགས་པ་ཆོས་ཉིད་དུ་རབ་ཏུ་ཤེས་སོ། །གང་དག་དེ་བཞིན་གཤེགས་པ་ཆོས་ཉིད་དུ་རབ་ཏུ་ཤེས་པ་དེ་དག་ནི། དེ་ བཞིན་གཤེགས་པ་ལ་བྱོན་པའམ་བཞུད་པར་མི་རྟོག་གོ་གང་དག་དེ་བཞིན་གཤེགས་པའི་ཆོས་ཉིད་དེ་ལྟ་བུ་རབ་ཏུ་ཤེས་པ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ལ་ཉེ་བར་གྱུར་བ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །བཅོམ་ལྡན་འདས་ཀྱི་ཉན་ཐོས་དེ་དག་ནི། ཡུལ་འཁོར་གྱི་བསོད་སྙོམས་དོན་ཡོད་པར་ཟ་སྟེ། དེ་དང་དེ་དག་ནི། འཇིག་ [511B] །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོའི་ནང་ན་རིན་པོ་ཆེ་དག་ཡོད་པ་ནི། ཤར་ཕྱོགས་ནས་ཀྱང་མ་འོངས། ལྷོ་དང། ནུབ་དང། བྱང་དང། ཕྱོགས་མཚམས་ དང། སྟེང་དང། འོག་དང། ཕྱོགས་བཅུ་གང་ནས་ཀྱང་མ་འོངས་མོད་ཀྱི། སེམས་ཅན་དེ་དག་གི་དགེ་བའི་རྩ་བ་ལ་བརྟེན་ནས་རྒྱ་མཚོ་ཆེན་པོའི་ནང་ནས་རིན་པོ་ཆེ་དག་འབྱུང་སྟེ། དེ་དག་ཀྱང་རྒྱུ་མེད་ པར་བྱུང་བ་མ་ཡིན་གྱི། རྒྱུ་དང། རྐྱེན་དང། གཞི་ལ་རག་ལས་པ་ཡིན་ཏེ། བརྟེན་ནས་བྱུང་ངོ། །རིན་པོ་ཆེ་དེ་དག་འགག་པའང་ཕྱོགས་བཅུའི་འཇིག་རྟེན་གང་དུའང་མི་འཕོ་མོད་ཀྱི། རྐྱེན་དེ་དག་ ཡོད་ན༑ རིན་པོ་ཆེ་དེ་དག་རབ་ཏུ་འབྱེད་དོ། །རྐྱེན་དེ་དག་མེད་ན་རིན་པོ་ཆེ་དེ་དག་རབ་ཏུ་དབྱེ་བའང་མེད་པར་འགྱུར་རོ། །རིགས་ཀྱི་བུ། དེ་བཞིན་དུ་དེ་བཞིན་གཤེགས་པ་དེ་དག་གི་སྐུ་མངོན་པར་ གྲུབ་པའང་གང་ནས་ཀྱང་མ་བྱོན། ཕྱོགས་བཅུའི་འཇིག་རྟེན་གང་དུའང་མ་བཞུད་དོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་སྐུ་རྒྱུ་མེད་པའང་མ་ཡིན་ཏེ། སྔོན་གྱི་སྤྱད་པས་ཡོངས་སུ་གྲུབ་པ་ ཡིན་པས། རྒྱུ་དང་རྐྱེན་ལ་རག་ལས་པ། སྔོན་གྱི་ཕྲིན་ལས་རྣམ་པར་སྨིན་པའི་རྒྱུ་ལས་བྱུང་བ་ཡིན་ནོ། །དེ་དག་ཀྱང་རྐྱེན་རྣམས་ཡོད་ན། སྐུ་མངོན་པར་འགྲུབ་པར་འགྱུར་ཏེ། རྐྱེན་དག་མེད་ན། སྐུ་ མངོན་པར་འགྲུབ་པའང་མི་སྣང་ངོ། །རིགས་ཀྱི་བུ། འདི་ལྟ་སྟེ་དཔེར་ན། པི་ཝང་གི་སྒྲ་བྱུང་བའང་གང་ནས་ཀྱང་མ་འོངས་འགགས་པའང་གང་དུའང་མི་འགྲོ། གང་དུའང་མི་འཕོ་སྟེ། བརྟེན་ [512A]༄༅། །ནས་འབྱུང་བ། རྒྱུ་ལ་རག་ལས། རྐྱེན་ལ་རག་ལས་པའོ་།འདི་ལྟ་སྟེ། པི་ཝང་གི་ཁོག་པ་ལ་བརྟེན། པགས་པ་ལ་བརྟེན་རྒྱུད་ལ་བརྟེན། ཤིང་བུ་ལ་བརྟེན་ རྒྱུད་རྟེན་ལ་བརྟེན། མི་དེ་ལས་སྐྱེས་པའི་རྩོལ་བ་ལ་བརྟེན་ནས་པི་ཝང་དེ་ལས་སྒྲ་འབྱུང་སྟེ། སྒྲ་དེའང་པི་ཝང་གི་ཁོག་པ་ལས་མ་བྱུང། པགས་པ་ལས་མ་བྱུང། རྒྱུད་ལས་མ་བྱུང། ཤིང་ བུ་ལས་མ་བྱུང། རྒྱུད་རྟེན་ལས་མ་བྱུང། མི་དེ་ལས་སྐྱེས་པའི་རྩོལ་བ་ལས་སྒྲ་མ་བྱུང་མོད་ཀྱི། དེ་དག་ཐམས་ཅད་འདུས་པ་ལས་ཀྱང་སྒྲར་གྲག་ལ། སྒྲ་དེ་འགགས་པའང་གང་དུའང་མི་འགྲོ་ བ་དེ་བཞིན་དུ་རིགས་ཀྱི་བུ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུ་ཡོངས་སུ་གྲུབ་པའང་རྒྱུ་ལ་རག་ལས་པ། རྐྱེན་ལ་རག་ལས་པ་དགེ་བའི་རྩ་བ་དུ་མས་ཡོངས་སུ་གྲུབ་པ་ཡིན་ཏེ་ རྒྱུ་གཅིག་གིས་མ་ཡིན། རྐྱེན་གཅིག་གིས་མ་ཡིན། དགེ་བའི་རྩ་བ་གཅིག་གིས་སངས་རྒྱས་ཀྱི་རབ་ཏུ་དབྱེ་བ་མ་ཡིན་ཏེ། རྒྱུ་མེད་པའང་མ་ཡིན་ནོ། །རྒྱུ་དང་རྐྱེན་མང་པོ་ཚོགས་པ་ལས་ བྱུང་བ་ཡིན་ཏེ། དེ་ནི། གང་ནས་ཀྱང་མ་བྱོན་ཏེ། རྒྱུ་དང་རྐྱེན་ཚོགས་པ་མེད་ཀྱང་གང་དུའང་མི་བཞུད་དེ། རིགས་ཀྱི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་དེ་དག་བྱོན་པ་དང། བཞུད་ པ་དེ་ལྟར་བལྟའོ། །རིགས་ཀྱི་བུ། ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཀྱང་ཁྱོད་ཀྱིས་འདི་བཞིན་དུ་ཁོང་དུ་ཆུད་པར་གྱིས་ཤིག་རིགས་ཀྱི་བུ། ཁྱོད་གང་ཚུན་ཆད་དེ་ལྟར་དེ་བཞིན་གཤེགས་ [512B] འགག་པ་མེད་པར་ཤེས་པ་དེ་ཚུན་ཆད་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་ཤིང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་ མཁས་པ་ལ་ངེས་པར་སྤྱོད་པར་འགྱུར་རོ། །དེ་བཞིན་གཤེགས་པ་བྱོན་པ་དང། བཞུད་པ་མེད་པ་འདི་བཤད་པའི་ཚེ་ས་གཡོ་བ་ཆེན་པོ་བྱུང་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ འདི་ཐམས་ཅད་རྣམ་པ་དྲུག་ཏུ་གཡོས་པ་འདི་ལྟ་སྟེ། གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས། འགུལ། རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ་ཏེ། བདུད་ཀྱི་གནས་ཐམས་ཅད་ཀྱང་ དཀྲོགས་ཤིང་སྤ་བཀོང་བར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་རྩྭ་དང། ཤིང་གེལ་བ་དང། ནགས་ཚལ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ག་ལ་བ་དེ་ལོགས་སུ་རབ་ཏུ་འདུད་པར་གྱུར་ཏོ། །དུས་མ་ཡིན་པའི་མེ་ཏོག་དག་ཀྱང་སྟེང་གི་བར་སྣང་ལས་འཐོར་ཞིང། མེ་ཏོག་གི་ཆར་དག་ཀྱང་བབ་ བོ༑ ༑ལྷའི་དབང་པོ་བརྒྱ་བྱིན་དང། རྒྱལ་པོ་ཆེན་པོ་བཞི་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ལྷའི་ཙནྡན་གྱི་ཕྱེ་མ་དང། ལྷའི་མེ་ཏོག་གིས་འཐོར། མངོན་པར་འཐོར་ མངོན་པར་རབ་ཏུ་འཐོར་ཞིང་ཚིག་འདི་སྐད་ཅེས་རིགས་ཀྱི་བུ། ཁྱོད་ཀྱི་མཐུས་དེང་བདག་ཅག་གིས་ཀྱང་དོན་དམ་པ་ལས་བྱུང་བའི་གཏམ་འཇིག་རྟེན་ཐམས་ཅད་དང་མི་མཐུན་པ་གང་འཇིག་ [513A]༄༅། །ཚོགས་ལ་གནས་པ་ཐམས་ཅད་ཀྱིས་མ་ཡིན་པ་བསྟན་པ་ཐོས་སོ། །ཞེས་འཛེར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ། ས་གཡོས་པ་ཆེན་པོ་བྱུང་བ་འདིའི་རྒྱུ་གང་ལགས། རྐྱེན་གང་ལགས། ཆོས་འཕགས་ཀྱིས་སྨྲས་ པ༑ རིགས་ཀྱི་བུ། དེ་བཞིན་གཤེགས་པ་རྣམས་མ་བྱིན་མི་བཞུད་པ་འདི་ཁྱོད་ཀྱིས་དྲིས་ཏེ་ཁོ་བོས་བསྟན་པས་སྲོག་ཆགས་བརྒྱད་སྟོང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་པ་དང་ སྲོག་ཆགས་ཁྲག་ཁྲིག་ཕྲག་བརྒྱད་ཅུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང། སྲོག་ཆགས་དྲུག་ཁྲི་བཞི་སྟོང་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་པར་གྱུར་པའི་ཕྱིར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་དགའ་བ་དང། རངས་པ་རྒྱ་ཆེན་པོ་དང་ལྡན་པར་གྱུར་ཏེ། བདག་ གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། དེ་བཞིན་གཤེགས་པ་རྣམས་བྱོན་པ་དང། བཞུད་པ་མེད་པ་བསྟན་པ་འདི་དྲིས་པས་སེམས་ཅན་འདི་སྙེད་ཀྱི་དོན་བྱས་པར་གྱུར་པ་ནི། བདག་ གིས་རྙེད་པ་ལེགས་པར་རྙེད་དོ། །འདི་ཉིད་ཀྱིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འགྲུབ་པར་བྱ་བའི་དགེ་བའི་རྩ་བ་མཆོག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ [513B] །བདག་ནི། ཐེ་ཚོམ་མེད་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ། །སྙམ་པ་དང། དེ་དགའ་བ་དང་རངས་པ་ དེ་དང་ལྡན་པས་ཏ་ལ་བདུན་དུ་ནམ་མཁའ་ལ་འཕགས་ནས་ཏ་ལ་བདུན་ཙམ་ན་འདུག་སྟེ། བདག་ནམ་མཁའ་ལ་འདུག་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་བཀུར་ སྟི་བྱའོ༑ ༑སྙམ་དུ་སེམས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་མངོན་པར་འཕགས་པ་མཐོང་ནས་དེའི་སེམས་སེམས་ཀྱིས་ཤེས་ནས་ དེ་ལ་ལྷའི་མེ་ཏོག་མནྡ་ར་བ་དག་བྱིན་ཏེ་འདི་སྐད་དུ། རིགས་ཀྱི་བུ། མེ་ཏོག་འདི་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་བཀུར་སྟི་གྱིས་ཤིག་འདི་ནི། ངས་ཁྱོད་ ཡོངས་སུ་བཟུང་བ་ཡིན་ཏེ། རིགས་ཀྱི་བུ། ཁྱོད་ཀྱི་མཐུས་སྲོག་ཆགས་སྟོང་ཕྲག་མང་པོའི་དོན་བྱས་ཏེ། རིགས་ཀྱི་བུ། གང་སེམས་ཅན་ཐམས་ཅད་ཀྱི་ཕྱིར་ཇི་ལྟར་ཁྱོད་སྤྲོ་བར་བྱེད་པ་དེ་ལྟ་བུར་ བསྐལ་བ་གྲངས་མེད་དཔག་ཏུ་མེད་པར་སྤྲོ་བར་བྱེད་པའི་སེམས་ཅན་དེ་དག་ནི། རྙེད་པར་དཀའོ། །ཞེས་སྨྲས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་ལྷའི་དབང་ པོ་བརྒྱ་བྱིན་ལས་མེ་ཏོག་དེ་དག་བླངས་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་གཏོར། མངོན་པར་གཏོར། མངོན་པར་རབ་ཏུ་གཏོར་ནས་བདག་གི་ལུས་ཀྱིས་བྱང་ཆུབ་ [514A]༄༅། །སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་མངོན་པར་བཀབ་སྟེ་ཚིག་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ། དེང་སླན་ཆད་ཁྱོད་ཀྱི་རིམ་གྲོ་དང། ཞམ་རིང་ བགྱི་བའི་སླད་དུ་བདག་གི་ལུས་ཁྱོད་ལ་འབུལ་ལོ། །དེས་བདག་གི་ལུས་ཕུལ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱི་མདུན་དུ་ཐལ་མོ་སྦྱར་ཏེ་འདུག་གོ་དེ་ནས་ ཚོང་དཔོན་གྱི་བུ་མོ་དེ་དང། འཁོར་ལྔ་བརྒྱ་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ། བདག་ཅག་ཀྱང་ཁྱོད་ལ་ལུས་ འབུལ་གྱིས། བདག་ཅག་ཀྱང་དགེ་བའི་རྩ་བ་འདིས་ཆོས་དེ་དག་ཐོབ་པར་གྱུར་ཅིག་ཁྱོད་ཉིད་དང་ལྷན་ཅིག་ཏུ་སངས་རྒྱས་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བཀུར་སྟིར་བགྱི། དེ་ དག་དང་ཉེ་བར་གྱུར་པར་བགྱིའོ། །དེ་ནས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་ཚོང་དཔོན་གྱི་བུ་མོ་ལ་སོགས་པ་བུ་མོ་ལྔ་བརྒྱ་ལ་འདི་སྐད་ཅེས་སྨྲས་སོ། །བུ་མོ་དག་ཁྱེད་ཁོ་བོ་ལ་ལྷག་པའི་བསམ་ པས་གནས་པར་བྱེད་ན། ཁོ་བོ་ལ་ལྷག་པའི་བསམ་པས་བདག་ཉིད་བྱིན་ཅིག་དང་བུ་མོ་ཁྱེད་ཁོ་བོས་བླང་ངོ། །བུ་མོ་དེ་དག་གིས་སྨྲས་པ། ཁྱོད་ལ་ལྷག་པའི་བསམ་པ་ཐག་པ་ནས་ཁྱོད་ཀྱི་ རྗེས་སུ་མཐུན་པར་འཇུག་གོ་ཁྱོད་ལ་ལྷག་པའི་བསམ་པས་ཅི་འདོད་པ་བྱ་བར་བདག་ཉིད་འབུལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་ཚོང་དཔོན་གྱི་བུ་མོ་ལ་ [514B]ཏེ། ཤིང་རྟ་ལྔ་བྲྒྱའང་བརྒྱན་ནས་ཐམས་ཅད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་ཕུལ་ཏེ། རིགས་ཀྱི་བུ་ བདག་ནི། འཁོར་འདི་དག་དང། ཤིང་རྟ་ལྔ་བརྒྱ་འདི་དག་ཀྱང་ཡོངས་སུ་ལོངས་སྤྱད་པའི་ཕྱིར་ཁྱོད་ལ་འབུལ་ལོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་རིགས་ཀྱི་བུ་དེ་ལ་ལེགས་སོ། །ཞེས་བྱ་བ་ བྱིན་ཏེ༑ རིགས་ཀྱི་བུ། ལེགས་སོ། །ལེགས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གིས་བདོག་པ་ཐམས་ཅད་ཡོངས་སུ་གཏང་བར་བྱའོ། །ཡོངས་སུ་གཏོང་བའི་སེམས་དེ་ ལྟ་བུས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ལྟར་ན། ཆོས་སྨྲ་བ་དག་ལ་མཆོད་པ་བྱས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ ཐབས་ལ་མཁས་པ་ཉན་ནུས་ཏེ། སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཀྱང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་འདི་ ལྟ་བུའི་གཏོང་བ་ལ་གནས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་བསྒྲུབས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ཐབས་ལ་མཁས་པ་ཡོངས་སུ་དྲིས་སོ། །དེ་ནས་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱིས་ཚོང་དཔོན་གྱི་བུ་མོ་ལ་སོགས་པ་བུ་མོ་ལྔ་བརྒྱ་པོ་དེ་དག་དང། ཤིང་རྟ་ལྔ་བརྒྱ་པོ་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ [515A]༄༅། །ཆེན་པོ་རྟག་ཏུ་ངུའི་དགེ་བའི་རྩ་བ་ཡོངས་སུ་བསྐང་བའི་ཕྱིར་བླངས་ཏེ་བླངས་ནས་རིགས་ཀྱི་བུ་རྟག་ཏུ་ངུ་ལ་བྱིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ཆོས་འཕགས་སྟན་ལས་ལངས་ཏེ་བདག་གི་ཁྱིམ་དུ་ཞུགས་པ་དང་ཉི་མ་ནུབ་པར་གྱུར་ནས་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་འདི་སྙམ་དུ་སེམས་ཏེ། འདི་ ལྟར་བདག་ཆོས་འདོད་པའི་ཕྱིར་འོངས་ལ། འདུག་པའམ། ཉལ་བར་བྱེད་པ་ནི། བདག་གིས་མི་ཆ་ལ། འདི་ནི། མ་ལེགས་ཀྱི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ འཕགས་འདི་ལྟ་སྟེ། ཆོས་སྟོན་དུ་ཕྱིར་མ་བྱུང་གི་བར་དུ་བདག་འགྲེང་བ་དང། འཆག་པའི་སྤྱོད་ལམ་གཉིས་ཀྱིས་གནས་པར་བྱའོ་།སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཆོས་འཕགས་ལོ་བདུན་གྱི་བར་དུ་ཏིང་ངེ་འཛིན་གཅིག་ལ་སྙོམས་པར་ཞུགས་པར་གྱུར་ཅིང། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྲངས་མེད་དཔག་ཏུ་མེད་པ་དག་དང། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ཐབས་མཁས་པ་ལས་བྱུང་བ་ལ་གནས་པར་གྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུའང་ལོ་བདུན་གྱི་བར་དུ་འདོད་པའི་རྟོག་པ་མ་ བྱུང། གནོད་སེམས་ཀྱི་རྟོག་པ་མ་བྱུང། རྣམ་པར་འཚེ་བའི་རྟོག་པ་མ་བྱུང། རོ་ལ་བརྐམ་པ་མ་སྐྱེས་ཏེ། གཞན་དུ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ནམ་ [515B] བདག་ཅག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱི་ཆོས་ཀྱི་ཁྲི་གང་ལ་རིགས་ཀྱི་བུ་དེ་འདུག་ནས་ཆོས་སྟོན་པར་འགྱུར་བའི་ཆོས་ཀྱི་ཁྲི་བཤམས་ ན༑ བདག་གིས་ཕྱོགས་འདི་ཆག་ཆག་བཏབ་ཀྱི། ལེགས་པར་བྱུགས་ལ་མེ་ཏོག་སྣ་ཚོགས་གཏོར་ཏེ་ས་ཕྱོགས་གང་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ཐབས་ལ་མཁས་པ་རབ་ཏུ་སྟོན་པར་འགྱུར་བ་དེར་ལེགས་པར་བྱུག་པར་བྱའོ། །སྙམ་མོ། །ཚོང་དཔོན་གྱི་བུ་མོ་ལ་སོགས་པ་བུ་མོ་ལྔ་བརྒྱ་དེ་དག་ཀྱང་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་དུའི་རྗེས་སུ་སློབ་ཅིང་སྤྱོད་ལམ་གཉིས་ཀྱིས་དུས་འདའ་བར་བྱེད་དེ། བྱ་བ་ཐམས་ཅད་ཀྱང་དེའི་རྗེས་སུ་འཇུག་གོ་དེ་ནས་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་ལྷའི་སྒྲ་ཐོས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཞག་བདུན་ན་ཏིང་ངེ་འཛིན་ལས་ལྡང་སྟེ། ལངས་ནས་གྲོང་ཁྱེར་གྱི་ དབུས་སུ་འཇུག་སྟེ་ཆོས་སྟོན་པར་འགྱུར་རོ། །ཞེས་གྲག་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ལྷའི་སྒྲ་དེ་ཐོས་པ་དང། དགའ་མགུ་ཡིད་རངས་རབ་ཏུ་མགུ་ཞིང་དགའ་བ་ དང། ཡིད་བདེ་བ་སྐྱེས་ཏེ། ཚོང་དཔོན་གྱི་བུ་མོ་ལ་སོགས་པ་བུ་མོ་ལྔ་བརྒྱ་དང་ས་ཕྱོགས་དེ་ཕྱགས་ནས་ཆོས་ཀྱི་ཁྲི་རིན་པོ་ཆེ་ཐམས་ཅད་ཀྱིས་སྤྲས་པ་བཤམས་སོ། །དེ་ནས་བུ་མོ་དེ་དག་གིས་ [516A]༄༅། །རང་རང་གི་བླ་གོས་ཕུད་དེ་སྟན་གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་འདུག་ནས་ཆོས་སྟོན་པར་འགྱུར་བ་དེར་བཏིང་ངོ། །དེ་ནས་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ས་ཕྱོགས་དེར་ཆག་ཆག་གདབ་པར་འདོད་ན། བདུད་སྡིག་ཅན་གྱིས་ཆུ་ཐམས་ཅད་མི་སྣང་བར་བྱས་ནས་ཅི་ནས་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ཆུ་མ་རྙེད་ནས་ཡིད་མི་དགའ་ཞིང་སེམས་སྡུག་བསྔལ་ཏེ་སེམས་གཞན་དུ་འགྱུར་བ་དང། དགེ་བའི་རྩ་བ་ནུབ་པར་འགྱུར་བ་དང། མཆོད་པ་དེའང་ མི་མཛེས་པར་བྱ་བའི་ཕྱིར་ཆུ་དེ་དག་མི་སྣང་བར་བྱས་ནས་ཀུན་ཏུ་ཆུ་བཙལ་ན་ཆུ་མ་རྙེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་འདི་སྙམ་དུ་སེམས་ཏེ། བདག་ གི་ལུས་ཕུག་ནས་ཁྲག་གིས་ས་ཕྱོགས་འདི་ཆག་ཆག་གདབ་བོ། །དེ་ཅིའི་ཕྱིར་ཞེ་ན། ས་ཕྱོགས་འདི་ནི། རྡུལ་ཆེ་སྟེ། འདི་ནས་རྡུལ་གྱི་ཁམས་བྱུང་བས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཆོས་འཕགས་ཀྱི་ལུས་ལ་ཕོག་ན་མི་རུང་ན། བདག་གི་ལུས་གདོན་མི་ཟ་བར་འཇིག་པ་འདི་ཅི་ཞིག་བྱ། བདག་གི་ལུས་འདི་ལྟ་བུའི་བྱ་བ་ལ་ཞིག་པ་ནི། བླའི། ནུས་པ་མེད་ པའི་བྱ་བ་ལ་འདོད་པའི་ཕྱིར་འདོད་པའི་གཞིས་འཁོར་བ་དག་ན་བདག་གི་ལུས་བརྒྱ་སྟོང་མང་པོ་དེ་ལྟ་བུའི་གནས་སུ་ཞིག་པ་ནི་ཅིར་ཡང་མ་རུང་སྙམ་མོ། །དེ་ནས་བྱང་ཆུབ་སེམས་ [516B]བདག་གི་ལུས་ལ་ཀུན་ཏུ་ཕུག་ནས་རང་གི་ཁྲག་གིས་ས་ཕྱོགས་དེ་ཁོ་ར་ཁོར་ཡུག་ཏུ་ཆག་ཆག་བཏབ་བོ། །བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུའི་རྗེས་སུ་སློབ་པ་ཚོང་དཔོན་གྱི་བུ་མོ་ལ་སོགས་པ་བུ་མོ་ལྔ་བརྒྱ་དེ་དག་ཐམས་ཅད་ཀྱིས་ཀྱང་མཚོན་རྣོན་པོ་བླངས་ཏེ་རང་རང་གི་ལུས་ཕུག་ནས་རང་རང་གི་ཁྲག་ གིས་ས་ཕྱོགས་དེར་ཆག་བཏབ་སྟེ། གང་དེ་དག་ལ་བདུད་སྡིག་ཅན་གྱིས་དགེ་བའི་ཕྱོགས་ཀྱི་བར་ཆད་བྱ་བའི་གླགས་རྙེད་པར་མི་འགྱུར་བར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་དང། བུ་ མོ་དེ་དག་སེམས་གཞན་དུ་གྱུར་པ་མེད་དོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་འདི། འདི་ལྟར་ཆོས་འདོད་པ་དང། འདི་ལྟར་ཡི་དམ་ ལ་བརྟན་པ་དང། འདི་ལྟར་གོ་ཆ་ཆེན་པོ་བགོས་པ་དང། ལུས་དང་སྲོག་དང། ལོངས་སྤྱོད་རྣམས་ལ་མི་ལྟ་བ་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་འདི་ལྟ་སྟེ། བླ་ ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་འཁོར་བའི་སྡུག་བསྔལ་དཔག་ཏུ་མེད་པ་ལས་སེམས་ཅན་ཐར་བར་བྱའོ། །སྙམ་དུ་ལྷག་པའི་བསམ་པ་ལ་ཞུགས་པ་ནི་ ངོ་མཚར་ཏོ། །སྙམ་དུ་སེམས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཁྲག་དེ་དག་ཐམས་ཅད་ལྷའི་ཙནྡན་གྱི་ཆུར་བྱིན་གྱིས་བརླབས་ཏེ། ལྷའི་ཙནྡན་གྱི་ཆུ་དེའི་དྲི་དམ་པ་རྒྱ་ཆེ་བ་བསམ་གྱིས་མི་ཁྱབ་པས་ས་ [517A]༄༅། །ཕྱོགས་དེ་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་ལྔ་བརྒྱ་ཚང་བར་དྲིས་ཁྱབ་བོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ལ་འདི་སྐད་ཅེས་ སྨྲས་སོ༑ ༑རིགས་ཀྱི་བུ། ལེགས་སོ། །ལེགས་སོ། །ཁྱོད་ཀྱི་བརྩོན་འགྲུས་བསམ་གྱིས་མི་ཁྱབ་བོ། །ཁྱོད་ཀྱི་ཆོས་འདོད་པ་དང། ཆོས་ཡོངས་སུ་ཚོལ་བ་བླ་ན་མེད་དོ། །རིགས་ཀྱི་བུ། སྔོན་གྱི་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཀྱང་ལྷག་པའི་བསམ་པ་འདི་ལྟ་བུ་དང། བརྩོན་འགྲུས་འདི་ལྟ་བུ་དང། ཆོས་འདོད་པ་འདི་ལྟ་བུས་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཡང་དག་པར་བསྒྲུབས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་འདི་སྙམ་དུ་སེམས་ཏེ། བདག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ཆོས་འཕགས་ཀྱི་ཆོས་ཀྱི་སྟན་ནི། བཏིང། ས་ཕྱོགས་འདི་ཕྱག་དར་ནི། བྱས། ཆག་ཆག་ནི། བཏབ་ན། བདག་གི་མེ་ཏོག་གང་དག་གིས་ས་ཕྱོགས་འདིར་གཏོར་བར་བྱ་བ་དང། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཆོས་འཕགས་ཆོས་འཆད་པ་ལ་གཏོར་བར་བྱ་བའི་མེ་ཏོག་དེ་དག་གང་ནས་རྙེད་པར་འགྱུར་སྙམ་དུ་སེམས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རྟག་ཏུ་ངུ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ལྷའི་མེ་ཏོག་མནྡཱ་ར་བ་འདི་དག་ལོང་ལ་ཁྱོད་ཀྱིས་ས་ཕྱོགས་འདི་དག་ཏུ་མེ་ཏོག་བཀྲམ་པ་གྱིས་ཤིག་བྱང་ཆུབ་སེམས་དཔའ་སེམས་ [517B]འདུག་པ་ལའང་གཏོར་ཅིག་ཅེས་དེས་དེ་ལ་ལྷའི་མེ་ཏོག་མནྡཱ་ར་བ་ཁལ་སྟོང་བྱིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ ཏུ་ངུས་མེ་ཏོག་དེ་དག་བླངས་ཏེ། མེ་ཏོག་ཁ་ཅིག་གིས་ནི། ས་ཕྱོགས་དེར་མེ་ཏོག་བཀྲམ་པ་བྱས་སོ། །མེ་ཏོག་ཁ་ཅིག་གིས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་གཏོར་ཏོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལོ་བདུན་འདས་པ་དང་ཏིང་ངེ་འཛིན་དེ་ལས་ལངས་ཏེ་ཆོས་ཀྱི་སྟན་གང་ན་ཡོད་པ་དེར་འོངས་ནས་སྟན་པ་ཏིང་བ་ལ་འདུག་སྟེ། འཁོར་ བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཆོས་འཕགས་མཐོང་མ་ཐག་ཏུ་འདི་ལྟ་སྟེ། དཔེར་ན་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་པའི་དགེ་སློང་རྩེ་གཅིག་ཏུ་ཡིད་ལ་བྱེད་པ་བཞིན་དུ་བདེ་བ་དེ་ལྟ་བུ་ཐོབ་བོ། །དེ་ནས་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་ནི། འདི་ལྟ་སྟེ། ཆོས་ཐམས་ཅད་མཉམ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་ དོ༑ ༑ཆོས་ཐམས་ཅད་དབེན་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པ་ཉིད་དོ། །ཆོས་ཐམས་ཅད་གཡོ་བ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཡོ་བ་མེད་པ་ཉིད་དོ། །ཆོས་ཐམས་ [518A]༄༅། །ཅད་རློམ་སེམས་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རློམ་སེམས་མེད་པ་ཉིད་དོ། །ཆོས་ཐམས་ཅད་ཁེངས་པ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ཁེངས་པ་མེད་པ་ཉིད་དོ། །ཆོས་ཐམས་ཅད་རོ་གཅིག་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རོག་གཅིག་པ་ཉིད་དོ། །ཆོས་ཐམས་ཅད་མུ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་ མེད་པ་ཉིད་དོ། །ཆོས་ཐམས་ཅད་སྐྱེ་བ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མེད་པ་ཉིད་དོ། །ཆོས་ཐམས་ཅད་འགག་པ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འགག་ པ་མེད་པ་ཉིད་དོ། །ནམ་མཁའ་མུ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པ་ཉིད་དོ། །རྒྱ་མཚོ་མུ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པ་ཉིད་དོ། །རི་རབ་སྣ་ཚོགས་པ་ ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྣ་ཚོགས་ཉིད་དོ། །ནམ་མཁའ་རྟོག་པ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོག་པ་མེད་པ་ཉིད་དོ། །གཟུགས་མུ་མེད་པ་ཉིད་པས་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པ་ཉིད་དོ། །དེ་བཞིན་དུ་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་མུ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པ་ཉིད་དོ། ། སའི་ཁམས་མུ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པ་ཉིད་དོ། །ཆུའི་ཁམས་དང། མེའི་ཁམས་དང། རླུང་གི་ཁམས་མུ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པ་ཉིད་ [518B] ༑ནམ་མཁའི་ཁམས་མུ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པ་ཉིད་དོ། །རྡོ་རྗེ་ལྟ་བུའི་ཆོས་མཉམ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དོ་།ཆོས་ཐམས་ཅད་མ་འདྲེས་པ་ཉིད་ པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་འདྲེས་པ་ཉིད་དོ། །ཆོས་ཐམས་ཅད་དམིགས་སུ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དམིགས་སུ་མེད་པ་ཉིད་དོ། །ཆོས་ཐམས་ཅད་རྣམ་པར་འཇིག་པ་མཉམ་པ་ཉིད་ པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཇིག་པ་མཉམ་པ་ཉིད་དོ། །ཆོས་ཐམས་ཅད་བྱེད་པ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྱེད་པ་མེད་པ་ཉིད་དོ། །ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་ཉིད་ པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མི་ཁྱབ་པ་ཉིད་དུ་རེག་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་དེ་ལྟར་འདུག་བཞིན་དུ་དེའི་ཚེ་ཆོས་ཐམས་ཅད་མཉམ་པ་ཉིད་ཅེས་ བྱ་བའི་ཏིང་ངེ་འཛིན་སྐྱེས་པར་གྱུར་ཏོ། །ཆོས་ཐམས་ཅད་དབེན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཆོས་ཐམས་ཅད་གཡོ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཆོས་ཐམས་ཅད་རློམ་སེམས་མེད་པ་ཞེས་ བྱ་བའི་ཏིང་ངེ་འཛིན་དང། ཆོས་ཐམས་ཅད་ཁེངས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཆོས་ཐམས་ཅད་རོ་གཅིག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཆོས་ཐམས་ཅད་མུ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ དང། ཆོས་ཐམས་ཅད་སྐྱེ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཆོས་ཐམས་ཅད་འགག་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ནམ་མཁའ་མུ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། རྒྱ་མཚོ་མུ་མེད་པ་ [519A]༄༅། །ཞེས་བྱ་བའི་ཏིང་ངེ་འཛིན་དང། རི་རབ་སྣ་ཚོགས་ཞེས་བྱ་བའི་ཏིང་ངེ་འཛིན་དང། ནམ་མཁའི་རྟོག་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། གཟུགས་མུ་མེད་པ་ཞེས་བྱ་བའི་ཏིང་ ངེ་འཛིན་དང། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་མུ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་སའི་ཁམས་མུ་མེད་པ་ཞེས་བྱ་བའི་གཏིང་ངེ་འཛིན་དང། ཆུའི་ཁམས་དང་ མེའི་ཁམས་དང། རླུང་གི་ཁམས་མུ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ནམ་མཁའི་ཁམས་མུ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། རྡོ་རྗེ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་དང་ཆོས་ཐམས་ཅད་མ་ འདྲེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཆོས་ཐམས་ཅད་ཀྱི་རང་བཞིན་དམིགས་སུ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་ཆོས་ཐམས་ཅད་རྣམ་པར་འཇིག་པ་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ དང། ཆོས་ཐམས་ཅད་བྱེད་པ་མེད་པ་ཞེས་བྱ་པའི་ཏིང་ངེ་འཛིན་དང། ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་ཅེས་བྱ་བའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ ངུས་དེ་ལ་སོགས་པར་ཏིང་ངེ་འཛིན་གྱི་སྒོ་འབུམ་ཕྲག་དྲུག་ཅུ་ཐོབ་པར་གྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ཆོས་འཕགས་ཀྱི་ལེའུ་ཞེས་བྱ་སྟེ། བདུན་ཅུ་རྩ་བཞི་པའོ།། །། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་ཏིང་ངེ་འཛིན་གྱིས་སྒོ་འབུམ་ཕྲག་དྲུག་ཅུ་ཐོབ་མ་ཐག་ཏུ་ཤར་ཕྱོགས་དང། ལྷོ་ཕྱོགས་དང། ནུབ་ཕྱོགས་དང། བྱང་ཕྱོགས་དང་ [519B] འོག་དང། སྟེང་གི་ཕྱོགས་དང། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་དགེ་སློང་གི་དགེ་འདུན་ གྱིས་ཡོངས་སུ་བསྐོར་ཅིང་བྱང་ཆུབ་སེམས་དཔའ་ཚོགས་ཀྱིས་མདུན་གྱིས་བལྟས་ཏེ་ཚུལ་འདི་ལྟ་བུ་ཉིད་དང། མིང་འདི་ཉིད་དང། ཡི་གེ་འདི་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཆད་པ་མཐོང་ངོ། །འདི་ལྟ་སྟེ་ དཔེར་ན། ད་ལྟར་ང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་ཆོས་སྟོན་པ། དགེ་སློང་གི་དགེ་འདུན་གྱིས་ཡོངས་སུ་བསྐོར་ཅིང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་མདུན་གྱིས་བལྟས་ཏེ་ཚུལ་འདི་ཉིད་ དང། མིང་འདི་ཉིད་དང། ཡི་གེ་འདི་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཆད་པ་བཞིན་ནོ། །དེ་མང་དུ་ཐོས་པ་བསམ་གྱིས་མི་ཁྱབ་པ་དང། ཐོས་པ་རྒྱ་མཚོ་ལྟ་བུ་དང་ལྡན་པར་གྱུར་ཏེ། གར་སྐྱེས་པ་ཐམས་ ཅད་དུའང་སངས་རྒྱས་དང་མི་འབྲལ་བར་འགྱུར་ཏེ། སྐྱེ་བ་ཐམས་ཅད་དུའང་གང་དང་གང་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་མངོན་སུམ་དུ་འགྱུར་བ་དེ་དང་དེ་དག་ཏུ་སྐྱེ་སྟེ། ཐ་ན་རྨི་ལམ་ནའང་སངས་རྒྱས་བཅོམ་ ལྡན་འདས་དག་དང་མི་འབྲལ་བར་གྱུར་ཏོ། །དེས་མི་ཁྱོམ་པ་ཐམས་ཅད་ནི། སྤངས། ངལ་བ་ཕུན་སུམ་ཚོགས་པ་ནི། བསྒྲུབས་སོ། །རབ་འབྱོར། རྣམ་གྲངས་འདིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་བསྒྲུབས་པ་ཡིན་པར་རིག་པར་བྱའོ། །རབ་འབྱོར། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་མཁྱེན་ [520A]༄༅། །པའི་ཡེ་ཤེས་ཐོབ་པར་འདོད་པ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ་ ཀུན་དགའ་བོ། བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པར་ཡོངས་སུ་གཟུང་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟུངས་ཤིག་།ཆོངས་ཤིག་ལྷོགས་ཤིག་ཀུན་ཆུབ་པར་གྱིས་ཤིག་གཞན་དག་ ལའང་རྒྱ་ཆེར་རབ་ཏུ་སྟོན་ཅིག་ཀུན་དགའ་བོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གིས་མཉན་པར་བྱ། གཟུང་བར་བྱ། བཅང་བར་བྱ། བཀླག་པར་བྱ་ ཀུན་ཆུབ་པར་བྱ། གདོན་པར་བྱ། ལུང་ནོད་པར་བྱ། བསྟན་པར་བྱ་ཁ་ཏོན་དུ་བྱ། དེ་བཞིན་གཤེགས་པའི་བྱིན་གྱི་བརླབས་ཀྱིས་གླེགས་བམ་ཆེན་པོ་ལ་ཡི་གེ་གསལ་ཞིང་རབ་ཏུ་གསལ་བ་ལེགས་པར་ བྲིས་ཏེ་མེ་ཏོག་དང། བདུག་པ་དང། སྤོས་དང། བྱུག་པ་དང། ཕྱེ་མ་དང། གོས་དང། གདུགས་དང། རྒྱལ་མཚན་དང། བ་དན་དང་ཁོར་ཡུག་ཏུ་མར་མའི་ཕྲེང་བ་དང། མཆོད་པ་རྣམས་པ་མང་པོ་དག་ གིས་བཀུར་སྟིར་བྱ། བླ་མར་བྱ། རི་མོར་བྱ། མཆོད་པར་བྱ། བརྗེད་པར་བྱ། གསོལ་བར་བྱ་སྟེ། ཀུན་དགའ་བོ། འདི་ནི། ངའི་གདམས་ངག་གོ་དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་འགྱུར་རོ། །ཀུན་དགའ་བོ། འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པ་ཁྱོད་ཀྱི་སྟོན་པ་ཡིན་ནམ། ཀུན་དགའ་བོས་གསོལ་པ། བཅོམ་ལྡན་ [520B] །བདེ་བར་གཤེགས་པ་བདག་གི་སྟོན་པ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཀུན་དགའ་བོ། ཁྱོད་ཀྱི་སྟོན་པ་དེ་བཞིན་གཤེགས་པ་ལ་ཀུན་དགའ་བོ་ཁྱོད་ཀྱིས་ལུས་ཀྱི་ལས་བྱམས་པ་ཡིད་དུ་འོང་བ་དང། ངག་གི་ལས་བྱམས་པ་ཡིད་དུ་འོང་བ་དང། ཡིད་ཀྱི་ལས་བྱམས་པ་ཡིད་དུ་འོང་བས་ རིམ་བློ་བྱས་སོ། །ཀུན་དགའ་བོ། དེ་ལྟ་བས་ན། ད་ལྟར་ང་བཞུགས་ཏེ་འཚོ་ཞིང་གཞེས་པའི་སྐུ་འདི་ལ་ཁྱོད་ཀྱིས་ཕངས་པ་དང་དད་པ་དང། གུས་པར་བྱས་པ་དེ་བཞིན་དུ་ང་འདས་ནས་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་འདི་ལའང་བྱས་ཤིག་ཀུན་དགའ་བོ། ཅི་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནུབ་པར་མི་འགྱུར་ཞིང། ཅི་ནས་ཁྱོད་སྐྱེས་བུ་ཐ་མར་མི་འགྱུར་བར་ཁྱོད་ལ་ལན་གཉིས་ལན་གསུམ་དུ་ཡོངས་སུ་ གཏད་དོ། །རྗེས་སུ་ཡོངས་སུ་གཏད་དོ། །ཀུན་དགའ་བོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཇིག་རྟེན་ན་ཇི་སྲིད་དུ་སྤྱོད་པ་དེ་སྲིད་དུ་དེ་བཞིན་གཤེགས་པ་བཞུགས་པར་རིག་པར་བྱའོ། །ཀུན་དགའ་བོ་ དེ་སྲིད་དུ་དེ་བཞིན་གཤེགས་པ་ཆོས་སྟོན་པར་རིག་པར་བྱའོ། །ཀུན་དགའ་བོ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉན་པ་དང་འཛིན་པ་དང། འཆང་བ་དང། ཀློག་པ་དང། ཀུན་ཆུབ་པར་བྱེད་པ་ དང། རབ་ཏུ་འདོན་པ་དང། ལུང་ནོད་པ་དང། སྟོན་པ་དང། ཁ་ཏོན་བྱེད་པ་དང། ཡི་གེར་འདྲི་བ་དང། མེ་ཏོག་དང། བདུག་པ་དང་སྤོས་དང། མེ་ཏོག་ཕྲེང་དང། བྱུག་པ་དང། ཕྱེ་མ་དང། གོས་དང་ [521A]༄༅། །གདུགས་དང། རྒྱལ་མཚན་དང། བ་དན་དག་དང། ཁོར་ཡུག་ཏུ་མར་མེའི་ཕྲེང་བ་དང། མཆོད་པ་རྣམ་པ་མང་པོ་དག་གིས་བཀུར་སྟིར་བྱེད། བླ་མར་བྱེད། རི་མོར་བྱེད་ མཆོད་པར་བྱེད། རྗེད་པར་བྱེད། གསོལ་བར་བྱེད་པའི་སེམས་ཅན་དེ་དག་ནི། སངས་རྒྱས་མཐོང་བ་དང་མ་བྲལ་བ་དང། དམ་པའི་ཆོས་ཉན་པ་དང་མ་བྲལ་བ་དང། དགེ་འདུན་ལ་རིམ་གྲོ་བྱེད་པ་དང་ མ་བྲལ་བར་རིག་པར་བྱའོ། །ཀུན་དགའ་བོ། སེམས་ཅན་དེ་དག་ནི། དེ་བཞིན་གཤེགས་པའི་དྲུང་ན་སྤྱོད་པར་རིག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་སོགས་པ་དང། ཚེ་དང་ལྡན་པ་རབ་འབྱོར་དང། ཚེ་དང་ལྡན་པ་ཤཱ་རིའི་བུ་དང། ཚེ་དང་ལྡན་པ་ཀུན་དགའ་བོ་དང། ལྷ་དང། མི་དང། ལྷ་མ་ཡིན་དང། དྲི་ ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ཡོངས་སུ་གཏད་པའི་ལེའུ་ཞེས་ བྱ་སྟེ༑ བདུན་ཅུ་རྩ་ལྔ་པའོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང། སུ་རེནྡྲ་བོ་དཧི་དང། ཞུ་ཆེན་གྱི་ལོ་ཙྪ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་ པའོ༑༑